[1B] །རྒྱ་གར་སྐད་དུ། ཀརྨ་ཤ་ཏ་ཀ། བོད་སྐད་དུ། ལས་བརྒྱ་ཐམ་པ། བམ་པོ་ དང་པོ༑ ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་ལས་འཇིག་རྟེན་བླ་མ་བདེ་ གཤེགས་ཐོས་པའི་སྒོ་ནས་རབ་སྙན་བརྟན་པའི་གསུང་ལྡན་གྱིས་།སེམས་ཅན་ རྣམས་ལ་ཕན་པ་འབའ་ཞིག་བཞེད་ཕྱིར་བཤད་པ་རྣམ་པ་སྣ་ཚོགས་རང་ཉིད་ཀྱིས། ། [2A] །ལོག་པར་ལྟ་བའི་མུན་ནག་ཆེན་པོ་ཐིབས་པོར་འཐོམས་ཤིང་འཁྲུགས་པ་རྣམས་ལ་རབ་གསུངས་པ།། དེ་ཡི་མིང་ནི་ལས་རྣམས་བརྒྱ་པ་ཞེས་བྱ་ཡོངས་སུ་ཚང་བ་བདག་གིས་བཤད་ཀྱི་ཉོན། །སྤྱི་སྡོམ་ནི། ཁྱི་མོ་དང་ནི་ཤིང་ རྟ་དང། །ཀ་ཙང་ཀ་ལ་བྱམས་མི་སྡུག་བྱ་དང་འཕྱེ་བོ་གང་པོ་དང། །བུ་རྣམས་དང་ནི་བརྒྱ་བྱིན་ནོ། །སྡོམ་ནི། ཁྱི་མོ་མིག་ ཆུང་རྫོགས་བྱེད་དང། །སྒུར་གཉིས་འཆར་ཀ་རྒྱལ་མཚན་དང་།བདེ་བྱེད་མ་དང་ནོར་བུའི་འོད། །སྣ་མའི་མེ་ཏོག་ང་ བྱིན་དང། །འདུས་མོ་དང་ནི་ཚེམ་བུ་མཁན། །ཁྱི་མོ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་ [2B]སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་ཏེ། མུ་སྟེགས་ཅན་ལ་དགའོ། །དེ་ནས་དེས་ཐབས་ཟླར་བབ་པ་ ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྦྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ ཕྱིས་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་ བ༑ གསེར་གྱི་ཁ་དོག་ཅན། མགོ་བོ་གདུགས་ལྟར་འདུག་པ། ལག་བ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་ མ་སྟུག་པ་ཞིག་བཙས་སོ། །དེ་ནས་དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་མཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་ [3A] །མར་དང་ཞུན་མར་དང་མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ ནས་དེ་གང་གི་ཚེ་འགྲོ་ནུས་པར་གྱུར་པ་དེའི་ཚེ་དེ་རྩེར་གཞུག་པའི་ཕྱིར་ཕས་ཁྱི་གུ་མོ་ཞིག་ཁྱིམ་དུ་བཞག་གོ་ཁྱི་གུ་མོ་དེའང་ གང་གི་ཚེ་གཞན་མུ་སྟེགས་པ་དག་མཐོང་བ་དེའི་ཚེ་ནི། རྒྱུག་སྟེ་ཟ་བར་བྱེད་ལ་གོས་རྣམས་ཀྱང་འདྲལ་བར་བྱེད་དོ། །དེ་སྟེ་དགེ་ སློང་དག་མཐོང་ན་ནི། དྲུང་དུ་འངར་ཞིང་ལྕེས་རྐང་པ་ལ་བལྡགས་ཏེ་མཇུག་མ་དྲིལ་ནས་གཡས་ཕྱོགས་སུ་བསྐོར་བར་བྱེད་དོ། ། སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང། ཡེ་ཤེས་ལ་མངའ་བརྙེས་པ་ མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་ [3B] སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་ སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་ མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི་འཕོངས་ཤིང་འདུག་སུ་ནི། ཉམ་ང་བར་ གྱུར༑ སུ་ནི། གནོད་པ་དང་ལྡན། སུ་ནི། འཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི་ ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་པ་ནས་དྲང་བར་བྱ། སུ་ནི། འཕགས་ པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་ བའི་རྩ་བ་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་ [4A]༄༅། །བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་ཉིན་དུས་ གསུམ༑ མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་པ་དེ་བཞིན་དུ། ཉན་ཐོས་ཆེན་པོ་རྣམས་ཀྱང་ཉིན་དུས་གསུམ་ མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་ཉན་ཐོས་ཀྱི་མིག་གིས་འཇིག་རྟེན་ལ་ལྟ་བར་བྱེད་དེ། ཚེ་དང་ལྡན་པ་ཤཱ་རིའི་བུས་ཉན་ཐོས་ཀྱི་མིག་གིས་འཇིག་རྟེན་ལ་ བལྟས་ན། ཁྱིམ་བདག་འཁོར་དང་བཅས་པ་གདུལ་བའི་དུས་ལ་བབ་པར་མཐོང་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་ པར་བསོད་སྙོམས་ལ་སོང་ངོ། །དེ་མཐར་གྱིས་བསོད་སྙོམས་རྒྱུ་བ་ལས་ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་སོང་བ་དང། ཁྱི་མོ་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཐག་རིང་ པོ་ཞིག་ནས་མཐོང་ངོ། །མཐོང་ནས་ཀྱང་ཤིན་ཏུ་རིངས་པར་ལངས་ཏེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་ནས་ཇི་ལྟར་དགེ་སློང་གཞན་དག་གི་ཐད་དུ་འགྲོ་བ་དེ་ [4B] ཚེ་དང་ལྡན་པ་ཤཱ་རིའི་བུའི་ཐད་དུ་སོང་ནས་ཆེས་གུས་པར་ལྕེས་རྐང་པ་ལ་བལྡགས་ཏེ་མཇུག་མ་དྲིལ་ནས་ལན་གསུམ་བསྐོར་བར་བྱེད་དོ། །དེའང་ཁྱིམ་བདག་དེས་ མཐོང་ངོ། །མཐོང་ནས་ཀྱང་བསམ་པ། མ་ལ་འདི་ལྟར། ཁྱི་མོ་ལོག་པར་ལྟུང་བའི་ལུས་ཅན་འྡིའང་འདི་ལ་དེ་ལྟ་བུའི་བཀུར་སྟི་བྱེད་པར་སེམས་པ་ལས་ན། དགེ་སློང་འདི་ནི་ བདག་ཉིད་ཆེན་པོ་ཞིག་ཡིན་གོར་མ་ཆག་སྙམ་དུ་བསམ་སྟེ། མ་ལ་བདག་གིས་ཀྱང་དགེ་སློང་འདི་སྤྱན་དྲངས་ལ་བཤོས་གསོལ་ལོ་སྙམ་དུ་བསམ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་ལ་ཕྱག་བཙལ་ཏེ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་འོ་ན་འདི་ཉིད་དུ་བཤོས་གསོལ་དུ་ཅི་གནང་ཞེས་ བྱས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་བདག་དེ་ལ་ཅང་མི་ཟེར་བས་གནང་ངོ། །དེ་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཅང་མི་ཟེར་བས་གནང་བར་རིག་ནས་ཚེ་ དང་ལྡན་པ་ཤཱ་རིའི་བུའི་སྟན་བཤམས་ཏེ་འདི་སྐད་ཅེས་སྨྲས་སོ་།བཙུན་པ་ཤཱ་རིའི་བུ་གདན་བཤམས་པ་ལ་བཞུགས་སུ་གསོལ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་ བཤམས་པ་ལ་འདུག་གོ། དེ་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་བདེ་བར་འདུག་པར་རིག་ནས་རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་ [5A]༄༅། །པོས་ཚིམ་པར་བྱས་ཏེ་ཅི་འདོད་པ་བསྟབས་སོ། །རང་གི་ལག་ནས་བཟའ་བ་དང་བཅའ་པ་གཙང་མ་བཟང་པོ་མང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ ཏེ་ཅི་འདོད་པ་བསྟབས་པའི་འོག་ཏུ་སྡེར་ནི། གྱུ། ལྷུང་བཟེད་ནི་བཀྲུས་པར་རིག་ནས་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་ བདག་དེ་འཁོར་དང་བཅས་པའི་བསམ་པ་དང། བག་ལ་ཉལ་དང་ཁམས་དང། རང་བཞིན་རྟོགས་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་ཁྱིམ་བདག་དེ་འཁོར་ དང་བཅས་པས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་བདག་དེ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་ དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ། །ཁྱིམ་བདག་དེའང་བདེན་པ་མཐོང་བར་གྱུར་ནས་སྦྱིན་པ་དག་ སྦྱིན་ཞིང་བསོད་ནམས་དག་བྱེད་དོ། །དེའི་ཁྱིམ་དེ་སློང་བའི་སྐྱེ་བོ་རྣམས་ཀྱི་ཆུ་དོང་དང་འདྲ་བར་གྱུར་ཏོ། །ཁྱིམ་བདག་དེས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་དང་ཡང་ [5B] །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ཁྱིམ་བདག་དེས་ཁྱི་མོ་དེ་ལ་ཁ་ཟས་བྱིན་ནས་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ་ ཁྱི་མོ་དེའང་ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་དུ་འདུག་ནས་ཆོས་ཉན་ཏོ། །དེ་ནས་ཁྱིམ་བདག་དེས་བསམ་པ། བདག་གིས་ལེགས་པ་འདི་ལྟ་བུ་རྟོགས་པ་ཅིའང་རུང་བ་དེ་དག་ ཐམས་ཅད་ནི། ཁྱི་མོའི་མཐུ་ལས་བྱུང་བ་ཡིན་ནོ། །སྙམ་དུ་རིག་གོ་རིག་ནས་ཀྱང་དེ་ལ་ཤིན་ཏུ་སྐྱོང་བར་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཁྱི་མོ་དེ་ནད་ཀྱིས་ཐེབས་ནས་ཤཱ་རིའི་བུས་ དེ་ལ་སྨྲས་པ། བུ། འདི་ལྟར་འདུ་བྱེད་ཐམས་ཅད་ནི། མི་རྟག་པའོ་།འདུ་བྱེད་ཐམས་ཅད་ནི། སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །མྱ་ངན་ལས་འདས་ པ་ནི༑ ཞི་བའོ། །ང་ལ་སེམས་དགའ་བར་གྱིས་ཤིག་དང། དུད་འགྲོའི་སྐྱེ་གནས་དང་འབྲལ་བར་འགྱུར་ཡང་སྲིད་དོ། །ཞེས་སྨྲས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སོང་ངོ། །དེ་སོང་ ནས་རིང་པོ་མ་ལོན་པར་ཁྱི་མོ་དེའང་ཚེ་ལྡན་པ་ཤཱ་རིའི་བུལ་སེམས་དགའ་བར་གྱུར་ནས་ཤིའོ། །དེ་ཤི་འཕོས་ཏེ་འདས་ནས་ཁྱིམ་དེ་ཉིད་དུ་ཁྱིམ་བདག་དེའི་ཆུང་མ་ཚེན་མའི་ མངལ་དུ་སྐྱེས་སོ། །དེ་ཤི་བའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་སླར་ཁྱིམ་དེར་འོངས་ནས་ཁྱིམ་བདག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བསྙད་དེ། བཙུན་པ་ཤཱ་རིའི་བུ། ཁྱི་མོ་ [6A]༄༅། །དེ་གུམ་ལགས་སོ། །ཞེས་བྱས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཁྱི་མོ་དེའི་རོ་དེ་ཕྱོགས་དབེན་པ་ཞིག་ཏུ་ཞོག་ཅིག་དང། རུས་པ་དེ་དག་ཕྱིས་དེ་ ཉིད་ལ་ཕན་འདོགས་པར་འགྱུར་རོ། །ཁྱིམ་བདག་གིས་སྨྲས་པ། བཙུན་པ་ཤཱ་རིའི་བུས་ཇི་སྐད་བཀའ་སྩལ་པ་བཞིན་བགྱིའོ། །ཞེས་སྨྲས་ནས་ཁྱིམ་བདག་དེས་ཁྱི་རོ་དེ་ གང་དུ་སུས་ཀྱང་མི་མཐོང་བར་འགྱུར་བ་དེ་ལྟ་བུའི་ཕྱོགས་ཤིག་ཏུ་བཞག་གོ་དེ་ནས་ཁྱིམ་བདག་གི་ཆུང་མ་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་བུ་བྱུང་སྟེ། བུ་མོ་གཟུགས་ བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་བ། གསེར་གྱི་ཁ་དོག་ཅན། མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ། དབྲལ་བའི་དབྱེས་ཆེ་བ། སྣ་མཐོ་ པ༑ སྣ་ལེགས་པ། སྨིན་མ་སྟུག་པ་ཞིག་བཙས་སོ། །དེ་ནས་དེའི་བཙས་སྟོན་ཡང་རྒྱས་པར་བྱས་ནས་རིགས་དང་མཐུན་པའི་མིང་བཏགས་ཏེ། འོ་མ་དང་མར་དང་ཞོ་དང་ ཞུན་མར་དང་མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེན་མོར་གྱུར་པ་དེའི་ཚེ་ཚེ་དང་ལྡན་པ་ཤཱ་ རིའི་བུས་སྨྲས་པ། བུ། འདུག་ལ་ཆོས་ཉོན་ཅིག་ཅེས་བྱས་ན། དེ་བྱད་གཟུགས་དང་ལང་ཚོའི་རྒྱགས་པས་དྲེགས་ནས་ཕན་ཚུན་དུ་གཡེངས་ཏེ་ཆོས་ཉན་དུ་མི་བཏུབ་བོ། ། [6B]རིག་ནས་ཁྱི་མོའི་རུས་བུ་དེ་དེ་ཉིད་ཀྱི་མདུན་དུ་བཞག་སྟེ། ཅི་ནས་ཀྱང་བུ་མོ་དེས་ཚེ་རབས་དྲན་པར་འགྱུར་བ་དེ་ལྟ་བུར་ བྱིན་གྱིས་བརླབས་ནས་ཚེ་རབས་དྲན་མ་ཐག་ཏུ་བུ་མོ་དེ་ཤས་ཆེར་སྐྱོ་བ་སྐྱེས་སོ། །དེ་སྐྱོ་བ་སྐྱེས་ནས་བསམ་པ། འཕགས་པ་ཤཱ་རིའི་བུ་ནི། བདག་ལ་དཀའ་བ་བྱེད་བྱེད་པ་ ཡིན་པ་ལྟ་ཞིག་སྟེ། འདི་ལ་བརྟེན་ནས་བདག་གིས་དུད་འགྲོའི་སྐྱེ་གནས་སྤངས་སོ་སྙམ་དུ་རིག་ནས་དགའ་བ་སྐྱེས་ཏེ་ཆོས་མཉན་པའི་ཕྱིར་ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་ དུ་འདུག་གོ་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་རྟོགས་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་ བུ་མོ་དེས་སྟན་དེ་ཁོ་ན་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ ཏེ༑ དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུང་ནས་ཚེ་ དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་ [7A]༄༅། །དགེ་སློང་མའི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་ཚེ་དང་ལྡན་པ་ཤཱ་ རིའི་བུས་དེའི་ཕ་མ་ལ་དད་པ་སྨྲས་ནས་སྐྱེ་རྒུའི་བདག་མོ་ཆེན་མོ་ལ་གཏད་དེ་སྐྱེ་རྒུའི་བདག་མོ་ཆེན་མོས་དེ་རབ་ཏུ་ཕྱུང་ནས་བསྙེན་པར་རྫོགས་པར་བྱས་ཏེ། དེ་ལ་ལུང་ ཡང་ཕོག་གོ་དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་ གསུམ་པའི་འདོད་ཆགས་དང་བྲལ་པར་གྱུར་ནས་གསེར་དང་བོང་རྡོར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་ བསིལ་བར་གྱུར་པ། རིག་པས་མ་རིག་པའི་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང། མངོན་པར་ཤེས་པ་དང། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ དགྲ་བཅོམ་པར་གྱུར་ནས་ཚེ་དང་ལྡན་པ་ཤཱ་རིའི་བུའི་སྔོན་གྱི་དྲིན་དྲན་ཏེ་ཡང་དང་ཡང་དུ་ཐད་དུ་འགྲོ་ཞིང་རྐང་པ་ལ་ཕྱག་བཙལ་ནས་འདི་སྐད་དུ་འཕགས་པ་ཤཱ་རིའི་ [7B]ཏན་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་པས་ན། འཕགས་པ་ནི། བདག་ལ་དཀའ་བ་མཛད་མཛད་པ་ལགས་སོ།། ཞེས་ཟེར་རོ། །དེ་ཡང་དང་ཡང་དུ་ཟེར་བ་དགེ་སློང་མང་པོས་ཐོས་ནས་ཐོས་མ་ཐག་ཏུ་དེ་དག་གིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་དྲིས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། དགེ་སློང་མ་ འདིས་ཅི་ལས་བསམ་སྟེ་ཡང་དང་ཡང་དུ་དེ་སྐད་མཆི། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཁྱེད་ཀྱིས་ཁྱིམ་བདག་འདིའི་ཁྱིམ་ན་ཁྱི་མོ་ཞིག་འདུག་པ་མཐོང་དམ། དེ་དག་ གིས་སྨྲས་པ། བཙུན་པ་ཤཱ་རིའི་བུ། མཐོང་ངོ། །དེ་ཁོ་ནས་བདག་ལ་དགའ་བའི་སེམས་བསྐྱེད་ནས་ཤི་སྟེ་འདས་པ་དང། ཁྱིམ་བདག་དེ་ཉིད་ཀྱི་ཁྱིམ་དུ་སྐྱེས་ཏེ། དེས་སྔོན་གྱི་ཚེ་ རབས་རྗེས་སུ་དྲན་ནས་སྔོན་གྱི་དྲིན་གཟོ་བའི་ཕྱིར་བདག་ལ་དེ་སྐད་ཅེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་ཞུས་པ། བཙུན་པ། དགེ་སློང་མ་འདིས་ ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་སྔོན་ཁྱིར་སྐྱེས་ལགས། ལས་ཅི་བགྱིས་ན། དེ་ནས་ཤི་འཕོས་ཏེ་མིར་སྐྱེས་ནས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་ པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ [8A]༄༅། །ཀྱིས་བཀའ་སྩལ་པ། དགེ་སློང་དག་འདས་པའི་ལས་ཀྱི་ཤས་ཀྱང་ཡོད་ལ་ད་ལྟར་བྱུང་བའི་ལས་ཀྱི་ཤས་ཀྱང་ཡོད་དོ་།བཙུན་པ། འདས་པའི་ལས་ཅི་བགྱིས་ ལགས༑ དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉིད་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་ སྟོན་པ༑ སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་ཁྱིམ་བདག་ཅིག་གནས་པ་ལས་ཕྱིས་དེ་ལ་བུ་མོ་གཟུགས་ བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་གང་གི་ཚེ་དེ་ཆེན་མོར་གྱུར་པ་དང། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ ནས་ཕ་མ་ལ་གསོལ་ཏེ་རབ་ཏུ་བྱུང་ངོ། །རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་བསླབས་ཏེ་དེ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བ། གོས་དང་ཟས་དང་མལ་ ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་རྙེད་པར་གྱུར་ནས་དེས་བསམ་པ། མ་ལ་བདག་གིས་རྙེད་པ་དང་བཀུར་སྟིའི་སྒོ་ནས་རྙེད་པར་བྱ་བ་རྙེད་པ་གང་ཡིན་པ་ [8B]གདགས་པར་བྱ་གོར་མ་ཆག་སྙམ་དུ་བསམ་ནས་ཆོས་བཞིན་དུ་གཉིས་ཀའི་དགེ་འདུན་གྱི་ཞལ་ཏ་བྱས་སོ། །དེ་ནས་ ཕྱིས་དེ་ལ་བྲེལ་བ་ཞིག་བྱུང་སྟེ། དེས་སློབ་པ་དང་མི་སློབ་པའི་དགེ་སློང་མ་མང་པོ་ཞིག་ལ་གསོལ་བ་བཏབ་ན། དེ་དག་ན་རེ། བདག་ཅག་གི་དགེ་བའི་ཕྱོགས་བཏང་སྟེ་ཁྱོད་ཀྱི་དོན་ སྒྲུབ་མི་ནུས་སོ། །ཞེས་ཟེར་རོ། །དེ་ནས་དེ་ཐོས་པའི་མོད་ལ་དགེ་སློང་མ་དེ་ཤིན་ཏུ་ཁྲོ་བའི་ཀུན་ནས་དཀྲིས་པ་སྐྱེས་ཏེ། དེ་ཁྲོས་ནས་དགེ་སློང་མ་དེ་དག་ལ་སྨྲས་པ། ང་ནི། ཁྱི་མོ་ དང་འདྲ་བ་ཁྱེད་དགང་བ་དང་གསོ་བ་འབའ་ཞིག་བྱེད་ན། ཁྱེད་ནི། སྐད་ཅིག་ཙམ་བདག་གི་དོན་བྱེད་དུའང་མི་བཏུབ་པས་ཞེས་བྱས་སོ། །དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་བསམ་ པ༑ ཉོན་མོངས་པ་མ་འདི་ནི། དམས་ཤིང་ཉམས་པར་གྱུར་ཏེ། འཁོར་བ་ན་འཁོར་བའི་ཚེ་སྡུག་བསྔལ་ཆེན་པོ་རྙེད་ན་མི་རུང་ངོ་སྙམ་དུ་བསམ་ནས་འདིའི་ར་མདའ་བྱ་དགོས་སོ་ སྙམ་སྟེ་དེ་དག་གིས་སྨྲས་པ། ཁྱོད་ཀྱིས་ངེད་སུ་ཡིན་པ་དང་ཁྱོད་བདག་སུ་ཡིན་པ་ཤེས་སམ། དེས་སྨྲས་པ། ངས་ཤེས་ཏེ། ཁྱེད་ཀྱང་རབ་ཏུ་བྱུང་བ་ཡིན་ལ་ངའང་རབ་ཏུ་བྱུང་ བ་ཡིན་ནོ། །དེ་དག་གིས་སྨྲས་པ། ཆེ་ཞེ། འུ་བུ་ཅག་རབ་ཏུ་བྱུང་བར་འདྲ་མོད་ཀྱི། ཁྱོད་ནི། བཅིང་བ་ཐམས་ཅད་ཀྱིས་བཅིངས་པའི་སོ་སོའི་སྐྱེ་བོ་ཡིན་ལ། དེད་ནི། བྱ་བ་བྱས་པ་ཡིན་གྱི་ [9A]༄༅། །ཉེས་པ་ལ་ཉེས་སོ། །ཞེས་བཤགས་པར་གྱིས་ཤིག། ཁྱོད་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་ཆེན་པོ་རྙེད་ཏ་རེ། དེ་སྐད་ཐོས་པའི་མོས་ལ་དགེ་སློང་མ་དེ་འགྱོད་པ་ཆེན་པོ་སྐྱེས་ ཏེ༑ འགྱོད་པ་ཆེན་པོ་སྐྱེས་ནས་ལྷག་པར་ཡང་ཆོས་བཞིན་དུ་གཉིས་ཀའི་དགེ་འདུན་གྱི་ཞལ་ཏ་བྱས་ཏེ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་གར་སྨོན་ལམ་བཏབ་ པ༑ ཀྱེ་མ་བདག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་ཆོས་བཞིན་དུ་ཞལ་ཏ་བྱས་པའི་དགེ་བའི་ རྩ་བ་འདིས་ནི། བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཅི་ནས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བ་དང། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་ གྱུར་ཅིག། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་ པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ གྱུར་ཅིག་བདག་ཁྲོས་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཆིག་རྩུ་བ་བོ་སྨྲས་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པའི་སྐལ་པ་ཅན་དུ་བདག་མ་གྱུར་ཅིག་ [9B] །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་མར་གྱུར་བ་གང་ཡིན་པ་དེ་ནི། དགེ་སློང་མ་འདི་ཉིད་ཡིན་ཏེ། དེས་དེར་ཚངས་པ་མཚུངས་པར་སྤྱོད་པ་དེ་དག་ ལ་ཚིག་རྩུབ་བོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས་ནི། ཚེ་རབས་ལྔ་བརྒྱར་ཁྱིར་སྐྱེས་སོ། །དེས་དེར་འཆི་གར་སྨོན་ལམ་བཏབ་སྟེ་བདག་གང་དང་གང་དུ་སྐྱེ་བ་དེ་དང་ དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་ མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི། འདི་ལྟར་ཕྱུག་ཅིང་ནོར་མང་ལ་ལོངས་ སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང། མཛད་པ་མཉམ་པ་ དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་ [10A]༄༅། །དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པ་འདི་ནི། འདིས་འདས་པའི་ལས་ཡིན་ནོ། །ད་ལྟར་བྱུང་བའི་ལས་ཅི་ཞིག་བྱས་ཤེ་ན། དེ་ཁྱིར་སྐྱེས་ནས་ཤཱ་རིའི་ བུ་ལ་སེམས་དགའ་བར་གྱུར་པ་དེས་ནི། མིའི་ནང་དུ་སྐྱེས་ཏེ། འདི་ནི། ད་ལྟར་བྱུང་བའི་ལས་ཡིན་ནོ།། །།མིག་ཆུང་ཞེས་བྱ་བ་ནི་གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ ཏེ༑ དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཚེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱིས་དེའི་ཆུང་མ་ ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ། བཅུ་ལོན་པ་དང། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་དེའི་བཙས་སྟོན་རྒྱས་པར་བྱས་ཏེ། རིགས་ དང་མཐུན་པར་མིང་བཏགས་ནས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ་དེ་གང་གི་ཚེ་འགྲོ་ནུས་པར་གྱུར་པ་དེའི་ཚེ་དེ་རྩེར་གཞུག་ གཔའི་ཕྱིར་ཕས་ཁྱི་གུ་ཞིག་ཁྱིམ་དུ་བཞག་སྟེ་ཁྱེའུ་ལ་བྱིན་ནོ། །དེ་ནས་ཁེའུ་དེས་ཁྱི་གུ་དེ་ཟ་བ་བསླབས་སོ། །དེ་ནས་གང་གི་ཚེ་ཁྱི་གུ་དེ་ཆེར་སྐྱེས་པ་དེའི་ཚེ་ལམ་པོ་ཆེར་ [10B] །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང། ཡེ་ཤེས་ལ་མངའ་བརྙེས་ པ༑ མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་ པ༑ བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་བ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ་ སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་ སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི་ཕོངས་ཤིང་འདུག། སུ་ནི། ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་ གནོད་པ་དང་ལྡན། སུ་ནི། ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི། ངས་ངན་སོང་ལས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་ པར་བྱ༑ སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི། འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་ [11A]༄༅། །བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་ པར་བྱ༑ སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་ པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་ རྒྱས་དུས་ལས་ཡོལ་བ་མེད། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་ རྟེན་ལ་གཟིགས་པ་དེ་བཞིན་དུ་ཉན་ཐོས་ཆེན་པོ་རྣམས་ཀྱང་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་ཉན་ཐོས་ཀྱི་མིག་གིས་འཇིག་རྟེན་ལ་ལྟ་བར་ བྱེད་དོ༑ ༑ཚེ་དང་ལྡན་པ་ཤཱ་རིའི་བུས་ཉན་ཐོས་ཀྱི་མིག་གིས་འཇིག་རྟེན་ལ་བལྟས་ན། ཁྱིམ་བདག་འཁོར་དང་བཅས་པ་གདུལ་བའི་དུས་ལ་བབ་པར་མཐོང་ནས་སྔ་དྲོ་ཤམ་ ཐབས་དང། ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་ངོ། །དེ་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ལས་ཁྱིམ་བདག་དེའི་ཁྱིམ་ [11B] ཁྱི་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་མཐོང་ངོ། །མཐོང་ནས་ཤུགས་དྲག་པོས་བརྒྱུགས་ཏེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཟིན་ཏོ། །དེའི་ཆོས་གོས་རྣམས་དྲལ་ཏོ། ། ཁྱིམ་བདག་དེས་ཀྱང་མཐོང་ནས་བཀག་སྟེ། དེའི་རྨ་དེའང་བཀྲུས་ནས་རས་ཀྱིས་དཀྲིས་ཏེ་རྐང་པ་ལ་ཕྱག་བཙལ་ནས་སྨྲས་པ། བཙུན་པ་ཤཱ་རིའི་བུ། འདི་ཉིད་དུ་བཤོས་གསོལ་དུ་ཅི་ གནང་ཞེས་བྱས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་བདག་དེ་ལ་ཅང་མི་སྨྲ་བས་གནང་ངོ། །དེ་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཅང་མི་སྨྲ་བས་གནང་བར་རིག་ ནས་སྟན་བཤམས་ཏེ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་གདན་བཤམས་པ་ལ་བཞུགས་སུ་གསོལ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་བཤམས་པ་ལ་འདུག་གོ་ དེ་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་བདེ་བར་འདུག་པར་རིག་ནས་རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་འདོད་ པ་བསྟབས་སོ། །རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཏེ་ཅི་འདོད་པ་བསྟབས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ དེའི་ཉིན་པར་ཟན་ཟོས་པའི་འོག་ཏུ་ཁྱི་དེ་ལ་ཁྱོས་མ་བྱིན་ཏེ་ཁྱི་དེས་ཟོས་ནས་དེའི་གདོང་དུ་བལྟས་སོ། །དེ་ནས་ཁྱིམ་བདག་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཟན་ཟོས་ཟིན་ཏེ་སྡེར་ [12A]༄༅། །ནི༑ གྱུ། ལྷུང་བཟེད་ནི། བཀྲུས་པར་རིག་ནས་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ་དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་དུས་ཁྱིམ་བདག་དེ་འཁོར་དང་བཅས་ པའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་རྟོགས་ནས་དེ་དང་མཐུན་པའི་ཆོས་སྟོན་པར་བྱེད་དེ། དེ་ཐོས་ནས་ཁྱིམ་བདག་དེ་འཁོར་དང་བཅས་པས་སྟན་ དེ་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་བ་མཐོང་ ནས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་ཏེ་སྨྲས་པ། བཙུན་པ་ཤཱ་རིའི་བུ། བདག་ཇི་སྲིད་འཚོའི་བར་དུ་བདག་ལས་གོས་དང་ཟས་དང་མལ་ཆ་དང་སྟན་ དང་སྙུན་གསོས་དང་སྨན་ཟོང་རྣམས་བཞེས་པར་གསོལ། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཁྱིམ་བདག་གཞན་དག་ལའང་ཕན་གདགས་དགོས་ཀྱི། ཐོང་ཞིག་ཅེས་ བྱས་ནས་སྟན་ལས་ལངས་ཏེ་སོང་ངོ། །དེར་གང་གི་ཚེ་ཁྱིམ་བདག་དེས་བདེན་པ་རྣམས་མཐོང་ནས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་པ་དེའི་ཚེ་དེས་ སྦྱིན་བདག་སྦྱིན་པ་དང། བསོད་ནམས་དག་བྱ་བར་བརྩམས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་དུས་དུས་སུ་སྤྱན་དྲངས་ཏེ་བཤོས་གསོལ་བར་བྱེད་དོ། །ཚེ་དང་ལྡན་པ་ཤཱ་ [12B]པར་བྱེད་དོ། །ཁྱི་དེའང་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ཤིན་ཏུ་དགའ་བར་གྱུར་ཏེ། དེ་དགའ་བར་གྱུར་ནས་གང་གི་ཚེ་ཚེ་ དང་ལྡན་པ་ཤཱ་རིའི་བུ་ཁྱིམ་དེར་འོང་བ་དེའི་ཚེ་ཁྱི་དེས་བསུ་ནས་རྐང་པ་ལ་བལྡགས་ཏེ་མཇུག་མ་དྲིལ་ནས་ལན་གསུམ་བསྐོར་བར་བྱེད་དོ། །དེར་གང་གི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་ བུས་ཆོས་བཤད་ནས་ཕྱིར་འགྲོ་བ་དེའི་ཚེ་ཁྱི་དེས་ཐེ་གི་ཟད་ཙམ་དུ་བསྐྱལ་ནས་ལན་གསུམ་བསྐོར་བ་བྱས་ཏེ་ཕྱིར་ལྡོག་གོ་དེ་ནས་ཕྱིས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཡང་ཁྱིམ་ དེར་ཟན་ཟོས་ཏེ་ཁྱིམ་བདག་དེ་ལ་ཆོས་བཤད་ནས་ཕྱིར་འགྲོ་བ་ན་ཁྱི་དེ་ཡང་ཕྱི་བཞིན་འབྲང་སྟེ་ཕྱི་རོལ་གྱི་ལམ་པོ་ཆེར་སོང་ནས་ལྕེས་རྐང་པ་ལ་བལྡགས་ཏེ་མཇུག་མ་དྲིལ་ནས་ ལན་གསུམ་བསྐོར་བ་བྱས་ཏེ་ཕྱིར་ལོག་ནས་ཁྱིམ་དུ་འགྲོ་བ་ན་ཁྱི་དེ་ཁྱི་གཞན་དག་ཅིག་གིས་བཅས་ནས་བསད་དོ། །དེ་ནས་དེ་གནས་བརྟན་ཤཱ་རིའི་བུ་ལ་སེམས་དགའ་བཞིན་ དུ་ཤི་འཕོས་ཏེ་འདས་ནས་ཁྱིམ་དེ་ཉིད་དུ་ཁྱིམ་བདག་དེའི་ཆུང་མ་ཆེན་མའི་མངལ་དུ་སྐྱེས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་ཀྱང་ཁྱི་དེ་བདག་གི་ཐད་ནས་ཕྱིར་ལྡོག་པའི་འོག་ཏུ་ ཁྱི་གཞན་དག་གིས་ཇི་ལྟར་བསད་པ་ཤེས་སོ། །དེ་ནས་དེས་བསམ་པ་ཁྱི་དེ་གར་སྐྱེས་སྙམ་པ་དང། ཁྱིམ་བདག་ཉིད་ཀྱི་ཁྱིམ་དུ་ཁྱིམ་བདག་གི་ཆུང་མའི་མངལ་དུ་སྐྱེས་པར་ [13A]༄༅། །མཐོང་ངོ། །མཐོང་ནས་ཀྱང་དེ་ཉིད་ལ་སྙིང་བརྩེ་བའི་ཕྱིར་གཡོག་མེད་པར་གཅིག་པུ་ཁྱིམ་བདག་དེའི་ཁྱིམ་དུ་སོང་བ་དང། ཁྱིམ་བདག་དེས་ཚེ་དང་ལྡན་པ་ ཤཱ་རིའི་བུ་ཟླ་མེད་པ་དང། གཡོག་མེད་པར་གཅིག་པུ་འོང་བ་མཐོང་ངོ། །མཐོང་ནས་ཀྱང་འཕགས་པ། ཁྱོད་ཅིའི་སླད་དུ་ཟླ་མ་མཆིས་པ་དང། ཞམ་རིང་མ་མཆིས་པར་གཅིག་ པུ་གཤེགས། འཕགས་པའི་ཞམ་རིང་བགྱིད་པ་འགའ་ཡང་མ་མཆིས་སམ་ཞེས་དྲིས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། ཁྱེད་ཅག་ལྟ་བུ་འབའ་ཞིག་གིས་བྱིན་པ་མ་ གཏོགས་པར་བདག་ཅག་ལ་གུད་ན་གཡོག་གི་འབྱུང་ཁུངས་ག་ལ་ཡོད་ཁྱིམ་བདག་གིས་སྨྲས་པ། བཙུན་པ་ཤཱ་རིའི་བུ། བདག་གི་མཆིས་བྲང་ལ་བུ་ཆགས་པ་མཆིས་ཀྱི། དེ་ ལས་གལ་ཏེ་ཁྱེའུ་ཞིག་བཙས་པར་གྱུར་ན། དེ་བདག་གིས་འཕགས་པའི་ཞམ་རིང་དུ་དབུལ་ལོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ་ཁོང་དགེ་བ་རྣམས་ནི། དམ་བཅས་པ་ ལ་བརྟན་པ་ཡིན་ནོ། །དེ་སྐད་ཅེས་སྨྲས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སོང་ངོ། །ཁྱིམ་བདག་དེའི་ཆུང་མའང་ཟླ་བ་དྒུའམ་བཅུ་ལོན་པ་དང། ཁྱེའུ་གཟུགས་བཟང་ ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་མོད་ཀྱི། འོན་ཀྱང་མིག་ཆུང་ངོ། །དེ་ནས་དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་ [13B] ཁྱེའུ་འདི་མིག་ཆུང་བས་ན་མིང་མིག་ཆུང་ཞེས་གདགས་སོ། །ཞེས་ཟེར་རོ། །དེ་ནས་ཁྱེའུ་མིག་ཆུང་འོ་མ་དང་ཞོ་དང་ཞུན་མར་དང་མར་གྱི་སྙིང་ཁུས་བསྐྱེད་ བསྲིངས་ཏེ་མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ་།དེ་གང་གི་ཚེ་ཆེར་སྐྱེས་བ་དེའི་ཚེ་ཡི་གེ་དང། ཁོང་རྩིས་དང། ཤོད་དགོད་པ་དང། ལག་རྩིས་དང། དབྱུང་བ་དང། སྦ་ བ་དང། དགྲམ་པ་དང། གོས་བརྟག་པ་དང། ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང། སྤོས་བརྟག་པ་དང། སྨན་བརྟག་པ་དང་གླང་པོ་ཆེ་བརྟག་པ་དང། རྟ་བརྟག་པ་ དང། གོ་མཚོན་བརྟག་པ་བསླབས་ཏེ་ཡི་གེ་མཁས་པ་དང། ཀློག་མཁས་པ་དང། མཛངས་པ་དང། བྱ་བ་ལ་གསལ་བ་དང། ཡིད་གཞུངས་པ་དང། བརྟག་པ་རྣམ་པ་བརྒྱད་ལ་ བྱང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཀྱང་མིག་ཆུང་རབ་ཏུ་དབྱུང་བའི་དུས་ལ་བབ་པར་མཐོང་ནས་སྔ་དྲོ་ཤམ་ཐབས་དང། ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་སྟེ། དེ་མཐར་གྱིས་བསོད་སྙོམས་རྒྱུ་བ་ལས་ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྟན་བཤམས་པ་ལ་འདུག་གོ་ འདུག་ནས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་བདག་དེ་ལ་སྨྲས་པ། ཁྱིམ་བདག་ཁྱེའུ་འདི་ནི། མ་བཙས་པའི་སྔ་རོལ་ནས་ཁྱོད་ཀྱིས་བདག་གི་གཡོག་ཏུ་བྱིན་ཏེ། ཁོང་དགེ་ [14A]༄༅། །བ་རྣམས་ནི། དམ་བཅས་པ་ལ་བརྟན་པ་ཡིན་ན། དེ་ཁོ་ན་ལྟར་དམ་མ་བཅས་སམ། ཁྱིམ་བདག་གིས་སྨྲས་པ། འཕགས་པ། དེ་ཁོ་ན་ལྟར་དམ་བཅས་ལགས་ སོ༑ ༑ཞེས་བྱས་ནས་ཁྱེའུ་དེ་ལག་པ་གཉིས་ཀྱིས་བཟུང་སྟེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ཕུལ་ནས་སྨྲས་པ། བུ། ཁྱོད་མ་བཙས་པའི་སྔ་རོལ་ནས་འཕགས་པ་ལ་ངས་ཕུལ་ གྱི༑ སོང་ལ་འཕགས་པའི་ཞམ་རིང་གྱིས་ཤིག་ཁྱེའུ་སྨྲས་པ་དེ་ནི། བདག་ལ་ཕན་བཏགས་པ་ལེགས་སོ། །ཞེས་བྱས་ནས་ཁྱེའུ་དེ་ཚེ་དང་ལྡན་པ་ཤཱ་རིའི་བུའི་ཕྱི་ བཞིན་འབྲང་སྟེ། ཁྱེའུ་དེ་ཚེ་དང་ལྡན་པ་ཤཱ་རིའི་བུས་གཙུག་ལག་ཁང་དུ་ཁྲིད་ནས་རབ་ཏུ་ཕྱུང་སྟེ། དེ་ལ་ལུང་ཡང་ཕོག་གོ། དེས་ཀྱང་དགེ་ཚུལ་ཕ་བྱེད་བཞིན་དུ་བརྩོན་པ་དང་ སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་བས་མ་རིག་པའི་སྒོ་ངའི་སྦུབས་ བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲེད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་ [14B] གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེས་དགྲ་བཅོམ་པ་ཉིད་ཐོབ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་གཉིས་སྣུམ་གྱིས་བསྐུད་པ་ན། དེས་ ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པའི་རྨའི་སྒྲོས་མཐོང་ངོ། །མཐོང་ནས་དྲིས་པ། མཁན་པོའི་རྨའི་སྒྲོས་འདི་སྔོན་ཅི་ལས་གྱུར་ལགས། ཚེ་དང་ལྡན་པ་ཤཱ་རིའི་བུས་སྨྲས་པ། བུ། རྨའི་སྒྲོས་འདི་སྔོན་ཅི་ ལས་གྱུར་པ་སོམས་ཤིག། དེ་ནས་དེས་བདག་ཉིད་ཀྱིས་སྔོན་ཁྱིར་གྱུར་པའི་ཚེ་ཟིན་པར་མཐོང་ནས་དེས་བདག་གང་ནས་ཤི་འཕོས་ཏེ་ཁྱིར་སྐྱེས་པར་གྱུར་ཅེས་བསམ་ན། དེས་ཁྱི་ལས་ཤི་འཕོས་ཏེ་ཁྱི་ཉིད་ དུ་སྐྱེས་པར་མཐོང་ངོ། །དེ་བཞིན་དུ་ཚེ་རབས་ལྔ་བརྒྱའི་བར་དུ་བལྟས་ན། དེས་ཁྱི་ལས་ཤི་འཕོས་ཏེ་ཁྱི་འབའ་ཞིག་ཏུ་སྐྱེས་པར་མཐོང་ངོ། །དེས་ཡང་མ་འོངས་པའི་དུས་ལ་བསམ་སྟེ། གལ་ཏེ་བདག་ ལ་མཁན་པོས་མ་དགོངས་སུ་ཟིན་ན། བདག་དེ་ནས་ཤི་འཕོས་ན་གང་དུ་སྐྱེ་བར་འགྱུར་སྙམ་དུ་བསམ་ན། དེས་ཁྱི་ཉིད་དུ་དེའུ་སྐྱེ་བར་མཐོང་ངོ། །དེ་བཞིན་དུ་དེ་མ་འོངས་པའི་དུས་སུ་ཚེ་རབས་ལྔ་ བརྒྱའི་བར་དུ་བལྟས་ན། དེས་ཁྱི་ལས་ཤི་འཕོས་ནས་ཁྱི་འབའ་ཞིག་ཏུ་དེའུ་སྐྱེས་པར་མཐོང་ནས་དེས་བསམ་པ། བདག་འདིས་ལོག་པར་ལྟུང་བ་ལས་རྣམ་པར་གྲོལ་བར་བྱས་ཏེ་གཡུང་དྲུང་གི་ མཐར་ཐུག་པ། གྲུབ་པ་དང་བདེ་བ་ལས་མྱ་ངན་ལས་འདས་པ་ལ་བཞག་པས་མཁན་པོ་ནི། བདག་ལ་དཀའ་བ་བྱེད་བྱེད་པ་ཡིན་ནོ་སྙམ་ནས་བསྙེན་བཀུར་བྱ་བ་ལས་གུང་ན་མཁན་པོའི་དྲིན་བདག་ [15A]༄༅། །གིས་བསབ་པའི་ཐབས་གཞན་ཅི་ཡོད་དེ། བསྙེན་པར་རྫོགས་ནས་ནི། བདག་གིས་བསྙེན་བཀུར་རིམ་གྱིས་བྱར་མི་རུང་ན། མ་ལ་བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་ཕར་ འདུག་ལ་འདིའི་བསྙེན་བཀུར་བྱའོ་སྙམ་དུ་བསམ་ནས་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སྨྲས་པ། མཁན་པོ། བདག་ཇི་སྲིད་འཚོའི་བར་དུ་མཁན་པོའི་བསྙེན་བཀུར་བགྱིད་དོ། །བུ། ཁྱོད་ ཇི་ལྟར་དགའ་བ་བཞིན་གྱིས་ཤིག་དེ་ནས་ཕྱིས་དེ་ལ་དགེ་སློང་རྣམས་ཀྱིས་སྨྲས་པ། མིག་ཆུང། ཁྱོད་ཅིའི་ཕྱིར་བསྙེན་པར་རྫོགས་པར་མི་བྱེད། དེས་སྨྲས་པ། བདག་གིས་མཁན་པོའི་དྲིན་ བསབ་དགོས་ཏེ། བདག་ཇི་སྲིད་འཚོའི་བར་དུ་དགེ་ཚུལ་ཕར་འདུག་བཞིན་དུ་དེའི་བསྙེན་བཀུར་བྱེད་དོ། །དེ་དག་གིས་སྨྲས་པ། ཁྱོད་ལ་མཁན་པོས་ལྷག་པར་དྲིན་ཅི་ཞིག་བཏགས། དེ་ནས་ དེས་དགེ་སློང་དེ་དག་ལ་གཏམ་དེ་རྒྱས་པར་བསྙད་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། མིག་ཆུང་གིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ ཁྱིར་སྐྱེས་ལ། གལ་ཏེ་ཚེ་དང་ལྡན་པ་ཤཱ་རིའི་བུས་མ་བསམ་དུ་ལགས་ན། ཚེ་རབས་ལྔ་བརྒྱར་ཁྱི་འབའ་ཞིག་ཏུ་དེའུ་སྐྱེས་ལགས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཁྱི་ལས་ ཤི་འཕོས་ཏེ་སླར་མིའི་ནང་དུ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས་འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ [15B]སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་མིག་ཆུང་དུར་གྱུར་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མིག་ཆུང་འདི་ཉིད་ཀྱིས་སྔོན་ལས་བྱས་ཤིང་བསགས་ཏེ། དགེ་སློང་དག། ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་ རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང། མེའི་ཁམས་དང་རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་ པོ་དང། ཁམས་དང། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་ བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་ སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་ འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཚེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ [16A]༄༅། །ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་ཏེ། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བསྟན་སྡུག་ ལ་མཛེས་པ་ཞིག་བཙས་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་ཕ་མ་ལ་གསོལ་ཏེ་རབ་ཏུ་བྱུང་ངོ།། རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་བསླབས་ཏེ། དེ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བ། གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོད་རྣམས་ རྙེད་པར་གྱུར་ནས་དེས་བསམ་པ། མ་ལ་བདག་གིས་རྙེད་པ་དང་བཀུར་སྟིའི་སྒོ་ནས་རྙེད་པར་བྱ་བ་རྙེད་པ་གང་ཡིན་པ་དེས་བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཕན་ གདགས་པར་བྱ་གོར་མ་ཆག་སྙམ་དུ་བསམ་ནས་ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏ་བྱས་ཏེ། དེ་ནས་ཕྱི་ཞིག་ན་དགེ་སློང་དགྲ་བཅོམ་པ་ཞིག་ལ་ཕྱི་དྲོའི་གུང་སྐྱེམས་ཀྱི་ཞལ་ཏ་བྱེད་ པའི་རེས་བབ་ནས་དེས་དགེ་འདུན་ལ་གུང་སྐྱེམས་བྲིམས་པའི་འོག་ཏུ་ལུས་ངལ་ཏེ་གནས་ཁང་དུ་སོང་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ། དེ་ནས་ཞལ་ཏ་བྱེད་པ་དེའི་སྦྱིན་བདག་ རྣམས་ལ་གུང་སྐྱེམས་དགོས་པར་གྱུར་ནས་དེས་དགེ་སློང་གཞན་དག་ལ་སྨྲས་པ། དེང་གུང་སྐྱེམས་ཀྱི་ཞལ་ཏ་བྱེད་པའི་རེས་སུ་ལ་བབ་དེ་དག་གིས་སྨྲས་པ། དགེ་སློང་ཆེ་གེ་མོ་ཞིག་ [16B] །དེ་ནས་ཞལ་ཏ་བྱེད་པ་ཁྲོས་ནས་མིག་བཙུམས་ཏེ་མིག་འདི་འདྲ་བ་དེ་ཡིན་པ་ལྟ་ཞེས་སྨྲས་སོ། །དེ་སྐད་སྨྲས་ནས་དགྲ་བཅོམ་པ་དེག་ལ་བ་དར་དོང་སྟེ་ཕྱིན་ནས་སྨྲས་པ། བཙུན་པ་བདག་ ནི༑ ཁྱེད་ཀྱི་ཕྱིར་སྦྱིན་བདག་དང། སྦྱིན་པ་པོ་རྣམས་དགའ་བར་བྱས་ནས་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་ན། ཁྱེད་ནི་བདག་གི་དད་པས་བྱིན་པ་ལོངས་སྤྱད་ན། ཁྱི་བཞིན་དུ་ཚང་དུ་ཞུགས་ ནས་ཉལ་ཞིང་འདུག་གམ་ཞེས་བྱས་སོ། །དེ་ནས་དགྲ་བཅོམ་པ་དེས་བསམ་པ། ཉོན་མོངས་པ་འདི་ནི། དམས་ཤིང་ཉམས་པར་གྱུར་ཏེ་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་ཆེན་པོ་རྙེད་ན་མི་རུང་ ངོ་སྙམ་དུ་བསམ་ནས་འདིའི་ར་མདའ་བྱ་དགོས་སོ་སྙམ་སྟེ། ཞལ་ཏ་བྱེད་པ་དེ་ལ་སྨྲས་པ། བཙུན་པ། ཁྱོད་ཀྱིས་ད་སུ་ཡིན་པ་དང། ཁྱོད་བདག་སུ་ཡིན་པ་ཤེས་སམ། སྨྲས་པ། ངས་ཤེས་ཏེ་ཁྱོད་ ཀྱང་རབ་ཏུ་བྱུང་བ་ཡིན་ལ་ངའང་རབ་ཏུ་བྱུང་བ་ཡིན་ནོ་།དགྲ་བཅོམ་པས་སྨྲས་པ། འུ་བུ་ཅག་གཉིས་རབ་ཏུ་བྱུང་བར་འདྲ་མོད་ཀྱི། ཁྱོད་ནི། བཅིང་པ་ཐམས་ཅད་ཀྱིས་བཅིངས་པའི་སོ་སོའི་སྐྱེ་བོ་ཡིན་ ལ༑ ང་ནི། བཅིང་བ་ཐམས་ཅད་ལས་ངེས་པར་གྲོལ་བའི་དགྲ་བཅོམ་པ་ཡིན་ན། ཁྱོད་ཀྱིས་ཚིག་རྩུབ་པོ་སྨྲས་ཀྱི། ཉེས་པ་ལ་ཉེས་སོ། །ཞེས་བཤགས་པར་གྱིས་ཤིག་ཁྱོད་འཁོར་བ་ན་འཁོར་ ཞིང་སྡུག་བསྔལ་ཆེན་པོ་རྙེད་ཏ་རེ། དེ་སྐད་ཐོས་པའི་མོད་ལ་ཞལ་ཏ་བྱེད་པ་འགྱོད་པ་ཆེན་པོ་སྐྱེས་ཏེ། འགྱོད་པ་ཆེན་པོ་སྐྱེས་ནས་དགེ་སློང་དེའི་རྐང་པ་ལ་ཕྱག་བཙལ་ཏེ་བཟོད་པ་གསོལ་ [17A]༄༅། །ནས་ལྷག་པར་ཡང་སངས་རྒྱས་དང། ཆོས་དང། དགེ་འདུན་ལ་བསྙེན་བཀུར་བྱས་སོ། །དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྦྱང་དེ་ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏ་བྱས་ ནས་འཆི་གར་སྨོན་ལམ་བཏབ་པ། ཀྱེ་མ་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་པ་དང། ཆོས་བཞིན་དུ་ཞལ་ཏ་ བྱས་པའི་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཅི་ནས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་ཡང་དག་པར་རྫོགས་པའི་སངས་ རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག། བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་ལ་ཚིག་རྩུབ་ པོ་སྨྲས་པའི་སྡིག་པའི་ལས་དེའི་འབྲས་བུ་བདག་གིས་རྙེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ ནི༑ དགེ་ཚུལ་ཕ་མིག་ཆུང་འདི་ཉིད་ཡིན་ཏེ། དེས་དེར་དགྲ་བཅོམ་པ་དེ་ལ་ཚིག་རྩུབ་བོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱར་ཁྱིར་སྐྱེས་ཏེ། གལ་ཏེ་དགེ་སློང་ [17B] ཕྱིན་ཆད་ཀྱང་ཚེ་རབས་ལྔ་བརྒྱའི་བར་དུ་ཁྱི་འབའ་ཞིག་ཏུ་དེའུ་སྐྱེའོ། །ཁྲོས་ནས་དེས་དགྲ་བཅོམ་པ་དེ་ཉིད་ཀྱི་མིག་ལྟར་བཅོས་ཏེ། མིག་བཙུམས་ནས་མིག་འདི་ འདྲ་བ་དེ་ཡིན་པ་ལྟ་ཞེས་སྨྲས་པའི་ལས་དེའི་རྣམ་པར་སྨིན་པ་ནི། ད་ལྟར་མིར་སྐྱེས་ནའང་མིག་གཉིས་འདི་འདྲ་བར་གྱུར་ཏོ། །དེས་དེར་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་ ཅི་ནས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་ བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག། མི་མཉེས་པར་བྱེད་པར་མ་གྱུར་ཅིག། དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི། ད་ལྟར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག། ང་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།རྫོགས་བྱེད་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ [18A]༄༅། །ཏེ༑ དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ཀྱང་ཁྱིམ་ བདག་དེ་ལ་བུ་མེད་དེ། བུ་འདོད་པའི་ཕྱིར་དེས་ལྷ་རྣམས་ལའང་གསོལ་བ་བཏབ་སྟེ། ལྷ་གུ་ལང་དང། ཆུ་ལྷ་དང། ཀུ་བཻ་ར་དང་བརྒྱ་བྱིན་དང། ཚངས་པ་ལ་སོགས་པ་དང། ཀུན་དགའ་ར་བའི་ ལྷ་དང། ནགས་ཚལ་གྱི་ལྷ་དང། ལམ་གྱི་བཞི་མདོའི་ལྷ་དང་སུམ་མདོའི་ལྷ་དང། གཏོར་མ་ལེན་པའི་ལྷ་དང། ལྷན་ཅིག་སྐྱེས་པའི་ལྷ་དང། ཆོས་མཐུན་པ་པ་དང་རྟག་ཏུ་ཕྱི་བཞིན་འབྲང་ བའི་ལྷ་རྣམས་ལའང་གསོལ་བ་འདེབས་ཏེ། འཇིག་རྟེན་ན་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེས་བར་འགྱུར་རོ། །ཞེས་གྲགས་མོད་ཀྱི་དེའང་དེ་ལྟ་ནི། མ་ཡིན་ཏེ། གལ་ཏེ་གསོལ་བ་ བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལའང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་སོ། །ཡེ་ནི། གནས་གསུམ་ཚོགས་ པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ན། ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་དང། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང། དྲི་ཟ་འོངས་པ་སྟེ། དྲི་ཟའི་ [18B] ཁོང་ཁྲོ་བ་དང་ལྡན་པ་རྣམ་པ་གཉིས་ལས་གང་ཡང་རུང་བས་སྐྱེས་པའོ། །དེ་ནས་དེའང་གསོལ་བ་འདེབས་པ་ལྷུར་བྱེད་ལ་སེམས་ཅན་ཆེན་པོ་ཆེ་བར་ གྲགས་པ། སྲིད་པ་ཐ་མ་པ། བཙལ་བར་བྱ་བ་རྙེད་པ། ཐར་པའི་སྐལ་བ་ཅན་དུ་གྱུར་པ། ཚོགས་བསགས་པ། མྱ་ངན་ལས་འདས་པ་ལ་ནང་དུ་བལྟས་པ། འཁོར་བ་ལས་ཕྱི་རོལ་ཏུ་བལྟས་པ། སྲིད་ པར་འགྲོ་བའི་སྐྱེ་གནས་རྣམས་མི་འདོད་པ། ལུས་ཀྱི་ཐ་མ་འཛིན་པ་ཞིག་ཀྱང་དེའི་ཆུང་མའི་མངལ་དུ་སྐྱེས་སོ། །བུ་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ལ་ནི། ཐུན་མོང་མ་ཡིན་པའི་ཆོས་ ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་ཡང་ཤེས་པ་མ་ཆགས་པར་ཡང་ཤེས་པ་དང། དུས་ཀྱང་ཤེས་ལ་ཟླ་མཚན་ཡང་ཤེས་པ་དང། བུ་ཆགས་པ་ཤེས་པ་དང། གང་ལས་བུ་ཆགས་པ་ ཤེས་པ་དང། ཁྱེའུ་ཡང་ཤེས་ལ་བུ་མོའང་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་ནི། ལྟོ་གཡས་ལོགས་སུ་རྟེན་ཅིང་གནས་སོ། །གལ་ཏེ་བུ་མོ་ཡིན་ན་ནི། ལྟོ་གཡོན་ལོགས་ན་རྟེན་ཅིང་གནས་སོ། ། དེ་ནས་གང་གི་ཚེ་དེ་ལ་ཆགས་པར་གྱུར་པ་དེའི་ཚེ་དེ་དགའ་ཆེས་ནས་ཁྱིམ་ཐབས་ལ་སྦྲན་པ། ཇོ་བོ། བདག་ལ་སྲས་ཆགས་ཏེ། བདག་གི་རུམ་གཡས་ལོགས་སུ་རྟེན་ཅིང་གནས་པ་ལས་ན་ ཁྱེའུ་འགྱུར་པར་ངེས་ཀྱི། དགྱེས་པ་བསྐྱེད་དུ་གསོལ་ཞེས་བྱས་ནས་དེའང་དགའ་ཆེས་ཏེ། རོ་སྟོད་ནི། བཏེགས། ལག་པ་གཡས་པ་ནི་བརྐྱངས་ནས་བདག་གིས་ཡུན་རིང་པོ་ནས་སྨོན་སྨོན་ [19A]༄༅། །པའི་བུའི་ངོ་མཐོང་བར་འོང་ངོ། །བདག་གི་བུ་རུང་བར་གྱུར་ཅིག་མི་རུང་བར་མ་གྱུར་ཅིག། བདག་གི་བྱ་བ་དག་བྱེད་པར་ཤོག་ཅིག་གསོས་ན་གསོས་པའི་ལན་ཕྱིར་གསོ་ བར་ཤོག་ཅིག་ནོར་སྐལ་ལ་སྤྱོད་པར་ཤོག་ཅིག་བདག་གི་རིགས་རྒྱུད་ཡུན་རིང་དུ་གནས་པར་ཤོག་ཅིག། བདག་ཅག་འདས་ཏེ་ཤི་བའི་འོག་ཏུའང་བདག་ཅག་གི་ཕྱིར་མང་ཡང་རུང་ ཉུང་ཡང་རུང་སྟེ་སྦྱིན་པ་དག་བྱིན་ལ་བསོད་ནམས་དག་བྱས་ནས་དེ་གཉིས་གང་དང་གང་དུ་སྐྱེས་ཤིང་འགྲོ་བ་དེར་འདི་སོང་ཞིག་ཅེས་ཡོན་བསྔོ་བར་ཤོག་ཅིག་ཅེས་དགའ་བའི་ཚིག་བརྗོད་དོ།། དེས་བུ་ཆགས་པར་རིག་ནས་བུའི་རིམ་གྲོ་བྱ་བའི་ཕྱིར་ཁང་བཟང་གི་སྟེང་དུ་ཉམ་ནངས་སུ་བཞག་སྟེ་གྲང་བའི་ཚེ་གྲང་བའི་ཡོ་བྱད་རྣམས་དང། ཚ་བའི་ཚེ་ཚ་བའི་ཡོ་བྱད་རྣམས་དང། སྨན་ པས་བསྟན་པའི་ཟས་རྣམས་དང། ཧ་ཅང་ཁ་བ་མ་ཡིན་པ་རྣམས་དང། ཧ་ཅང་སྐྱུར་བ་མ་ཡིན་པ་རྣམས་དང། ཧ་ཅང་ལན་ཚྭ་ཚ་བ་མ་ཡིན་པ་རྣམས་དང། ཧ་ཅང་མངར་བ་མ་ཡིན་པ་རྣམས་ དང། ཧ་ཅང་རོ་ཚ་བ་མ་ཡིན་པ་རྣམས་དང། ཧ་ཅང་བསྐ་བ་མ་ཡིན་པ་རྣམས་ཏེ། ཁ་བ་དང། སྐྱུར་བ་དང། ལན་ཚྭ་དང། མངར་བ་དང། ཚ་བ་དང། བསྐ་བ་མེད་པའི་ཟས་རྣམས་ཀྱིས་བསྟེན་ཅིང་ དོ་ཤལ་དང་སེ་མོ་དོས་ལུས་རྣམ་པར་ཀླུབས་ཏེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་རྒྱུ་བ་བཞིན་དུ་ཁྲིའི་སྟེང་ནས་ཁྲིའི་སྟེང་དང། ཁྲིའུ་སྟེང་ནས་ཁྲིའུ་སྟེང་དུ་རྒྱུ་ཞིང་འོག་གི་ས་ [19B] དེས་ཡིད་དུ་མི་འོང་བའི་སྒྲ་སྐད་ཅིའང་མི་ཐོས་པར་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་བུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ་ བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་ དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྦྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ་ སུ་ནི༑ རྒུད། སུ་ནི། དར། སུ་ནི། ཕོངས་ཤིང་འདུག། སུ་ནི། ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་སོང་དུ་གཞོལ། སུ་ནི་ ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི། ངས་ངན་སོང་ལས་ཕྱུང་སྟེ་མཐོ་རིས་སུ་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་ དྲང་བར་བྱ། སུ་ནི། འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་ [20A]༄༅། །བྱ༑ སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་ བྱ༑ སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་ སྲིད༑ ༑གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་ཉིན་དུས་གསུམ་མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་ སངས་རྒྱས་ཀྱི་སྦྱན་གྱིས་འཇིག་རྟེན་ལ་གཟིགས་པ་དེ་བཞིན་དུ་ཉན་ཐོས་ཆེན་པོ་རྣམས་ཀྱང་ཉིན་མཚན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་ཉན་ཐོས་ཀྱི་མིག་གིས་འཇིག་ རྟེན་ལ་ལྟ་བར་བྱེད་དེ། ཚེ་དང་ལྡན་པ་མ་འགགས་པས་ཉན་ཐོས་ཀྱི་མིག་གིས་འཇིག་རྟེན་ལ་བལྟས་ན། སྲིད་པ་ཐ་མ་པའི་སེམས་ཅན་ཞིག་གིས་ཁྱིམ་བདག་དེའི་ཁྱིམ་དུ་ཉིང་མཚམས་སྦྱོར་བར་ མཐོང་ངོ། །མཐོང་ནས་ཀྱང་བསམ་པ། སེམས་ཅན་དེ་སུས་འདུལ་བར་འགྱུར་ཞིང། སངས་རྒྱས་ཀྱིས་འདུལ་བར་འགྱུར་རམ། འོན་ཏེ་ཉན་ཐོས་ཀྱིས་འདུལ་བར་འགྱུར་ཞིག་གུ་སྙམ་པ་དང། དེས་ བདག་ཉིད་ཀྱིས་འདུལ་བར་འགྱུར་བ་མཐོང་ངོ། །མཐོང་ནས་ཀྱང་ཁྱིམ་དེར་སོང་ནས་ཁྱིམ་བདག་དེ་ལ་དུས་དུས་སུ་ཆོས་སྟོན་ཏོ། །དེས་ཁྱིམ་བདག་དེ་དད་པ་ཕུན་སུམ་ཚོགས་པ་ལ་གནས་པར་བྱས་ [20B] ༑སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ལའང་གནས་པར་བྱས་སོ། །སྦྱིན་པ་དང་སྦྱིན་པའི་བགོ་བཤའ་ལའང་དད་པར་བཙུད་དེ། དེས་རིང་པོ་མ་ལོན་པར་ཁྱིམ་དེ་སློང་བ་རྣམས་ཀྱི་ཆུ་དོང་ འདྲ་བར་བྱས་སོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་མ་འགགས་པས། ཕ་མ་དེ་གཉིས་བརྟན་པར་བྱ་བའི་ཕྱིར་ཟླ་མེད་པ་དང་གཡོག་མེད་པར་གཅིག་པུ་ཁྱིམ་དེར་སོང་བ་དང། ཁྱིམ་བདག་དེས་ཚེ་དང་ ལྡན་པ་མ་འགགས་པ་ཟླ་མེད་པ་དང། གཡོག་མེད་པར་གཅིག་པུ་འོང་བར་མཐོང་ངོ། །མཐོང་ནས་ཀྱང་འཕགས་པ། ཁྱོད་ཅིའི་སླད་དུ་ཟླ་མ་མཆིས་པ་དང། ཞམ་རིང་མ་མཆིས་པར་གཅིག་པུ་ གཤེགས། འཕགས་པའི་ཞབས་འབྲིང་བགྱིད་པ་འགའ་ཡང་མ་མཆིས་སམ་ཞེས་དྲིས་སོ། །ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། ཁྱེད་ཅག་ལྟ་བུ་འབའ་ཞིག་གིས་བྱིན་པ་མ་གཏོགས་པར་ བདག་ཅག་ལ་གུད་ན་གཡོག་གི་འབྱུང་ཁུངས་ག་ལ་ཡོད། ཁྱིམ་བདག་གིས་སྨྲས་པ། བཙུན་པ་མ་འགགས་པ། བདག་གི་མཆིས་བྲང་ལ་བུ་ཆགས་པ་མཆིས་ཀྱི། དེ་ལས་གལ་ཏེ་ཁྱེའུ་ཞིག་ བཙས་པར་གྱུར་ན། དེ་བདག་གིས་འཕགས་པའི་ཞབས་འབྲིང་དུ་དབུལ་ལོ། །ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། ཁོང་དགེ་བ་རྣམས་ནི། དམ་བཅས་པ་ལ་བརྟན་པ་ཡིན་ནོ། །དེ་སྐད་ ཅེས་སྨྲས་ནས་ཚེ་དང་ལྡན་པ་མ་འགགས་པ་སོང་ངོ། །ཁྱིམ་བདག་དེའི་ཆུང་མའང་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་བ། གསེར་ [21A]༄༅། །གྱི་ཁ་དོག་ཅན། མགོ་གདུགས་ལྟར་འདུག་པ། ལག་པ་རིང་བ་དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ་ཞིག་བཙས་སོ། །དེ་ནས་དེའི་བཙས་ སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། བདག་གི་བུ་ནམ་བཙའ་བར་འགྱུར་ཞིག་གུ་སྙམ་དུ་ཡུན་རིང་པོ་ནས་བདག་གིས་སྨོན་སྨོན་པ་དང་ ཡུན་རིང་པོ་ནས་བདག་འདོད་ཅིང་ཡིད་སྨོན་དུ་བགྱི་བགྱི་བ་དེ་ཁྱེའུ་འདིས་ཡོངས་སུ་རྫོགས་པར་བྱས་པ་ན། ཁྱེའུ་འདིའི་མིང་རྫོགས་བྱེད་ཅེས་གདགས་སོ། །ཞེས་ཟེར་རོ། །དེ་ནས་ཁྱེའུ་རྫོགས་ བྱེད་པང་ན་འཚོ་བའི་མ་མ་གཉིས་དང། ནུ་མ་བསྣུན་པའི་མ་མ་གཉིས་དང། དྲི་མ་འཁྲུ་བའི་མ་མ་གཉིས་དང། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས་དེ་སྲིད་མེད་ཀྱི་བུའི་ལག་ན་ཐོགས་ པའི་རྨ་བྱའི་མདོངས་དང། སྲུང་བའི་སྲད་བུ་དང། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ་།དེ་གང་ གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང། ཁོང་རྩིས་དང། ཤོད་དགོད་པ་དང། ལག་རྩིས་དང། དབྱུང་བ་དང། སྦ་བ་དང། དགྲམ་པ་དང། གོས་བརྟག་པ་དང། ནོར་བརྟག་པ་དང། རིན་པོ་ཆེ་ བརྟག་པ་དང། སྤོས་བརྟག་པ་དང། སྨན་བརྟག་པ་དང། གླང་པོ་ཆེ་བརྟག་པ་དང། རྟ་བརྟག་པ་དང། གོ་མཚོན་བརྟག་པ་བསླབ་ཏེ་ཡི་གེ་མཁས་པ་དང། ཀློག་མཁས་པ་དང། མཛངས་ [21B] བྱ་བ་ལ་གསལ་བ་དང། ཡིད་གཞུངས་པ་དང། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་མ་འགགས་པས་ཁྱེའུ་དེ་རབ་ཏུ་བྱུང་བའི་དུས་ལ་བབ་པར་ མཐོང་ནས་སྔ་དྲོ་ཤམ་ཐབས་དང། ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་སྟེ། དེ་མཐར་གྱིས་བསོད་སྙོམས་ལ་རྒྱུ་བ་ལས་ཁྱིམ་བདག་དེའི་ཁྱིམ་ག་ ལ་བ་དེར་སོང་སྟེ་ཕྱིན་ནས་སྟན་བཤམས་པ་ལ་འདུག་གོ། འདུག་ནས་ཀྱང་ཚེ་དང་ལྡན་པ་མ་འགགས་པས། ཁྱིམ་བདག་དེ་ལ་སྨྲས་པ་ཁྱིམ་བདག་ཁྱེའུ་འདི་ནི། མ་བཙས་པའི་སྔ་རོལ་ནས་ ཁྱོད་ཀྱིས་བདག་གི་གཡོག་ཏུ་བྱིན་ཏེ། ཁོང་དགེ་བ་རྣམས་ནི། དམ་བཅས་པ་ལ་བརྟན་པ་ཡིན་ན། དེ་ཁོ་ན་ལྟར་དམ་མ་བཅས་སམ། ཁྱིམ་བདག་གིས་སྨྲས་པ། འཕགས་པ། དེ་ཁོ་ན་ལྟར་དམ་བཅས་ ལགས་སོ། །ཞེས་བྱས་ནས་ཁྱེའུ་དེ་ལག་པ་གཉིས་ཀྱིས་བཟུང་སྟེ་ཚེ་དང་ལྡན་པ་མ་འགགས་པ་ལ་ཕུལ་ནས་སྨྲས་པ། བུ། ཁྱོད་མ་བཙས་པའི་སྔ་རོལ་ནས་འཕགས་པ་ལ་ངས་ཕུལ་གྱི། སོང་ལ་ འཕགས་པའི་ཞམ་རིང་གྱིས་ཤིག། ཁྱེའུ་སྨྲས་པ། དེ་ནི། བདག་ལ་ཕན་གདགས་པ་ལགས་སོ། །ཞེས་བྱས་ནས་ཁྱེའུ་དེ་ཚེ་དང་ལྡན་པ་མ་འགགས་པའི་ཕྱི་བཞིན་འབྲང་སྟེ། ཁྱེའུ་དེ་ཚེ་དང་ལྡན་པ་ མ་འགགས་པས་གཙུག་ལག་ཁང་དུ་ཁྲིད་ནས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་ལུང་ཡང་ཕོག་གོ་དེ་ནས་དེ་སྲོང་དང་ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་ཀྱང་ [22A]༄༅། །ཁྱད་པར་ཅུང་ཟད་ཀྱང་མ་ཐོབ་ནས་དེ་ཕྱི་ཞིག་ན་ནད་ཀྱིས་ཐེབས་ནས་དེའི་ཕ་མ་གཉིས་ཀྱིས་བུ་ནད་ཀྱིས་ཐེབས་སོ། །ཞེས་ཐོས་ནས་ཐོས་མ་ཐག་ཏུ་ཕ་མ་གཉིས་ཀྱིས་སྨན་པ་ཁྲིད་ དེ་ཡོ་བྱད་ཐམས་ཅད་ཁྱེར་ནས་གཙུག་ལག་ཁང་དུ་སོང་སྟེ་ཡོ་བྱང་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཀྱང་སོས་པར་བྱེད་མ་ནུས་ནས་དེ་གཉིས་ཀྱིས་བསམ་པ། བདག་ཅག་གཉིས་གཙུག་ ལག་ཁང་དུ་འདུག་ན་ནི། ཁྱིམ་གྱི་བྱ་བ་མང་པོ་དག་ཤོར་བར་འགྱུར་ན། མ་ལ་བུ་འདི་ཁྱིམ་དུ་ཁྲིད་ལ་དེ་ཉིད་དུ་ནད་གཡོག་བྱའོ་སྙམ་དུ་བསམ་ནས་ཚེ་དང་ལྡན་པ་མ་འགགས་པའི་རྐང་པ་ ལ་ཕྱག་བཙལ་ཏེ་སྨྲས་པ། འཕགས་པ། མཁྱེན་པར་མཛད་དུ་གསོལ་བདག་ཅག་གཉིས་འདི་ན་མཆིས་ན་ནི། ཁྱིམ་གྱི་བགྱི་བ་མང་པོ་དག་ཤོར་བར་འགྱུར་ན། བདག་ཅག་གཉིས་ཀྱིས་བུ་ འདི་ཁྱིམ་དུ་ཁྲིད་དེ་ནད་གཡོག་བགྱི་བར་འཚལ་ན། གནང་བར་མཛད་དུ་གསོལ་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་བསམ་པ། དགེ་སློང་འདིས་ཁྱིམ་དེ་ཉིད་དུ་དགྲ་ བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ལ། ཕ་མ་གཉིས་དང་ཁྱིམ་མི་རྣམས་ཀྱང་བདེན་པ་རྣམས་ལ་འགོད་པར་འགྱུར་རོ་སྙམ་དུ་རིག་ནས་ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ་ ཁྱེད་གཉིས་ཇི་ལྟར་དགའ་བ་བཞིན་དུ་གྱིས་ཤིག་དེ་ནས་དེ་ཐོས་པའི་མོད་ལ་ཁྱིམ་བདག་དེས་དགེ་སློང་དེ་བདག་གི་ཁྱིམ་དུ་ཁྲིད་དེ་སྨན་པའི་ལུང་བཞིན་དུ་ཡོ་བྱད་ཐམས་ཅད་ཀྱིས་ [22B][?]གཡོག་བྱས་སོ། །དགེ་སློང་དེས་ཀྱང་ཁྱིམ་དེ་ཉིད་ན་འདུག་བཞིན་དུ་ནད་ཀྱིས་སྐྱོ་བར་གྱུར་ནས་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱས་ཏེ། དེས་དགྲ་བཅོམ་པ་ཐོབ་ནས་ཕ་མ་གཉིས་དང། ཁྱིམ་གྱི་མི་རྣམས་ཀྱི་བསམ་པ་དང། བག་ལ་ཉལ་དང་ཁམས་དང། རང་བཞིན་རྟོགས་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ་ དེ་ཐོས་ནས་ཁྱིམ་བདག་དེ་འཁོར་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚིགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་ སུམ་དུ་བྱས་ཏེ། དེས་ཕ་མ་གཉིས་བདེན་པ་རྣམས་ལ་བཀོད་ནས་བདག་ཉིད་ཀྱི་སྔོན་གྱི་གནས་རྗེས་སུ་དྲན་པར་བྱེད་དེ། བདག་གང་ནས་འཆི་འཕོས། གང་དུ་སྐྱེས་སྙམ་དུ་བསམ་ན། དེས་མི་ལས་ ཤི་འཕོས་ཏེ་ཐམས་ཅད་དུའང་ནད་མང་བ་དང། ཚེ་ཐུང་བར་གྱུར་པར་མཐོང་ནས་དེས་བསམ་པ། བདག་སོ་སོའི་སྐྱེ་བོར་གྱུར་པས་འདི་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ལ། ད་ནི་ བདག་གིས་བྱ་བ་བྱས་ཟིན་པས་བདག་ལ་སྡུག་བསྔལ་འདི་ལྟ་བུ་ཅི་དགོས་ཀྱི། མ་ལ་བདག་ཞི་བའི་དབྱིངས་སུ་འཇུག་པར་བྱའོ་སྙམ་དུ་བསམ་ནས་འབར་བ་དང། ལམ་མེར་འདུག་པ་དང་ ཆར་འབབ་པ་དང། གློག་འགྱུར་བའི་ཆོ་འཕྲུལ་རྣམ་བསྟན་ཏེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ཡོངས་སུ་མྱ་ངན་ལས་འདས་ན་ [23A]༄༅། །ཕ་མ་གཉིས་ཀྱིས་དེ་ཁྱོགས་རས་སྔོན་པོ་དང། སེར་པོ་དང། དམར་པོ་དང། དཀར་པོ་རྣམས་ཀྱིས་བརྒྱན་པའི་སྟེང་དུ་བཞག་སྟེ་ཁྱེར་བར་བྱས་ནས་ཁྱོགས་གདེག་པར་མ་ནུས་ ནས་དེ་དག་ཚེ་དང་ལྡན་པ་མ་འགགས་པའི་ཐད་དུ་སོང་སྟེ་བསྙད་དོ། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་དྲན་པར་བྱས་ཏེ་བསམ་ན། དེ་ཉིད་ཀྱིས་དེ་ལྟ་བུར་འགྱུར་བའི་སྨོན་ལམ་བཏབ་ པར་རིག་ནས་བཅོམ་ལྡན་འདས་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཆོས་གོས་དག་གྱོན་ལ། དགེ་སློང་དེའི་མཆོད་པའི་ལས་བྱེད་དུ་འདོང་ངོ། །ཞེས་བཀའ་ སྩལ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་གཤེགས་སོ། །སྐྱེ་རྒུའི་བདག་མོ་ ཆེན་མོ་གཽ་ཏ་མིས་ཀྱང་ཁྱིམ་བདག་ཆ་གེ་མོ་ཞིག་གི་བུ་རབ་ཏུ་བྱུང་ནས་དེ་ཡོངས་སུ་མྱ་ངན་འདས་ཏེ་བཅོམ་ལྡན་འདས་ཀྱང་དེ་ལ་མཆོད་པ་དང་བཀུར་སྟིར་མཛད་པར་བཞེད་དོ། །ཞེས་ཐོས་ ཏེ༑ དེ་ལྟར་རིག་ནས་དེས་ཀྱང་དེའི་སྔོན་གྱི་གནས་རྗེས་སུ་དྲན་པར་བྱས་ཏེ་འཁོར་ལྔ་བརྒྱ་དང་ཁྱིམ་བདག་དེའི་ཁྱིམ་ག་ལ་བ་དེར་དོང་ངོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་དང། བཙུན་ མོའི་འཁོར་གྱི་བླ་དྲང་སྲོང་སྦྱིན་དང། གཉའ་མིས་ཀྱང་ཐོས་སོ། །དགེ་བསྙེན་མ་ས་ག་དང། དགེ་བསྙེན་མ་ལེགས་སྐྱེས་མས་ཀྱང་ཁྱིམ་བདག་ཆེ་གེ་མོ་ཞིག་གི་བུ་རབ་ཏུ་བྱུང་ནས་དེ་ཡོངས་ [23B] བཅོམ་ལྡན་འདས་ཀྱང་དེའི་མཆོད་པ་དང་བཀུར་སྟི་མཛད་པར་བཞེད་དོ། །ཞེས་ཐོས་སོ། །ཞེས་ཐོས་སོ་།ཐོས་ནས་དེ་དག་ཀྱང་འཁོར་དང་བཅས་པར་དོར་དོང་སྟེ། དེ་དག་གིས་བཅོམ་ལྡན་ འདས་ཀྱི་ཞབས་ལ་ཕྱག་བཙལ་ནས་གསོལ་པ། དགེ་སློང་འདིའི་སྐུ་གདུང་གི་མཆོད་པ་བདག་ཅག་བགྱིད་ཀྱི། བཅོམ་ལྡན་འདས་འོ་བརྒྱལ་མི་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ མགོན་མེད་ཟས་སྦྱིན་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང། དགེ་བསྙེན་གཞན་དག་གིས་དགེ་སློང་དེའི་ཁྱོགས་ཁྱེར་ནས་དུར་ཁྲོད་དུ་ཆས་ཏེ། དེའི་ཕྱི་ བཞིན་དུ་བཅོམ་ལྡན་འདས་དང། དགེ་སློང་གཞན་དག་དང། མཆོད་པ་དང་བཀུར་སྟི་བྱེད་པའི་དགེ་བསྙེན་དང། དགེ་བསྙེན་མ་རྣམས་ཀྱང་ཕྱི་བཞིན་དུ་འབྲང་སྟེ། དེ་དག་གིས་དུར་ཁྲོད་དུ་ཁྱེར་ ནས་སྤོས་ཀྱི་ཤིང་སྣ་ཚོགས་བཅེར་ཏེ་སྦར་ནས་མེ་དེ་འོམས་བསད་དེ་རུས་པ་དེ་རྣམས་བསྡུས་ནས་བུམ་པའི་ནང་དུ་བཅུག་སྟེས་ཕྱོགས་དེ་ཉིད་དུ་སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་མཆོད་ རྟེན་དེ་ལ་མཆོད་པ་ཆེན་པོ་བྱས་ཏེ་ཆོས་མཉན་པའི་ཕྱིར་སངས་རྒྱས་ཀྱི་སྤྱན་སྔར་འཁོད་ནས་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་རྣམས་ལ་མི་རྟག་པ་དང་ལྡན་པའི་གཏམ་བཀའ་སྩལ་ནས་ གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ། དགེ་སློང་རྫོགས་བྱེད་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ [24A]༄༅། །ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ་ནད་མང་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།རྫོགས་བྱེད་འདི་ཉིད་ཀྱིས་སྔོན་ལས་བྱས་ཤིང་ བསགས་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་ལ་རྣམ་པར་ སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་ དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་ པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན་རྒྱལ་པོའི་ཕོ་བྲང་བདེ་ལྡན་ན་རྒྱལ་པོ་བདེ་བའི་མདུན་ན་འདོན་པ་བྲམ་ཟེ་མེས་བྱིན་ལ་བུ་གཉིས་ཡོད་པ་ལས། གཅིག་གིས་ནི། རྒན་པོ་དང། ནད་པ་ དང། ཤི་བ་མཐོང་ནས་ནགས་ཀྱི་ནང་དུ་རྟེན་བཅས་ཏེ། དེ་དེར་སོང་ནས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་དྲན་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་བརྙེས་ཏེ། ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ལན་གསུམ་དུ་བསྐོར་ནས་སེམས་ཅན་ལ་ཕན་པ་མཛད་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཅེས་བྱ་བར་ [24B] ༑གཅིག་ཤོས་ནི། འདོད་པ་ལ་ཞུགས་ཏེ་བག་མེད་པ་དང་གཞན་གྱི་ཆུང་མ་ལ་བྱི་བྱེད་པ་དང། སྲོག་གཅོད་པ་བྱེད་པར་གྱུར་ཏེ། དེ་རི་དྭགས་བཤོར་དུ་སོང་ནས་སེམས་ཅན་སྟོང་ཕྲག་དུ་མ་ ཁ་འདོག་པར་བྱེད་དེ། །དེར་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཕོ་བྲང་མཛེས་ལྡན་དུ་གཤེགས་ཏེ་ཡབ་སྲས་གདན་འཛོམས་པ་དེའི་ཚེ་མཛེས་ལྡན་ན་རྟེན་ཅིང་ བཞུགས་ཏེ་སེམས་ཅན་ལ་ཕན་པ་མཛད་དོ། །དེ་ནས་དེས་གཅུང་དེ་སྡིག་པའི་ལས་དེ་ལས་བཟློག་ནས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ལ་གནས་པར་མཛད་དོ། །དེས་ཀྱང་རྣམ་པ་ ཐམས་ཅད་ཡོངས་སུ་རྫོགས་པའི་གཙུག་ལག་ཁང་བྱས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ཏེ་ཡོ་བྱད་ཐམས་ཅད་ཀྱིས་ བསྙེན་བཀུར་བྱས་ནས་འཆི་གར་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་འགྱུར་ཅིག་ སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག། མི་མཉས་པར་བྱེད་པར་མ་གྱུར་ཅིག། དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་ བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག། ཅི་སྙམ་དུ་སེམས་དེའི་དུས་ན་བྲམ་ཟེའི་བུར་གྱུར་པ་གང་ཡིན་པ་དེ་ནི། རྫོགས་བྱེད་འདི་ཉིད་ཡིན་ཏེ། དེས་དེར་སེམས་ཅན་སྟོང་ཕྲག་དུ་མ་ཁ་ [25A]༄༅། །བཏག་པའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེར་ནད་མང་བ་དང་ཚེ་ཐུང་བར་གྱུར་ཏོ་།དེས་དེ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གཙུག་ ལག་ཁང་བྱས་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕུལ་ཏེ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས་འཆི་གར་སྨོན་ལམ་བཏབ་པ། བདག་གང་དང་གང་དུ་སྐྱེ་བ་དེ་དང་ དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག། སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག། མི་མཉམ་པར་བྱེད་པར་མ་གྱུར་ཅིག་ཡོན་ཏན་འདི་ལྟ་བུ་དག་ཀྱང་ ཐོབ་པར་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ་གཟུགས་བཟང་ཞིང་བལྟན་ སྡུག་ལ་མཛེས་པར་གྱུར་ཏེ། དགེ་སློང་དག། ང་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་ པ་བསྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཡོངས་སུ་མྱ་ངན་ལས་འདས་པ་ན་འཁོར་བཞི་པོ་རྣམས་མཆོད་པ་བགྱིད་པར་འགྱུར་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ [25B] །འདིས་གང་དུ་སྨོན་ལམ་བཏབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་ སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་ རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་ཁྱིམ་བདག་ཅིག་གནས་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་ དྒུའམ་བཅུ་ལོན་པ་དང་བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་གང་གི་ཚེ་དེ་ཆེར་སྐྱེས་པ་དེའི་ཚེ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་ པ་རྙེད་ནས་དེས་ཕ་མ་ལ་གསོལ་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་ནས་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་ དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེས་དགྲ་བཅོམ་པ་ཉིད་ཐོབ་ནས་བསམ་པ། བདག་གིས་འཁོར་བའི་ལུས་འདིས་བྱ་བ་བྱས་ཟིན་གྱི། མ་ལ་ད་ནི། བདག་ཞི་བའི་དབྱིངས་སུ་འཇུག་ པར་བྱའོ་སྙམ་དུ་བསམ་ནས་འབར་བ་དང། ལམ་མེར་འདུག་པ་དང་ཆར་འབབ་པ་དང། གློག་འགྱུར་བའི་ཆོ་འཕྲུལ་རྣམས་བསྟན་ཏེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ [26A]༄༅། །སུ་མྱ་ངན་ལས་འདས་ནས་མཁན་པོས་དེའི་ཕ་མ་ལ་སྦྲན་ཏེ། དེའི་ཕ་མ་གཉིས་དང། མཁན་པོས་སྐུ་གདུང་གི་མཆོད་པ་ཆེན་པོ་བྱས་ནས་མཁན་པོས་སྨོན་ལམ་བཏབ་པ། ཀྱེ་མ་ དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག། མི་མཉེས་པར་བྱེད་པར་མ་གྱུར་ཅིག། ཡོན་ཏན་འདི་ལྟ་བུ་དག་ཀྱང་ཐོབ་ པར་གྱུར་ཅིག། བདག་ཡོངས་སུ་མྱ་ངན་ལས་འདས་པ་ནའང་བཅོམ་ལྡན་འདས་འཁོར་བཞི་པོ་དང་བཅས་པ་རྣམས་ཀྱིས་མཆོད་པའི་ལས་མཛད་པར་ཤོག་ཅིག་ཅེས་བྱས་སོ། །དགེ་སློང་དག་ འདི་ཅི་སྙམ་དུ་སེམས། དེའི་ཚེ་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི། རྫོགས་བྱེད་འདི་ཉིད་ཡིན་ཏེ། དེས་དགྲ་བཅོམ་པ་དེ་ལ་མཆོད་པ་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་ པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་།ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱེད་དེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་ [26B]པ་ཉིད་མངོན་སུམ་དུ་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་པ་ནའང་འཁོར་བཞི་པོ་རྣམས་ཀྱིས་མཆོད་པའི་ལས་བྱས་སོ།། །། ལས་བརྒྱ་ཐམ་པ། བམ་པོ་གཉིས་པ། སྒུར་བུ་གཉིས་ཞེས་བྱ་བ་དེ་ལ། སྒུར་པོ་དང་པོ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ་དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལ་ཆུང་མ་བླངས་ནས་ དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་མཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་ དེའི་ཚེ་ཡི་གེ་དང། ཁོང་རྩིས་དང། ཤོད་དགོད་པ་དང། ལག་རྩིས་དང། དབྱུང་བ་དང། སྦ་བ་དང། དགྲམ་པ་དང། གོས་བརྟག་པ་དང། ནོར་བུ་བརྟག་པ་དང། རིན་པོ་ཆེ་བརྟག་པ་དང། སྤོས་ བརྟག་པ་དང། སྨན་བརྟག་པ་དང། གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང། གོ་མཚོན་བརྟག་པ་རྣམས་བསླབས་ཏེ་ཡི་གེ་མཁས་པ་དང། ཀློག་མཁས་པ་དང། མཛངས་པ་དང། བྱ་བ་ལ་ [27A]༄༅། །གསལ་བ་དང། ཡིད་གཞུངས་པ་དང། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་ཁྱེའུ་དེ་ནང་ཀྱིས་ཐེབས་ནས་རྒྱབ་རླུང་གིས་སྒུར་བུར་བྱས་སོ། །དེ་ནས་དེ་ མཐོང་མཐག་ཏུ་ཕ་མ་གཉིས་ཤིན་ཏུ་སྡུག་བསྔལ་བར་གྱུར་ནས་དེ་ལ་སྨན་པ་ཐམས་ཅད་དང། ཡོ་བྱད་ཐམས་ཅད་བསགས་ཏེ་རིམ་གྲོ་བྱས་ཀྱང་སོས་པར་བྱེད་མི་ནུས་སོ། །དེ་ནས་ཕྱི་ཞིག་ན་ཁྱིམ་ བ་དག་དེའི་བློ་སྐྱེས་པ། ཁྱེའུ་འདི་སྨན་པ་ཐམས་ཅད་ཀྱིས་གསོ་མ་ནུས་ཀྱི། ད་ནི། ཡོན་གནས་རྣམས་ལ་གསོལ་བ་བཏབ་ན། དེ་དག་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་པས། དེ་དག་གིས་བདག་ གི་བུའི་རྒྱབ་སྔ་མཁོ་བཞིན་དུ་རངས་པར་བྱེད་ནུས་ཀྱང་སྲིད་དོ་སྙམ་དུ་བསམ་ནས་དེས་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་སྤྱན་དྲངས་ཏེ། རང་གི་ལག་གིས་བཟའ་བ་དང་བཅའ་བ་གཙང་མ་ བཟང་པོ་མང་པོས་ཚིམ་པར་བྱས་ནས་རྐང་པ་ལ་ཕྱག་བཙལ་ཏེ་སྨྲས་པ། ཁྱེད་ནི། འདི་ལྟར་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་ཅིའང་མི་མཁྱེན་པའམ། མི་རྟོགས་པ་མི་མངའ་བ་ ལགས་ན། བདག་གི་བུ་འདི་རླུང་གིས་རྒྱབ་སྒུར་པོར་བགྱིས་པ་དེ་སོས་པར་མཛད་དུ་གསོལ་ཞེས་བྱས་སོ། །དེ་དག་གིས་ཀྱང་དེ་ལ་སྔགས་དང་སྨན་མང་དུ་བྱས་ན། འོན་ཀྱང་སོས་པར་བྱེད་མ་ནུས་ སོ༑ ༑དེ་ནས་ཁྱིམ་བདག་དེའི་མཛའ་བོ་བཤེས་བའི་གྲོགས་པོ་སངས་རྒྱས་པའི་དགེ་བསྙེན་ཞིག་ཡོད་པ་དེས་དེ་ལ་སྨྲས་པ། གྲོགས་པོ་སྐྱབས་མ་ཡིན་པ་འདི་དག་ལ་སྐྱབས་བཙལ་ཏེ་ཅི་བྱ་ [27B] ཁྱོད་ཀྱི་ལེགས་པ་ཐམས་ཅད་མཛད་པར་འགྱུར་རོ། །དེས་སྨྲས་པ། དེ་ཅི་ཤེས་བ་ཞིག། དགེ་བསྙེན་གྱིས་སྨྲས་པ། དེ་ནི། ཐམས་ཅད་མཁྱེན་པ་ རྣམ་པ་ཐམས་ཅད་མཁྱེན་པ་ཡིན་ནོ། །དེ་ནས་ཁྱིམ་བདག་དེས་ཐོས་མ་ཐག་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ མགོ་བོས་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དང་འཚམ་པའི་ཆོས་བསྟན་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་ བཅོམ་ལྡན་འདས་ཀྱི་གཏམ་གྱི་མཇུག་རྫོགས་ནས་ཁྱིམ་བདག་དེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་ གི་དགེ་འདུན་དང་ཐབས་གཅིག་ཏུ་སང་བདག་གི་ཁྱིམ་དུ་བཤོས་གསོལ་བར་ཅི་གནང་ཞེས་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་ཁྱིམ་བདག་ དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་ བཙལ་ཏེ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ། །དེ་ནས་དེས་དེ་ཉིད་ཀྱི་མཚན་མོ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་སྤྱར་ནས་ནང་བར་སྔར་ལངས་ཏེ་གདན་བཤམས་ནས་ཕྱག་ [28A]༄༅། །ཆབ་ཀྱི་ཆུར་བཀང་སྟེ་བཅོམ་ལྡན་འདས་ལ་འཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ། གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་ དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང། ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ ཞམ་རིང་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཁྱིམ་བདག་དེའི་བཀད་ས་ག་ལ་བ་དེར་གཤེགས་པ་དང་ཁྱེའུ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་ སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་ པ་ལྟ་བུ༑ མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ་བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་ མཆོག་ཏུ་དགའ་བ་ཆེན་པོ་དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི། ལོ་བཅུ་གཉིས་ཀྱི་བར་དུ་ཞི་ གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལའང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་མཐོང་ནས་ཀྱང་ཁྱེའུ་དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བ་སྐྱེས་ཏེ། ཤིན་ཏུ་ [28B]ལངས་སོ། །དེ་ཁྲི་ལས་ལངས་པའི་མོད་ལ་རྒྱབ་སྒུར་བ་དེ་སྔ་མཁོ་བཞིན་དུ་རངས་པར་གྱུར་ཏོ། །དེ་ནས་དེ་ལྷག་པར་ཡང་བཅོམ་ལྡན་ འདས་ལ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ གཏུགས་ནས་འདི་སྐད་དུ། བཅོམ་ལྡན་འདས་ནི། བདག་ལ་དཀའ་བ་མཛད་པའོ། །བདེ་བར་གཤེགས་པ་ནི། བདག་ལ་དཀའ་བ་མཛད་པའོ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་ གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས་རང་གི་ལག་ནས་ བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་སོ། །རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་རྣམ་གྲངས་དུ་མས་ཚིམ་པར་ བྱས་ཏེ་ཅི་བཞེད་པ་བསྟབས་ནས་བཅོམ་ལྡན་འདས་བཤོས་གསོལ་ལགས་ཏེ་གསང་སྡེར་ནི། གྱུ། ཕྱག་ནི། བཅབས་པར་རིག་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེ་འཁོར་དང་བཅས་པའི་བསམ་པ་དང། བག་ལ་ཉལ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ [29A]༄༅། །ནས་ཁྱིམ་བདག་དེ་འཁོར་དང་བཅས་པ་དང། ཁྱེའུ་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་ དུ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་བདེན་པ་རྣམས་ལ་བཀོད་ནས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད་ ཡང་དག་པར་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ་།དེ་ནས་ཕྱི་ཞིག་ན་ཁྱེའུ་དེའི་བློ་སྐྱེས་པ། བཅོམ་ལྡན་འདས་ཀྱིས་བདག་གི་སྡུག་བསྔལ་དང་ཡིད་མི་བདེ་བ་རྣམ་པ་དུ་ མ་ནི༑ བསལ། བདེ་བ་དང་ཡིད་བདེ་བ་རྣམ་པ་དུ་མ་ནི། བསྒྲུབས་སྡིག་པ་མི་དག་པའི་ཆོས་རྣམ་པ་དུ་མ་ནི། བསལ། དགེ་བའི་ཆོས་རྣམ་པ་དུ་མ་ནི། བསྒྲུབས་ཀྱི། བདག་གིས་ཁྱིམ་ན་གནས་པ་ བཏང་ལ་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་དུ་འགྲོའོ་སྙམ་དུ་བསམ་སྟེ་ཕ་མ་ལ་གསོལ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ ལ་མགོ་བོས་ཕྱག་བཙལ་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་ པ༑ བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་ཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་ [29B] །དེ་ནས་དེ་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་ནས་ཚིག་དེ་སྐད་ཅེས་བཀའ་སྩལ་བའི་མོད་ལ་སྐྲ་དང་ཁ་སྤུ་བྲེགས་ ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། སྤྱོད་ལམ་ནི། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་འདུག་པར་གྱུར། ལག་ན་ནི་ལྷུང་བཟེད་དང། ཆུ་སྣོད་ཐོགས་པར་གྱུར་ཏོ། །འདིར་སྨྲས་པ། དེ་ བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པས། །དེ་ནི་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱི་ནི་དགོངས་པས་གོས་བགོས་ནས་།མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ནས་ བཅོམ་ལྡན་འདས་ཀྱིས་དེ་ལ་ལུང་ཕོག་ནས་དེས་ཀྱང་བརྩོན་པ་དང་སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་ གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ལ། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་ སྒོ་ངའི་སྤུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་ བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། དགེ་སློང་འདིས་ལས་ཅི་བགྱིས་ [30A]༄༅། །ན༑ ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལགས། ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་རྒྱབ་སྒུར་བུར་གྱུར་ལ། བཅོམ་ ལྡན་འདས་ལ་བརྟེན་ཏེ་སྔ་མ་ཁོ་བཞིན་དུ་རངས་པར་གྱུར་ནས་འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མ་མཉེས་པར་མ་བགྱིས་ན་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་ མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་འདིས་ལས་བྱས་ཤིང་བསགས་ཏེ། དགེ་ སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་ པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ ཁྱེར་ཝཱ་ར་ཎཱ་སི་ན་ཁྱིམ་བདག་ཅིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་བུ་མཚེ་མ་གཉིས་བྱུང་སྟེ། དེ་གཉིས་ཀྱི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་མཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་ [30B]དེ་གཉིས་ཚེར་སྐྱེས་པ་དེའི་ཚེ་དེ་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་དེ་གཉིས་ཀྱིས་ཕ་མ་ལ་ གསོལ་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཏེ་དེ་གཉིས་ལ་མཁན་པོས་སྨྲས་པ། བུ་གཉིས། བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ནི་ འཁོར་ལོ་གཉིས་ཀྱིས་གཟུང་བར་བྱེད་དེ། བསམ་གཏན་གྱི་འཁོར་ལོ་དང། ཁ་ཏོན་བྱེད་པའི་འཁོར་ལོ་འདི་གཉིས་ཡིན་ན། ཁྱེད་གཉིས་ཀྱིས་གང་བྱ། དེ་གཉིས་ཀྱིས་སྨྲས་པ། ཐོག་མར་རེ་ཞིག་ཁ་ ཏོན་ལ་འབད་པར་བགྱིས་ལ་སླད་ཀྱིས་བསམ་གཏན་བགྱིའོ། །མཁན་པོས་སྨྲས་པ། ཁྱེད་གཉིས་ཇི་ལྟར་དགའ་བ་བཞིན་དུ་གྱིས་ཤིག་ཅེས་བྱས་ནས་དེས་རེ་ཞིག་ཁ་ཏོན་སློབ་ཏུ་བཅུག་གོ་དེ་གཉིས་ ཀྱི་ནང་ན་གཅིག་ནི། རྒོད་བག་ཅན་ཞིག་གོ་གཅིག་ནི། བརྟན་པོ་ཞིག་སྟེ། དེ་ནི། གང་གི་ཚེ་ཁ་ཏོན་བྱས་ཟིན་ནས་ཉལ་བར་བྱེད་དེ། དེའི་ཚེ་རྒོད་བག་ཅན་གཅིག་ཤོས་ཀྱིས་དེ་ཉལ་བའི་སྟེང་དུ་ཡང་ དང་ཡང་ལྗིད་ཀྱིས་འདེབས་པར་བྱས་ནས་དེས་དེ་ལ་བཙུན་པ། བདག་ལ་ཡང་དང་ཡང་དུ་གནོད་པ་མ་བྱེད་ཅིག་ཅེས་བྱས་ཀྱང་དེས་དེའི་དག་མ་ཉན་ཏོ། །དེ་ནས་དེ་ཁྲོས་ནས་དེ་ཉིད་སྣད་བར་བྱ་བའི་ ཕྱིར་དྲུང་དུ་སློབ་གཅིག་བསྒྲེངས་ཏེ་བཞག་གོ་དགེ་སློང་དེའང་དེ་ལ་གཙེ་བའི་ཕྱིར་ཡང་འོངས་ཏེ། དེའི་སྟེང་དུ་ལྗིད་ཀྱིས་ཕབ་ནས་དེའི་སོ་ཕག་དེའི་སྟེང་དུ་ཕབ་སྟེ་རྐེད་པ་ཆག་ནས་གཞི་དེ་ལས་ [31A]༄༅། །སྡུག་བསྔལ་ཆེན་པོ་སྐྱེས་སོ། །དེ་ནས་ནུ་བོ་དེས་ཀྱང་དེའི་ལུས་ཀྱི་སྡུག་བསྔལ་མཐོང་ནས་དེའང་སེམས་ཀྱི་སྡུག་བསྔལ་ཆེན་པོ་སྐྱེས་ཏེ། བདག་གིས་མི་དགོས་པ་འདི་ལྟ་བུ་ བྱས་པ་ཉིས་སོ་སྙམ་དུ་འགྱོད་པ་སྐྱེས་ནས་དེས་སྨན་པ་དང་ཡོ་བྱད་རྣམས་སྦྱར་ཏེ་ཕུ་བོའི་ནད་གཡོག་བྱས་ནས་དེས་རི་མོ་ཐོགས་པར་དེའི་རྒྱབ་སོས་པར་བྱས་སོ། །དེ་གང་གི་ཚེ་སོས་པར་ གྱུར་པ་དེའི་ཚེ་དེ་ཤས་ཆར་སྐྱོ་བ་སྐྱེས་ཏེ་ལུས་རུལ་པ། སྙིང་པོ་མེད་པ་འདི་ཅི་དགོས་སྙམ་ནས་དེས་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་ པ་ཉིད་མངོན་སུམ་དུ་བྱས་སོ། །ནུ་བོ་དེས་ཀྱང་དེས་བྱ་བ་བྱས་པར་རྟོགས་ནས་དེ་དེ་ལ་ཤིན་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་དེ་ལ་བཀུར་སྟི་དང་ལྡན་པས་གཡོག་བྱས་སོ། །དེ་བཞིན་ དུ་སངས་རྒྱས་དང། ཆོས་དང། དགེ་འདུན་ལའང་བཀུར་སྟི་བྱས་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་འཆི་གར་སྨོན་ལམ་བཏབ་པ། བདག་གིས་འདི་ལྟར་སངས་རྒྱས་དང། ཆོས་དང་ དགེ་འདུན་ལ་བཀུར་སྟི་བྱས་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱོད་ཀྱང་ཡོན་ཏན་གྱི་ཚོགས་ཅིའང་མ་ཐོབ་ཀྱི། ད་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་ [31B]མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་ དུ་བྱེད་པར་གྱུར་ཅིག་བདག་གིས་སེམས་ཅན་དག་པ་འདི་ལྟ་བུ་ལ་གནོད་པ་བྱས་པའི་ལས་དེའི་སྐལ་བ་ཅན་དུ་བདག་མ་གྱུར་ཅིག་ཅི་སྟེ་བདག་ལ་ལས་དེའི་འབྲས་བུ་རྣམ་པར་སྨིན་པར་གྱུར་ ནའང་བདག་གི་ལུས་དང་སེམས་ཀྱི་གནོད་པ་དེ་བཅོམ་ལྡན་འདས་ཀྱིས་སེལ་བར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བར་གྱུར་པ་གང་ཡིན་པ་དེ་ནི་དགེ་སློང་འདི་ཉིད་ཡིན་ཏེ། དེ་ཁྲོས་ནས་ཕུ་བོའི་རྐེད་པ་བཅག་པའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེར་ རྐེད་པ་ཆག་པར་གྱུར་ཏོ། །དེས་དེར་སྨོན་ལམ་བཏབ་སྟེ། ཅི་སྟེ་བདག་ལ་ལས་དེའི་འབྲས་བུ་རྣམ་པར་སྨིན་པར་གྱུར་ནའང་བདག་གི་ལུས་དང་སེམས་ཀྱི་གནོད་པ་དེ་བཅོམ་ལྡན་འདས་ཀྱིས་བསལ་ བར་གྱུར་ཅིག་ཅེས་བྱས་པ་དེས་ན། ད་ལྟར་ངས་འདི་གནོད་པ་གཉིས་ཀ་ལས་ཡོངས་སུ་བསྐྱབས་སོ། །དེས་དེར་སྨོན་ལམ་བཏབ་སྟེ་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་ སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་ [32A]༄༅། །བར་བྱེད་པར་གྱུར་ཅིག་མི་མཉས་པར་བྱེད་པར་མ་གྱུར་ཅིག་།ད་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི་ འདི་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་ བྱས་ལ༑ ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།།།།སྒུར་བུ་གཅིག་ནི། གླེང་གཞི་མཉན་དུ་ཡོད་པ་ན་ བཞུགས་ཏེ། དེའི་ཚེ་དགེ་སློང་མཚོན་མོ་དགའ་མོ་དེའི་ཚེ་དགེ་སློང་མའི་གཙུག་ལག་ཁང་རྒྱལ་པོའི་ཀུན་དགའ་ར་བ་ཞེས་བྱ་བ་ན་འདུག་པ་ལས་ཕྱི་ཞིག་ན་དེའི་བློ་སྐྱེས་པ། ཉན་ཐོས་ཆེན་ མོ་གནས་བརྟན་མ་གནས་བརྟན་མ་རྫུ་འཕྲུལ་ཐོབ་པ་དེ་དག་རྫུ་འཕྲུལ་གྱིས་འདི་ནས་ཤར་གྱི་ལུས་འཕགས་ཀྱི་གླིང་དུའང་སོང་བྱང་གི་སྒྲ་མི་སྙན་དང། ནུབ་ཀྱི་བ་ལང་སྤྱོད་དང། སུམ་ ཅུ་རྩ་གསུམ་པའི་ལྷ་ཡུལ་དང། གཞན་ཡང་ལྗོངས་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་སྐྱེ་བོ་དང་མི་མང་པོས་གང་བའི་ལྗོངས་དེ་དང་དེ་དག་ཏུ་སོང་ནས་ཁ་ཟས་གཅིང་ [32B] བདག་གིས་ཀྱང་རྫུ་འཕྲུལ་ཞིག་ཐོབ་ན་ནི། བདག་ཀྱང་ཤར་གྱི་ལུས་འཕགས་ཀྱི་གླིང་དུའང་སོང། བྱང་གི་སྒྲ་མི་སྙན་དང། ནུབ་ཀྱི་བ་ལང་སྤྱོད་དང་ སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་དང། གཞན་ཡང་ལྗོངས་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་སྐྱེ་བ་དང་མི་མང་པོས་གང་བའི་ལྗོངས་དེ་དང་དེ་དག་ཏུ་སོང་ལ། ཁ་ཟས་གཙང་མ་བཟང་ པོ་མང་པོ་བླངས་ཏེ་བཟའ་བ་ཞིག་ན། མ་ལ་བདག་གིས་ཀྱང་རྫུ་འཕྲུལ་བསྐྱེད་པར་བྱའོ་སྙམ་མོ། །དེས་ཡང་བསམ་པ། བདག་ལ་རྫུ་འཕྲུལ་གྱི་མན་ངག་སྟོན་ནུས་པ་སུ་ཞིག་ཡོད། གལ་ཏེ་བདག་དགེ་ སློང་མ་རྣམས་ཀྱི་ཐད་དུ་སོང་ན་ནི། འདི་ན་དགེ་སློང་མ་རྣམས་ཕྲག་དོག་ཅན་ཡིན་པས་བདག་ལ་རྫུ་འཕྲུལ་གྱི་ལམ་མི་སྟོན་ཏོ་།དགེ་སློང་རྣམས་ཀྱང་སྙན་སླེབ་པར་དཀའ་སྟེ། བདག་ཅག་གཙུག་ལག་ ཁང་ན་གནས་པ་རྣམས་ལ་གཏམ་ཟེར་དུའང་མི་བཏུབ་ན། རྫུ་འཕྲུལ་གྱི་ལམ་གྱི་མན་ངག་སྟོན་པ་ལྟ་ཅི་སྨོས་ཀྱི། མལ་བདག་དྲུག་སྡེ་རྣམས་ཀྱི་ཐད་དུ་སོང་ན་ནི། དེ་དག་བདག་གི་གཉེན་ཡིན་པས་ རྟག་ཏུ་བདག་གི་དོན་དུ་འགྱུར་བར་འདོད་པ་དང་ཕན་པར་འདོད་པ་ཡིན་ལ། དེ་དག་གིས་ནི། བདག་ལ་རྫུ་འཕྲུལ་གྱི་ལམ་གྱི་མན་ངག་སྟོན་ཀྱང་ནུས་ན་བདག་གིས་ཇི་ལྟར་བྱ། ཐོག་མ་ཁོ་ནར་ བདག་གིས་དེ་དག་ལ་ཟང་ཟིང་གིས་གཅམས་ལ་ཕྱིས་བདག་གིས་འདི་དག་ལ་དོན་དེའི་གསོལ་བ་གདབ་བོ་སྙམ་བསམ་ནས་དེས་དེ་དག་སྤྱན་དྲངས་ཏེ་རང་གི་ལག་ནས་བཟའ་བ་དང་བཅའ་ [33A]༄༅། །བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས་རྐང་པ་ལ་ཕྱག་བཙལ་ཏེ་སྨྲས་པ། འཕགས་པ་དག། མཁྱེན་པར་མཛད་དུ་གསོལ། བདག་ནི། རྫུ་འཕྲུལ་སྒྲུབ་པར་འཚལ་ ལ༑ ཁྱེད་ཀྱང་བདག་ལ་རྫུ་འཕྲུལ་གྱི་ལམ་སྟོན་པར་སྤྱོད་ཀྱི་བདག་ལ་རྫུ་འཕྲུལ་གྱི་ལམ་གྱི་མན་ངག་བསྟན་དུ་གསོལ། ཁྱེད་ཀྱི་མཐུས་བདག་གིས་རྫུ་འཕྲུལ་བསྐྱེད་པར་འཚལ་ལོ། །དྲུག་ སྡེ་རྣམས་ཀྱིས་དེ་ལ་སྨྲས་པ། ཚོན་མོ་དགའ་མོ། །རིག་པ་སུ་ལའང་སྦྱིན་མི་བྱ། །རིག་དང་མཉམ་དུ་འཆི་བར་བྱ། །ཡང་ན་རིག་པས་རིག་པ་བརྗེ། །ཡང་ན་སྲི་ཞུ་ནོར་ཕྱིར་སྦྱིན། །ཞེས་བྱ་བ་ ཁྱེད་ཀྱིས་མ་ཐོས་སམ། དེ་ལྟ་མོད་ཀྱི། འོན་ཀྱང་ཁྱེད་ངེད་ལས་རྫུ་འཕྲུལ་སྒྲུབ་པར་འདོད་ན། སྔར་ཇེ་ཁོ་བོ་ཅག་ཟླ་བ་གསུམ་གྱི་བར་དུ་སྤྱན་དྲོངས་ལ། རེ་རེ་ལའང་ཡོ་བྱད་རྣམ་པ་དྲུག་དྲུག་ ཕུལ་ཅིག་ཅེས་བྱས་སོ། །དེ་ནས་དེས་རྐང་པ་ལ་ཕྱག་བཙལ་ཏེ་སྨྲས་པ། བདག་ལ་རྫུ་འཕྲུལ་གྱི་ལམ་གྱི་མན་ངག་སྟོན་ཅིག་དང་དེ་བཞིན་དུ་བགྱིའོ། །དྲུག་སྡེ་པ་རྣམས་ཀྱིས་སྨྲས་པ། ཆེ་ ཞེ༑ ཁྱོད་ཀྱིས་ཐོག་མ་རྗེ་ལུས་ཟོན་ཡང་བར་གྱིས་དང། ཕྱིས་གོམས་པའི་ཤུགས་ཀྱིས་རྫུ་འཕྲུལ་དཀའ་བ་མེད་དོ། །དེས་སྨྲས་པ་བདག་གིས་ཐབས་ཅི་ཞིག་གིས་ལུས་ཟོན་ཡང་བར་ བགྱི༑ དེ་དག་གིས་སྨྲས་པ། རེ་ཞིག་ཁ་ཟས་ཉུང་དུ་བོ་ཞིག། དེ་ནས་དང་པོའི་ཉིན་པར་ནི། ཁྲིའུ་གཅིག་གི་སྟེང་དུ་འཛེགས་ལ་མཆོངས་ཤིག་དེ་བཞིན་དུ་ཕྱི་ཉིན་པར་ཁྲིའུ་ཉིས་བརྩེགས་ [33B]དེ་བཞིན་དུ་ཉི་མ་གསུམ་ནས་ཉི་མ་བདུན་གྱི་བར་དུ་ཁྲིའུ་བདུན་གཅིག་གི་སྟེང་དུ་གཅིག་བརྩེགས་ལ་དེའི་སྟེང་དུ་འཛེགས་ཏེ་དེ་ལས་ མཆོངས་ཤིག་དེ་བཞིན་དུ་ཁང་ཐོག་ནས་ཀྱང་མཆོངས་ཤིག་དང་དེའི་ཚེ་གོམས་པའི་ཤུགས་ཀྱིས་ལུས་ཟོན་ཡང་བར་འགྱུར་རོ། །དེའི་འོག་ཏུ་གོམས་པའི་ཤུགས་ཀྱིས་རྫུ་འཕྲུལ་འགྲུབ་པར་འགྱུར་ རོ༑ ༑དེ་ནས་དེ་ཐོས་མ་ཐག་ཏུ་ཚོན་མོ་དགའ་མོས་ཇི་ལྟར་དེ་དག་གིས་མན་ངག་བསྟན་པ་དེ་བཞི་ནྡུ་བྱས་ནས་ཞག་བདུན་པའི་ཉིན་པར་དེས་ཁྲིའུ་བདུན་བརྩེགས་ལས་མཆོངས་ནས་རྐེད་པ་ཆག་གོ་ དེ་ནས་དེས་དྲུག་སྡེ་རྣམས་ལ་བསྙད་དེ། འཕགས་པ་དག། བདག་འདི་ཁོ་ན་ལྟར་གྱུར་གྱིས་མ་མཆིས་ན། དེ་བདག་གིས་ཇི་ལྟར་བགྱི་ཞེས་བྱས་སོ། །དྲུག་སྡེ་རྣམས་ཀྱིས་དེ་ལ་སྨྲས་པ། བདག་ ཅག་གིས་ཅི་ཤེས་པའི་མན་ངག་ནི། ཁྱོད་ལ་བསྟན་ཟིན་ཏེ། ཐབས་འདིས་ན་ཁྱོད་ཀྱི་ལུས་ཟོན་ཡང་བར་གྱུར་ལ། ཕྱིས་རྫུ་འཕྲུལ་ཡང་དཀའ་བ་མེད་དོ། །དེ་ཕན་ཆད་ཇི་ལྟར་བྱ་བ་ནི། ཁྱོད་ཉིད་ཤེས་ པར་ཟད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚོན་མོ་དགའ་བོ་ཁྲོ་བས་ཀུན་ནས་དཀྲིས་པ་ཆེན་པོ་སྐྱེས་ནས་དེས་གཙུག་ལག་ཁང་དུ་འོངས་པ་དེ་དག་ཚར་བཅད་དེ་ཞེ་གཅོད་པའི་ཚིག་གིས་དམུས་ཕྱུང་ ནས་གཙུག་ལག་ཁང་ནས་བསྐྲད་དོ། །སྐྱེ་བོ་ཕལ་པོ་ཆེ་ལ་ཡང་དོན་དེ་བསྙད་ནས་ཁ་བྱས་ཏེ་སྨོད་ཅིང་འབྱས་སོ། །དེ་ནས་སྐབས་དེ་དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་ [34A]༄༅། །ཏེ་འདི་སྐད་ཅེས་སྨྲས་སོ། །བཙུན་པ། དགེ་སློང་མཚོན་མོ་དགའ་མོ་རྫུ་འཕྲུལ་གྱི་སླད་དུ་དམས་ཤིང་ཉམས་པར་གྱུར་ལ། དེས་དགུང་ཟླ་གསུམ་གྱི་བར་དུ་གཡར་དྲངས་པ་ དང། ལྷུང་བཟེད་དང་ཆོས་གོས་མང་པོས་བགོད་ལ། དེས་རྫུ་འཕྲུལ་ཡང་མ་ཐོབ་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཚོན་མོ་དགའ་མོ་ནི། དྲུག་སྡེ་རྣམས་ ཀྱིས་ད་ལྟར་འབའ་ཞིག་བྲིད་པར་མ་ཟད་དེ། ཇི་ལྟར་འདས་པའི་དུས་ནའང་འདི་དག་ཉིད་ཀྱིས་བྲིད་དེ། དོན་དེའང་མ་གྲུབ་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་པས་བྱིན་རྒྱལ་པོ་བྱེད་དེ། རྒྱལ་པོ་དེའི་ཕོ་བྲང་ན་ཁང་བཟང་ཞིག་གསར་དུ་བྱེད་པ་དེར་ཤིང་མཁན་མང་པོ་ཞིག་ལས་བྱེད་དེ། དེ་དག་གིས་སྡོང་པོ་ ཡོན་པོ་གང་ཡིན་པ་དེ་དག་ཐིག་གིས་བཏབ་ནས་དྲང་པོར་སྲོང་བར་བྱེད་པ་དང། རྒྱལ་པོ་དེའི་བཀོད་པ་བུད་མེད་སྒུར་མོ་ཞིག་འདུག་པ་དེས་ཤིང་མཁན་དེ་དག་གིས་སྡོང་པོ་ཡོན་པོ་རྣམས་ ཐིག་གིས་བཏབ་ནས་དྲང་པོར་སྲོང་བར་བྱེད་པ་མཐོང་ངོ། །མཐོང་ནས་ཀྱང་དེའི་བློ་སྐྱེས་པ། ཤིང་མཁན་འདི་དག་ནི། མཁས་ཏེ་འདི་ལྟར་སྡོང་པོ་མཁྲང་ལ་རེག་ན་རྩུབ་པ་དག་ཀྱང་དྲང་ པོར་སྲོང་ནུས་ན། བདག་གི་རྒྱབ་འཇམ་ཞིང་མཉེན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཅི་སྟེ་སྲོང་མི་ནུས་སྙམ་བསམ་ནས། དེ་དག་གི་ཐད་དུ་སོང་སྟེ་སྨྲས་པ། ཀྱེ་ཁྱེད་རྣམས་ཀྱིས་བདག་གི་རྒྱབ་ [34B] དེ་དག་གིས་སྨྲས་པ། ངེད་ཀྱིས་ནུས་ནི། ནུས་མོད་ཀྱི། འོན་ཀྱང་སྔར་ཇེ་ཁོ་བོ་ཅག་ལ་རྔན་པ་བྱིན་ཏེ་ཟླ་བ་གསུམ་གྱི་བར་དུ་གཡར་དྲོངས་ལ་གོས་དང་རྒྱན་མང་པོ་དག་ ཀྱང་བྱིན་ཅིག་དང། དེའི་འོག་ཏུ་ཁོ་བོ་ཅག་གིས་ཁྱོད་ཀྱི་རྒྱབ་དྲང་པོར་བསྲང་ངོ། །དེས་སྨྲས་པ། ཁྱེད་ཇི་ལྟར་དགའ་བ་བཞིན་བྱའོ། །ཞེས་བྱས་ནས་དེ་དག་ཟླ་བ་གསུམ་གྱི་བར་དུ་བཟའ་བ་དང་བཅའ་བ་ གཙང་མ་བཟང་པོ་མང་པོས་བཀུར་ནས་ཐ་མའི་ཉིན་པར་གོས་དང་རྒྱན་དག་ཀྱང་བྱིན་ཏེ་སྨྲས་པ། བདག་གིས་ཁྱེད་ལ་རྔན་པ་སྩལ་ལགས་ཀྱི། ང་ནི། ཁྱེད་ཀྱིས་བདག་གི་རྒྱབ་སྒུར་བ་དྲང་པོར་སྲོང་ཞིག་ དེ་དག་གིས་སྨྲས་པ། ཆེ་ཞེ། བདག་ཅག་གིས་ནི། སྡོང་པོ་ཡོན་པོ་རྣམས་ཐིག་གིས་བཏབ་ནས་སྟ་རེས་གཞོགས་ཏེ་དྲང་པོར་སྲོང་ན། གལ་ཏེ་ཁྱོད་ཀྱིས་གནོད་པ་དེ་ལྟ་བུ་བཟོད་ནུས་ན་ནི། བདག་ཅག་ གིས་ཁྱོད་ཀྱི་རྒྱབ་ཐིག་གིས་བཏབ་སྟེ་སྟ་རེས་གཞོགས་ལ་དྲང་པོར་བསྲང་ངོ། །དེས་སྨྲས་པ། ཐབས་དེས་ནི། བདག་འཆི་བར་འགྱུར་ཏེ་བདག་འཚོ་བའི་སྐབས་ཀྱང་མེད་དོ། །ཤིང་མཁན་རྣམས་ ཀྱིས་སྨྲས་པ། ཁོ་བོ་ཅག་གིས་ཤེས་པ་ནི། དེ་ཁོ་ནར་ཟད་དེ། དེ་ཕན་ཆད་ཇི་ལྟར་བྱ་བ་ནི། ཁྱོད་ཉིད་ཤེས་སུ་ཟད་དོ། །དེ་ནས་དེ་སྐྱེངས་ཏེ་རེ་ཐག་ཆད་ནས་ཁ་རོག་བར་འདུག་སྟེ། སུ་ལའང་ཅུང་ཟད་ཀྱང་ སྨྲ་བ་མ་ཕོད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་རྒན་མོར་གྱུར་པ་གནག་ཡིན་པ་དེ་ནི། ཚོན་མོ་དགའ་མོ་འདི་ཉིད་ཡིན་ནོ། །དེའི་ཚེ་ཤིང་མཁན་དུ་གྱུར་པ་དེ་དག་ནི། དྲུག་སྡེ་འདི་དག་ [35A]༄༅། །ཉིད་ཡིན་ཏེ། དེའི་ཚེའང་འདི་དེ་དག་གིས་བྲིད་ནས་དོན་དེ་མ་གྲུབ་བོ། །ད་ལྟར་ཡང་འདི་དེ་དག་གིས་བྲིད་ནས་འདི་རྫུ་འཕྲུལ་ཡང་མ་གྲུབ་པ་ཡིན་ནོ།། །།འཆར་ཀ་ཞེས་ བྱ་བ་ནི༑ གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེར་གང་གི་ཚེ་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཇས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་པ་དེའི་ཚེ་ དེས་བསམ་པ། བཅོམ་ལྡན་འདས་ཀྱིས་བདག་གི་སྡུག་བསྔལ་དང་ཡིད་མི་བདེ་བ་རྣམ་པ་དུ་མ་ནི། བསལ། བདེ་བ་དང་ཡིད་བདེ་བ་རྣམ་པ་དུ་མ་ནི། བསྒྲུབས། སྡིག་པ་མི་དགེ་བའི་ཆོས་ རྣམ་པ་དུ་མ་ནི། བསལ། དགེ་བའི་ཆོས་རྣམ་པ་དུ་མ་ནི། བསྒྲུབས་ན། བདག་གིས་བཅོམ་ལྡན་འདས་ཀྱིས་བཀའ་དྲིན་ཇི་ལྟར་བསབ་པར་བྱ་སྙམ་མོ། །དེ་ནས་དེས་བསམ་པ། སངས་རྒྱས་འཇིག་ རྟེན་དུ་འབྱུང་བ་གང་ཡང་རུང་བ་དེ་དག་ཐམས་ཅད་ནི། སེམས་ཅན་ལ་ཕན་པའི་ཕྱིར་འབྱུང་བར་ཟད་ཀྱི། མ་ལ་བདག་གིས་ཀྱང་སེམས་ཅན་ལ་ཕན་པར་བྱ་གོར་མ་ཆག་སྙམ་ནས་དེས་ བསམ་པ། བདག་གིས་གདུལ་བར་བྱ་བ་འགའ་ལྟ་ཡོད་དམ་སྙམ་པ་དང་དེས་ཀཽ་ཤཱཾ་བཧི་ན་གནས་པའི་སྐྱེ་བོ་ཕལ་ཆེར་བདག་གིས་གདུལ་བར་འགྱུར་བར་མཐོང་ནས་ཇི་སྲིད་དགའ་བའི་བར་ དུ་རྒྱལ་པོའི་ཁབ་ཏུ་གནས་ནས་དེས་ཤ་མ་ཐབས་དང། ཆོས་གོས་བགོས་ཏེ་ལྷུང་བཟོད་ཐོགས་ནས་ཡུལ་ཀཽ་ཤཱཾ་བཧི་ག་ལ་བ་དེར་རྒྱུ་ཞིང་སོང་སྟེ། དེ་མཐར་གྱིས་རྒྱུ་ཞིང་སོང་བ་ལས་ཡུལ་ [35B]ལས་རིག་གི་ཀུན་དགའ་ར་བ་ན་གནས་སོ། །ཚེ་དང་ལྡན་པ་དེའང་བསོད་ནམས་ཆེན་པོ་དང་ལྡན་པ། མདུན་ན་འདོན་གྱི་བུ་ལས་རབ་ཏུ་བྱུང་བ་ཡིན་ ནོ༑ ༑ཞེས་གྲགས་སོ། །དེ་ནས་ཀཽ་ཤཱཾ་བཧི་ན་གནས་པའི་སྐྱེ་བོ་མང་པོས་འཕགས་པ་པིཎྜོ་ལ་བཧྭ་ར་དཧྭ་ཇ་ལྗོངས་རྒྱུ་ཞིང་ཡུལ་ཀཽ་ཤཱཾ་བཧིར་འངས་ཏེ། ཀཽ་ཤཱཾ་བཧི་ན་ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ ར་བ་ན་འདུག་གོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚོགས་ནས་ཚོགས་དང། སྡེ་ཚན་ནས་སྡེ་ཚན་དུ་འདུས་ཤིང་ཚོགས་ཏེ་ཀཽ་ཤཱཾ་བཧི་ནས་བྱུང་ནས་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཛ་ག་ལ་བ་དེར་སོང་སྟེ་ ལྷགས་ནས་ཚེ་དང་ལྡན་པ་པིཎྜི་[?]ལ་བྷ་ར་དཧྭ་ཛའི་རྐང་པ་ལ་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཛས་དེ་དག་གི་བསམ་པ་དང། བག་ལ་ ཉལ་དང། ཁམས་དང། རང་བཞིན་རྟོགས་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། ཀཽ་ཤཱཾ་བཧི་ན་གནས་པའི་སྐྱེ་བོའི་ཚོགས་འདུས་པ་རྣམས་ཀྱིས་སྟན་དེ་ཉིད་ལ་འཁོད་བཞིན་དུ་ཁ་ཅིག་གིས་ནི། དྲོ་ བར་གྱུར་པ་བསྐྱེད་དོ། ཁ་ཅིག་གིས་ནི། སྤྱི་བོ་དང། བདེན་པ་དང་མཐུན་པའི་བཟོད་པ་དང། འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང་མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། ཁ་ཅིག་གིས་ནི། རྒྱུན་ དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། ། [36A]༄༅། །ཁ་ཅིག་གིས་ནི། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། ཁ་ཅིག་གིས་ནི་ སྟོབས་ཀྱི་འཁོར་ལོས་བསྒྱུར་བར་འགྱུར་བ་དང། ཁ་ཅིག་གིས་ནི་བརྒྱ་བྱིན་དུ་འགྱུར་བ་དང། ཁ་ཅིག་གིས་ནི། ཚངས་པར་འགྱུར་བ་དང། ཁ་ཅིག་གིས་ནི། ཉན་ཐོས་ཀྱི་བྱང་ཆུབ་དང། ཁ་ཅིག་ གིས་ནི༑ རང་སངས་རྒྱས་ཀྱི་བྱང་ཆུབ་དང། ཁ་ཅིག་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི། སངས་རྒྱས་ལ་ གཞོལ༑ ཆོས་ལ་འབབ། དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་དོ། །དེ་དག་གིས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ ཛ་ག་ལ་བ་དེ་ལགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཛ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ལ་བརྟེན་ཏེ་བདག་ཅག་སེམས་ཅན་དམྱལ་བ་དང། དུད་འགྲོ་དང་ ཡི་དྭགས་རྣམས་ལས་བཏོན་ནས་ལྷ་དང་མི་རྣམས་ཀྱི་ནང་དུ་གོམ་པ་འདོར་དུ་བཅུག་སྟེ་ཁྲག་དང་མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་ལ་ནི། བསྒྲལ། ཐོག་མ་མེད་པ་ནས་གོམས་ པའི་ཉོན་མོངས་པ་དེ་དག་ནི། བོར་ཏེ་བསལ་ཏོ། །འཕགས་པ། བདག་ཅག་ཇི་སྲིད་འཚོའི་བར་དུ་བདག་ཅག་ལས་ཞལ་ཟས་དང་ན་བཟའ་དང་གཟིམས་ཆ་དང་གདན་དང་སྙུན་གསོས་ [36B] །ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཛས་སྨྲས་པ། གྲོགས་པོ་དག་།གཞན་དག་ལའང་ཕན་གདགས་དགོས་ཀྱི། ཐོང་ཞིག། དེ་ནས་ཀཽ་ཤཱཾ་ བཧི་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་ཚེ་དང་ལྡན་པ་བིཎྜོ་ལ་བྷ་ར་དཧྭ་ཛས་སྨྲས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རང་ནས་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཛའི་རྐང་པ་ལ་མགོ་བོས་ཕྱག་ བཙལ་ཏེ་དོང་ངོ། །དེ་ནས་བདེན་པ་མཐོང་བ་དེ་དག་དུས་དུས་སུ་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཛའི་ཐད་དུ་འདོང་ཞིང་ཆོས་ཉན་ཏོ། །དེ་ནས་ཕྱི་ཞིག་ན་ཀཽ་ཥཱཾ་བཧི་ན་གནས་པའི་ཚོགས་ནས་ཚོགས་ དང། འདུས་པ་ནས་འདུས་པའི་སྐྱེ་བོའི་ཚོགས་རྣམས་འདུས་ཤིང་ཚོགས་ཏེ་འདང་བར་བྱེད་ལ། བད་སའི་རྒྱལ་པོ་འཆར་ཀའང་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་རི་དྭགས་ བཤོར་དུ་དོང་བ་དང། བད་སའི་རྒྱལ་པོ་འཆར་ཀས་ཀཽ་ཤཱཾ་བཧི་ན་གནས་པའི་སྐྱེ་བོའི་ཚོགས་རྣམས་ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བར་འདོང་བ་མཐོང་ངོ། །མཐོང་ནས་ཀྱང་ བློན་པོ་རྣམས་ལ་དྲིས་པ། ཡུལ་མི་འདི་དག་གར་འདོང། བློན་པོ་རྣམས་ཀྱིས་གསོལ་པ། ལྷ། མདུན་ན་འདོན་གྱི་བུ་པིཎྜོ་ལ་བྷ་ར་དཧྭ་ཛ་ཞེས་བགྱི་བ་ཞིག་མཆིས་པ་དེས་ཁྱིམ་དང་ཅོད་པན་མ་ མཆིས་པའི་རྒྱལ་སྲིད་བོར་ནས་རབ་ཏུ་བྱུང་སྟེ། དེ་ལྗོངས་རྒྱུ་ཞིང་མཆིས་པ་ལས་ཀཽ་ཤཱམྦྷི་ར་མཆིས་ནས་ཀཽ་ཤཱམྦྷི་ན་ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བ་ན་གནས་ཏེ། འདི་དག་ [37A]༄༅། །ནི༑ དེ་ལ་བལྟ་བའི་སླད་དུ་མཆིས་པ་ལགས་སོ། །དེ་ནས་ཐོས་མ་ཐག་ཏུ་རྒྱལ་པོས་སྨྲས་པ། དེ་ནི། ངའི་ཡང་ཡུན་རིང་པོ་ནས་སྙིང་དུ་སྡུག་པ་དང། ཡིད་དུ་འོང་བ་དང། མཁན་ པོ་དང། དྲན་པར་བྱ་བ་ཡིན་གྱི། ངའང་དེ་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་ཞེས་བྱས་ནས་ཁྱིམ་བདག་གདངས་ནས་རིག་གི་ཀུན་དགའ་ར་བ་ག་ལ་བ་དེར་སོང་བ་དང། གནས་ བརྟན་དེས་རྒྱལ་པོ་བྶུའང་མ་བསུས། ལངས་ཀྱང་མ་ལངས་སོ། །དེ་ནས་མཐོང་མ་ཐག་ཏུ་རྒྱལ་པོ་ཁྲོ་བའི་ཀུན་ནས་དཀྲིས་པ་ཆེན་པོས་ནོན་ཏེ། ཁྲོས་ནས་གནས་བརྟན་ལ་བསྙེན་བཀུར་ བྱས་ཏེ་སོང་ངོ། །དེ་ནས་དེས་བློན་པོ་རྣམས་ལ་སྨྲས་པ། ཁྱེད་ཀྱིས་ངའི་ཡུལ་ན་འདུག་པའི་མདུན་ན་འདོན་གྱི་བུ་རབ་ཏུ་བྱུང་བ་པིཎྜོ་ལ་བྷ་ར་དྷ་ཛ་འདི་ལ་ལྟོས་དང། ཁོས་ང་མཐོང་ན་བྶུའང་ མ་བསུས། ལངས་ཀྱང་མ་ལངས་སོ། །ཞེས་བྱས་སོ། །དེ་ནས་བློན་པོ་སྡང་པ་རྣམས་ཀྱིས་སྨྲས་པ། ལྷ། འདི་ལྟར་མཐོང་བ་བཞིན་དུ་མ་བཟུས་པ་དང། མ་ལངས་པ་འདི་ནི། དེས་འཚམ་པར་ བགྱིས་པ་མ་ལགས་སོ། །ཞེས་བྱས་ནས་དེ་དག་གིས་རྒྱལ་པོ་དེ་ལྷག་པར་སྙིང་ན་བར་བྱས་ཏེ། གཞི་དེས་རྒྱལ་པོ་དེ་ལྷག་པར་ཡང་མི་དགའ་བར་གྱུར་ནས་དེ་ཁྲོས་ཏེ་དཔུང་གི་ཚོགས་དེ་ དག་དང་རི་དྭགས་བཤོར་དུ་སོང་ནས་ཕྱིར་ལོག་སྟེ་གཙུག་ལག་ཁང་དེ་ཉིད་ཀྱི་འདབས་སུ་སོང་ནས་བསམ་པ། ང་དགེ་སློང་དེ་ལ་བལྟ་བའི་ཕྱིར་ཡང་སོང་ལ། གལ་ཏེ་དེས་ང་མཐོང་ན་བསུ་ [37B] ལྡང་ཡང་མི་ལྡང་བར་གྱུར་ན་ནི། དེ་མགོ་བོ་བཅད་དེ་བོར་རོ་སྙམ་དུ་བསམ་ནས་དེ་ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བར་ཡང་སོང་ངོ། །དེ་ནས་ཚེ་དང་ལྡན་པ་པིཎྜོ་ལ་ བྷ་ར་དཧྲ་ཛས་བད་སའི་རྒྱལ་པོ་འཆར་ཀ་བདག་ལ་བལྟ་བའི་ཕྱིར་ཡང་འོངས་སོ། །ཞེས་ཐོས་སོ། །དེ་ནས་ཐོས་མ་ཐག་ཏུ་རྒྱལ་པོ་དེ་ཅིའི་ཕྱིར་ཡང་བདག་ལ་བལྟར་འོང་སྙམ་དུ་བསམ་པ་དང་དེས་གལ་ ཏེ་དགེ་སློང་འདི་བདག་བསུ་བར་ཡང་མི་བྱེད། ལྡང་བར་ཡང་མི་བྱེད་པར་གྱུར་ན། འདིའི་མགོ་འུད་པོར་བཅད་དེ་ས་ལ་དོར་རོ་སྙམ་དུ་སྡང་བའི་སེམས་ཀྱིས་འོངས་པར་དེས་མཐོང་སྟེ། དེས་རྒྱལ་ པོ་དེའི་བསམ་པ་སེམས་ཀྱིས་ཤེས་ནས་ཏིང་ངེ་འཛིན་དེ་ལས་ལངས་ཏེ་གོམ་པ་དྲུག་པོར་ནས་བསུ་བ་དང། བསུ་བའི་མོད་ལ་རྒྱལ་པོ་དེའི་ལུས་ལས་འོད་འབྱུང་བ་དེ་མེད་པར་གྱུར་ཏེ་ས་ཡང་ གས་སོ༑ ༑དེ་ནས་དེ་མཐོང་མ་ཐག་ཏུ་རྒྱལ་པོ་སྐ་གནས་དགེ་སློང་འདི་ནི། རྫུ་འཕྲུལ་ཆེ་བ་དང། མཐུ་ཆེ་བ་ཞིག་སྟེ། བདག་འདི་ལ་སྡང་བའི་སེམས་ཀྱིས་སོང་བ་ལས་འདིའི་མཐུས་བདག་གི་འོད་ མེད་པར་གྱུར་ལ་སའང་གས་པར་གྱུར་ཏོ་སྙམ་དུ་རིག་ནས་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཛ་ག་ལ་བ་དེར་སོང་སྟེ་རྐང་པ་ལ་ཕྱག་བཙལ་ནས་སྨྲས་པ། འཕགས་པ། བདག་བྱིས་པ། རྨོངས་པ་མི་ གསལ་བ། མི་མཁས་པའི་ནོངས་པ་བཟོད་པར་གསོལ། གནས་བརྟན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ། ངས་ནི། བཟོད་མོད་ཀྱི། རང་གི་སེམས་ལ་བཟོད་པ་གསོལ་ཅིག་ཅེས་བྱས་སོ། །རྒྱལ་ [38A]༄༅། །པོས་སྨྲས་པ། བཙུན་པ། བདག་རྒྱལ་སྲིད་ལས་ཉམས་པའམ་སྲོག་གི་བར་ཆད་དུ་མི་འགྱུར་ལགས་གྲང། གནས་བརྟན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ། མ་སྐྲག་ཅིག། ཁྱོད་རྒྱལ་ སྲིད་ལས་ཀྱང་ཉམས་པར་མི་འགྱུར་ལ་སྲོག་གི་བར་ཆད་དུའང་མི་འགྱུར་རོ། །རྒྱལ་པོ་ཆེན་པོ། དེ་ལྟ་མོད་ཀྱི། བདག་གིས་ཁྱོད་ལ་གོམ་པ་དྲུག་བསུ་བ་དེས་ན་ཁྱོད་ཟླ་བ་དྲུག་གི་བར་དུ་རྒྱལ་ སྲིད་སྟོར་བར་འགྱུར་ཏེ། ཟླ་བ་དྲུག་ལོན་ནས་ཕྱིར་ཡང་རྒྱལ་སྲིད་ཐོབ་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། གཞན་ཡང་བདག་ལ་སེམས་དགའ་བར་གྱིས་ཤིག་དང། སེམས་དགའ་བར་བྱས་ མ་ཐག་པ་དེས་ན་ཁྱོད་སའི་འོག་ཏུ་ནུབ་པར་མི་འགྱུར་ལ། ཁྱོད་ཀྱི་འོད་ཀྱི་དཀྱིལ་འཁོར་ཡང་སླར་འབྱུང་བར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོས་གནས་བརྟན་ལ་སེམས་དགའ་ བ་བསྐྱེད་དེ། སེམས་དགའ་བ་བསྐྱེད་པའི་མོད་ལ་དེའི་འོད་ཀྱི་དཀྱིལ་འཁོར་ཡང་སླར་བྱུང། ས་གས་པ་ཡང་སླར་འབྱོར་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེ་གནས་བརྟན་ལ་ལྷག་པར་ཡང་ དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་གནས་བརྟན་གྱི་རྐང་པ་ལ་མགོ་བོས་ཕྱག་བཙལ་ཏེ་གནས་བརྟན་གྱི་ཐད་ནས་སོང་ངོ། །དེ་ནས་ཕྱི་ཞིག་ན་བད་སའི་རྒྱལ་པོ་འཆར་ཀས་ཡང་ དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་རི་དྭགས་བཤོར་དུ་སོང་བ་དང། དེ་རི་དྭགས་ཀྱི་མིག་བླངས་ཏེ་སོང་ནས་དཔུང་གི་ཚོགས་ཀྱང་ལོགས་ཤིག་ཏུ་སོང། རྒྱལ་པོའང་ལོགས་ [38B] དེ་དཔུང་གི་ཚོགས་དང་བྲལ་ནས་འབྲོག་འཆོལ་ཏེ་བ་ལང་གི་ལྷས་ཤིག་ཏུ་སོང་ནས་དེ་དེར་སུས་ཀྱང་ངོ་མ་ཤེས་ལ། དེས་ཀྱང་སུའང་ངོ་མི་ཤེས་ཏེ། དེ་མྱོས་ནས་དེ་ཟླ་བ་དྲུག་གི་བར་ དུ་བ་ལང་གི་ལྷས་དེ་ཉིད་ན་འདུག་གོ། དེ་ནས་དེ་བུ་དང་བློན་པོ་དང་ཞམ་རིང་འཁོར་རྣམས་ཀྱིས་ཀྱང་བཙལ་བ་ལས་མ་རྙེད་ནས་སླར་རྒྱལ་པོའི་ཕོ་བྲང་དུ་འོང་སྟེ་བདག་ཅག་གིས་མ་རྙེད་ན་ཇི་ལྟར་ བྱ་གར་སོང་ཞིག་གུ་སྙམ་ནས་ཁ་རོག་སྟེ་འཁོད་དོ། །དེ་ནས་ཟླ་བ་དྲུག་ལོན་པ་དང་རྒྱལ་པོ་དེ་གཞན་གྱིས་མཐོང་ནས་ངོ་ཤེས་ཏེ་ལྷ། ཁྱོད་ག་ལས་གཤེགས་ཏེ་འདིར་བྱོན་ཅེས་དྲིས་སོ། །རྒྱལ་པོ་ དེའང་སེམས་བརྟས་ནས་དེས་བ་ལང་རྫི་དེ་ལ་ཇི་ལྟར་གྱུར་པ་ཐམས་ཅད་བསྙད་དོ། །བ་ལང་རྫིས་སྨྲས་པ། ལྷ། ཐུགས་སྟོན་ལ་སྤྲོ་བ་ཆེན་པོ་བསྐྱེད་དུ་གསོལ། བདག་གིས་ཁྱོད་ཉིད་ཀྱི་ཕོ་བྲང་དུ་ བསྐྱལ་ལོ། །ཞེས་སྨྲས་ནས་བ་ལང་རྫི་དེས་རྒྱལ་པོ་དེ་ཁྲིད་དེ་ཀཽ་ཤཱམྦྷི་ལོགས་སུ་ཆས་སོ། །བློན་པོ་རིགས་པའི་མུན་འཛིན་གྱི་བུ་ཞེས་བྱ་བས་ཀྱང་ཟླ་བ་དྲུག་ལོན་པ་དང་ཡིད་ལ་དྲན་ཏེ་རྒྱལ་པོ་དེ་གར་ གཤེགས་ཤིག་གུ་བདག་ཅག་གིས་བཙལ་དགོས་སོ། །གལ་ཏེ་བདག་ཅག་གིས་གསོན་པོར་རྙེད་ན་ནི། དེ་ཉིད་རྒྱལ་པོ་མཛད་པར་ཟད་དོ། །དེ་མ་ཡིན་ཏེ་ནོངས་པར་གྱུར་ན་ནི། རྒྱལ་སྲིད་ཀྱི་དབང་ ཕྱུག་ལ་དབང་བྱེད་དུ་གཞུག་གོ། སྙམ་དུ་བསམ་ནས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་གྲོང་ཁྱེར་དང། ཡུལ་འཁོར་དང། རྒྱལ་པོའི་ཕོ་བྲང་དག་ཏུ་ཚོལ་དུ་དོང་བ་ལས། བློན་པོ་རིགས་པའི་ [39A]༄༅། །མུན་འཛིན་གྱི་བུས་བད་སའི་རྒྱལ་པོ་འཆར་ཀ་ཐག་རིང་པོ་ནས་འོང་བ་མཐོང་ངོ། །མཐོང་ནས་ཀྱང་དགའ་ཆེས་ཏེ་བད་སའི་རྒྱལ་པོ་འཆར་ཀ་ག་ལ་བ་དེར་སོང་ནས་སྙུན་གསོལ་ཏེ་ ལྷ་གང་དུ་གཤེགས་ཞེས་དྲིས་སོ། །དེ་ནས་བད་སའི་རྒྱལ་པོ་འཆར་ཀས་ཇི་ལྟར་གྱུར་པ་རྒྱས་པར་བསྙད་དོ། །བློན་པོ་རིགས་པའི་མུན་འཛིན་གྱི་བུས་སྨྲས་པ། ལྷ། འདི་ནི། འཕགས་པ་པིཎྜོ་ལ་ བྷ་ར་དཧྭ་ཛས་ཇི་སྐད་ལུང་བསྟན་པ་ཐམས་ཅད་དེ་ཁོ་ན་བཞིན་དུ་གྱུར་པ་ལགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་གནས་བརྟན་ལ་ཤིན་ཏུ་དགའ་བར་གྱུར་ནས་དེས་བསམ་པ། རེ་ཞིག་ བདག་གྲོང་ཁྱེར་དུ་འགྲོ་བ་བཏང་ལ་འཕགས་པ་པིཎྜོ་ལ་བྷ་ར་དཧྭ་ཛ་དེ་ཉིད་ལ་བསྙེན་བཀུར་བྱའོ་སྙམ་དུ་བསམ་ནས་ཀཽ་ཤཱམྦྷིར་མ་སོང་བར་ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ར་བ་ག་ ལ་བ་དེར་སོང་སྟེ། དེ་ཇི་སྲིད་དུ་བཞོན་པས་འགྲོ་བར་བྱ་བའི་ས་དེ་སྲིད་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ་རྐང་པས་ཀུན་དགའ་ར་བར་སོང་ནས་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་ དཧྭ་ཛ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཛའི་རྐང་པ་ལ་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ་གནས་བརྟན་གྱིས་ཀྱང་དེ་ལ་དེ་དང་མཐུན་པའི་ ཆོས་བསྟན་ཏོ། །དེ་ནས་བད་སའི་རྒྱལ་པོ་འཆར་གས་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཛའི་གཏམ་གྱི་མཇུག་རྫོགས་པར་རིག་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ [39B]སུ་ཐལ་མོ་སྦྱར་བ་བཏུད་དེ་སྨྲས་པ། འཕགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་དགུང་བདུན་གྱི་བར་དུ་བདག་གི་དེར་བཤོས་གསོལ་བར་ཅི་ གནང་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཛས་བད་སའི་རྒྱལ་པོ་འཆར་ཀ་ལ་ཅང་མི་སྨྲ་བས་གནང་ངོ་།དེ་ནས་བད་སའི་རྒྱལ་པོ་འཆར་ཀས་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཛས་ ཅང་མི་སྨྲ་བས་གནང་བར་རིག་ནས་སྟན་ལས་ལངས་ཏེ་རྐང་པ་ལ་ཕྱག་བཙལ་ནས་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཛའི་ཐད་ནས་སོང་ངོ། །དེ་ནས་དེས་ཞག་བདུན་གྱི་བར་དུ་ཚེ་དང་ལྡན་པ་པིཎྜོ་ ལ་བྷ་ར་དཧྭ་ཛ་འཁོར་དང་བཅས་པ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས་ཐ་མའི་ཉིན་པར་རེ་རེ་ལའང་རས་ཟུང་རེ་ཕུལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ་ ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཛས་ཀྱང་དེ་དང་མཐུན་པའི་ཆོས་ཀྱི་གཏམ་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ སོ༑ ༑ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ།། དེ་ནས་ཕྱི་ཞིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་ཇི་སྲིད་དགྱེས་པའི་བར་བཞུགས་ནས་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཞམ་རིང་བྱས་ཏེ། དགེ་སློང་ [40A]༄༅། །གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཀཽ་ཤཱམྦྷི་ག་ལ་བ་དེར་རྒྱུ་ཞིང་གཤེགས་པ་ལས་མཐར་གྱིས་ཀཽ་ཤཱམྦྷིར་བྱོན་ཏེ་ཀཽ་ཤཱམྦྷི་ན་ཁྱིམ་བདག་གདངས་ལས་རིག་གི་ཀུན་དགའ་ ར་བ་ན་བཞུགས་སོ། །དེ་ནས་བད་སའི་རྒྱལ་པོ་འཆར་ཀས་བཅོམ་ལྡན་འདས་བད་སའི་ལྗོངས་རྒྱུ་ཞིང་གཤེགས་ཏེ་ཀཽ་ཤཱམྦྷིར་བྱོན་པས་ཀཽ་ཤམྦྷི་ན་ཁྱིམ་བདག་གདངས་ལས་རིག་གི་ཀུན་ དགའ་ར་བ་ན་བཞུགས་སོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་ གོ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ཀྱིས་བད་སའི་རྒྱལ་པོ་འཆར་ཀ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་ བསྟོད༑ ཡང་དག་པར་དགའ་བར་མཛད་དོ། །ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་ བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་བད་སའི་རྒྱལ་པོ་འཆར་ཀས་བཅོམ་ལྡན་འདས་ཀྱི་གཏམ་གྱི་མཇུག་རྫོགས་པར་རིག་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་ གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ [40B]དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་སྙུན་གསོས་དང་སྨན་ཟོང་རྣམས་བཞེས་པར་ཅི་གནང་ཞེས་གསོལ་ཏོ། །དེ་ནས་བཅོམ་ ལྡན་འདས་ཀྱི་བད་སའི་རྒྱལ་པོ་འཆར་ཀ་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་བད་སའི་རྒྱལ་པོ་འཆར་ཀས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་ཁྱིམ་བདག་གདངས་ ལས་རིག་གི་ཀུན་དགའ་ར་བར་ཡོ་བྱད་ཐམས་ཅད་སྦྱར་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཟླ་བ་གསུམ་གྱི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས་ཐ་མའི་ཉིན་ པར་བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། །དགེ་སློང་གཞན་དག་ལའང་རེ་རེ་ལ་རས་ཟུང་རེ་ཕུལ་ནས་སོང་ངོ། །དེའང་དུས་དུས་སུ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་ཆོས་ མཉན་པར་བྱེད་དོ། །བཅོམ་ལྡན་འདས་ལས་ཆོས་ཉན་ནས་ལྷག་པར་ཡང་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཛ་འབའ་ཞིག་གི་ཐད་དུ་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་བར་བྱེད་དོ། །དེ་ནས་དགེ་སློང་ རྣམས་ཀྱིས་དེ་མཐོང་ནས་ཐེ་ཚོམ་སྐྱེས་ཏེ་རྒྱལ་པོ་འདི་ཅིའི་ཕྱིར་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཛ་འབའ་ཞིག་ལ་ལྷག་པར་བཀུར་སྟི་བྱེད་ཅིག་གུ་སྙམ་ནས་དེ་དག་གིས་གཏམ་དེ་རྒྱས་པར་ཐོས་ སོ༑ ༑ཐོས་ནས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏེ་འདི་སྐད་ཅེས་སྨྲས་སོ། །བཙུན་པ། བད་སའི་རྒྱལ་པོ་འཆར་ཀས་རབ་ཏུ་སྡང་བའི་སེམས་ཀྱིས་ཚེ་དང་ལྡན་པ་པིཎྜོ་ལ་བྷ་ར་དཧྭ་ཛའི་ཐད་དུ་ [41A]༄༅། །མཆིས་ནས་གཞི་དེས་ན་དེའི་འོད་མ་མཆིས་པར་གྱུར་ཏེ་དོག་ས་ལ་ཡང་དེའུ་ནུབ་པ་ལས། གང་གི་ཆེ་དེས་སླར་སེམས་དགའ་བ་བསྐྱེད་པ་དེའི་ཚེ་འོད་དེའང་སླར་བྱུང་བར་གྱུར་ ལ༑ དོགས་གས་བའང་སླར་འབྱོར་པར་གྱུར་པ་ལ་གཟིགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། དེ་ནི། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདི་ལྟར་འདས་པའི་དུས་ ནའང་གྲོང་ཁྱེར་འབྲས་འཕེལ་ཞེས་བྱ་བ་ན་རྒྱལ་པོ་ལྷུན་པོ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་སྐྱེ་བོ་དང་མི་མང་པོས་གང་ བ་དང། རྩོད་པ་དང་འཐབ་པ་ཞི་བ་དང་འཁྲུག་པ་དང་ནང་འཁྲུག་དང་ཆོམ་རྐུན་དང་མུ་གེ་དང་ནད་མེད་པ་དང། འབྲས་སཱ་ལུ་དང་བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་ལྡན་པར་ འདུག་སྟེ། བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བྱེད་དོ། །དེ་ནས་རྒྱལ་པོ་དེའི་མདུན་ན་འདོན་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ ལ་དགའ་མགུར་སྤྱོད་པ་ལས་ཕྱིས་རེ་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་དེའི་བཙས་ སྟོན་རྒྱས་པར་བྱས་ཏེ། རིགས་དང་མཐུན་པར་མིང་བཏགས་ནས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་སྙིང་ཁུས་སྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ [41B] སྤྱོད་པ་དང། ཨོཾ་ཞེས་བྱ་བ་དང། བཧོ་ཞེས་བྱ་བ་དང། གཙང་སྦྲ་དང། ཆོ་ག་དང། ཐལ་བ་བླང་བ་དང། རིལ་བ་ཐོགས་པ་དང། ངེས་བརྗོད་ཀྱི་རིག་བྱེད་དང། མཆོད་སྦྱིན་གྱི་རིག་ བྱེད་དང། སྙན་ཚིག་གི་རིག་བྱེད་དང། སྲིད་སྲུང་གི་རིག་བྱེད་དང། མཆོད་སྦྱིན་བྱ་བ་དང། མཆོད་སྦྱིན་བྱེད་དུ་གཞུག་པ་དང་སྦྱིན་པ་དང། བླང་བ་དང། ཁ་ཏོན་བྱ་བ་དང། ཁ་ཏོན་སློབ་ཏུ་གཞུག་པའི་ ཐབས་བསླབས་ནས་ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ་དེ་མཐར་གྱིས་རིག་པའི་གནས་བཅོ་བརྒྱད་ལ་བྱང་བར་གྱུར་ཏོ་།ཕྱི་ཞིག་ན་དེས་བདག་གི་ཕ་ཆོས་དང་ཆོས་མ་ཡིན་པས་རྒྱལ་ སྲིད་འཛིན་པ་མཐོང་ངོ། །མཐོང་ནས་ཀྱང་དེས་བསམ་པ། ཕ་ཤི་བའི་འོག་ཏུ་བདག་གི་ཅོད་པན་མེད་པའི་རྒྱལ་སྲིད་འཛིན་པའི་བར་དུ་འགྱུར་གྱི། བདག་གིས་ཁྱིམ་ན་གནས་པ་བཏང་ལ་ནགས་ འདབས་སུ་གནས་བཅའ་བར་བྱའོ་སྙམ་དུ་བསམ་ནས་ཕ་མ་ལ་གསོལ་ཏེ་ནགས་འདབས་སུ་གནས་བཅས་སོ། །དེ་དེར་སོང་ནས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེ་ནས་ ཕྱི་ཞིག་ན་རྒྱལ་པོའི་ཕོ་བྲང་འབྲས་འཕེལ་དུ་ཕྱིན་ནས་དེའི་ཕས་བུ་དེའི་ཕྱིར་བདག་གི་སྐྱེད་མོས་ཚལ་དུ་ཡལ་ག་དང་ལོ་མའི་སྤྱིལ་པོ་ཕུབ་ནས་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ཏེ་དེ་ལ་ དུས་དུས་སུ་སྐྱེ་བོ་ཕལ་པོ་ཆེ་འདོད་ཞིང་ཆོས་ཉན་པར་བྱེད་དོ་།དེ་ནས་ཕྱི་ཞིག་ན་རྒྱལ་པོ་ལྷུན་པོས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ནས་རི་དྭགས་བཤོར་དུ་སོང་བ་དང། རྒྱལ་པོས་ [42A]༄༅། །སྐྱེ་བོ་ཕལ་པོ་ཆེ་མདུན་ན་འདོན་གྱི་སྐྱེད་མོས་ཚལ་དུ་འདོང་བ་མཐོང་ངོ། །མཐོང་ནས་ཀྱང་སྐྱེ་བོའི་ཚིགས་འདི་དག་གར་འདོང་ཞེས་དྲིས་སོ། །བློན་པོ་རྣམས་ཀྱིས་གསོལ་པ་ ལྷ༑ མདུན་ན་འདོན་གྱི་བུ་དེ་རབ་ཏུ་བྱུང་སྟེ། དེ་ནི། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏེ། འདི་དག་ནི། དེ་ལ་བལྟ་བའི་སླད་དུ་མཆི་བ་ལགས་སོ། །དེ་ནས་རྒྱལ་པོས་བསམ་པ། དེ་ནི། ངའི་ཡང་ སྙིང་དུ་སྡུག་པ་དང། ཡིད་དུ་འོང་བ་དང། མཁན་པོ་དང། དྲན་པར་བྱ་བ་ཡིན་གྱི། ངའང་དེ་བལྟ་བའི་ཕྱིར་འགྲོའོ་སྙམ་དུ་བསམ་ནས་རྒྱལ་པོ་དེ་དྲང་སྲོང་དེ་ག་ལ་བ་དེར་སོང་བ་དང་དྲང་སྲོང་དེས་ དེ་མཐོང་ནས་བསུ་ཡང་མ་བསུས། ལངས་ཀྱང་མ་ལངས་སོ། །དེ་ནས་དེ་མཐོང་མ་ཐག་ཏུ་རྒྱལ་པོ་དེ་ཁྲོ་བ་ཆེན་པོས་ནོན་ནས་འདི་ངའི་ཡུལ་ན་འདུག་པའི་མདུན་ན་འདོན་གྱི་བུ་ཡིན་ལ། ང་ འོངས་ན་བསུ་ཡང་མ་བསུས། ལངས་ཀྱང་མ་ལངས་ཀྱི། འདིའི་མགོ་བོ་བཅད་དེ་བོར་རོ་སྙམ་དུ་བསམ་པ་དང། རྒྱལ་པོ་དེའི་ལུས་ལས་འོད་འབྱུང་བ་དེ་དེས་སེམས་བསྐྱེད་མ་ཐབ་ཏུ་ འོད་མེད་པར་གྱུར་ཏོ། །ས་ཡང་གས་ཏེ་དེར་ནུབ་ཏུ་བྱེད་པ་དང། དེ་མཐོང་མ་ཐག་ཏུ་རྒྱལ་པོ་དེ་འཇིགས་པ་ཆེན་པོ་སྐྱེས་ཏེ། དྲང་སྲོང་དེ་ལ་འདི་ནི། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་ཡིན་ནོ་ སྙམ་ནས་དགའ་བ་ཆེན་པོ་སྐྱེས་སོ། །དེ་ནས་དེས་དེའི་རྐང་པ་ལ་ཕྱག་བཙལ་ནས་བཟོད་པ་གསོལ་ཏོ། །དེ་ནས་དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ། ངས་ནི། བཟོད་མོད་ཀྱི། འོན་ཀྱང་ [42B][?]བྱས་སོ། །དེ་ནས་རྒྱལ་པོ་སྐྲག་ནས་དྲང་སྲོང་དེ་ལ་སྨྲས་པ། དྲང་སྲོང། བདག་རྒྱལ་སྲིད་ལས་ཉམས་པའམ། སྲོག་གི་བར་ཆད་དུ་མི་འགྱུར་ལགས་གྲང་དྲང་ སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ། མ་སྐྲག་ཅིག་ཁྱོད་རྒྱལ་སྲིད་ལས་ཀྱང་ཉམས་པར་མི་འགྱུར་ལ་སྲོག་གི་བར་ཆད་དུའང་མི་འགྱུར་རོ། །དེ་ལྟ་མོད་ཀྱི། ཁྱོད་ཀྱིས་བདག་ལ་སེམས་སྡང་བར་བྱ་ པ་དེས་ན། ཁྱོད་ཀྱི་འོད་དེ་མེད་པར་གྱུར་ལ་ས་ཡང་གས་པར་གྱུར་ཏོ། །རྒྱལ་པོ་ཆེན་པོ། །ཁྱོད་ཀྱིས་སླར་བདག་ལ་དགའ་བའི་སེམས་བསྐྱེད་ན་ནི། ཁྱོད་ཀྱི་འོད་དེ་སླར་སྔ་མཁོ་བཞིན་དུ་འབྱུང་བར་ འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེས་དྲང་སྲོང་དེ་ལ་སེམས་དགའ་བ་སྐྱེས་ནས་དེའི་འོད་དེ་སྔ་མཁོ་བཞིན་དུ་བྱུང་བར་གྱུར་ལ། ས་ཡང་སླར་འབྱོར་པར་གྱུར་ཏོ། །དགེ་སློང་དག། ཇི་ སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་གང་ཡིན་པ་དེ་ནི་པིཎྜོ་ལ་བྷ་ར་དཧྭ་ཛ་འདི་ཉིད་ཡིན་ནོ། །རྒྱལ་པོ་ལྷུན་པོར་གྱུར་པ་དེ་ནི། བད་སའི་རྒྱལ་པོ་འཆར་ཀ་འདི་ཉིད་ཡིན་ཏེ། དེའི་ཚེའང་ འདིས་དེ་ལ་སེམས་སྡང་བར་བྱས་པས་དེའི་འོད་ཀྱི་དཀྱིལ་འཁོར་མེད་པར་གྱུར་ལ་སའང་གས་པར་གྱུར་ཏོ། །གང་གི་ཚེ་ཕྱིར་སེམས་དགའ་བ་བསྐྱེད་པ་དེའི་ཚེ་ནི། འོད་ཀྱི་དཀྱིལ་འཁོར་དེའང་བྱུང་ ལ༑ ས་གས་པའང་ཕྱིར་འབྱོར་པར་གྱུར་ཏོ། །ད་ལྟར་ཡང་འདིས་དེ་ལ་སེམས་སྡང་བར་བྱས་པས་འདིའི་འོད་ཀྱང་མེད་པར་གྱུར་ལ་སའང་གས་སོ། །གང་གི་ཚེ་འདིས་དེ་ལ་སེམས་དགའ་བ་ [43A]༄༅། །བསྐྱེད་པ་དེའི་ཚེ་ནི། འདིའི་འོད་ཀྱི་དཀྱིལ་འཁོར་ཡང་བྱུང་བར་གྱུར་ལ་སའང་འབྱོར་པར་གྱུར་ཏོ།། །།རྒྱལ་མཚན་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་ བཞུགས་ཏེ། དེའི་ཚེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་སྐྱེ་བོ་དང་མི་མང་པོས་ གང་བ་དང། རྩོད་པ་དང་འཐབ་པ་ཞི་བ་དང་འཁྲུག་པ་དང་ནང་འཁྲུག་དང་ཆོམ་རྐུན་དང་མུ་གོ་དང་ནད་རྣམས་མེད་པ་དང་འབྲས་སཱ་ལུ་དང་བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་ལྡན་ པར་འདུག་སྟེ། བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བྱེད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་དེའི་བཙུན་མོ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང། བུ་མོ་གཟུགས་བཟང་ ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་དེའི་བཙས་སྟོན་རྒྱས་པར་བྱས་ཏེ། བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དོ། །ཀཱ་ཤིའི་རྒྱལ་པོའི་བུ་མོའང་ཡིན་ལ་ གཟུགས་ཀྱང་མཛེས་པས་ན། བུ་མོ་འདིའི་མིང་ཀཱ་ཤི་མཛེས་ལྡན་མ་ཞེས་གདགས་སོ། །ཞེས་ཟེར་རོ། །དེ་ནས་བུ་མོ་ཀཱ་ཤི་མཛེས་ལྡན་མ་བང་ན་འཚོ་བའི་མ་མ་གཉིས་དང། ནུ་མ་སྣུན་ པའི་མ་མ་གཉིས་དང། དྲི་མ་འཁྲུ་བའི་མ་མ་གཉིས་དང། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས་དེ་མ་མ་བརྒྱད་ཀྱིས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་སྙིང་ཁུས་ [43B]པར་གྱུར་ཏོ། །དེ་གང་གི་ཚེ་ཆེན་མོར་གྱུར་ཏེ་སྒྱུ་རྩལ་ཤེས་པར་གྱུར་བ་དེའི་ཚེ་དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་དེས་ཕ་ མ་གཉིས་ལ་གསོལ་ཏེ་སངས་རྒྱས་དང། ཆོས་དང། དགེ་འདུན་ལ་བཀུར་སྟི་བྱས་སོ། །དེ་གང་གི་ཆེན་པོར་གྱུར་པ་དེའི་ཚེ་ཀ་ཤིའི་རྒྱལ་པོའི་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ ཡོད་དེ༑ འཇིག་རྟེན་ན་བུ་མོ་དེ་དང་འདྲ་བ་གཞན་མེད་དོ། །ཞེས་ཀུན་ཏུ་གྲགས་པས་རྒྱས་པར་གྱུར་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཉི་འོག་གི་རྒྱལ་པོ་དྲུག་འདོད་ཆགས་ཀྱི་མདས་ཕོག་ནས་དེ་དག་ ཐམས་ཅད་ཀྱིས་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་ལ་ཕོ་ཉ་བཏང་སྟེ། དེ་དག་རེ་རེ་ནས་བུ་མོ་དེ་ང་ལ་བྱིན་ཅིག་ཅེས་སྤྲིང་ངོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་ཚངས་པས་བྱིན་སེམས་ཁོང་དུ་ཆུད་ ཅིང་འདུག་སྟེ། གལ་ཏེ་བུ་མོ་འདི་གཅིག་ལ་བྱིན་ན་ནི། གཞན་རྣམས་བདག་གི་དགྲར་འགྱུར་ན་སུ་ལ་བྱིན་པར་བྱ་སྙམ་བསམ་ནས་གང་ལའང་སྦྱིན་མི་འདོད་པར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་ཉི་ འོག་གི་རྒྱལ་པོ་དྲུག་གིས་བསམ་པ། དེས་བདག་ཅག་ལ་དད་པས་བུ་མོ་སྦྱིན་པར་མི་འགྱུར་གྱི། དེར་སོང་ལ་མཐུས་དབྲོག་གོ་སྙམ་དུ་བསམ་སྟེ་ཐམས་ཅད་ཀྱིས་ཉི་མ་གཅིག་ཏུ་དཔུང་གི་ཚོགས་ ཡན་ལག་བཞི་གོ་བསྐོན་ནས་གྲོང་ཁྱེར་ཝཱ་ར་ཎཱ་སིར་དོང་སྟེ་ཁོ་ར་ཁོར་ཡུག་ནས་བསྐོར་ཏོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བདག་ཉིད་ཕ་རོལ་གྱི་དམག་ཚོགས་ཀྱིས་གཙེས་པར་རིག་ནས་ [44A]༄༅། །ཁང་བཟང་གི་སྟེང་དུ་སོང་ནས་ལག་པ་ལ་རྐོམ་ཚུགས་བཅས་ནས་དེ་བདག་གིས་ཇི་ལྟར་བྱ་སྙམ་སྟེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ་དེ་ནས་ཀཱ་ཤི་མཛེས་ལྡན་མས་རྒྱལ་ པོ་ཁང་བཟང་གི་སྟེང་དུ་སོང་ནས་ལག་པ་ལ་རྐོམ་ཚུགས་བཅས་ཏེ་འདུག་པ་མཐོང་ངོ། །མཐོང་ནས་ཀྱང་ཕ་ལ་འདི་སྐད་ཅེས་སྨྲས་སོ། །ཡབ། ཅིའི་སླད་དུ་ཁང་བཟང་གི་སྟེང་དུ་གཤེགས་ ནས་ཕྱག་ལ་རྐོམ་ཚུགས་བཅས་ཏེ་ཐུགས་ཁོང་དུ་ཆུད་ཅིང་བཞུགས་རྒྱལ་པོས་སྨྲས་པ། བུ་མོ། ཁྱོད་ཉིད་ཀྱི་ཕྱིར་རོ། །བུ་མོས་སྨྲས་བ། ཡབ། བདག་བྱད་བཞིན་ངན་ལགས་སམ། ཅི་ན་ བདག་གི་སླད་དུ་ཡབ། ཐུགས་ཁོང་དུ་ཆུད་ཅིང་བཞུགས། རྒྱལ་པོས་སྨྲས་པ། བུ་མོ། ཁྱོད་ཡན་ལག་ཐམས་ཅད་མཛེས་པ་དང་ལྡན་པས་དེའི་ཕྱིར་ང་སེམས་ཁོང་དུ་ཆུད་ཅིང་འདུག་སྟེ། ཁྱོད་ ཉིད་ཀྱི་ཕྱིར་ཉི་འོག་གི་རྒྱལ་པོ་དྲུག་འཁྲུགས་ནས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་ལྷགས་ནས་ཝཱ་ར་ཎཱ་སིར་བསྐོར་ཏེ་འཁོད་དོ། །ཀཱ་ཤི་མཛེས་ལྡན་མས་སྨྲས་པ། ཡབ། བུ་མོ་ དག་ལ་རང་ཉིད་ཀྱིས་ཁྱིམ་ཐབ་འདམ་པ་མ་མཆིས་ལགས་སམ། རྒྱལ་པོས་སྨྲས་པ། བུ་མོ། འདམ་པ་ཡོད་དོ། །བུ་མོས་སྨྲས་པ། ཡབ། བདག་ཉིད་ཀྱིས་ཁྱིམ་ཐབ་འདམ་པར་གནང་བར་ མཛད་དུ་གསོལ། རྒྱལ་པོས་སྨྲས་པ། བུ་མོ། ཁྱོད་ཉི་འོག་གི་རྒྱལ་པོ་རྣམས་ང་བཟླུགས་ཀྱི་བར་དུ་སྡོད་ཅིག་བྱས་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་ཉི་འོག་གི་རྒྱལ་པོ་དེ་དག་ཐམས་ཅད་ལ་ [44B] ཀཱ་ཤི་མཛེས་ལྡན་མ་ནི། རང་ཉིད་ཁྱིམ་ཐབ་འདམ་པར་ཆད་ཀྱི། གལ་ཏེ་ཁྱེད་འདོད་ན་འདམ་དུ་གཞུག་གོ། དེ་ནས་དེར་སོ་སོ་ནས་བསམ་པ། དེ་ནི། ང་ལྟ་བུ་བཏང་སྟེ་གཞན་འདམ་པར་མི་ འགྱུར་རོ་སྙམ་ནས་སྨྲས་པ། དེས་མ་ནོངས་ཀྱི། འདམ་དུ་སྩོལ་ཅིག་དེ་ནས་ཕོ་ཉ་དེ་ཕྱིར་སོང་ནས་རྒྱལ་པོ་ཚངས་པས་བྱིན་ལ་བསྙད་དེ། དེ་ཐོས་མ་ཐག་ཏུ་རྒྱལ་པོ་ཚངས་པས་བྱིན་ཤིན་ཏུ་དགའ་བར་ གྱུར་ཏོ༑ ༑རྒྱལ་པོ་དྲུག་པོ་དེ་དག་གིས་ཀྱང་གཅིག་ལ་གཅིག་བཟླུགས་ནས་ཡིད་ཆེས་པའི་མནའ་མཐོ་བཅད་དེ་མཇལ་དུ་མ་བྱས་ནས་ས་ཕྱོགས་གོ་སྐབས་ཡངས་པ་ཞིག་ཏུ་ཁང་པ་བརྩེགས་པ་ཚར་དུ་ སྦྲེངས་ཏེ་རང་རང་གི་གཡོག་འཁོར་དང་རྒྱན་ཐམས་ཅད་ཀྱིས་ཀླུབས་པའི་སེངྒེའི་ཁྲི་དག་ལ་འདུག་ཅིང་འཁོད་དོ། །ཀཱ་ཤི་མཛེས་ལྡན་མའང་བཞོན་བ་བཟང་པོ་ལ་ཞོན་ཏེ་བུ་མོ་དག་གིས་གཡོག་བྱས་ ནས་ཆོས་གོས་ཚོན་ཅན་གྱི་རྒྱལ་མཚན་བསྒྲེངས་ཏེ་ཝཱ་ར་ཎཱ་སི་ནས་བྱུང་ནས་དེ་དག་ཐམས་ཅད་ཀྱི་དབུས་ནས་ཐལ་ཏེ་དྲང་སྲོང་སྨྲ་བ་ལོགས་སུ་ཁ་བལྟས་ནས་བཅོམ་ལྡན་འདས་ལོགས་སུ་ མེ་ཏོག་གི་ཆུན་པོ་བོར་ཏེ་སྨྲས་པ། བདག་ནི། སངས་རྒྱས་བཅོམ་ལྡན་འདས་དེ་ལ་སྐྱབས་སུ་མཆིའོ། །ཞེས་བྱས་ནས་ཤིང་རྟ་དེ་དྲང་སྲོང་སྨྲ་བ་ལོགས་སུ་ཁ་བསྒྱུར་ཏོ། །དེ་ནས་རྒྱལ་པོ་དེ་ དག་དང། སྐྱེ་བོ་ཕལ་པོ་ཆེ་དེ་དག་ཡ་མཚན་དུ་གྱུར་ཏེ། འདི་འདི་ལྟར་བྱད་གཟུགས་མཛེས་ལ་འདོད་པ་རྣམས་ལའང་མི་ལྟ་བ་ངོ་མཚར་ཏོ་སྙམ་མོ། །དེ་ནས་དེ་དག་དེ་ཉིད་ཀྱི་ཕྱི་བཞིན་དུ་འབྲང་ [45A]༄༅། །སྟེ་རེ་ཞིག་འདོང་ལ་འདི་ཅི་བྱེད་པ་བལྟའོ། །ཞེས་འཛེར་ཏོ། །དེ་ནས་ཀཱ་ཤི་མཛེས་ལྡན་མ་དྲང་སྲོང་སྨྲ་བ་ག་ལ་བ་དེར་སོང་སྟེ། དེ་ཅི་སྲིད་དུ་བཞོན་པས་འགྲོ་བར་བྱ་བའི་ས་དེ་ སྲིད་དུ་བཞོན་པས་སོང་ནས་བཞོན་པ་ལས་བབས་ཏེ་རྐང་པས་ཀུན་དགའ་ར་བར་སོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ ཕྱག་བཙལ་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུག་པ། བདག་ ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་ སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་རྒུའི་བདག་མོ་ཆེན་མོ་གཽ་ཏ་མའི་འགུགས་པ་བཏང་སྟེ་དེ་ལ་གཏད་དོ། །སྐྱེ་རྒུའི་བདག་མོ་ཆེན་མོ་གཽ་ཏ་མའིས་ཀྱང་དེ་རབ་ཏུ་ཕྱུང་སྟེ་ བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ལུང་ཕོག་གོ་དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་ དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ [45B] རིག་པས་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་ རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ་།སྐྱེ་བོ་ཕལ་པོ་ཆེ་དེ་དག་ཀྱང་ཡ་མཚན་དུ་གྱུར་ནས་བཅོམ་ ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་དེ་དག་ལ་དེ་དང་མཐུན་པའི་ཆོས་བསྟན་པ་མཛད་དོ་།དེ་དག་ཀྱང་བཅོམ་ལྡན་འདས་ལས་ཆོས་མཉན་ནས་རང་རང་གི་ཡུལ་དུ་དོང་ངོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་ འདས་ལ་ཞུས་པ། བཅོམ་ལྡན་འདས། ཀཱ་ཤི་མཛེས་ལྡན་མས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རྒྱལ་པོའི་རིགས་སུ་སྐྱེས་ཏེ། གཟུགས་ བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་བྱད་གཟུགས་དཔེ་མ་མཆིས་པར་གྱུར་ལ། དེས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ན། བཅོམ་ལྡན་འདས་ཀྱི་བསྟན་ པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། ། [46A]༄༅། །བཙུན་པ། འདིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། སྦྱོན་[?]བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་ བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་ཝཱ་ར་ཎཱ་སིན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་ སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་ དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགའ་མ་བཅུ་ལོན་པ་དང་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་ པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་མཐུན་པར་མིང་བཏགས་ཏེ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ་མཚོའི་ནང་ གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ན་ཆེན་མོར་གྱུར་པ་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་དེས་ཕ་མ་ལ་ [46B]ཁང་བརྩིགས་ནས་སངས་རྒྱས་འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་ཕུལ་ཏེ། དགེ་སློང་རྣམས་ལ་ཡོ་བྱད་ ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས་ཕ་མ་གཉིས་ལ་གསོལ་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ངོ། །དེ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་བསླབས་ ཏེ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ཏོ། །དེ་ནས་དེས་བསམ་པ། ཐོས་པར་བྱ་བ་གང་ཡིན་པ་དེ་ནི་བདག་གིས་བྱས་ཟིན་གྱི། མ་ལ་ད་ནི། བདག་གིས་བསམ་གཏན་ ལ་འབད་པར་བྱའོ་སྙམ་དུ་བསམ་ནས་ཡིད་ལ་བྱེད་པའི་ལུང་མནོས་ཏེ་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་བས་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་བསྐྱེད་ནས་དེས་དེར་ ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་འཆི་གར་སྨོན་ལམ་བཏབ་པ། ཀྱེ་མ་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་ བྱས་པ་དང། རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་པའི་དགེ་བའི་རྩ་བ་འདིས་ན། བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཅི་ནས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་ སུ་སྐྱེ་བ་དང། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་བྱད་གཟུགས་དཔེ་མེད་པར་གྱུར་ཅིག། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་ [47A]༄༅། །བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉན་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་ བ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་ པ་ལ་རབ་ཏུ་བྱུང་བའི་དགེ་སློང་མ་གང་ཡིན་པ་དེ་ནི། ཀཱ་ཤི་མཛེས་ལྡན་མ་འདི་ཉིད་ཡིན་ཏེ། དེས་དེར་སྦྱིན་པ་དག་བྱིན་ཅིང་བསོད་ནམས་དག་བྱས་པ་དང། ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་ སྤྱད་ནས་འཆི་གར་སྨོན་ལམ་བཏབ་པ། བདག་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བ་དང། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་ པ་དང༑ བྱད་གཟུགས་དཔེ་མེད་པར་གྱུར་ཅིག། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་ དུ་བྱེད་པར་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་བདག་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་ [47B] བྱད་གཟུགས་དཔེ་མེད་པར་གྱུར་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་ དང༑ མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེས་དེར་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་བསྐྱེད་པའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་དུ་སྐྱེ་བ་དེ་དང་དེར་བྱད་གཟུགས་དཔེ་མེད་ པར་གྱུར་ཏོ།། །།ལས་བརྒྱ་ཐམ་པ། བམ་པོ་གསུམ་པ། བདེ་བྱེད་མ་ཞེས་པ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་རྒྱལ་པོ་གསལ་རྒྱལ་རྒྱལ་པོ་བྱེད་ལ་ ཝཱ་ར་ཎཱ་སི་ན་ནི། རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་པ་ལས་དེ་གཉིས་ཕན་ཚུན་མི་མཐུན་པར་གྱུར་ཏེ། དུས་དུས་སུ་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཚངས་པས་ བྱིན་གྱིས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་ཀོ་ས་ལའི་ཡུལ་དུ་སོང་ནས་ཆུ་ཀླུང་ལྡན་གྱི་འགྲམ་དུ་ཕྲུ་མ་བཏབ་སྟེ་འཁོད་དོ། །རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་རྒྱལ་པོ་ཚངས་པས་ བྱིན་གྱིས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་བདག་དང་གཡུལ་འགྱེད་དུ་འོངས་སོ། །ཞེས་ཐོས་སོ། །ཐོས་ནས་དེས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་ཀཱ་ཤིའི་རྒྱལ་ [48A]༄༅། །པོ་དང་གཡུལ་འགྱེད་དུ་སོང་སྟེ། དེས་ཀྱང་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་ཕྲུ་མ་བཏབ་སྟེ་འཁོད་དོ། །དེ་ནས་དེ་གཉིས་དེ་ན་འཁོད་པས་ཕན་ཚུན་དུ་སྐྱེ་བོ་མང་པོ་ཁ་འདོག་ པར་བྱེད་དོ། །དེ་གཉིས་ཀའང་མཐུ་ཆེ་ཞིང་ཚུགས་པར་དཀའ་བ་ཡིན་ཏེ། དེ་གཉིས་གཅིག་གིས་གཅིག་མི་ཐུབ་ཅིང་འདུག་གོ་དེ་ནས་ཕྱི་ཞི་ག་ན་དེ་ཁོ་ན་འཁོད་བཞིན་དུ་རྒྱལ་པོ་གསལ་རྒྱལ་ གྱི་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་སོ། །ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་གྱི་བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཀྱང་བཙས་ནས་དེར་དེ་ གཉིས་སོ་སོའི་ཕོ་བྲང་འཁོར་དུ་དགའ་བའི་རོལ་མོ་བརྡུངས་སོ། །དེ་ནས་དེ་གཉིས་ཀྱིས་ཕན་ཚུན་དུ་ཐོས་ནས་འདིར་དགའ་བའི་རོལ་མོ་བརྡུངས་པ་ན་ཅི་ཞིག་ཅེས་དྲིས་ནས་བློན་པོ་རྣམས་ ཀྱིས་བསྙད་དེ། རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་བཙས། ལྷའི་ནི་སྲས་པོ་བལྟམས་སོ་ཞེས་བྱས་སོ། །རྒྱལ་པོ་གསལ་རྒྱལ་གྱི་བློན་པོ་རྣམས་ཀྱང་བསྙད་དེ། ལྷའི་ནི། སྲས་མོ་བལྟམས་ རྒྱལ་པོ་ཚངས་པས་བྱིན་གྱི་ནི། བུ་མོ་བཙས་སོ། །ཞེས་བྱས་སོ་།དེ་ནས་དེ་ཐོས་མ་ཐག་ཏུ་དེ་གཉིས་དགའ་བར་གྱུར་ཏེ། བདག་ཅག་གཉིས་ཕན་ཚུན་དགྲར་མི་བྱེད་པར་གཉེན་བྱེད་པའི་ ཐབས་རྙེད་དོ་སྙམ་མོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་ཚངས་པས་བྱིན་གྱིས་རྒྱལ་པོ་གསལ་རྒྱལ་ལ་ཕོ་ཉ་བཏང་སྟེ་ཁྱོད་ཀྱི་བུ་མོ་བཙས་པ་དེ་བདག་གི་བུ་འདིའི་ཆུང་མར་བྱིན་ཅིག་ [48B] །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བསམ་པ་ཐབས་འདིས་ནི། བདག་ཇི་སྲིད་འཚོའི་བར་དུ་རྒྱལ་པོ་ཚངས་པས་བྱིན་དང་མཛའ་བར་འགྱུར་རོ་སྙམ་ནས་དེས་ཀྱང་དེ་ལ་ཕོ་ཉ་ བཏང་སྟེ་ཇི་ལྟར་དགའ་བ་དེ་བཞིན་དུ་བྱའོ། །ཞེས་བྱས་ནས་དེ་གཉིས་གཅིག་ལ་གཅིག་བཟོད་པར་གསོལ་ཏེ་མཛའ་བོ་བྱས་ནས་གཅིག་གིས་ཀྱང་བུ་མོ་ལ་གོས་དང་རྒྱན་མང་པོ་བསྐུར་རོ། ། གཅིག་གིས་ཀྱང་ཁྱེའུ་ལ་གོས་དང་རྒྱན་མང་པོ་བསྐུར་ཏེ། དེ་གཉིས་ཕན་ཚུན་གཉེན་དུ་བྱས་ནས་མགུལ་ནས་འཇུས་ཏེ་ཡུལ་དེ་ནས་དོང་ངོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བསམ་པ། བུ་ མོ་འདི་བཙས་པས་ང་རྒྱལ་པོ་ཚངས་པས་བྱིན་དང་བདེ་བར་གྱུར་ཏོ་སྙམ་ནས་དེའི་བཙས་སྟོན་རྒྱས་པར་བྱས་ཏེ། མིང་བདེ་བྱེད་མ་ཞེས་བཏགས་སོ། །དེ་ནས་བུ་མོ་བདེ་བྱེད་མ་འོ་མ་དང་ ཞོ་དང་མར་དང་ཞུན་མར་དང་མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ་།དེ་ནས་གང་གི་ཚེ་ཆེན་མོར་གྱུར་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་བསྟན་ པ་ལ་དད་པ་རྙེད་དེ། དེས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་ནས་སྦྱིན་པ་དག་བྱིན་ཏེ་བསོད་ནམས་དག་བྱས་སོ་།དགེ་སློང་མའི་གཙུག་ལག་ཁང་དུའང་རྒྱུན་མི་འཆད་ པར་འགྲོ་ཞིང་ཆོས་ཉན་ཏོ། །དེ་ནས་ཕྱི་ཞིག་ན་དེས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་རྫུ་འཕྲུལ་ཡང་བསྒྲུབས་ནས་རྫུ་འཕྲུལ་ཆེན་མོ་མཐུ་ཆེན་མོ་རྣམ་པར་ཐར་པ་བརྒྱད་ལ་བསམ་ [49A]༄༅། །གཏན་པར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེས་ཕ་མ་གཉིས་ཀྱི་མདུན་དུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཏེ་སྨྲས་པ། ཡབ་ཡུམ། བདག་གིས་ནི། ཆོས་འདི་ལྟ་བུ་ཐོབ་པས་ན་ འདོད་པ་ཡོངས་སུ་སྤྱོད་པའི་རྔོ་མི་ཐོགས་ཀྱི། བདག་གིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བ་གནང་བར་མཛད་དུ་གསོལ་ཕ་མ་གཉིས་ཀྱིས་སྨྲས་པ། བུ་མོ། ཁྱོད་བཙས་མ་ཐག་ ཏུ་བདག་ཅག་གིས་ཁྱིམ་ཐབ་ལ་བྱིན་ཟིན་གྱི། བདག་ཅག་གིས་གནང་བར་བྱར་མི་རུང་ངོ། །དེ་ལྟ་མོད་ཀྱི། བདག་ཅག་གིས་དེ་ལ་བཟླུགས་ཏེ། དེ་དང་བདག་ཅིག་ཅི་ནས་ཕྱིས་འཁོན་དུ་མི་ འགྱུར་བར་བྱས་ལ། བག་མ་ལེན་པ་འོངས་ནས་ཁྱོད་ཉིད་ཀྱིས་ཁྱིམ་ཐབ་ལ་གསོལ་བ་ཐོབ་ལ་རབ་ཏུ་འབྱུང་བར་གྱིས་ཤིག་ཅེས་བྱས་སོ་།དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཚངས་ པས་བྱིན་ལ་ཕོ་ཉ་བཏང་སྟེ། བུ་མོ་བདེ་བྱེད་མ་ནི། རབ་ཏུ་འབྱུང་བར་འདོད་དེ་བཟློག་པར་མི་ནུས་ཀྱི། མ་ཐོགས་པར་བག་མ་ལོངས་ཤིག་ཅེས་སྤྲིང་ངོ། །རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་ ཕོ་ཉ་བཏང་སྟེ། ཚེས་གྲངས་འདི་ལ་འོང་གི་བག་མ་བཏང་བའི་སྟ་གོན་གྱིས་ཤིག་ཅེས་སྤྲིང་ངོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་མ་ཐག་ཏུ་བག་མ་གཏང་བའི་སྟ་གོན་ བྱས་སོ༑ ༑རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་བུ་འབྱོར་བ་ཆེན་པོ་དང། རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པས་བཏང་ངོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་དེ་བཀུར་སྟི་ཆེན་པོས་ [49B] །གཡར་དྲངས་ནས་རང་གི་ཕོ་བྲང་དུ་སྟེགས་བུ་བྱས་ཏེ་རྒྱན་གྱིས་བརྒྱན་ནས་དེར་སྐྱེ་བོ་ཕལ་ཆེ་འདུས་སོ། །བུ་མོ་རྒྱན་ཐམས་ཅད་ཀྱིས་ཀླུབས་ནས་སྟེགས་ བུ་བརྒྱན་པ་དེའི་སྟེང་དུ་དྲངས་ཏེ་བཞག་གོ། ཁྱེའུ་དེའང་སྟེགས་བུ་བརྒྱན་པ་དེའི་སྟེང་དུ་བཏང་སྟེ་བུ་མོ་བདེ་བྱེད་མ་དྲང་བར་བྱས་པ་ལས། དེ་སྟེང་གི་བར་སྣང་ལ་འཕགས་ཏེ་འབར་བ་དང། ལྷ་ མེར་འདུག་པ་དང། ཆར་འབབ་པ་དང། གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ཏོ། །དེ་ནས་ཁྱེའུ་དེ་དང། སྐྱེ་བོ་དེ་དག་གིས་མཐོང་མ་ཐག་ཏུ་བདེ་བྱེད་མ་ལ་དགའ་བ་ཆེན་པོ་སྐྱེས་སོ། །དེ་ནས་ཁྱེའུ་ དེས་བསམ་པ། གལ་ཏེ་འདི་ལྟ་བུའི་ཡོན་ཏན་དག་ཐོབ་པ་ཡིན་ན། འདི་བདག་དང་ལྷན་ཅིག་ཏུ་འདོད་པ་ཡོངས་སུ་སྦྱོད་པར་ག་ལ་འགྱུར་སྙམ་དུ་བསམ་ནས་སྨྲས་པ། བཟང་མོ། མར་སྤྱོན་ དང་ཁྱོད་ཉིད་ཅི་དགར་འདམ་དུ་གཞུག་གོ་བདེ་བྱེད་མས་སྨྲས་པ་ཇོ་བོ། བདག་ནི། འདོད་པ་ཡོངས་སུ་སྤྱོད་པའི་རྔོ་མི་ཐོགས་ཀྱི་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་ གནང་བར་མཛོད་ཅིག་ཁྱེའུ་སྨྲས་པ། གནང་ངོ། །དེ་ནས་དེ་ཐོས་མ་ཐག་ཏུ་བུ་མོ་བདེ་བྱེད་མ་བབས་ཏེ། དེས་སྐྱེ་བོའི་ཚོགས་དེ་དག་ལ་ཆོས་བསྟན་ནས་ཕ་མ་གཉིས་ལ་གསོལ་ཏེ་རྒྱལ་ བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ [50A]༄༅། །ཏོ༑ ༑བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་ བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་རྒུའི་བདག་མོ་ཆེན་མོ་གཽ་ཏ་མའི་ལ་གཏད་དོ། །སྐྱེ་རྒུའི་བདག་མོ་ཆེན་མོ་གཽ་ཏ་མའིས་ ཀྱང་དེ་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ལུང་ཡང་ཕོག་གོ་དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་ ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་ བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང། གུས་པར་སྨྲ་བའི་གནས་སུ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་ཤེས་རབ་དང་ལྡན་ པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །བདེ་བྱེད་མ་དེ་ལྟར་རབ་ཏུ་བྱུང་ནས་རྒྱལ་པོའི་བུ་དེས་བསམ་པ། བུད་མེད་ཀྱིས་ཀྱང་འདི་ལྟ་བུའི་ཆོས་རྟོགས་པར་འགྱུར་ན། མ་ལ་བདག་ཀྱང་བཅོམ་ལྡན་འདས་ [50B]དེས་ཀྱང་ཕ་མ་ལ་གསོལ་ཏེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་ མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བུ་མོ་བདེ་བྱེད་མ་དང། རྒྱལ་པོའི་བུ་དེས་ལས་ ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། འདི་གཉིས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ནས་བཅོམ་ ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་ གྱུར་ཏོ༑ ༑བཙུན་པ། འདི་གཉིས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་ སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ཞིག་ [51A]༄༅། །གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་དེ་གཉིས་ཀྱིས་ཡང་དག་པར་རྫོགས་པའི་སངས་ རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་དེ་གཉིས་གཅིག་ལ་གཅིག་སྨྲས་པ། བཟང་མོ། །བདག་ཅག་གཉིས་ལ་བུའང་མེད། བུ་མོའང་མེད་པས་འདས་ཏེ་ཤི་བའི་འོག་ཏུ་ཅི་བདོག་པ་ འདི་དག་རྒྱལ་པོ་དབང་བར་འགྱུར་གྱི། བདག་ཅག་གཉིས་གསོན་གྱི་བར་དུ་ཅི་འདི་དག་འཇིག་རྟེན་ཕ་རོལ་ཏུ་བསྐྱལ་ལོ། །ཞེས་ཟེར་ནས་དེ་གཟའ་བྲན་གཉིས་ཀྱིས་རྣམ་པ་ཐམས་ཅད་ ཡོངས་སུ་རྫོགས་པའི་གཙུག་ལག་ཁང་བརྩིགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་ཕུལ་ཏེ་ཡོ་བྱད་ཐམས་ཅད་སྦྱར་ ནས་དགེ་སློང་རྣམས་ལ་བསྙེན་བཀུར་བྱས་སོ། །དེ་ནས་ཕྱི་ཞིག་ན་དེ་གཉིས་ཀྱི་བློ་སྐྱེས་པ། བདག་ཅག་གཉིས་ཁྱིམ་ན་གནས་པ་བཏང་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ སྲུང་གི་གསུང་རབ་ལ་རབ་ཏུ་འབྱུང་ངོ། །ཞེས་ཟེར་ནས་ཁྱིམ་གྱི་འཁོར་བཏང་སྟེ་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ བསྟན་པ་ལ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་དེ་གཉིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅིའང་མཐོབ་པས། དེ་གཉིས་ཀྱིས་འཆི་གར་སྨོན་ལམ་བཏབ་ [51B] ཀྱེ་མ་བདག་ཅག་གཉིས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ཏེ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱི། དགེ་བའི་རྩ་བ་འདིས་བདག་ཅག་གཉིས་ཅི་ནས་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག། གཟུགས་ བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་ཤོག་ཅིག། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ བདག་ཅག་གཉིས་ཀྱིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་གཟའ་བྲན་དུ་གྱུར་པ་གང་ཡིན་པ་དེ་གཉིས་ནི། བདེ་བྱེད་མ་འདི་ཉིད་དང། རྒྱལ་པོའི་བུ་འདི་ ཉིད་ཡིན་ཏེ། དེ་གཉིས་ཀྱིས་དེར་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་འཆི་གར་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་ དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་ [52A]༄༅། །པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདི་གཉིས་ཀྱིས་ང་མཉེས་པར་ བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ནོར་བུའི་འོད་ཅེས་བྱ་བ་ནི་ གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་ལྷའི་བུ་ནོར་བུའི་འོད་ཅེས་བྱ་བ་རྣ་ཆ་གདུབ་ཀོར་དག་ཅིང་མགུལ་བར་ཐོགས་པ་ལུས་དོ་ཤལ་དང་སེ་མོ་དོས་མཛེས་པར་བྱས་པ། ལྷའི་བུ་ ནོར་བུ་རིན་པོ་ཆེའི་གཞལ་མེད་ཁང་འོད་ཤིན་ཏུ་ཆེ་བ་དང་ལྡན་པ། འོད་འཕགས་པ་དེས་ལྷའི་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་པདྨ་དཀར་པོ་རྣམས་ཀྱིས་ཐུ་བ་བཀང་སྟེ་ནམ་སྲོས་པ་ དང་མཉན་དུ་ཡོད་པའི་ནང་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་བཅོམ་ལྡན་འདས་ག་ལ་བདེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་པདྨ་ དཀར་པོ་རྣམས་དང་ལྷའི་མེ་ཏོག་མནྡཱ་ར་བ་དག་གིས་གཏོར་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་ དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་དང་ཁམས་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏོ། །དེ་ཐོས་ནས་ལྷའི་བུ་དེས་སྟན་དེ་ཉིད་ [52B]པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་བཅོམ་ལྡན་འདས་ ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེའི་ཚེ་དགེ་སློང་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་ལེན་ པ་ལ་གནས་པ་དེ་དག་གིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་པ་མཐོང་ངོ། །མཐོང་ནས་ཀྱང་དེ་དག་གིས་བསམ་པ། ཅི། མདང་སུམ་མི་མཇེད་ཀྱི་བདག་པོ་ ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། རྒྱལ་པོ་ཆེན་པོ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འོངས་སམ་སྙམ་ནས་བཅོམ་ལྡན་འདས་ལ་དོན་དེ་ཞུས་པ། བཙུན་པ། ཅི་ལགས་ མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། རྒྱལ་པོ་ཆེན་པོ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་སླད་དུ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། དགེ་སློང་དག་མདང་སུམ་མི་མཇེད་པའི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་གྱི། ལྷའི་བུ་ནོར་ བུའི་འོད། ལྷའི་གཞལ་མེད་ཁང་འོད་ཤིན་ཏུ་ཆེ་བ་དང་ལྡན་པ་འོད་འཕགས་པ་དེ་མདང་སུམ་པ་ལ་བལྟ་བ་དང། བསྙེན་བཀུར་བྱ་བའི་ཕྱིར་འོངས་ནས་དེ་འོངས་པ་ལ་ངས་ཆོས་བསྟན་ཏེ་ [53A]༄༅། །དེས་ང་ལས་ཆོས་ཐོས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་རང་གི་གནས་སུ་སོང་ངོ། །བཙུན་པ། ལྷའི་བུ་དེས་ལས་ཅི་བགྱིས་ན་ ལས་དེའི་རྣམ་པར་སྨིན་པས་ལྷར་སྐྱེས་ཏེ་ནོར་བུ་རིན་པོ་ཆེའི་གནས་སུ་གྲུབ་པར་གྱུར་ལ། བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དགེ་སློང་དག་ནོར་བུའི་འོད་འདི་ཉིད་ཀྱིས་སྔོན་ལས་བྱས་ཤིང་བསགས་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་ པར་སྨིན་པར་མི་འགྱུར་ལ། ཆུའི་ཁམས་དང། མེའི་ཁམས་དང་རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ ཕུང་པོ་དང། ཁམས་དང། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་ པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ [53B] དེའི་ཆེ་ཝཱ་ར་ཎཱ་སི་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ ནོར་དང་འགྲན་པ་ཞིག་གནས་པ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དབུ་སྐྲ་དང་སེན་མོ་བླངས་ནས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གཙུག་ ལག་ཁང་བརྩིགས་ཏེ། དེས་གཙུག་ལག་ཁང་དེར་ཡོ་བྱད་ཐམས་ཅད་ཕུལ་ལོ། །མཆོད་རྟེན་ཆར་ཁེབས་ལའང་ནོར་བུ་རིན་པོ་ཆེ་བཏགས་ཏེ། དེའི་མཐུས་མཆོད་རྟེན་དང་བཅས་པའི་གཙུག་ལག་ ཁང་དེ་མཚན་མོའང་ཉིན་མོ་བཞིན་དུ་སྣང་བར་གྱུར་ཏོ། །དེ་ནས་དེས་གཙུག་ལག་ཁང་དེ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་ཕུལ་ལོ། །དགེ་ སློང་རྣམས་ལའང་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བ་ཀུར་བྱས་སོ་།ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ཀྱང་བསྲུངས་ནས་ལྷའི་ནང་དུ་སྐྱེས་སོ། །དེར་སྐྱེས་ནས་དེའི་ནོར་ བུ་རིན་པོ་ཆེ་གཞལ་མེད་ཁང་གྲུབ་པར་གྱུར་ཏོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་གང་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་མཆོད་རྟེན་ དང་བཅས་པའི་གཙུག་ལག་ཁང་བརྩིགས་ནས་ནོར་བུ་རིན་པོ་ཆེ་བཏགས་པ་དེ་ནི། ལྷའི་བུའི་ནོར་བུའི་འོད་འདི་ཡིན་ཏེ། དེས་དེར་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་མཆོད་རྟེན་དང་བཅས་ [54A]༄༅། །པའི་གཙུག་ལག་ཁང་བརྩིགས་ཏེ་བཅོམ་ལྡན་འདས་འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་ཕུལ་བ་དང། མཆོད་རྟེན་དེ་ལ་ནོར་བུ་རིན་པོ་ཆེ་བཏགས་ པའི་ལས་དེའི་རྣམ་པར་སྨིན་པས་ལྷའི་ནང་དུ་སྐྱེས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང་ ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ།། །།སྣ་མའི་མེ་ཏོག་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་ དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་ གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཁྱིམ་བདག་དེ་བུ་མེད་དེ། བུ་འདོད་པའི་ཕྱིར་ལྷ་རྣམས་ ལའང་གསོལ་བ་འདེབས་ཏེ། ལྷ་གུ་ལང་དང། ཆུ་ལྷ་དང། ཀུ་བེ་ར་དང། བརྒྱ་བྱིན་དང། ཚངས་པ་ལ་སོགས་པ་དང། ཀུན་དགའ་ར་བའི་ལྷ་དང། ནགས་ཚལ་གྱི་ལྷ་དང། ལམ་ གྱི་བཞི་མདོའི་ལྷ་དང། སུམ་མདོའི་ལྷ་དང། གཏོར་མ་ལེན་པའི་ལྷ་དང། ལྷན་ཅིག་སྐྱེས་པ་དང། ཆོས་མཐུན་པ་དང། རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལའང་གསོལ་བ་འདེབས་ [54B] འཇིག་རྟེན་ན་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་རོ། །ཞེས་གྲགས་མོད་ཀྱི། དེའང་དེ་ལྟ་ནི། མ་ཡིན་ཏེ་གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་ འགྱུར་དུ་ཟིན་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལའང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་ཏེ། དེ་ནི། གནས་གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་ཏེ་ གསུམ་གང་ཞེ་ན། ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་དང་མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང། དྲི་ཟ་འོངས་པ་སྟེ། དྲི་ཟའི་སེམས་ཀྱང་རྗེས་སུ་ཆགས་པ་དང་ ལྡན་པའམ། ཁོང་ཁྲོ་བ་དང་ལྡན་པ་རྣམ་པ་གཉིས་ལས་གང་ཡང་རུང་བ་སྐྱེས་པའོ། །དེ་ནས་དེའང་གསོལ་བ་འདེབས་པ་ལྷུར་བྱེད་ལ། སེམས་ཅན་ཆེན་པོ་ཆེ་བར་གྲགས་པ། སྲིད་པ་ ཐ་མ་བཙལ་བར་བྱ་བ་རྙེད་པ། ཐར་བའི་སྐལ་བ་ཅན་དུ་གྱུར་པ། ཚོགས་བསགས་པ། མྱ་ངན་ལས་འདས་པ་ལ་ནང་དུ་བལྟས་པ་འཁོར་བ་ལ་ཕྱི་རོལ་ཏུ་བལྟས་པ། སྲིད་པར་འགྲོ་བའི་ སྐྱེ་གནས་རྣམས་མི་འདོད་པ། ལུས་ཀྱི་ཐ་མ་འཛིན་པ་ཞིག་ཀྱང་དེའི་ཆུང་མའི་མངལ་དུ་སྐྱེས་སོ། །བུ་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ལ་ནི། ཐུན་མོང་མ་ཡིན་པའི་ཆོས་ལྔ་ཡོད་ དེ༑ ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་ཡང་ཤེས་ལ་མ་ཆགས་པར་ཡང་ཤེས་པ་དང། དུས་ཀྱང་ཤེས་ལ་ཟླ་མཚན་ཡང་ཤེས་པ་དང། བུ་ཆགས་པ་ཤེས་པ་དང། གང་ལས་ཆགས་པ་ཤེས་ [55A]༄༅། །པ་དང། ཁྱེའུ་ཡང་ཤེས་ལ་བུ་མོའང་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་ནི། ལྟོ་གཡས་ལོགས་སུ་རྟེན་ཅིང་གནས་སོ། །གལ་ཏེ་བུ་མོ་ཡིན་ན་ནི། ལྟོ་གཡོན་ལོགས་སུ་ རྟེན་ཅིང་གནས་སོ། །དེ་ནས་གང་གི་ཚེ་དེ་ལ་བུ་ཆགས་པར་འགྱུར་བ་དེའི་ཚེ་དེ་དགའ་ཆེས་ནས་ཁྱིམ་ཐབ་ལ་སྦྲན་པ། ཇོ་བོ། བདག་ལ་སྲས་ཆགས་ཏེ། བདག་གི་རུམ་གཡས་ལོགས་ སུ་རྟེན་ཅིང་གནས་པ་ལས་ཁྱེའུ་འགྱུར་བར་ངེས་ཀྱི། དགྱེས་པ་བསྐྱེད་དུ་གསོལ་ཞེས་བྱས་ནས་དེའང་དགའ་ཆེས་ཏེ། རོ་སྟོད་ནི་བཏེགས། ལག་པ་གཡས་པ་ནི། བརྐྱངས་ནས་བདག་ གིས་ཡུན་རིང་པོ་ནས་སྨོན་སྨོན་པའི་བུའི་ངོ་མཐོང་བར་འོང་ངོ་།བདག་གི་བུ་རུང་བར་གྱུར་ཅིག་མི་རུང་བར་མ་གྱུར་ཅིག་བདག་གི་བྱ་བ་དག་བྱེད་པར་ཤོག་ཅིག་གསོས་ན་གསོས་ པའི་ལན་ཕྱིར་གསོ་བར་ཤོག་ཅིག་ནོར་སྐལ་ལ་སྤྱོད་པར་ཤོག་ཅིག་།བདག་གི་རིགས་རྒྱུད་ཡུན་རིང་དུ་གནས་པར་ཤོག་ཅིག་བདག་ཅག་འདས་ཏེ་ཤི་བའི་འོག་ཏུའང་བདག་ཅག་ གི་ཕྱིར་མང་ཡང་རུང་ཉུང་ཡང་རུང་སྟེ། སྦྱིན་པ་དག་བྱིན་ལ་བསོད་ནམས་དག་བྱས་ནས་དེ་གཉིས་གང་དང་གང་དུ་སྐྱེས་ཤིང་འགྲོ་བ་དེར་འདི་སོང་ཞིག་ཅེས་ཡོན་བསྔོ་བར་ཤོག་ཅིག་ ཅེས་དགའ་བའི་ཚིག་བརྗོད་དོ། །དེས་བུ་ཆགས་པར་རིག་ནས་བུའི་རིམ་གྲོ་བྱ་བའི་ཕྱིར་ཁང་བཟང་གི་སྟེང་དུ་ཉམས་རངས་སུ་བཞག་སྟེ་གྲང་བའི་ཚེ་གྲང་བའི་ཡོ་བྱད་རྣམས་དང་ [55B] སྨན་པས་བསྟན་པའི་ཟས་རྣམས་དང། ཧ་ཅང་ཁ་བ་མ་ཡིན་པ་རྣམས་དང། ཧ་ཅང་སྐྱུར་བ་མ་ཡིན་པ་རྣམས་དང། ཧ་ཅང་ལན་ཚྭ་ཆ་བ་མ་ཡིན་པ་རྣམས་ དང། ཧ་ཅང་མངར་བ་མ་ཡིན་པ་རྣམས་དང། ཧ་ཅང་རོ་ཚ་བ་མ་ཡིན་པ་རྣམས་དང། ཧ་ཅང་བསྐ་བ་མ་ཡིན་པ་རྣམས་ཏེ། ཁ་བ་དང་སྐྱུར་བ་དང་ལན་ཚྭ་དང་མངར་བ་དང་ཚ་བ་དང་བསྐ་བ་མེད་ པའི་ཟས་རྣམས་ཀྱིས་བསྟེན་ཅིང། དོ་ཤལ་དང་སེ་མོ་དོས་ལུས་རྣམ་པར་ཀླུབས་ཏེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་རྒྱུ་བ་བཞིན་དུ་ཁྲིའི་སྟེང་ནས་ཁྲིའི་སྟེང་དང། ཁྲིའུ་ སྟེང་ནས་ཁྲིའུ་སྟེང་དུ་རྒྱུ་ཞིང་འོག་གིས་གཞི་ལ་མི་འབབ་པ་དང། དེས་ཡིད་དུ་མི་འོང་བའི་སྒྲ་སྐད་ཅིའང་མི་ཐོས་པར་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་ བའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ་ འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་ [56A]༄༅། །མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱི་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི། ཕོངས་ཤིང་འདུག་སུ་ ནི༑ ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་ བབ༑ སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་བ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི། འཕགས་ པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་ དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ་སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་ རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་ སྲིད༑ ༑གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་ཉིན་དུས་གསུམ་མཚན་དུས་གསུམ་སྟེ་ཉིན་ [56B]གཟིགས་པ་དེ་བཞིན་དུ་ཉན་ཐོས་ཆེན་པོ་རྣམས་ཀྱང་ཉིན་དུས་གསུམ་མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཉན་ཐོས་ཀྱི་ མིག་གིས་འཇིག་རྟེན་ལ་ལྟ་བར་བྱེད་དེ། ཚེ་དང་ལྡན་པ་མ་འགགས་པས་ཉན་ཐོས་ཀྱི་མིག་གིས་འཇིག་རྟེན་ལ་བལྟས་ན་སྲིད་པ་ཐ་མ་པའི་སེམས་ཅན་ཞིག་གིས་ཁྱིམ་བདག་ དེའི་ཆུང་མ་ཆེན་མའི་ལྟོར་ཉིང་མཚམས་སྦྱར་བར་མཐོང་ངོ་།མཐོང་ནས་ཀྱང་བསམ་པ། སེམས་ཅན་དེ་སུས་འདུལ་བར་འགྱུར། ཅི་སངས་རྒྱས་ཀྱིས་འདུལ་བར་འགྱུར་རམ། འོན་ཏེ་ ཉན་ཐོས་ཀྱིས་འདུལ་བར་འགྱུར་ཞིག་གུ་སྙམ་པ་དང། དེ་བདག་ཉིད་ཀྱིས་འདུལ་བར་འགྱུར་བར་མཐོང་ལ། དེའང་སྔོན་ཆད་ཁྱིམ་དེའི་བསེན་ཡིན་ཏེ། དེས་ཁྱིམ་བདག་དེ་བརྟན་པོར་ བྱ་བའི་ཕྱིར་ཟླ་མེད་པ་དང། གཡོག་མེད་པར་གཅིག་པུ་ཁྱིམ་བདག་དེའི་ཁྱིམ་དུ་སོང་བ་དང། ཁྱིམ་བདག་དེས་ཚེ་དང་ལྡན་པ་མ་འགགས་པ་ཟླ་མེད་པ་དང། གཡོག་མེད་པར་གཅིག་ པུ་འོང་བ་མཐོང་ངོ། །མཐོང་ནས་ཀྱང་འཕགས་པ། ཁྱོད་ཟླ་མ་མཆིས། ཞབས་འབྲིང་མ་མཆིས་པར་གཅིག་པུ་གཤེགས་ན། འཕགས་པའི་ཞབས་འབྲིང་བགྱིད་པ་འགའ་ཡང་མ་ མཆིས་སམ་ཞེས་དྲིས་སོ། །ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ་ཁྱེད་ཅག་ལྟ་བུ་འབའ་ཞིག་ལས་རྙེད་པ་མ་གཏོགས་པར་བདག་ཅག་གིས་གུད་ན་གཡོག་ག་ལ་རྙེད་དེ། ཁྱེད་ [57A]༄༅། །ལས་རྙེད་པ་འབའ་ཞིག་བདག་ཅག་གི་གཡོག་བྱེད་པར་ཟད་དོ། །ཁྱིམ་བདག་གིས་སྨྲས་པ། འཕགས་པ། བདག་གི་མཆིས་བྲང་ལ་བུ་ཆགས་པ་མཆིས་ ཀྱི༑ དེ་ལས་གལ་ཏེ་ཁྱེའུ་ཞིག་བཙས་པར་གྱུར་ན། དེ་བདག་གིས་འཕགས་པའི་ཞབས་རིང་དུ་དབུལ་ལོ། །ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། ཁོང་དགེ་བ་དག་ནི་དམ་ བཅས་པ་ལ་བརྟན་པ་ཡིན་ནོ། །ཞེས་དེ་སྐད་སྨྲས་ནས་ཚེ་དང་ལྡན་པ་མ་འགགས་པ་སོང་ངོ། །ཁྱིམ་བདག་དེའི་ཆུང་མའང་ཟླ་བ་དྒུའམ་བཅུ་ལོན་པ་དང། ཁྱེའུ་གཟུགས་ བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་ལུས་ཐམས་ཅད་ནས་སྣ་མའི་མེ་ཏོག་གི་དྲིའི་ངད་ལྡང་སྟེ། དེས་ཁྱིམ་དེ་ཐམས་ཅད་སྣ་མའི་མེ་ཏོག་གི་དྲིས་འགེངས་ པར་བྱེད་དོ། །ཁྱེའུ་དེ་མངལ་དུ་ཞུགས་པ་དང་བཙས་པའི་ཚེའང་ཁྱིམ་དེ་ཀུན་ཏུ་སྣ་མའི་མེ་ཏོག་གི་ཆར་འབབ་བོ། །དེ་ནས་དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདི་མིང་ཅི་ སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་མའི་མངལ་དུ་ཞུགས་པ་དང། བཙས་པའི་ཚེ་ཁྱིམ་དུ་སྣ་མའི་མེ་ཏོག་གི་ཆར་འབབ་པས་ན། དེའི་ཕྱིར་ཁྱེའུ་འདིའི་ མིང་སྣ་མའི་མེ་ཏོག་ཅེས་གདགས་སོ། །དེ་ནས་ཁྱེའུ་སྣ་མའི་མེ་ཏོག་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་ [57B] །དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང། ཁོང་རྩིས་དང། ཤོད་དགོད་དང། ལག་རྩིས་དང། དབྱུང་བ་དང། སྤ་བ་དང། དགྲམ་པ་དང། གོས་བརྟག་པ་དང། ནོར་ བུ་བརྟག་པ་དང། རིན་པོ་ཆེ་བརྟག་པ་དང། སྤོས་བརྟག་པ་དང་སྨན་བརྟག་པ་དང། གླང་པོ་ཆེ་བརྟག་པ་དང། རྟ་བརྟག་པ་དང། གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་ ཀློག་མཁས་པ་དང། མཛངས་པ་དང། བྱ་བ་གསལ་བ་དང། ཡིད་གཞུངས་པ་དང། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ་།དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་མ་འགགས་པས་ ཁྱེའུ་དེ་རབ་ཏུ་དབྱུང་བའི་དུས་ལ་བབ་པར་མཐོང་ནས་ཁྱིམ་བདག་དེའི་ཁྱིམ་དུ་སོང་སྟེ་ཁྱིམ་བདག་ལ་སྨྲས་པ། ཁྱིམ་བདག་ཁྱེའུ་འདི་ནི། མ་བཙས་པའི་སྔ་རོལ་ནས་ཁྱོད་ཀྱིས་ བདག་གི་གཡོག་ཏུ་བྱིན་ཏེ། ཁོང་དགེ་བ་རྣམས་ནི། དམ་བཅས་པ་ལ་བརྟན་པ་ཡིན་ན། དེ་ཁོ་ན་ལྟར་དམ་མ་བཅས་སམ། ཁྱིམ་བདག་གིས་སྨྲས་པ། འཕགས་པ། དེ་ཁོ་ན་ལྟར་ དམ་བཅས་ལགས་སོ། །ཞེས་སྨྲས་ནས་ཁྱེའུ་དེ་ལག་པ་གཉིས་ཀྱིས་བཟུང་སྟེ་ཚེ་དང་ལྡན་པ་མ་འགགས་པ་ལ་ཕུལ་ནས་སྨྲས་པ། བུ་ཁྱོད་མ་བཙས་པའི་སྔ་རོལ་ནས་འཕགས་པ་ མ་འགགས་པ་ལ་ངས་ཕུལ་གྱི། སོང་ལ་འཕགས་པའི་ཞབས་འབྲིང་གྱིས་ཤིག་ཁྱེའུ་སྨྲས་པ། དེ་ནི། བདག་ལ་ཕན་གདགས་པ་ལགས་སོ། །ཞེས་བྱས་ནས་ཁྱེའུ་དེ་ཚེ་དང་ [58A]༄༅། །ལྡན་པ་མ་འགགས་པའི་ཕྱི་བཞིན་དུ་ཆས་སོ། །ཚེ་དང་ལྡན་པ་མ་འགགས་པས་ཀྱང་ཁྱིམ་བདག་དེ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་ དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ། །དེ་ནས་ཁྱེའུ་དེ་ཚེ་དང་ལྡན་པ་མ་འགགས་པས་ གཙུག་ལག་ཁང་དུ་ཁྲིད་ནས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ལུང་ཡང་ཕོག་གོ་དེས་ཀྱང་བརྩོན་པ་དང་སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་ མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་ སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་ རྗེད་པ་དང། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེའང་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་ལ་བསམ་གཏན་དང་རྣམ་པར་ཐར་བ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་བར་དུ་ [58B] །དེ་སྙོམས་པར་འཇུག་པ་དང། ལྡང་བ་ལ་མྱུར་ཏེ། ཁབ་ལན་རེ་འཛུགས་པའི་ཡུན་ཙམ་ལ་ཏིང་ངེ་འཛིན་གཞན་དང་གཞན་དག་ལ་སྙོམས་པར་འཇུག་ཅིང་ལྡང་ ངོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་སྣ་མའི་མེ་ཏོག་གིས་བསམ་པ། བཅོམ་ལྡན་འདས་ཀྱིས་བདག་གི་སྡུག་བསྔལ་དང་ཡིད་མི་བདེ་བ་རྣམ་པ་དུ་མ་ནི། བསལ། བདེ་བ་དང་ཡིད་ བདེ་བ་རྣམ་པ་དུ་མ་ནི། བསྒྲུབས། སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་ནི། བསལ། དགེ་བའི་ཆོས་རྣམ་པ་དུ་མ་ནི། བསྒྲུབས་ན་བདག་གིས་བཅོམ་ལྡན་འདས་ཀྱི་བཀའ་དྲིན་ ཇི་ལྟར་བསབ་པར་བྱ་སྙམ་མོ། །དེ་ནས་དེས་བསམ་པ། སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་གང་ཡང་རུང་བ་དེ་དག་ཐམས་ཅད་ནི། སེམས་ཅན་ལ་ཕན་པའི་ཕྱིར་འབྱུང་བར་ ཟད་ཀྱི། མ་ལ་བདག་གིས་ཀྱང་སེམས་ཅན་ལ་ཕན་པ་བྱའོ་སྙམ་མོ་།དེ་ནས་དེས་བདག་གིས་གདུལ་བར་འགྱུར་བ་འགའ་ལྟ་ཡོད་དམ་སྙམ་དུ་བསམ་པ་དང། དེས་ཐོག་མ་ཁོ་ནར་ ཕ་མ་གཉིས་མཐོང་ངོ། །མཐོང་ནས་ཀྱང་དེས་བསམ་པ། ཐབས་ཅི་ཞིག་གིས་དེ་གཉིས་འདུལ་བར་འགྱུར་སྙམ་པ་དང། དེས་རྫུ་འཕྲུལ་གྱིས་འདུལ་བར་རིག་ནས་རྒྱལ་བུ་རྒྱལ་བྱེད་ ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ་རང་གི་ཁྱིམ་དུ་ཕ་མ་གཉིས་ཀྱི་མདུན་ལོགས་ནས་ས་བརྟོལ་ཏེ་བྱུང་ནས་སྟེང་གི་ནམ་མཁའ་ལ་འདུག་སྟེ་འབར་བ་དང། ལམ་མེར་འདུག་པ་ [59A]༄༅། །དང། ཆར་འབེབས་པ་དང། གློག་འགྱུར་བའི་ཆོ་འཕྲུལ་རྣམས་བསྟན་ནས་བབས་ཏེ་སྟན་བཤམས་པ་ལ་འདུག་གོ་དེ་འདུག་ནས་ཕ་མ་གཉིས་ལ་དེ་ དང་མཐུན་པའི་ཆོས་བསྟན་ཏེ། དེ་ནས་ཁྱིམ་བདག་དེ་འཁོར་དང་བཅས་པས་སྟན་དེ་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་ བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ནས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ལ་གནས་པར་བྱས་ཏེ་བདེན་པ་མཐོང་ནས་སྦྱིན་པ་དག་སྦྱིན་ ཞིང་བསོད་ནམས་དག་བྱེད་པར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། སྣ་མའི་མེ་ཏོག་གིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་ པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ལ་བཙས་མ་ཐག་ཏུའང་ལུས་ཐམས་ཅད་ སྣ་མའི་མེ་ཏོག་གི་དད་ལྡང་ཞིང། མངལ་དུ་ཞུགས་པ་དང། བཙས་པའི་ཚེའང་ཁྱིམ་དུ་སྣ་མའི་མེ་ཏོག་གི་ཆར་ཕབ་ལ། འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ ཏེ་མི་མཉེས་པར་མ་བགྱིས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས་ [59B] དེས་དེ་ཁོ་ན་ལ་བརྟེན་ནས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མ་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ། འདིས་སྨོན་ལམ་གང་དུ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ་བླ་ན་མེད་པ་ པ༑ ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཝཱ་ར་ཎཱ་སི་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ་རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་ དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་དེའི་ཆུང་མ་ལ་བུ་ཆགས་ནས་དེས་ཟླ་བ་དྒུའམ་བཅུ་ལོན་པ་དང། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་སོ། །དེ་ ནས་དེ་ཆེར་སྐྱེས་པ་དང། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་དེས་ཕ་མ་ལ་གསོལ་ཏེ་རབ་ཏུ་བྱུང་ངོ། །རབ་ཏུ་བྱུང་ནས་སྡེ་སྣོད་ [60A]༄༅། །གསུམ་བསླབས་ཏེ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ནས་དེས་ཕ་མ་གཉིས་དད་པ་ཕུན་སུམ་ཚོགས་པ་ལ་བཀོད་དེ་ སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ལ་གནས་པར་བྱས་སོ། །སྦྱིན་པ་དང་སྦྱིན་པའི་བགོ་བཤའ་ལའང་བཙུད་དོ། །ཕྱི་ཞིག་ན་དེས་བསམ་པ། བདག་གིས་ཐོས་པའི་ སྒོ་ནས་བྱ་བ་གང་ཡིན་པ་དེ་ནི། བདག་གིས་བྱས་ཟིན་གྱི། མ་ལ་ད་ནི། བདག་གིས་དགེ་འདུན་གྱི་ཞལ་ཏ་བྱའོ་སྙམ་དུ་བསམ་ནས་ཕ་མ་གཉིས་དང། བྲམ་ཟེ་དང། ཁྱིམ་ བདག་དད་པ་ཅན་གཞན་དག་ལ་བསྐུལ་ཏེ་དགེ་འདུན་ལ་འབྲས་ཆན་དང་ཐུག་པ་བཏུང་བ་དང་སྐྱོ་མ་རྣམས་དང་གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ ཟོང་རྣམས་ཕུལ་ལོ། །ཁབ་ཀྱང་ཕུལ་ལོ། །དེ་བཞིན་དུ་དབུ་སྐྲ་དང་སེན་མོའི་མཆོད་རྟེན་རྣམས་ལའང་ཏིལ་མར་གྱིས་བྱུག་པ་དང་སྤོས་ཀྱིས་བྱུག་པ་དང་མར་མེའི་ཕྲེང་བ་དང་སྣ་ མའི་མེ་ཏོག་གི་ཕྲེང་བ་དང་གདུགས་ཀྱང་ཕུལ། སྣ་མའི་མེ་ཏོག་གི་སིལ་མས་ཀྱང་གཏོར་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་ བ་དེ་དང་དེར་ཕྱུག་ཅིང་ནོར་མངལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་ཤོག་ཅིག་བདག་གི་ལུས་ཐམས་ཅད་ [60B]།མངལ་དུ་ཞུགས་པ་དང་བཙས་པའི་ཚེའང་བདག་གི་ཁྱིམ་དུ་སྣ་མའི་མེ་ཏོག་གི་ཆར་འབབ་པར་ཤོག་ཅིག་ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་ བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཤེས་རབ་ཀྱང་རྣོ་བར་གྱུར་ ཅིག་བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་རྣམས་ཀྱང་ཐོབ་སྟེ་སྙོམས་པར་འཇུག་པ་དང་ལྡང་བ་ལ་མྱུར་བར་གྱུར་ཅིག་ཁབ་ལན་ རེ་འཛུགས་པའི་ཡུན་ཙམ་ལའང་ཏིང་ངེ་འཛིན་གཞན་དང། གཞན་དག་ལ་སྙོམས་པར་འཇུག་ཅིང་ལྡང་བར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་ཕ་མ་གཉིས་ཀྱིས་དེ་མཐོང་ནས་དྲིས་ པ༑ བུ། ཁྱོད་ཀྱིས་སྨོན་ལམ་ཅི་ཞིག་བཏབ། དེས་དེ་གཉིས་ལ་བདག་གིས་སྨོན་ལམ་འདི་ལྟར་བཏབ་བོ། །ཞེས་ཐམས་ཅད་བསྙད་དོ། །ཕ་མ་གཉིས་ཀྱིས་སྨྲས་པ། ཁྱོད་ཁོ་ན་བདག་ ཅག་གཉིས་ཀྱི་བུར་གྱུར་ཅིག་བདག་ཅག་གཉིས་ཀྱང་ཁྱོད་ཀྱི་ཕ་མར་གྱུར་ཅིག་ཁྱོད་ཁོ་ན་ལ་བརྟེན་ཏེ་བདག་ཅག་གཉིས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་མཉེས་པར་བྱེད་པར་ [61A]༄༅། །གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ་།དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི། སྣ་མའི་མེ་ ཏོག་འདི་ཉིད་ཡིན་ཏེ། དེ་དེར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་ཆོས་བཞིན་དུ་ཞལ་ཏ་བྱས་ཏེ་སངས་རྒྱས་དང། ཆོས་དང། དགེ་ འདུན་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ་ གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ལ། བཙས་མ་ཐག་ཏུའང་དེའི་ལུས་ཐམས་ཅད་ནས་སྣ་མའི་མེ་ཏོག་གི་དྲིའི་ངད་ལྡང་བར་གྱུར་པ་དང། མངལ་དུ་ ཞུགས་པ་དང། བཙས་པའི་ཚེའང་དེའི་ཁྱིམ་དུ་སྣ་མའི་མེ་ཏོག་གི་ཆར་བབ་སྟེ། དགེ་སློང་དག། ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་རྙེད་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ལ། ཤེས་རབ་རྣོ་བར་གྱུར་ཏེ་བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང་ [61B]ལྡང་བ་ལ་མྱུར་བར་གྱུར་ཏེ། ཁབ་ལན་རེ་འཛུགས་པའི་ཡུན་ཙམ་ལའང་ཏིང་ངེ་འཛིན་གཞན་དང། གཞན་དག་ལ་སྙོམས་ པར་འཇུག་ཅིང་ལྡང་བར་བྱེད་དོ། །དེའི་ཚེ་ཕ་མར་གྱུར་པ་དེ་གཉིས་ནི། ཕ་མ་འདི་གཉིས་ཡིན་ཏེ། དེ་གཉིས་ཀྱིས་དེར་སྨོན་ལམ་བཏབ་སྟེ། ཁྱོད་ཁོ་ན་ལ་བརྟེན་ནས་བདག་ཅག་གཉིས་ ཀྱིས་ཤཱཀྱའི་རྒྱལ་པོ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པས་ད་ལྟར་འདི་ཁོ་ན་ལ་བརྟེན་ཏེ་འདི་གཉིས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་ པར་མ་བྱས་སོ།། །།ང་ལ་བྱིན་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་ བཟེད་བསྣམས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་པ་ལས་དེར་བཅོམ་ལྡན་འདས་ལ་ཁྱིམ་བདག་ཅིག་གིས་རོ་བརྒྱ་དང་ལྡན་པའི་ལ་དུ་འགྲངས་ཚད་ཅིག་ཕུལ་བ་ དང༑ དེའི་ཚེ་བྲམ་ཟེའི་ཁྱེའུ་ཞིག་བཅོམ་ལྡན་འདས་ཀྱི་དྲུང་ནས་ཐག་མི་རིང་བ་ཞིག་ན་འགྲེང་སྟེ། བཅོམ་ལྡན་འདས་ལ་ཁྱིམ་བདག་དེས་རོ་བརྒྱ་དང་ལྡན་པའི་ལ་དུ་འགྲངས་ཚད་ཅིག་ ཕུལ་བ་བྲམ་ཟེའི་ཁྱེའུ་དེས་མཐོང་ངོ། །མཐོང་ནས་ཀྱང་བྲམ་ཟེའི་ཁྱེའུ་དེ། ལ་དུ་དེ་ལ་ཆགས་པ་སྐྱེས་ནས་དེ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་སྨྲས་པ། ཀྱེ་གོའུ་ཏ་མ། ལ་དུ་འོ་ནི་ [62A]༄༅། །ང་ལ་བྱིན་ཅིག་ཅེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་དེ་ལ་བཀའ་སྩལ་པ། ཁྱེའུ། གལ་ཏེ་ཁྱོད་ཀྱིས་འདི་སྐད་དུ། ལ་ཏུ་འདི་བདག་ལ་མི་ དགོས་སོ། །ཞེས་བྱས་ན་ནི། དེའི་འོག་ཏུ་ངས་སྦྱིན་ནོ། །དེ་ནས་དེས་ཀྱེ་གཽ་ཏ་མ། ལ་དུ་འདི་བདག་ལ་མི་དགོས་སོ། །ཞེས་སྨྲས་སོ། །དེ་སྐད་ཅེས་སྨྲས་ནས་བཅོམ་ལྡན་འདས་ཀྱིས་ བྲམ་ཟེའི་ཁྱེའུ་དེ་ལ་ལ་དུ་དེ་བྱིན་ནོ། །དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་ཀྱི་དྲུང་ནས་ཐག་མི་རིང་བ་ཞིག་ན་འདུག་པ་དེས་བསམ་པ། བཅོམ་ལྡན་ འདས་ནི། བསོད་སྙོམས་གཞན་བཞེས་མི་སྲིད་དེ། དེ་ནི། གནས་མེད་ཅིང་སྐབས་མ་ཡིན་ནོ་སྙམ་དུ་རིག་ནས་བྲམ་ཟེའི་ཁྱེའུ་དེ་གུད་དུ་བཀར་ཏེ་བྲམ་ཟེའི་ཁྱེའུ་ལ་སྨྲས་པ་ བྲམ་ཟེའི་ཁྱེའུ། ལ་དུ་འོ་ནི། བཅོམ་ལྡན་འདས་ལ་ཕྱིར་ཕུལ་ཅིག་དང་བདག་གིས་ཁྱོད་ལ་ཀརཤ་པ་ཎ་ལྔ་བརྒྱ་སྦྱིན་ནོ། །བྲམ་ཟེའི་ཁྱེའུ་སྨྲས་པ། ཁྱིམ་བདག། ཁྱོད་ཅི་ལྟར་ དགའ་བ་དེ་བཞིན་དུ་བྱའོ། །ཞེས་བྱས་ནས་བྲམ་ཟེའི་ཁྱེའུ་དེས་ལ་དུ་དེ་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་ཀྱི་ནང་དུ་བཅུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་བསོད་སྙོམས་དེ་ བཞེས་ནས་གཙུག་ལག་ཁང་དུ་གཤེགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཀྱང་བྲམ་ཟེའི་ཁྱེའུ་དེ་ཁྱིམ་དུ་ཁྲིད་དེ་ཟན་བྱིན་ནས་ཀརཤ་པ་ཎ་ལྔ་བརྒྱ་བྱིན་ཏེ་ [62B] །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཀྱེ་མ་བྲམ་ཟེའི་ཁྱེའུ་འདིས་བཅོམ་ལྡན་འདས་ལས་ལ་དུ་བླངས་པ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་མ་ སྩལ་ལ༑ གང་གི་ཚེ་དེས་ཀྱེ་གཽ་ཏ་མ། ལ་ཏུ་འདི་བདག་ལ་མི་དགོས་སོ། །ཞེས་སྨྲས་པ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་ལ་ལ་དུ་སྩལ་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ༑ དགེ་སློང་དག་བྲམ་ཟེའི་ཁྱེའུ་དེས་ནི། ཚེ་རབས་སྟོང་ཕྲག་དུ་མར་བླང་བའི་འདུ་ཤེས་འབའ་ཞིག་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ནས་འདི་རྟག་ཏུ་གཞན་འབའ་ ཞིག་ལ་རེ་བར་གྱུར་པས་ངས་འདི་ད་ལྟར་ལ་དུས་བྲིད་ནས་བླང་བའི་འདུ་ཤེས་ལས་བཟློག་སྟེ། འདི་ཉིད་འདིའི་རབ་ཏུ་འབྱུང་བ་དང། ཕུང་པོ་ཡོངས་སུ་སྤོང་བའི་རྒྱུར་འགྱུར་རོ། །བཙུན་ པ༑ བྲམ་ཟེའི་ཁྱེའུ་འདིའི་ཕུང་པོ་གང་དུ་ཡོངས་སུ་སྤོང་བར་འགྱུར་ལགས། དགེ་སློང་དག་མ་འོངས་པའི་དུས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པའི་ཡང་དག་ པར་རྫོགས་པའི་སངས་རྒྱས་རི་བོ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། དེའི་གསུང་རབ་ལ་འདིས་མིར་སྐྱེ་བ་ཐོབ་ནས་རྒྱུ་འདི་ཁོ་ནས་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ།། །།ལས་བརྒྱ་ཐམ་པ་བམ་པོ་བཞི་པ། འདུས་མོ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ་ [63A]༄༅། །དེའི་ཚེ་ཡུལ་ཏཀྵེ་ཤཱ་ལ་ན་རྒྱལ་པོ་པདྨའི་སྙིང་པོ་ཅན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་བ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་སྐྱེ་བོ་ དང་མི་མང་པོས་གང་བ་དང། རྩོད་པ་དང་འཐབ་པ་ཞི་བ་དང། འཁྲུག་པ་དང་ནང་འཁྲུག་དང་ཆོམ་རྐུན་དང་མུ་གེ་དང་ནད་རྣམས་མེད་པ་དང། འབྲས་སཱ་ལུ་དང་བུ་རམ་ཤིང་དང་བ་ ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ། བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ། །དེ་ནས་དེ་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་ སྤྱོད་པ་ལས། བཙུན་མོ་ལ་བུ་ཆགས་ནས་དེའི་ཡིད་ལ་གཞུང་སྨྲ་བ་རྣམས་དང་ལྷན་ཅིག་ཏུ་རྩོད་ཀྱང་ཅི་མ་རུང་སྙམ་དུ་ཡིད་ལ་འདོད་པ་དེ་ལྟ་བུ་ཞིག་སྐྱེས་སོ། །དེ་ནས་རྒྱལ་པོས་དེ་ ཐོས་མ་ཐག་ཏུ་ལྟས་མཁན་རྣམས་ལ་བསྟན་ཏེ་ལྟས་མཁན་རྣམས་ན་རེ། ལྷ༑ འདི་ནི། ལྟོ་ན་མཆིས་པའི་སེམས་ཅན་དེའི་མཐུ་ལགས་ཏེ་དེས་ནི། བསྟན་བཅོས་ཐམས་ཅད་ རྟོགས་པར་འགྱུར་ལ་གཞུང་སྨྲ་བ་ཐམས་ཅད་ཚར་གཅོད་པར་འགྱུར་ཏེ། དེའི་སླད་དུ་འདིའི་ཡིད་ལ་འདོད་པ་དེ་ལྟ་བུ་སྐྱེས་པ་ལགས་སོ་།ཞེས་ཟེར་རོ། །རྒྱལ་པོས་སྨྲས་པ། ཤེས་ ལྡན་དག་གལ་ཏེ་བཙུན་མོའི་ཡིད་ལ་འདོད་པ་སྐྱེས་པ་དེ་མ་བསལ་ན། དེ་ཅིར་འགྱུར། ལྟས་མཁན་རྣམས་ཀྱིས་སྨྲས་པ། སྲས་དེ་ཡན་ལག་མ་ཚང་བར་སྐྱེ་བར་འགྱུར་ལགས་ [63B] ༑དེ་ནས་རྒྱལ་པོས་བསམ་པ། བདག་གི་བུ་ཡིན་ལ་ཡན་ལག་མ་ཚང་བར་གྱུར་ན་མི་རུང་ངོ་སྙམ་ནས་བཙུན་མོ་ཡོལ་བའི་ནང་དུ་བཞག་སྟེ་གཞུང་སྨྲ་བ་ཐམས་ཅད་བསགས་ནས་ གཟུ་བོ་རྣམས་ཀྱང་བསྐོས་ཏེ་གཞུང་གིས་རྩོད་དུ་བཅུག་གོ་དེ་ནས་དེས་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་ནས་དེའི་ཡིད་ལ་འདོད་པ་སྐྱེས་པ་དེ་མེད་པར་གྱུར་ཏོ། །དེ་ནས་དེ་ཟླ་བ་ དྒུའ་མ་བཅུ་ལོན་པ་དང་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་དེའི་བཙས་སྟོན་རྒྱས་པར་བྱས་ཏེ། བུ་མོ་འདིའི་མིང་ཅི་སྐད་གདགས་ཞེས་མིང་འདོགས་ པར་བྱེད་དེ། བུ་མོ་འདིས་མས་འདུས་པའི་ནང་དུ་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་པས་ན། བུ་མོ་འདིའི་མིང་འདུས་མོ། །ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་འདུས་མོ་པང་ན་ འཚོ་བའི་མ་མ་གཉིས་དང། ནུ་མ་སྣུན་པའི་མ་མ་གཉིས་དང། དྲི་མ་འཁྲུ་བའི་མ་མ་གཉིས་དང། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས་དེ་སྲེད་མེད་ཀྱི་བུའི་ལག་ན་ཐོགས་ པའི་རྨ་བྱའི་མདོངས་དང། སྲུང་བའི་སྲད་བུ་དང། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་སྙིང་ཁུས་བསྐྱེད་བ་སྲིང་ཏེ་མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་ དེ་གང་གི་ཚེ་དེ་ཆེན་མོར་གྱུར་པ་དེའི་ཚེ་དེ་རྒྱལ་པོའི་ཕོ་བྲང་དེ་ཉིད་དུ་ཡོལ་བའི་ནང་དུ་བཞག་ནས་ཡི་གེ་བསླབས་སོ། །དེ་ཡི་གེ་བྱང་ནས་དེས་ཡོལ་བའི་ནང་འབའ་ཞིག་ཏུ་བསྟན་ [64A]༄༅། །བཅོས་ཐམས་ཅད་བསླབས་ནས་ཡུལ་ཏཀྵ་ཤཱི་ལ་དེར་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོས་བུ་མོ་དེ་ལ་དྲིས་པ། ཁྱོད་ངས་སུ་ལ་ སྦྱིན་པར་བྱ། བུ་མོས་སྨྲས་པ། སུས་གཞུང་བརྩད་པས་བདག་ཐུབ་པར་ནུས་ལ་དེ་ལ་སྩལ་བར་གསོལ། དེ་ནས་རྒྱལ་པོས་དེ་ཐོས་ནས་འདིས་འདི་ལྟ་བུའི་ཚིག་སྨྲས་པ་ལས་ན་ བུ་མོ་འདི་ནི། ངས་གཞུང་སྨྲ་བ་གང་གིས་འདི་ཐུབ་པ་དེ་འབའ་ཞིག་ལ་སྦྱིན་པར་བྱའི། བྱད་གཟུགས་བཟང་བ་ལའང་མི་སྦྱིན་རིགས་མཐོ་བ་ལ་རང་མི་སྦྱིན། དབང་ཕྱུག་ དང་ལྡན་པ་ལའང་མི་སྦྱིན་ནོ། །ཞེས་ཟེར་རོ། །དེ་ནས་དེའི་སྒྲ་དེ་ཀུན་ཏུ་གྲགས་ནས་དེ་ཐོས་མ་ཐག་ཏུ་ཕྱོགས་ཀུན་ནས་གཞུང་སྨྲ་བ་རྣམས་ལྷག་པ་ལས་བུ་མོ་དེས་ཐམས་ཅད་ ཚར་བཅད་དོ། །དེ་ནས་དེའི་ཚེ་ལྷོ་ཕྱོགས་ན་གཞུང་སྨྲ་བ་རིའུ་ཞེས་བྱ་བ་བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པ། གཙུག་ལག་ཆེ་བ། གཙུག་ལག་ལ་འབྱམས་པ། གཟུགས་ བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཁ་དོག་ཤིན་ཏུ་རྒྱས་པ་དང་ལྡན་པ་ཞིག་གནས་པ་དེས་ཡུལ་ཏཀྵ་ཤཱི་ལའི་རྒྱལ་པོ་པདྨའི་སྙིང་པོའི་སྲས་མོས་གཞུང་སྒྲ་བ་ཐམས་ཅད་ ཚར་བཅད་ལ་དེའི་ཡབ་ཀྱིས་ཀྱང་དེ་ལྟ་བུར་དམ་བཅས་སོ། །ཞེས་ཐོས་སོ། །དེ་ཐོས་མ་ཐག་ཏུ་དེ་ཡ་མཚན་དུ་གྱུར་ཏེ་བདག་དེར་སོང་ལ་དེ་ཅི་ཤེས་པ་བལྟའོ་སྙམ་མོ། །དེ་ནས་ [64B]གྲོང་རྡལ་དང་ནགས་ཁྲོད་ཀྱི་གྲོང་དང་ཡུལ་པོ་ཆེ་རྣམས་སུ་རྒྱུ་ཞིང་གཞུང་སྨྲ་བ་རྣམས་ཀྱང་ཚར་གཅོད་པར་བྱེད་པ་ལས་མཐར་གྱིས་ཡུལ་ ཏཀྵེ་ཤཱ་ལར་ཕྱིན་ནས་དེས་རྒྱལ་པོ་པདྨའི་སྙིང་པོ་ཅན་གྱི་ཐད་དུ་སོང་ནས་སྨྲས་པ། བདག་གིས་ཐོས་ན་ལྷའི་སྲས་མོས་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་ཅེས་གདའ་ན། བདག་གིས་ཀྱང་ མཁན་པོ་ལས་བསྟན་བཅོས་བསླབས་པ་དག་མཆིས་པས་བདག་ཀྱང་དེ་དང་བཀའ་མཆིད་བགྱི་བར་འཚལ་ལོ། །རྒྱལ་པོས་སྨྲས་པ། ཁྱོད་ཇི་ལྟར་དགའ་བ་བཞིན་དུ་བྱའོ། །ཞེས་སྨྲས་ ནས་རྒྱལ་པོ་དེས་གཞུང་སྨྲ་བའི་འཁོར་བསགས་ཏེ་སོ་སོའི་གཞུང་བཙུགས་ནས་བུ་མོ་དེ་ཡོལ་བའི་ནང་དུ་བཞག་སྟེ། བུ་མོ་དེས་གཞུང་སྨྲ་བའི་རིའུ་ཞེས་བྱ་བ་གཟུགས་བཟང་ཞིང་ བལྟ་ན་སྡུག་ལ་མཛེས་པ། ཁ་དོག་རྒྱས་པ་མཆོག་དང་ལྡན་པ་མཐོང་ནས་དེ་མཐོང་མ་ཐག་ཏུ་འདོད་ཆགས་ཀྱི་མདས་ཕོག་སྟེ། དེས་བསམ་པ། བདག་གིས་ཁྱིམ་ཐབ་འདི་འདྲ་བ་ག་ལས་ ཀྱང་མི་རྙེད་ཀྱི། འདི་ཁོ་ན་བདག་གི་ཁྱིམ་ཐབ་ཏུ་བྱ་དགོས་ཀྱི་གཞན་ནི་མི་འདོད་དོ་སྙམ་དུ་བསམ་ནས་དེས་ཅི་ནས་གཞུང་སྨྲ་བ་དེས་བདག་ཐུབ་པར་འགྱུར་བ་དེ་ལྟར་བྱས་སོ། །དེ་ནས་ རྒྱལ་པོས་བསམ་པ། བདག་གིས་དམ་བཅས་པ་ལ་གཞུང་སྨྲ་བ་གང་གིས་འདི་ཐུབ་པར་འགྱུར་བ་དེ་ལ་བདག་གིས་འདི་སྦྱིན་པར་བྱའི་བདག་གིས་འདི་བྱད་གཟུགས་བཟང་བ་ལའང་ [65A]༄༅། །མི་སྦྱིན༑ རིགས་མཐོ་བ་ལའང་མི་སྦྱིན། དབང་ཕྱུག་དང་ལྡན་པ་ལའང་མི་སྦྱིན་ནོ། །ཞེས་དམ་བཅས་པ་ལས། འདིས་འདི་ཐུབ་པར་གྱུར་ལ་འྡིའང་གཟུགས་བཟང་ ཞིང་བལྟ་ན་སྡུག་ལ་མཛེས་ཏེ། བདག་གིས་འདི་ལས་ལྷག་པ་གུད་ནས་གཞུང་སྨྲ་བ་ཆེས་ཁྱད་པར་དུ་འཕགས་པ་མི་རྙེད་ཀྱི། མ་ལ་བདག་གིས་འདི་ཁོ་ན་ལ་སྦྱིན་པར་བྱའོ་སྙམ་ དུ་བསམ་ནས་ཁྱིམ་པ་རྣམས་ཀྱི་ཁྱིམ་པའི་ཆོས་གང་ཡིན་པ་དེ་བཞིན་དུ་བྱས་ཏེ། བུ་མོ་དེ་དེ་ལ་བྱིན་ནས་དབང་ཕྱུག་ཆེན་པོར་ཡང་བསྐོས་སོ། །དེའང་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་ དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་བུ་མོ་དེ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་ བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་རུས་ཀཱ་ཏྱཱ་ཡ་ན་ཡིན་ལ་འདུས་མོའི་བུ་ཡིན་པས་ན་འདུས་པའི་ཀཱ་ཏྱཱ་ཡ་ ན་ཞེས་གདགས་སོ། །ཞེས་ཟེར་རོ། །དེ་ནས་ཁྱེའུ་འདུས་པའི་ཀཱ་ཏྱཱ་ཡ་ན་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་ དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང། བྲམ་ཟེའི་སྤྱོད་ལམ་དང། སྤྱོད་པ་དང། ཨོ་ཞེས་བྱ་བ་དང། བཧོ་ཞེས་བྱ་བ་དང། གཙང་སྦྲ་དང། ཆོ་ག་དང་ [65B] རིལ་བ་ཐོགས་པ་དང། ངེས་བརྗོད་ཀྱི་རིག་བྱེད་དང། མཆོད་སྦྱིན་གྱི་རིག་བྱེད་དང། སྙན་ཚིག་གི་རིག་བྱེད་དང། སྲིད་སྲུང་གི་རིག་བྱེད་དང། མཆོད་སྦྱིན་བྱ་བ་དང་མཆོད་སྦྱིན་ བྱེད་དུ་གཞུག་པ་དང། སྦྱིན་པ་དང། བླང་བ་དང། ཁ་ཏོན་བྱ་བ་དང། ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས་ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་ གནས་བཅོ་བརྒྱད་ལ་བྱང་བར་གྱུར་ཏོ། །དེས་ལོ་བཅུ་དྲུག་ལོན་ནས་བསྟན་བཅོས་ཐམས་ཅད་རྟོགས་ཏེ་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་ནས་དེའི་བློ་འདི་ལྟ་བུ་ཞིག་སྐྱེས་ཏེ། ཛམྦུའི་གླིང་ན་ བདག་དང་མཉམ་པའང་མེད་ན། ལྷག་པ་ལྟ་ཅི་སྨོས་སྙམ་དུ་རློམ་པ་དེས་སྐྱེ་བོ་ཕལ་པོ་ཆེ་ལ་ཁྱད་དུ་གསོད་པར་བྱེད་དོ། །དེ་ནས་དགེ་བསྙེན་ཞིག་གིས་དེ་ལ་སྨྲས་པ། ཁྱེའུ། ཁྱོད་བདག་ དང་མཉམ་པ་སུའང་མེད་ན། ལྷག་པ་ལྟ་ཅི་སྨོས་སྙམ་དུ་རློམ་པ་འདིས་རྒྱགས་པར་མ་བྱེད་ཅིག་ཁྱེའུ་ཡུལ་དབུས་ན་ཤཱཀྱའི་བུ་ཞིག་སྐྱེས་པ་དེ་བྲམ་ཟེ་ལྟས་མཁན་བྱེ་བྲག་ཕྱེད་པ་རྣམས་ ཀྱིས་ལུང་བསྟན་ཏེ། གལ་ཏེ་ཁྱིམ་ན་གནས་ན་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་ཆོས་གོས་ཚོན་ཅན་བགོས་ནས་ཡང་དག་པའི་དད་པ་ཁོ་ནས་ ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་སྒྲ་ཆེར་གྲགས་པར་འགྱུར་རོ། །ཞེས་ལུང་ [66A]༄༅། །བསྟན་པ་ལས། དེ་སྐྲ་དང་ཁ་སྤུ་བྲེགས་ཏེ་ཆོས་གོས་ཚོན་ཅན་བགོས་ནས་ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ་ནི། ཁྱོད་ཀྱི་གཟུགས་དང་ཤེས་རབ་ཀྱིས་ཀྱང་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆར་ཡང་མི་ཕོད། འབུམ་གྱི་ཆར་ཡང་མི་ ཕོད༑ ཁྲག་ཁྲིག་གི་ཆར་ཡང་མི་ཕོད་དེ། གྲངས་སུ་བགྲང་དུའང་མེད་དོ། །ཞེས་བྱས་སོ། །དེ་ནས་ཁྱེའུ་དེས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་མ་ཐོས་པ་ཐོས་ནས་སྤུ་ཐམས་ཅད་ཟིང་ ཞེས་བྱས་ཏེ་ལྟ་འདོད་པར་གྱུར་ཏོ། །དེ་ནས་དེས་ཕ་མ་ལ་གསོལ་ཏེ་ཡབ་ཡུམ། བདག་ཡུལ་དབུས་སུ་མཆིས་ཏེ། བཅོམ་ལྡན་འདས་དེའི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ གྱི༑ གནང་བར་མཛད་དུ་གསོལ་ཞེས་བྱས་སོ། །དེ་ནས་ཕ་མ་གཉིས་ཀྱིས་བསམ་པ། འདི་ནི། བདག་ཅག་གིས་བཟློག་པར་མི་ནུས་སོ་སྙམ་དུ་རིག་ནས་སྨྲས་པ། སྡོད་ཅིག་དང་བདག་ ཅག་གཉིས་ཀྱིས་ཁྱིམ་གྱི་འཁོར་བཏང་ནས་དེའི་འོག་ཏུ་ལྷན་ཅིག་ཏུ་དོང་ལ་བཅོམ་ལྡན་འདས་དེའི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་བྱའོ། །ཞེས་དེ་སྐད་སྨྲས་ནས་དེ་གཉིས་ཀྱིས་ ཁྱིམ་གྱི་འཁོར་བཏང་སྟེ་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས་ཡུལ་དབུས་སུ་དོང་སྟེ། དེ་དག་མཐར་གྱིས་དོང་དོང་བ་ལས་རྒྱལ་པོའི་ཁྱིམ་དུ་ཕྱིན་ནས་དེ་དག་བཅོམ་ [66B] ཁྱེའུ་དེ་དང་དེའི་ཕ་མ་གཉིས་ཀྱིས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་ པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་ སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་ བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི། ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ ལའང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་པ་དང། བག་ལ་ ཉལ་བ་དང། ཁམས་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་རྣམས་ཀྱིས་སྟན་དེ་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ [67A]༄༅། །ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་འདས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་རྣམས་ཀྱིས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་ འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་དེ་གཉིས་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་མཛད་དོ། །དེ་གཉིས་ལ་ལུང་ཡང་ཕོག་སྟེ། དེ་གཉིས་ཀྱིས་ཀྱང་བརྩོན་པ་དང་ སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་ བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ་རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་ [67B] །དེ་ནས་འདུས་མོའང་བཅོམ་ལྡན་འདས་ཀྱིས་སྐྱེ་རྒུའི་བདག་མོ་ཆེན་མོ་གཽ་ཏ་མི་ལ་གཏད་ནས་དེའང་དེས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ ལུང་ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ ལ་ཞུས་པ། བཙུན་པ། འདུས་པའི་ཀཱ་ཏྱཱ་ཡ་ནས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ་གཟུགས་བཟང་ཞིང་བལྟ་ན་སྡུག་ ལ་མཛེས་པ་དང། བསྟན་བཅོས་ཐམས་ཅད་རྟོགས་ཏེ་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་ལ། འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་པ་དང། བཅོམ་ ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་དང། དེའི་ཕ་མ་གཉིས་ཀྱང་གཞུང་སྨྲ་བའི་མཆོག་ཏུ་གྱུར་ཏེ། འདི་ཉིད་ ལ་བརྟེན་ནས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ། འདི་རྣམས་ཀྱིས་གང་དུ་སྨོན་ལམ་བཏབ་ལགས། བཅོམ་ལྡན་ [68A]༄༅། །འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་ པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཝཱ་ར་ཎཱ་སི་ན་བྲམ་ཟེ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ་ མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་ཆེར་སྐྱེས་ནས་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་ཕ་མ་གཉིས་ལ་གསོལ་ ཏེ༑ ཡབ་ཡུམ། བདག་ཅག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བར་གནང་བར་མཛད་དུ་གསོལ་ཞེས་བྱས་སོ། །དེ་ནས་ཕ་མ་གཉིས་ཀྱིས་དེ་ལ་སྨྲས་པ། བུ་ཁྱོད་བདག་ཅག་ གཉིས་ཀྱི་བུ་གཅིག་པ་སྡུག་ཅིང་ཡིད་དུ་འོང་ལ་ཕོངས་པ་དང་མཐུན་པར་བྱེད་པ་ཡིན་པས་ན་བདག་ཅག་གཉིས་ཀྱིས་ཀྱང་གནང་བར་བྱར་མི་རུང་ངོ། །ཞེས་བྱས་སོ། །འོན་ཀྱང་དེ་ཕ་མ་ [68B]ཀྱིས་གནང་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཏེ། དེས་ སྡེ་སྣོད་གསུམ་བསླབས་ནས་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ཏེ། གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་རྙེད་དོ། །དེ་ནས་དེས་ ཕ་མ་གཉིས་དད་པ་ཕུན་སུམ་ཚོགས་པ་ལ་བཀོད་དེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ལ་གནས་པར་བྱས་ནས་དེ་གཉིས་སྦྱིན་པ་དང་སྦྱིན་པའི་བགོ་བཤའ་ལ་བཙུད་དོ། །དེ་ ནས་ཕྱི་ཞིག་ན་དེས་བསམ་པ། བདག་གིས་ཐོས་པའི་སྒོ་ནས་བྱ་བ་གང་ཡིན་པ་དེ་ནི། བདག་གིས་བྱས་ཟིན་གྱི། མ་ལ་ད་ནི། བདག་གིས་དགེ་འདུན་གྱི་ཞལ་ཏ་ཆོས་བཞིན་དུ་བྱའོ་སྙམ་ནས་ དེས་ཕ་མ་གཉིས་དང། སྦྱིན་བདག་དང། སྦྱིན་པ་པོ་གཞན་དག་ལ་བསྐུལ་ནས་བཅོམ་ལྡན་འདས་འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བཤོས་གསོལ་ཏེ་དབུ་སྐྲ་དང་སེན་མོའི་མཆོད་ རྟེན་རྣམས་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པ། སྐྱེ་མ་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་ གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་ཤོག་ཅིག། ཅེས་བྱས་སོ། །དེ་གང་ལས་རབ་ཏུ་བྱུང་བའི་མཁན་པོ་དེས་ནི། ལོ་བཅུ་དྲུག་ལོན་པ་ན་བསྟན་བཅོས་ཐམས་ཅད་རྟོགས་ནས་གཞུང་སྨྲ་ [69A]༄༅། །པ་ཐམས་ཅད་ཀྱང་ཚར་བཅད་དོ། །དེ་བཞིན་དུ་དེའི་ཕ་མ་གཉིས་ཀྱང་གཞུང་སྨྲ་བའི་མཆོག་ཏུ་གྱུར་ཏེ་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་དོ། །དེ་ནས་དེས་ སྨྲས་པ༑ ཇི་ལྟར་ན་བདག་གི་མཁན་པོས་ལོ་བཅུ་དྲུག་ལོན་པ་ན་བསྟན་བཅོས་ཐམས་ཅད་རྟོགས་ནས་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་པ་དང། དེ་བཞིན་དུ་དེའི་ཕ་མ་གཉིས་ ཀྱང་གཞུང་སྨྲ་བའི་མཆོག་ཏུ་གྱུར་ཏེ། དེ་གཉིས་ཀྱིས་ཀྱང་གཞུང་སྨྲ་བ་ཐམས་ཅད་ཚར་བཅད་པ་དེ་བཞིན་དུ་བདག་གིས་ཀྱང་ལོ་བཅུ་དྲུག་ཁོ་ན་ལོན་པ་ན་བསྟན་བཅོས་ཐམས་ཅད་ རྟོགས་པར་གྱུར་ཅིག་གཞུང་སྨྲ་བ་ཐམས་ཅད་ཚར་གཅོད་པར་གྱུར་ཅིག་དེ་བཞིན་དུ་བདག་གི་ཕ་མ་གཉིས་ཀྱང་གཞུང་སྨྲ་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་ཅིག་ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་ བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་དེ་སྨོན་ ལམ་འདེབས་ཤིང་འདུག་པ་ཕ་མ་གཉིས་ཀྱིས་མཐོང་ནས་དེ་གཉིས་ཀྱིས་དེ་ལ་དྲིས་པ། བུ། ཁྱོད་ཀྱིས་སྨོན་ལམ་ཅི་ཞིག་བཏབ། དེ་ནས་དེས་ཕ་མ་གཉིས་ལ་བདག་གིས་སྨོན་ [69B] །ཞེས་རྒྱས་པར་བསྙད་དོ། །ཕ་མ་གཉིས་ཀྱིས་སྨྲས་པ། དེའི་ཚེ་བདག་ཅག་གཉིས་ཁྱོད་ཀྱི་ཕ་མ་གཞུང་སྨྲ་བའི་མཆོག་ཏུ་གྱུར་ཅིག་ཁྱོད་ཀྱང་བདག་ཅག་གཉིས་ ཀྱི་བུར་གྱུར་ཅིག་ཁྱོད་ཁོ་ན་ལ་བརྟེན་ཏེ་བདག་ཅག་གཉིས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་དུ་གྱུར་བ་གང་ཡིན་པ་དེ་ནི། འདུས་པའི་ཀཱ་ཏྱ་ཡ་ན་འདི་ཉིད་ཡིན་ནོ། །དེའི་ཚེ་དེའི་ཕ་མར་གྱུར་པ་གཉིས་ནི། ཕ་མ་འདི་ ཉིད་ཁོ་ན་ཡིན་ནོ། །དེས་དེར་སྦྱིན་པ་དག་བྱིན་ཅིང་བསོད་ནམས་དག་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང། བསྟན་བཅོས་ཐམས་ཅད་ཀྱང་རྟོགས་ལ་གཞུང་སྨྲ་བ་ཐམས་ཅད་ཀྱང་ཚར་བཅད་དེ། དགེ་སློང་ དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་ [70A]༄༅། །མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཕ་ མ་དེ་གཉིས་ཀྱིས་དེར་སྨོན་ལམ་བཏབ་སྟེ། བདག་ཅག་གཉིས་ཁྱོད་ཀྱི་ཕ་མ་གཞུང་སྨྲ་བའི་མཆོག་ཏུ་གྱུར་ཅིག་ཁྱོད་ལ་བརྟེན་ཏེ་བདག་ཅག་གཉིས་ཀྱིས་སངས་རྒྱས་བཅོམ་ལྡན་ འདས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པ་དེས་ནི། ད་ལྟར་ཡང་འདི་གཉིས་གཞུང་སྨྲ་བའི་མཆོག་ཏུ་གྱུར་ཏེ། འདི་ཉིད་ལ་བརྟེན་ ནས་འདི་གཉིས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་ དུ་བྱས་སོ།། །།ཚེམ་བུ་མཁན་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གནས་པ་ལས་ཕྱི་ཞིག་ན་དེའི་ ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་ཞིག་བཅས་ཏེ། ཁྱེའུ་དེའང་འཕྱེ་བོ་འགྲོ་མི་ནུས་པ་ཞིག་ཏུ་གྱུར་ཏེ་དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་ མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་འཕྱེ་པོ་ཡིན་པས་ན་ཁྱེའུ་འདིའི་མིང་འཕྱེ་བོར་གདགས་སོ། །དེ་ནས་ཁྱེའུ་འཕྱེ་བོ་འོ་མ་དང་ཞོ་དང་མར་དང་ཞུན་མར་ [70B] དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཕས་བསམ་པ། བདག་གིས་ཁྱེའུ་འདི་ཅི་ནས་འདུག་བཞིན་དུ་ལས་བྱེད་ཅིང། བཟོ་དེས་འཚོ་བ་རྙེད་པར་འགྱུར་བའི་ བཟོ་ཇི་ལྟ་བུ་ཞིག་བསླབ་པར་བྱ་སྙམ་མོ། །དེ་ནས་དེས་བསམ་པ་མ་ལ་བདག་གིས་འདི་ཚེམ་བུ་མཁན་གྱི་ལས་བསླབས་པ་དང་དེས་འདིའི་འཚོ་བ་རྙེད་པར་འགྱུར་རོ་སྙམ་དུ་བསམ་ནས་ དེས་ཁྱེའུ་དེ་ཚེམ་བུ་མཁན་གྱི་ལས་སློབ་ཏུ་བཅུག་གོ་དེ་ནས་དེའང་དེ་ལ་སློབ་དཔོན་གྱི་མཆོག་ཏུ་གྱུར་ཏོ། །དེ་ནས་དུས་སྟོན་ཞིག་བྱེད་པ་ན་ཁྱིམ་བདག་གཞན་ཞིག་གིས་ཆུང་མའི་ཕྱིར་ གཞན་གྱི་ཁྱིམ་ནས་གོས་དང་རྒྱན་གཡར་བོར་བླངས་ནས་ཁྱེར་ཏེ་འོངས་ཏེ་ཆུང་མ་དེས་ཀྱང་བགོས་ནས་དུས་སྟོན་ལ་ཆས་ཏེ་སོང་ངོ། །དེ་ནས་དེ་བག་མེད་པས་དེའི་ཞུ་གཅིག་གིས་དྲལ་ཏོ།། དེ་ནས་དེ་ཁྱིམ་ཐབ་ཀྱིས་འཇིགས་ནས་སུ་ལའང་མ་བསྟན་ཏེ་དུས་སྟོན་ལས་ཕྱིར་ལོག་ནས་ཁྱིམ་བདག་དེ་གྲོང་གཞན་ཞིག་ཏུ་སོང་ངོ། །དེ་སོང་ནས་བུད་མེད་དེས་ཚེམ་བུ་མཁན་དེ་བདག་གི་ ཁྱིམ་དུ་བླངས་ཏེ་སུས་ཀྱང་མི་མཐོང་བར་བྱ་བའི་ཕྱིར་སྒོ་བཅད་ནས་ཞུ་དེ་དྲུབ་ཏུ་བཅུག་པ་དང། ཚེམ་བུ་མཁན་ཁྱིམ་དུ་བླངས་པའི་རྗེས་ལ་ཁྱིམ་ཐབ་རང་གི་ཁྱིམ་དུ་འོངས་ནས་སྒོ་རྡུང་ཞིང་འདོད་ དོ༑ ༑དེ་ནས་དེའི་ཆུང་མས་སྐད་ལས་ངོ་ཤེས་ནས་ཚེམ་བུ་མཁན་པར་[?]གི་ཁྱིམ་དུ་བཞག་པ་དང། ཞུ་དྲལ་བའི་ཕྱིར་ཤས་ཆེར་འཇིགས་པ་སྐྱེས་ནས་དེ་འཇིགས་ཤིང་སྐྲག་པས། ཚེམ་བུ་མཁན་ [71A]༄༅། །དེ་ཁོང་དུ་ཆུད་པར་བྱས་ཏེ་གཟེབ་ཀྱི་ནང་དུ་བཅུག་ནས་གཟེབ་རྒྱས་བཏབ་སྟེ་བཞག་གོ་དེ་ནས་སྒོ་ཕྱེ་སྟེ་ཁྱིམ་ཐབ་ནང་དུ་འོངས་ནས་གསག་བྱས་ཏེ་ཅི་རིགས་པར་བསྙེན་ བཀུར་བྱས་ནས་དེ་དང་ལྷན་ཅིག་ཏུ་ཉལ་ལོ། །དེ་གཉིས་ཉལ་བ་དང་རྐུན་པོ་དག་ཅིག་གིས་ཁྱིམ་ཕུག་ནས་ནང་དུ་འོངས་ཏེ་ཐོག་མ་ཁོ་ནར་གཟེབ་དེ་ལས་ཟིན་ནས་དེ་དག་འདི་སྙམ་དུ་ སེམས་ཏེ། གཟེབ་འདི་འདི་ལྟར་རྒྱས་ལེགས་པར་བཏབ་ལ་ལྕིད་ལས་ནོར་བུ་རིན་པོ་ཆེ་ཆེན་པོ་ཡོད་གོར་མ་ཆག་གོ་འདིས་ནི། བདག་ཅག་མི་རབས་བདུན་གྱི་བར་དུའང་ཆོག་པར་ འགྱུར་ཏེ། འདི་ཁོ་ནས་བདག་ཅག་ཆོག་གི་བདག་ཅག་ལ་རྫས་གཞན་མི་དགོས་སོ་སྙམ་དུ་བསམ་ནས་དེ་དག་གིས་གཟེབ་དེ་གཅིག་པུ་ཁྱེར་ཏེ་ཕྱིར་བྱུང་ནས་ནགས་འདབས་ སུ་ཁྱེར་རོ། །དེ་དག་འདོང་བ་ན་ཟླ་བའང་ཤར་ལ་མི་དེས་ཀྱང་དེའི་ནང་དུ་འདུག་བཞིན་དུ་གཅིན་ཤོར་ནས་གཅིན་དེ་གཟེབ་ལས་ཐར་ཏེ་ཕྱི་རོལ་ཏུ་ཟགས་སོ། །དེ་ནས་རྐུན་པོ་དེ་དག་ འདི་སྙམ་དུ་སེམས་ཏེ། འདི་ལྟར་ཟླ་བ་ཤར་བ་ན་འདིའི་ནང་ནས་ཆུ་འབབ་པ་ལས་ན། འདིའི་ནང་དུ་ནི། ནོར་བུ་ཆུ་ཤེལ་བཅུག་ཡང་དག་སྙམ་སྟེ། ལྷག་པར་ཡང་སྙིང་དགའ་བར་ གྱུར་ཏོ༑ ༑དེ་ནས་དེ་དག་ཤ་ཐང་སྟེ་གཟེབ་དེ་ཁྱེར་ནས་ནགས་འདབས་སུ་ལྷགས་སོ། །དེ་ནས་མི་རྒོད་ཀྱི་སྡེ་དཔོན་དང་མི་རྒོད་གཞན་དག་གིས་དྲིས་པ། ཁྱོད་ཀྱིས་གཟེབ་འདིའི་ནང་ [71B] དེ་དག་གིས་སྨྲས་པ། སྡེ་དཔོན་དེང་དུ་ནི། བདག་ཅག་གིས་ཐམས་ཅད་ཀྱི་དབུལ་བའི་རྒྱུན་བཅད་ཀྱི་དགྱེས་པ་བསྐྱེད་དུ་གསོལ། དེང་བདག་ཅག་གིས་རིན་ པོ་ཆེས་གང་བའི་གཟེབ་རྙེད་དོ། །ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དེ་དག་ཀྱང་སྙིང་དགའ་བར་གྱུར་ཏེ་སྨྲས་པ། གཟེབ་ཕྱེ་ཞིག་དང་འདིར་རིན་པོ་ཆེ་ཇི་ལྟ་བུ་དག་བཅུག་པ་བལྟའོ། ། ཞེས་བྱས་སོ། །དེ་ནས་དེ་དག་གིས་གཟེབ་དེ་དཀྲོལ་ནས་ཁ་ཕྱེ་སྟེ་བལྟས་ན། གཟེབ་དེའི་ནང་དུ་འཕྱེ་བོ་ཞིག་བཅུག་ཅིང་འདུག་པ་མཐོང་ནས་མཐོང་མ་ཐག་ཏུ་དེར་སོང་སོང་བ་དང། གཟེབ་ དེ་ཁྱེར་ཁྱེར་བ་གང་ཡིན་པ་དེ་དག་ནི། འཕྱེ་བོ་འདིས་བདག་ཅག་མཚན་ཐོག་ཐག་ཉོན་མོངས་སོ་སྙམ་ནས་སྡུག་བསྔལ་བར་གྱུར་ཏོ་།དེར་མ་དོང་བ་གང་ཡིན་པ་དེ་དག་གིས་ནི། མི་རྒོད་ དེར་སོང་སོང་བ་དེ་དག་ལ་གད་མོ་ཆེན་པོས་བཏབ་ནས་སྨྲས་པ་ལེགས་པར་ཉོན་མོངས་སོ། །ཤིན་ཏུ་ཉོན་མོངས་སོ། །ཞེས་བྱས་སོ་།དེ་ནས་བུད་མེད་དེ་སད་དེ་ལངས་ནས་ཁང་པ་དེའི་ནང་ དུ་སོང་བ་དང་ཁྱིམ་ཕུག་སྟེ་གཟེབ་བརྐུས་པ་མཐོང་ངོ། །མཐོང་ནས་ཀྱང་སྙིང་དགའ་ནས་ཆིགས་སུ་བཅད་དེ་སྨྲས་པ། ཁང་པ་ཕུག་ནས་གཟེབ་ཀྱང་སྟོར། །བདག་ནི་ཕྱེད་དགའ་ཕྱེད་མི་ དགའ༑ ༑ནགས་འདབས་སོང་བའི་རྐུན་པོ་རྣམས། །ད་ནི་རྒོད་ཅིང་དུ་[?]དེ་གཟེང་དེ་ཁྱེར་ཏེ་འོངས་པ་གང་ཡིན་པ་དེ་དག་ཁྲོས་ཏེ་སྨྲས་པ། འདི་ལྟར་འཕྱེ་པོ་ [72A]༄༅། །འདིས་བདག་ཅག་མི་དགའ་བར་བྱས་མོད་ཀྱི། འོན་ཀྱང་བདག་ཅག་གི་གནོད་སྦྱིན་མཆོད་དགོས་ཀྱི། བདག་ཅག་གིས་འདི་ཁོ་ནས་གནོད་སྦྱིན་ལ་མཆོད་པ་བྱའོ་ སྨྲས་ནས་དེ་དག་གིས་གནོད་སྦྱིན་དེའི་མདུན་དུ་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ཏེ། བདུག་པ་དང་མེ་ཏོག་དང་མཆོད་པའི་ཆོ་ག་དང་བུམ་པ་གང་པ་རྣམས་བཞག་ནས་རལ་གྲི་ རྣོན་པོ་ཐོགས་ཏེ་མི་དེ་གནོད་སྦྱིན་གྱི་མདུན་དུ་བཞག་ནས་མཆོད་སྦྱིན་བྱས་སོ། །དེ་ནས་མི་དེས་ཀྱང་ཇི་ལྟར་བདག་ཉིད་གནོད་སྦྱིན་དེའི་མཆོད་པར་དབུལ་བར་ཆད་པ་ཁོང་དུ་ཆུད་ནས་ ཤིན་ཏུ་སྐྲག་སྟེ་བསམ་པ། བཅོམ་ལྡན་འདས་མ་གཏོགས་པ་སུ་ཞིག་ལ་ད་བདག་སྐྱབས་སུ་འགྲོ་བར་བྱ། སུ་ཞིག་བདག་ལ་སྲོག་ཕངས་པ་སྦྱིན་པར་འགྱུར་སྙམ་དུ་བསམ་ནས་ དེས་བཅོམ་ལྡན་འདས་ལ་སེམས་ཀྱིས་གསོལ་བ་བཏབ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། འདི་ལྟ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཅིའང་མི་གཟིགས་ པ་དང་མི་མཁྱེན་པ་དང་ཐུགས་སུ་མི་ཆུད་པ་མི་མངའ་ན། ཀྱེ་མ་བཅོམ་ལྡན་འདས། བདག་ནི། དཀོས་ཐག་ཅིང་ཉམ་ང་ལ་ཕོངས་པར་གྱུར་པ་ལགས་ཀྱི། བདག་ཡོངས་སུ་བསྐྱབ་ ཏུ་གསོལ། སྲོག་ཕངས་པ་སྩལ་དུ་གསོལ་ཞེས་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་འགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་ [72B] མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་ མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་ པ༑ སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པར་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི། ཕོངས་ཤིང་འདུག། སུ་ནི། ཉམ་ཐག་པར་གྱུར། སུ་ནི། གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་ བ་དང་གནོད་པ་དང་ལྡན། སུ་ནི། ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་ བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི། འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་ དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ་ [73A]༄༅། །སུ་ནི༑ དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་ བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་ཀྱི་གཟིགས་པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད་།གདུལ་བར་བྱ་བའི་སྲས་རྣམས་ལ། ། སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་གཟིགས་ན། འཕྱེ་བོ་དེ་དང། མི་རྒོད་ལྔ་བརྒྱ་པོ་དེ་རྣམས་གདུལ་བའི་དུས་ལ་བབ་པར་ཐུགས་སུ་ཆུད་ནས་ལྷའི་ སྐུ་གཟུགས་དེ་ཉིད་ལས་ལྷའི་ཆ་ལུགས་སུ་བཞུགས་སོ། །དེ་ནས་མི་རྒོད་ལྔ་བརྒྱ་འདི་སྙམ་དུ་སེམས་ཏེ། ལྷས་བདག་ཅག་ལ་རང་གི་སྐུ་བསྟན་ཏོ་སྙམ་སྟེ། སྤུ་ཟིང་ཞེས་བྱས་ནས་ཐལ་ མོ་སྦྱར་ཏེ་འཁོད་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་བཀའ་ཅི་སྩལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ལ་མིས་མཆོད་མི་དགོས་ཀྱི། མིའི་མཆོད་པ་འདི་ཐོང་ཞིག་ གལ་ཏེ་ཆོས་འདོད་ན་ནི། མཆོད་བ་གསོལ་བ་ཐོང་ལ་འཁོད་ཅིག་དང་ཆོས་བསྟན་པར་བྱའོ། །དེ་ནས་དེ་ལྟར་འཚལ་ཞེས་བྱས་ནས་མི་རྒོད་དེ་དག་གིས་མཆོད་པ་བཏང་ནས་བཅོམ་ལྡན་ འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཕྱེ་བོ་དེ་དང། མི་རྒོད་དེ་དག་གི་བསམ་པ་དང། བག་ལ་ཉལ་བ་ [73B] ཁམས་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་མི་རྒོད་ལྔ་བརྒྱ་པོ་དེ་དག་གིས་སྟན་དེ་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་ པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །འཕྱེ་བོ་དེས་ཀྱང་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་ནས་དེ་དག་གིས་བདེན་པ་མཐོང་ ནས་བཅོམ་ལྡན་འདས་ཀྱིས་ལྷའི་ཆ་ལུགས་མི་སྣང་བར་མཛད་ནས་རང་བཞིན་གྱི་སྐུར་བཞུགས་སོ། །དེ་ནས་དེ་དག་གིས་བཅོམ་ལྡན་འདས་མཐོང་ནས་ལྷག་པར་ཡང་དགའ་བ་སྐྱེས་སོ། །དགའ་ བ་སྐྱེས་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་ སྤྱོད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་རྒོད་རྣམས་ལ་དགེ་སློང་ཚུར་ཤོག་ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་པའི་མོད་ལ་སྐྲ་དང་ཁ་སྤུ་ནི། བྲེགས་ནས་ཞག་བདུན་ལོན་པ་ཙམ་ དུ་གྱུར༑ སྤྱོད་ལམ་ནི། བརྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་འདུག་པར་གྱུར་ནས་ལག་ན་ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ། །འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས་ [74A]༄༅། །བཀའ་སྩལ་པས། །དེ་ནི་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན་།སངས་རྒྱས་ཀྱི་ནི་དགོངས་པས་གོས་བགོས་ནས། །མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ནས་ བཅོམ་ལྡན་འདས་ཀྱས་དེ་རྣམས་ལ་ལུང་ཕོག་སྟེ། དེ་དག་གིས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་ དག་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་ བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུ་བས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་འཕྱེ་བོས་བསམ་པ། གལ་ཏེ་བདག་ཀྱང་ལུས་འདི་འདྲ་བར་མ་ གྱུར་ན་ནི། བདག་ཀྱང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཆུ་བོ་རྣམས་ལས་རྒལ་བར་བྱ་བ་དང། འབྱོར་པ་རྣམས་ལས་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང། སྒྲུབ་པ་དང། འབད་པར་བྱ་ བ་ཞིག་ན་སྙམ་མོ། །དེ་ནས་དེ་སྐད་ཅེས་བརྗོད་མ་ཐག་ཏུ་དེའི་ལུས་དེ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་ཤིང་རངས་པར་གྱུར་ནས་དེ་ལྷག་པར་ཡང་བཅོམ་ལྡན་འདས་ལ་དགའ་བར་གྱུར་ཏོ། ། [74B]གཟར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་ པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བས་ རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་ལུང་ཡང་ཕོག་གོ། དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ་།དེ་ནས་ དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། འཕྱེ་བོས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་འཕྱེ་བོར་གྱུར་ལགས་ལས་ཅི་ཞིག་བགྱིས་ན། དེས་བཅོམ་ལྡན་འདས་མཉེས་ པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དགེ་སློང་དག། འདི་ཉིད་ཀྱིས་ལས་དེ་ལྟ་བུ་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་ དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་ [75A]༄༅། །བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཝཱ་ར་ཎཱ་སི་འདི་ཉིད་ན་ཁྱིམ་བདག་སྤུན་གཉིས་ཤིག་གནས་པ་ལས། གཅིག་གིས་ནི། ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་ལས་ཐོས་ཏེ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ནས་དེས་ཁ་ན་མ་ཐོ་བ་དང་བཅས་པའི་ལས་རྣམས་སྤངས་ཏེ་གཅིག་ཏུ་ངེས་པར་ཁ་ན་མ་ཐོ་བ་མེད་པའི་ ལས་རྣམས་ལ་གནས་སོ། །ནུ་བོ་གཅིག་ཤོས་ནི། ཞིང་ལས་བྱེད་དེ། དེས་བསམ་པ། བདག་ནི། གྲང་བ་ནའང་གྲང་བས་ཉེན། ཚ་བ་ནའང་ཚ་བས་ཉེན་ལ། འདི་ནི། ཁྱིམ་ན་འདུག་ཅིང་བདེ་བ་ཉམས་སུ་ མྱོང་བར་བྱེད་དོ་སྙམ་ནས་དེ་ཁྲོས་ཏེ་ཕྱིར་མི་འོང་བ་དེ་ལ་ཚིག་རྩུབ་པོ་སྨྲས་པ། བདག་ནི། གྲང་བ་ནའང་གྲང་བས་ཉེན་ཚ་བ་ནའང་ཚ་བས་ཉེན་ཏེ་ལས་ཐམས་ཅད་བྱེད་ལ། ཁྱོད་ནི་འཕྱེ་བོ་བཞིན་དུ་ ཁྱིམ་ན་འཐེན་ཅིང་འདུག་སྟེ་ཅིའང་བྱེད་པ་མི་འདོད་དམ་ཞེས་བྱས་སོ། །དེ་ནས་ཕྱིར་མི་འོང་བས་བསམ་པ། ནུ་བོ་འདིས་བདག་ལ་ཚིག་རྩུབ་པོ་སྨྲས་ཀྱི། གཏན་དུ་ཕུང་བར་མི་འགྱུར་བར་བྱ་བའི་ཕྱིར་འདིའི་ ར་མདའ་བྱ་དགོས་སོ་སྙམ་ནས་དེའི་མདུན་དུ་རྫུ་འཕྲུལ་བསྟན་ཏེ་སྨྲས་པ། ཁྱོད་ཀྱིས་ང་ལ་ཚིག་རྩུབ་པོ་སྨྲས་ཀྱི། ཉེས་པ་ལ་ཉེས་སོ། །ཞེས་བཤགས་པར་གྱིས་ཤིག་འཁོར་བ་ན་འཁོར་ཞིང་སྡུག་ བསྔལ་ཆེན་པོ་རྙེད་ཏ་རེ། དེ་ནས་དེ་ཐོས་མ་ཐག་ཏུ་ནུ་བོ་དེ་འགྱོད་པ་ཆེན་པོ་སྐྱེས་ཏེ། དེས་དེའི་རྐང་པ་ལ་ཕྱག་བཙལ་ནས་བཟོད་པར་གསོལ་ཏེ་འདི་སྐད་ཅེས་སྨྲས་སོ། །བདག་ཁྱིམ་ན་གནས་པ་ [75B]སྲུང་གི་བསྟན་པ་ལ་རབ་ཏུ་འབྱུང་ངོ། །ཕྱིར་མི་འོང་བས་སྨྲས་པ། ཁྱིམ་གྱི་འཁོར་ཐོང་ལ་བདག་ཅག་གཉིས་ཀ་རབ་ཏུ་འབྱུང་བར་བྱའོ། །དེས་སྨྲས་ པ༑ དེ་ལྟར་བགྱིའོ། །དེ་ནས་དེས་ཁྱིམ་གྱི་འཁོར་བཏང་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་གཉིས་ཀ་རབ་ཏུ་བྱུང་སྟེ། ཕྱིར་མི་འོང་བའི་འབྲས་བུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་ སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །གཅིག་ཤོས་ཀྱིས་ནི། རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་འཆི་ཁར་སྨོན་ལམ་བཏབ་པ། བདག་གིས་འདི་ལྟར་སེམས་ཅན་དག་པ་འདི་ལྟ་ བུ་ལ་ཚིག་རྩུབ་པོ་སྨྲས་པའི་ལས་དེའི་སྐལ་བ་ཅན་དུ་བདག་མ་གྱུར་ཅིག་བརྒྱ་ལ་ལས་དེའི་འབྲས་བུ་བདག་ལ་སྨིན་པར་གྱུར་ནའང་རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་མ་ལེགས་པ་མེད་པར་གྱུར་ཏེ་ ལེགས་པར་འབྱུང་བར་གྱུར་ཅིག་འདི་ལྟར་བདག་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་ཅིའང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་ གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པ་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་ སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བའི་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི། འཕྱེ་བོ་འདི་ཉིད་ཡིན་ཏེ་ [76A]༄༅། །དེས་དེར་ཕུ་བོ་ལ་ཚིག་རྩུབ་པོ་སྨྲས་པའི་ལས་དེས་ནི་གང་དང་གང་དུ་སྐྱེས་པ་དེ་དང་དེར་འཕྱེ་བོར་གྱུར་ཏོ། །དེ་འགྱོད་པར་གྱུར་ཏོ། །རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་ པར་སྤྱོད་པ་སྤྱད་དེ་འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་སེམས་ཅན་དག་པ་འདི་ལྟ་བུ་ལ་ཚིག་རྩུབ་པོ་སྨྲས་པའི་ལས་དེའི་སྐལ་བ་ཅན་དུ་བདག་མ་གྱུར་ཅིག་བརྒྱ་ལ་ ལས་དེའི་རྣམ་པར་སྨིན་པར་གྱུར་ནའང་རབ་ཏུ་བྱུང་བའི་སེམས་བསྐྱེད་མ་ཐག་ཏུ་བདག་གི་མ་ལེགས་པ་མེད་པར་གྱུར་ཏེ། ལེགས་པ་འབྱུང་བར་གྱུར་ཅིག་ཅེས་བྱས་པ་དེས་ནི། ད་ ལྟར་རབ་ཏུ་བྱུང་བའི་སེམས་བསྐྱེད་མ་ཐག་ཏུ་ལུས་ཀྱི་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཏོ། །དེས་དེར་སྨོན་ལམ་བཏབ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པ་བྱེད་པར་མ་གྱུར་ཅིག་ དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པས་ནི། དགེ་སློང་དག། ང་ཡང་དག་ པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་ [76B]རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་དག་གིས་ བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཀྱེ་མ་མི་རྒོད་ལྔ་བརྒྱ་པོ་འདི་དག་འཕྱེ་བོ་འདི་དང་མཇལ་ནས་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་ བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་མ་ཡིན་གྱི། འདས་པའི་དུས་ནའང་མི་རྒོད་ལྔ་བརྒྱ་པོ་འདི་ཉིད་དག་འཕྱེ་བོ་འདི་ ཉིད་དང་ཕྲད་ནས་རབ་ཏུ་བྱུང་སྟེ་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་མི་རྒོད་ལྔ་བརྒྱ་ཙམ་ནགས་ཁྲོད་ ཅིག་ན་རྟེན་ཅིང་གནས་ཏེ། དེ་དག་གིས་རི་ཁྲོད་ཀྱི་གྲོང་ཞིག་བཅོམ་སྟེ་ནོར་ཟས་མང་བ་དེ་ནས་བླངས་སོ། །མི་འྡིའང་ནགས་ཁྲོད་དེ་ཉིད་ན་རྟེན་ཅིང་འདུག་པ་ལས་མི་རྒོད་དེ་དག་དེར་དོང་བ་ལས་ གནོད་སྦྱིན་ལ་མི་མཆོད་པའི་ཕྱིར་བཟུང་སྟེ། དེ་དག་ནགས་ཁྲོད་དེར་དོང་ནས་གནོད་སྦྱིན་དེའི་མདུན་དུ་བ་ལང་གི་ལྕི་བས་བྱུགས་ཏེ་བུམ་པ་གང་བ་དང། མི་དེ་བཞག་ནས་རལ་གྲི་རྣོན་པོ་ ཐོགས་ཏེ་གནོད་སྦྱིན་གྱི་མདུན་དུ་འདུག་ནས་མཆོད་སྦྱིན་བྱས་སོ། །མི་དེས་ཀྱང་བདག་འདི་རྣམས་ཀྱིས་བསད་དེ་གནོད་སྦྱིན་གྱི་མཆོད་པ་བྱེད་པར་སེམས་སམ་སྙམ་ནས་དེ་ཤིན་ཏུ་ [77A]༄༅། །འཇིགས་ཤིང་སྐྲག་པར་གྱུར་ཏོ། །འཇིགས་ཤིང་སྐྲག་ནས་བསམ་པ། བདག་སུ་ཞིག་ལ་སྐྱབས་སུ་འགྲོ་བར་བྱ། བདག་ལ་སུ་ཞིག་སྲོག་ཕངས་པ་སྦྱིན་པར་འགྱུར་ སྙམ་མོ༑ ༑དེ་ནས་དེའི་ཚེ་རི་ཁྲོད་དེ་ནས་ཐག་མི་རིང་བ་ཞིག་ན་དཀའ་ཐུབ་ཀྱི་གནས་ཤིག་གི་ནང་ན་དྲང་སྲོང་ཞིག་གནས་སོ་།དེའི་ཚེ་མི་དེས་དྲང་སྲོང་དེ་ཡིད་ལ་དྲན་ནས་དེས་དད་པའི་སེམས་ ཀྱིས་དྲང་སྲོང་དེ་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་ནི། མི་གཟིགས་པ་དང་མི་མཁྱེན་པ་དང་ཐུགས་སུ་མི་ཆུད་པ་ཅིའང་མི་མངའ་ན། ཀྱེ་མ་བདག་ལ་སྲོག་ཕངས་པ་སྩལ་དུ་གསོལ། ། དཀའ་བ་སྐུ་ཉམས་སུ་བཞེས་པར་གསོལ་ཞེས་བྱས་སོ། །དེ་ནས་དྲང་སྲོང་དེ་ལ་དགའ་བའི་ལྷ་ཞིག་གིས་མི་དེའི་བསམ་པ་སེམས་ཀྱིས་ཤེས་ནས་དྲང་སྲོང་དེ་ལ་སྦྲན་ཏོ། །དེ་ནས་དྲང་སྲོང་གིས་ ཐོས་མ་ཐག་ཏུ་རང་གི་དཀའ་ཐུབ་ཀྱི་གནས་ནས་མི་གནང་བར་གྱུར་ཏེ། མི་རྒོད་དེ་དག་གི་མདུན་དུ་འོངས་ནས་མི་རྒོད་དེ་དག་གིས་དྲང་སྲོང་དེ་མཐོང་ངོ། །མཐོང་ནས་ཀྱང་དེ་དག་མཆོག་ཏུ་དགའ་ བར་གྱུར་ཏོ། །དགའ་བར་གྱུར་ནས་དྲང་སྲོང་བཀའ་ཅི་སྩལ་ཞེས་བྱས་སོ། །དྲང་སྲོང་གིས་སྨྲས་པ། མི་འདི་ཐོང་ལ་ངའི་མདུན་དུ་འཁོད་ཅིག་དང་ཁྱོད་ལ་ཆོས་བཤད་དོ། །དེ་ནས་དྲང་སྲོང་གིས་ བཀའ་སྩལ་པ་བཞིན་དུ་འཚལ་ལོ། །ཞེས་སྨྲས་ནས་མི་རྒོད་དེ་དག་གིས་མི་དེ་བཏང་སྟེ་དྲང་སྲོང་དེའི་རྐང་པ་ལ་ཕྱག་བཙལ་ནས་ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་དོ། །དེ་ནས་དྲང་སྲོང་དེས་ [77B] མི་རྒོད་ལྔ་བརྒྱ་དྲང་སྲོང་དེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་།ཇི་སྙམ་དུ་སེམས་ དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པར་གྱུར་པ་གང་ཡིན་པ་དེ་ནི། ང་ཡིན་ནོ། །དེའི་ཚེ་མི་གང་ཡིན་པ་དེ་ནི། འཕྱེ་བོ་འདི་ཉིད་ཡིན་ནོ། །མི་རྒོད་ལྔ་བརྒྱར་གྱུར་པ་གང་ ཡིན་པ་དེ་དག་ནི། མི་རྒོད་ལྔ་བརྒྱ་པོ་འདི་དག་ཉིད་ཡིན་ཏེ། དེའི་ཚེ་འདི་རྣམས་ཀྱིས་མི་དེ་ལ་བརྟེན་ནས་རབ་ཏུ་བྱུང་སྟེ་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །ད་ལྟར་ཡང་འཕྱེ་ བོ་འདི་ཉིད་ལ་བརྟེན་ནས་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ལས་བརྒྱ་བ་ལས་སྡོམ་གྱི་ཚིགས་སུ་བཅད་པ་དང་པོ་རྫོགས་སོ།། །། ལས་བརྒྱ་ཐམ་པ། བམ་པོ་ལྔ་པ། སྡོམ་ནི། ཤིང་རྟ་བཞི་དང་སྒམ་པོ་དང། །ས་འཚོ་སྐྲ་ལྡན་པདྨའི་མདོག་ཤན་པ་གསེར་མདོག་པ་ལང་རྫི། །མཛའ་སྡེ་འཇིགས་མེད་དབྱིག་མཚོ་དང། ། དབྱིག་དགའ་དང་ནི་དོམ་གཉིས་དང། །སྒུར་ཆུང་དང་ནི་ཐ་མ་སྲིན། །ཤིང་རྟ་བཞི་ཞེས་བྱ་བ་ལ། ཤིང་རྟ་དང་པོ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་བྲམ་ཟེ་མཆོད་སྦྱིན་བྱེད་པར་ འདོད་དེ་ཤིང་རྟ་ལ་ཞོན་ནས་མཉན་དུ་ཡོད་པར་སོང་ངོ། །བཅོམ་ལྡན་འདས་ཀྱང་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་ [78A]༄༅། །གཤེགས་པ་དང། དེ་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་བསྐོར་བ་བྱས་ཏེ་སོང་ངོ། །དེའི་སྐབས་སུ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དེ། འདི་ནི་ སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་བྱུང་ནས་ཁ་ཅིག་ནི་ འོག་ཏུ་འགྲོའོ། ཁ་ཅིག་ནི། སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི། སེམས་ཅན་དམྱལ་བ་ཡང་སོས་དང་ཐིག་ནག་དང་བསྡུས་འཇོམས་དང་དུ་འབོད་དང་དུ་འབོད་ཆེན་ པོ་དང་ཚ་བ་དང་རབ་ཏུ་ཚ་བ་དང་མནར་མེད་པ་དང། ཆུ་བུར་ཅན་དང་ཆུ་བུར་རྡོལ་དང་སོ་ཐམས་ཅད་པ་དང་ཀྱི་ཧུད་ཟེར་བ་དང་ཨ་ཆུ་ཟེར་བ་དང་ཨུཏྤ་ལ་ལྟར་གས་པ་དང་པདྨ་ལྟར་གས་པ་ དང་པདྨ་ལྟར་གས་པ་ཆེན་པོར་སོང་ནས་ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ནི། བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི། དྲོ་བར་ གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་འགྱུར་རོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ་ འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དོ། །དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ་ [78B] འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ་གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་ རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང་མི་རྣམས་ཀྱི་ནང་ གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི། རྒྱལ་ཆེན་བཞིའི་རིས་རྣམས་དང། སུམ་ཅུ་རྩ་གསུམ་པ་ རྣམས་དང། འཐབ་བྲལ་བ་རྣམས་དང། དགའ་ལྡན་པ་རྣམས་དང་འཕྲུལ་དགའ་རྣམས་དང། གཞན་འཕྲུལ་དབང་བྱེད་རྣམས་དང་ཚངས་རིས་རྣམས་དང། ཚངས་པའི་མདུན་ན་ འདོན་པ་རྣམས་དང། ཚངས་པ་ཆེན་པོ་རྣམས་དང། འོད་ཆུང་རྣམས་དང། ཚད་མེད་འོད་རྣམས་དང། འོད་གསལ་རྣམས་དང། དགེ་ཆུང་རྣམས་དང། ཚད་མེད་དགེ་རྣམས་དང། དགེ་རྒྱས་ རྣམས་དང། སྤྲིན་མེད་རྣམས་དང། བསོད་ནམས་སྐྱེས་རྣམས་དང་འབྲས་བུ་ཆེ་རྣམས་དང། མི་ཆེ་བ་རྣམས་དང། མི་གདུང་བ་རྣམས་དང། གྱ་ནོམ་སྣང་རྣམས་དང། ཤིན་ཏུ་མཐོང་ རྣམས་དང། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་བ་དང་སྡུག་བསྔལ་བ་དང་སྟོང་བ་དང་བདག་མེད་པའི་སྒྲ་སྒྲོག་གོ་ཚིགས་སུ་བཅད་བ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་ [79A]༄༅། །པར་འབྱུང་བ་བརྩམ་པར་བྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར་།ཞེས་རྗོད་པར་བྱེད་དེ། །དེ་ནས་འོད་ཟེར་དེ་དག་གིས་ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི་ བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་ སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ་།དུང་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་བར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་ བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་ལུང་ སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་ [79B] ༑ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་ སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ལུང་སྟོན་པར་མཛད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་ འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་ དགའ་བསོ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། ། ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི་།སངས་རྒྱས་འགྲོ་བ་དག་གིས་དམ་པའི་རྒྱུར་གྱུར་པ། །རྒྱལ་ བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོ་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་ བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་།བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་ [80A]༄༅། །རྒྱས་རྣམས་གྱི་ནར་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་བ་སྟོན་མཛད་པ། །དེ་ནི་ཁྱོད་ལ་སྐྱེ་བོ་ཕལ་ཆེར་ཉན་བར་འཚལ། །འབྲུག་སྒྲ་ལྟ་བུའི་གསུང་ ལྡན་པ༑ ༑ཁྱུ་མཆོག་ལྟ་བུའི་ལྟ་སྟངས་ཅན། །མི་མཆོག་མཆོད་པ་བགྱིད་པ་ཡི། །འབྲས་བུ་ཅིར་འགྱུར་ལུང་བསྟན་གསོལ། །བཙུན་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་རྣམས་ནི། རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་སྟོན་པར་མི་མཛད་ན། འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀུན་དགའ་བོ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། རྒྱུ་དང་རྐྱེན་མེད་ པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། ཁྱོད་ཀྱིས་བྲམ་ཟེ་གང་གིས་དེ་བཞིན་གཤེགས་པ་ལ་བསྐོར་བ་བྱས་ཏེ་སོང་བ་མཐོང་ངམ་བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ་ བྲམ་ཟེ་འདི་ནི། དགེ་བའི་རྩ་བ་འདིས་བསྐལ་པ་བཅུ་གསུམ་གྱི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། བསྐལ་པ་བཅུ་གསུམ་གྱི་བར་དུ་ལྷ་རྣམས་དང། མི་རྣམས་ཀྱི་ནང་དུ་ཉིད་མཚམས་ སྦྱར་ཞིང་འཁོར་བར་གྱུར་ནས་སྲིད་པར་མ་དང། གནས་ཐ་མ་ལ་མིར་སྐྱེ་བ་ཐོབ་སྟེ་རབ་ཏུ་འབྱུང་བར་འགྱུར་ལ། དེས་སློབ་དཔོན་མེད་པ་དང། མན་ངག་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་ [80B]རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། རང་སངས་རྒྱས་བསྐོར་བྱེད་ཅེས་བྱ་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་ དེ་ཡིན་ནོ།། །།ཤིང་རྟ་གཉིས་པ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་བྲམ་ཟེའི་ཁྱེའུ་ཞིག་གིས་མཆོད་སྦྱིན་བྱས་ནས་ཤིང་རྟ་ལ་ཞོན་ཏེ་འཁོར་གྱི་ཚོགས་ཀྱིས་གཡོག་ བྱས་ནས་མཉན་དུ་ཡོད་པའི་ནང་དུ་ཆས་སོ། །བཅོམ་ལྡན་འདས་ཀྱང་མཉན་དུ་ཡོད་པར་བསོད་སྙོམས་མཛད་ནས་མཉན་དུ་ཡོད་པ་ནས་སླར་གཤེགས་པ་དང། དེ་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ ལ་བལྟས་སོ། །དེའི་སྐབས་སུ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དེ། འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་ དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་བྱུང་ནས་ཁ་ཅིག་ནི་འོག་ཏུ་འགྲོའོ། །ཁ་ཅིག་ནི། སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི། སེམས་ཅན་དམྱལ་བ་ཡང་སོས་དང་ཐིག་ན་གུ་ དང་བསྡུས་འཇོམས་དང། དུ་འབོད་དང་དུ་འབོད་ཆེན་པོ་དང་ཚ་བ་དང་རབ་ཏུ་ཚ་བ་དང་མནར་མེད་པ་དང། ཆུ་བུར་ཅན་དང་ཆུ་བུར་རྡོལ་དང་སོ་ཐམས་ཐམས་དང་ཀྱི་ཧུད་ཟེར་བ་དང་ཨ་ཆུ་ཟེར་བ་ དང་ཨུཏྤལ་ལྟར་གས་བ་དང་པདྨ་ལྟར་གས་པ་དང་པདྨ་ལྟར་གས་པ་ཆེན་པོར་སོང་ནས་ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ [81A]༄༅། །ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་དྲོ་བར་གྱུར་ཏེ་འབབ་བོ། །དེ་ནས་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་ དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ་ དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་ཅག་ནི། འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ་གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་ སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པ་དགའ་བར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་ བར་འགྱུར་པའི་ལས་དེ་ཟད་དེ་ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ ཆེན་བཞིའི་རིས་རྣམས་དང། སུམ་ཅུ་རྩ་གསུམ་པ་རྣམས་དང། འཐབ་བྲལ་རྣམས་དང། དགའ་ལྡན་རྣམས་དང། འཕྲུལ་དགའ་རྣམས་དང་གཞན་འཕྲུལ་དབང་བྱེད་རྣམས་དང། ཚངས་ རིས་རྣམས་དང། ཚངས་པའི་མདུན་ན་འདོན་རྣམས་དང། ཚངས་པ་ཆེན་པོ་རྣམས་དང། འོད་ཆུང་རྣམས་དང། ཚད་མེད་འོད་རྣམས་དང། འོད་གསལ་རྣམས་དང། དགེ་ཆུང་རྣམས་དང་ [81B] དགེ་རྒྱས་རྣམས་དང། སྤྲིན་མེད་རྣམས་དང། བསོད་ནམས་སྐྱེས་རྣམས་དང། འབྲས་བུ་ཆེ་རྣམས་དང་མི་ཆེ་བ་རྣམས་དང། མི་གདུང་བ་རྣམས་དང། གྱ་ནོ་མ་སྣང་ རྣམས་དང། ཤིན་ཏུ་མཐོང་རྣམས་དང། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པའི་སྒྲ་སྒྲོག་གོ་ཚིགས་སུ་བཅད་པ་ གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་པ་བརྩམ་པར་གྱིས་།སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར་།ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་ འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ་།སེམས་ཅན་དམྱལ་བ་སྐྱེ་བར་ལུང་སྟོན་པར་བཞེད་ ན་ནི༑ ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་བར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ [82A]༄༅། །ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ་།སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་ རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་ག་ལོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་ འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་ བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་ གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་ གྱུར་ཏོ༑ ༑དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ [82B] ༑སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ་།རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོ་ཉིད་ཀྱི་བློ་ཡིས་དུས་བབ་ མཁྱེན་ལགས་ན། །དགེ་སློང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་།བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་ཀྱི་ནར་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལ་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ་།འབྲུག་ སྒྲ་ལྟ་བུའི་གསུང་ལྡན་པ། །ཁྱུ་མཆོག་ལྟ་བུའི་ལྟ་སྟངས་ཅན་།མི་མཆོག་མཆོད་པ་བགྱིད་པ་ཡི། །འབྲས་བུ་ཅིར་འགྱུར་ལུང་བསྟན་གསོལ། །བཙུན་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་སྟོན་པར་མི་མཛད་ན། བཙུན་པ། འཛུམ་པ་མཛད་པའི་རྒྱུ་གང་ལེགས། རྐྱེན་གང་ལགས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། །དེ་ནི། དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ རྒྱུ་མེད་རྐྱེན་མེད་བར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། ཁྱོད་ཀྱིས་བྲམ་ཟེ་གང་གིས་དེ་བཞིན་གཤེགས་པ་ལ་དགའ་བ་སྐྱེས་ནས་ལྟས་བ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་ [83A]༄༅། །དགའ་བོ། བྲམ་ཟེ་འདི་ནི་དགེ་བའི་རྩ་བ་འདིས་བསྐལ་པ་བཅུ་གསུམ་གྱི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། བསྐལ་པ་བཅུ་གསུམ་གྱི་བར་དུ་ལྷ་རྣམས་དང་མི་ རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱར་ཞིང་འཁོར་བར་གྱུར་ནས་སྲིད་པ་ཐ་མ་དང། གནས་ཐ་མ་ལ་མིར་སྐྱེ་བ་ཐོབ་སྟེ་རབ་ཏུ་འབྱུང་བར་འགྱུར་ལ། དེས་སློབ་དཔོན་མེད་པ་དང། མན་ ངག་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་མངོན་དུ་བྱས་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། རང་སངས་རྒྱས་དགའ་བ་ ཞེས་བྱ་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི་དེ་ཡིན་ནོ།། །།ཤིང་རྟ་གསུམ་པ་ནི། གླེང་བཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། བཅོམ་ལྡན་འདས་སྔ་དྲོ་ ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་སོ། །བྲམ་ཟེ་ཞིག་ཀྱང་ཤིང་རྟ་ལ་ཞོན་ཏེ་ཡུལ་རྒྱུ་ཞིང་ཆས་པ་ལས་ བཅོམ་ལྡན་འདས་མཐོང་ནས་བཀྲ་མི་ཤིས་སོ་སྙམ་སྟེ་ཕན་ཚུན་དུ་བྲོས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་ཐུགས་བརྩེ་བའི་ཕྱིར་དེ་དང་དེ་ཁོ་ན་ན་བཞུགས་པར་གྱུར་ཏོ། །དེ་ནས་ རེ་ཞིག་ན་གྲོང་ཁྱེར་གྱི་སྒོ་བཞི་ཆར་དུའང་དེའི་མདུན་ན་བཅོམ་ལྡན་འདས་བཞུགས་པར་གྱུར་ནས་དེས་བསམ་པ། དགེ་སྦྱོང་གཽ་ཏ་མ་འདི་ནི། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ནོ་སྙམ་ [83B] །དེ་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་སྟེང་དུ་མེ་ཏོག་སྦར་གང་གཏོར་ཏོ། །དེའི་སྐབས་སུ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དེ་ འདི་ནི༑ སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་བྱུང་ནས་ཁ་ ཅིག་ནི༑ འོག་ཏུ་འགྲོའོ། །ཁ་ཅིག་ནི། སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི། སེམས་ཅན་དམྱལ་བ་ཡང་སོས་དང་ཐིག་ནག་དང་བསྡུས་འཇོམས་དང་ངུ་འབོད་དང་ངུ་འབོད་ཆེན་ པོ་དང་ཚ་བ་དང་རབ་ཏུ་ཚ་བ་དང་མནར་མེད་པ་དང། ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་དང་སོ་ཐམས་ཐམས་དང་ཀྱི་ཧུད་ཟེར་དང་ཨ་ཆུ་ཟེར་བ་དང་ཨུཏྤལ་ལྟར་གས་པ་དང་པདྨ་ལྟར་གས་པ་དང་པདྨ་ལྟར་ གས་པ་ཆེན་པོར་སོང་ནས་ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི། བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི། དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་ སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་འགྱུར་རོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་འཆི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི། འདི་ནས་ཀྱང་ཤི་འཕོས་པར་མ་ [84A]༄༅། །གྱུར་ལ་གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ་ལྷ་དང་མི་རྣམས་ཀྱི་ནང་དུ་བདེན་པ་རྣམས་ཀྱི་སྣོད་ དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི། རྒྱལ་ཆེན་བཞིའི་རིས་རྣམས་དང། སུམ་ཅུ་རྩ་གསུམ་པ་རྣམས་དང། འཐབ་ བྲལ་རྣམས་དང། དགའ་ལྡན་རྣམས་དང། འཕྲུལ་དགའ་རྣམས་དང་གཞན་འཕྲུལ་དབང་བྱེད་རྣམས་དང། ཚངས་རིས་རྣམས་དང། ཚངས་པའི་མདུན་ན་འདོན་པ་རྣམས་དང་ ཚངས་པ་ཆེན་པོ་རྣམས་དང། འོད་ཆུང་རྣམས་དང། ཚད་མེད་འོད་རྣམས་དང། འོད་གསལ་རྣམས་དང། དགེ་ཆུང་རྣམས་དང། ཚད་མེད་དགེ་རྣམས་དང། དགེ་རྒྱས་རྣམས་དང་ སྤྲིན་མེད་རྣམས་དང། བསོད་ནམས་སྐྱེས་རྣམས་དང། འབྲས་བུ་ཆེ་རྣམས་དང། མི་ཆེ་རྣམས་དང། མི་གདུང་རྣམས་དང། གྱ་ནོམ་སྣང་རྣམས་དང། ཤིན་ཏུ་མཐོང་རྣམས་དང། ། འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པའི་སྒྲ་སྒྲོག་གོ་ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་ [84B] །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས་།སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་ སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་ མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་ མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་བུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་ གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ [85A]༄༅། །ན་ནི༑ ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་ པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་ འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་གྱི་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ་ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན་།ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་ གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོ་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན།། དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཚོག་བརྟན་པ་དང། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ [85B] །མགོན་པོ་རྫོགས་སངས་རྒྱས་རྣམས་གྱི་ནར་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་བསྟོན་མཛད་པ། །དེ་ནི་ཁྱོད་ལ་སྐྱེ་བོ་ཕལ་ཆེར་མཉན་པར་འཚལ། ། འབྲུག་སྒྲ་ལྟ་བུའི་གསུང་ལྡན་པ། །ཁྱུ་མཆོག་ལྟ་བུའི་ལྟ་སྟངས་ཅན། །མི་མཆོག་མཆོད་པ་བགྱིད་པ་ཡི། །འབྲས་བུ་ཅིར་འགྱུར་ལུང་བསྟན་གསོལ། །བཙུན་པ། དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་སྟོན་པར་མི་མཛད་ན། བཙུན་པ་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི་དེ་བཞིན་ནོ། དེ་ནི། དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་ནི། རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། ཁྱོད་ཀྱིས་བྲམ་ཟེ་གང་གིས་དེ་བཞིན་གཤེགས་པ་ལ་མེ་ཏོག་གིས་གཏོར་བ་མཐོང་ངམ། བཙུན་པ། མཐོང་ ལགས་སོ། །ཀུན་དགའ་བོ། བྲམ་ཟེ་འདི་ནི་དགེ་བའི་རྩ་བ་འདིས་བསྐལ་པ་བཅུ་གསུམ་གྱི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། བསྐལ་པ་བཅུ་གསུམ་གྱི་བར་དུ་ལྷ་རྣམས་དང་མི་རྣམས་ ཀྱི་ནང་དུ་ཉིང་མཚམས་སྦྱར་ཅིང་འཁོར་བར་གྱུར་ནས་སྲིད་པ་ཐ་མ་དང། གནས་ཐ་མ་ལ་མིར་སྐྱེ་བ་ཐོབ་སྟེ་རབ་ཏུ་འབྱུང་བར་འགྱུར་ལ། དེ་སློབ་དཔོན་མེད་པ་དང་མན་ངག་མེད་པར་བྱང་ཆུབ་ [86A]༄༅། །ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་མངོན་དུ་བྱས་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། རང་སངས་རྒྱས་མེ་ཏོག་བླ་མ་ ཞེས་བྱ་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི། དེ་ཡིན་ནོ།། །།ཤིང་རྟ་བཞི་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་མཉན་ དུ་ཡོད་པ་ནས་རྒྱལ་པོའི་ཁབ་ཏུ་གཤེགས་སོ། །བྲམ་ཟེ་ཞིག་ཀྱང་ཤིང་རྟ་ལ་ཞོན་ཏེ་ལམ་དུ་སྣོལ་མར་འགྲོ་བ་ལས། བྲམ་ཟེ་དེས་བཅོམ་ལྡན་འདས་མཐོང་ནས་ཤིང་རྟ་ལས་བབས་ ཏེ་བཅོམ་ལྡན་འདས་ལ་ཤིང་རྟ་བསྟབས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ཉིད་ལ་ཐུགས་བརྩེ་བའི་ཕྱིར་ཤིང་རྟའི་སྟེང་གི་ནམ་མཁའ་ལ་བཞུགས་སོ། །དེ་ནས་བྲམ་ཟེ་དེ་རྒྱུ་དེ་ལས་ དགའ་བ་ཆེན་པོ་སྐྱེས་སོ། །དགའ་བ་ཆེན་པོ་སྐྱེས་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ། །དེའི་སྐབས་སུ་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ། །འདི་ནི། སངས་རྒྱས་བཅོམ་ ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ་དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་སེར་བོ་དང་དམར་པོ་དང་དཀར་པོ་རྣམས་བྱུང་ནས་ཁ་ཅིག་ནི། འོག་ཏུ་འགྲོའོ། ཁ་ཅིག་ ནི༑ སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི། སེམས་ཅན་དམྱལ་བ་ཡང་སོས་དང་ཐིག་ནག་དང་བསྡུས་འཇོམས་དང་ངུ་འབོད་དང་ངུ་འབོད་ཆེན་པོ་དང་ཚ་བ་དང་རབ་ཏུ་ཚ་བ་དང་ [86B] ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་དང་སོ་ཐམ་ཐམ་དང་ཀྱི་ཧུད་ཟེར་བ་དང་ཨ་ཆུ་ཟེར་བ་དང་ཨུཏྤལ་ལྟར་གས་པ་དང་པདྨ་ལྟར་གས་པ་དང་པདྨ་ལྟར་གས་པ་ཆེན་པོར་སོང་ནས་ཚ་ བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི། བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་།དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་ དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ་ཀྱེ་བདག་ཅག་ནི། འདི་ནས་ཀྱང་ཤི་འཕོས་པར་ མ་གྱུར་ལ་གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་ དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ་ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་ བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི། རྒྱལ་ཆེན་བཞིའི་རིས་རྣམས་དང་སུམ་ཅུ་རྩ་གསུམ་རྣམས་དང་འཐབ་བྲལ་རྣམས་དང་དགའ་ལྡན་རྣམས་དང་ [87A]༄༅། །འཕྲུལ་དགའ་རྣམས་དང་གཞན་འཕྲུལ་དབང་བྱེད་རྣམས་དང། ཚངས་རིས་རྣམས་དང་ཚངས་པའི་མདུན་ན་འདོན་པ་རྣམས་དང་ཚངས་པ་ཆེན་པོ་རྣམས་དང་འོད་ ཆུང་རྣམས་དང་ཚད་མེད་འོད་རྣམས་དང་འོད་གསལ་རྣམས་དང་དགེ་ཆུང་རྣམས་དང་ཚད་མེད་དགེ་རྣམས་དང་དགེ་རྒྱས་རྣམས་དང་སྤྲིན་མེད་རྣམས་དང་བསོད་ནམས་སྐྱེས་རྣམས་དང་ འབྲས་བུ་ཆེ་རྣམས་དང་མི་ཆེ་རྣམས་དང་མི་གདུང་རྣམས་དང་གྱ་ནོམ་སྣང་རྣམས་དང་ཤིན་ཏུ་མཐོང་རྣམས་དང་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང། སྡུག་བསྔལ་བ་ དང། སྟོང་པ་དང། བདག་མེད་པའི་སྒྲ་སྒྲོག་གོ་ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་ བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས་།གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི་།སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་ སྟེ༑ གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་ [87B] མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་ བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ ནི༑ བུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་ བསྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་ འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ་ [88A]༄༅། །ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་ བགྱིས་པ་བཞིན། ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་ རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོ་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་ རྣམས༑ ༑ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་།བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་ སངས་རྒྱས་རྣམས་གྱི་ནར་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལ་སྐྱེ་བོ་ཕལ་ཆེར་ཉན་པར་འཚལ། །འབྲུག་སྒྲ་ལྟ་བུའི་གསུང་ལྡན་པ། །ཁྱུ་ མཆོག་ལྟ་བུའི་ལྟ་སྟངས་ཅན། །མི་མཆོག་མཆོད་པ་བགྱིད་པ་ཡི་།འབྲས་བུ་ཅིར་འགྱུར་ལུང་བསྟན་གསོལ། །བཙུན་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་ནི། རྒྱུ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་སྟོན་པར་མི་མཛད་ན། བཙུན་པ། འཛུམ་པ་མཛད་པའི་རྒྱུ་གང་ལགས་རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་ [88B] ཀུན་དགའ་བོ། དེ་ནི། དེ་བཞིན་ནོ། །དེ་ནི། དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། རྒྱུ་མེད་རྐྱེན་ མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། ཁྱོད་ཀྱིས་བྲམ་ཟེ་གང་གིས་དེ་བཞིན་གཤེགས་པ་ལ་ཤིང་རྟ་བསྟབས་པ་མཐོང་ངམ་བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། བྲམ་ ཟེ་འདི་ནི། དགེ་བའི་རྩ་བ་འདིས་བསྐལ་པ་བཅུ་གསུམ་གྱི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། བསྐལ་པ་བཅུ་གསུམ་གྱི་བར་དུ་ལྷ་རྣམས་དང། མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱར་ཞིང་ འཁོར་བར་གྱུར་ནས་སྲིད་པ་ཐ་མ་དང། གནས་ཐ་མ་ལ་མིར་སྐྱེ་བ་ཐོབ་སྟེ་རབ་ཏུ་འབྱུང་བར་འགྱུར་ལ། དེས་སློབ་དཔོན་མེད་པ་དང། མན་ངག་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ ཆོས་སུམ་ཅུ་རྩ་བདུན་མངོན་དུ་བྱས་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། རང་སངས་རྒྱས་ཤིང་རྟ་སྦྱིན་ཞེས་བྱ་བར་འགྱུར་རོ། །དེའི་སྦྱིན་པར་བྱ་བའི་ཆོས་ནི། འདི་ ཡིན་ནོ།། །།སྒམ་པོ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་སེམས་ཅན་ཞིག་སེམས་ཅན་དམྱལ་བར་སྐྱེས་ཏེ་ལུས་ཆེ་ཞིང་དམུས་ལོང་དུ་འདུག་ལ་ དེའི་ལུས་རིལ་གྱིས་རྨས་ཞུ་ལུབ་ཏུ་ཡོག་སྟེ། དེའི་སྤྱི་བོ་མན་ཆད་རྐང་མཐིལ་ཡན་ཆད་སྲིན་ཞུགས་པས་དེ་ནད་མ་བཟོད་ནས་ཕན་ཚུན་རྒྱུག་པར་བྱེད་ལ། དེ་གལ་ཏེ་ཐང་ལ་འགྲོ་ན་ནི་ [89A]༄༅། །དེ་ལ་དེ་ཉིད་ནས་སེངྒེ་དང་སྟག་དང་གཟིག་དང་དྲེད་ལ་སོགས་པ་ལྕགས་ཀྱི་མཆེ་བ་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་དེའི་ཤ་རྣམས་བཅད་ཅིང་ བཅད་ཅིང་ཟའོ། །དེ་སྟེ་ཆུ་ལ་འབོག་ན་ནི། དེ་ལ་དེ་ཉིད་ནས་ཆུ་སྲིན་མ་ཀ་ར་ལྕགས་ཀྱི་མཆེ་བ་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ཀྱང་དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ ཟའོ༑ ༑དེ་སྟེང་གི་ནམ་མཁའ་ལ་འགྲོ་ན་ནི། དེ་ལ་དེ་ཉིད་ནས་བྱ་རོག་དང་བྱ་རྒོད་དང་ཆུན་ལག་ལྕགས་ཀྱི་མཆུ་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ཀྱང་དེའི་ཤ་རྣམས་བཅད་ ཅིང་བཅད་ཅིང་ཟའོ། །དེ་སྟེ་ནགས་སྟུག་པོའི་ནང་དུ་འགྲོ་ན་ནི་དེ་ལ་དེ་ཉིད་ནས་ཤིང་ཤལ་མ་ལིའི་ཚལ་འབྱུང་བར་འགྱུར་ཏེ། དེ་ལ་དེར་རལ་གྲི་དང་མདུང་ཐུང་དང་མངའ་བོ་ཆེ་དང་རྡོ་ རྗེ་རྩེ་གཅིག་པ་དང་མདུང་ཁ་ལེབ་རྣམས་རླུང་གིས་སྤགས་ཏེ་དེའི་སྟེང་དུ་འབབ་བོ། །དེ་སྟེ་རྩིག་པའི་གསེབ་བམ་རིའི་སུལ་ལམ་བྱ་སྐྱིབས་དག་ཏུ་འགྲོ་བར་འདོད་ནའང་དེ་ལ་དེ་ཉིད་ ནས་ལས་ལས་སྐྱེས་པའི་མི་དག་འབྱུང་བར་འགྱུར་ཏེ། རལ་གྲི་དང་མདུད་ཐུང་དང་མདའ་བོ་ཆེ་དང་རྡོ་རྗེ་རྩེ་གཅིག་དང་མདུང་ཁ་ལེབ་རྣམས་ཐོགས་ནས་དེའི་ལུས་ལ་འདེབས་ཏེ། དེ་ དག་གིས་དེའི་ལུས་ཐམས་ཅད་གཅོད་ཅིང་གཏུབ་པར་བྱེད་དེ། རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ་ཉམ་ཐག་པའི་སྐད་ [89B] །སངས་རྒྱས་བཅོམ་ལྡན་འདས་འགྲོད་པ་གཅིག་པའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་ གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་པ་ རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་ སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྦྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད་ སུ་ནི༑ ངར། སུ་ནི། ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་གྱུར་སུ་ནི། གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་སོང་དུ་གཞོལ། སུ་ ནི༑ ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི། ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང། ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ ལག་ནས་དྲང་བར་བྱ། སུ་ནི། འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་ [90A]༄༅། །པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། རྒྱ་མཚོ་ ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད་།གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་ དགོངས་ན། མཉན་དུ་ཡོད་པའི་སྐྱེ་བོ་ཕལ་པོ་ཆེ་འདུལ་བའི་དུས་ལབ་བབ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་ཅི་ཚར་གཅད་པས་འདུལ་བར་འགྱུར་རམ། འོན་ཏེ་བསྟོད་པས་ འདུལ་བར་འགྱུར་རམ། འོན་ཏེ་སྐྱོ་བ་བསྐྱེད་པས་འདུལ་བར་འགྱུར་སྙམ་དུ་དགོངས་ནས་སྐྱོབ་བ་སྐྱེད་པས་འདུལ་བར་འགྱུར་བར་བཅོམ་ལྡན་འདས་ཀྱིས་གཟིགས་ནས་དེ་དག་ སྐྱོ་བ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་སེམས་ཅན་དེ་རྫུ་འཕྲུལ་གྱིས་བཀུག་སྟེ་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་བཞག་ན་དེར་ཡང་དེ་ནད་མི་བཟོད་ནས་ཕན་ཚུན་རྒྱུག་པར་བྱེད་ལ་ དེར་ཡང་དེ་གལ་ཏེ་ཐང་ལ་འགྲོ་ན་ནི། དེ་ལ་དེ་ཉིད་ནས་སེངྒེ་དང་སྟག་དང་གཟིག་དང་དྲེད་ལ་སོགས་པ་ལྕགས་ཀྱི་མཆེ་བ་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་དེའི་ཤ་རྣམས་བཅད་ཅིང་ [90B] །དེ་སྟེ་ཆུར་འབོག་ན་ནི། དེ་ལ་དེ་ཉིད་ནས་ཆུ་སྲིན་མ་ཀ་ར་ལྕགས་ཀྱི་མཆེ་བ་ཅན་དག་འབྱུང་བར་འགྱུར་ཏེ་དེ་དག་གིས་ཀྱང་དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ཟའོ། །དེ་སྟེ་ སྟེང་གི་ནམ་མཁའ་ལ་འགྲོན་ནི། དེ་ལ་དེ་ཉིད་ནས་བྱ་རོག་དང་བྱ་རྒོད་དང་ཆུན་ལག་ལྕགས་ཀྱི་མཆུ་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ཀྱང་དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ ཟའོ༑ ༑དེ་སྟེ་ནགས་སྟུག་པོའི་ནང་དུ་འགྲོ་ན་ནི། དེ་ལ་དེ་ཉིད་ནས་ཤིང་ཤལ་མ་ལིའི་ཚལ་འབྱུང་བར་འགྱུར་ཏེ། དེ་ལ་དེ་ཉིད་དུ་རལ་གྲི་དང་མདུང་ཐུང་དང་མདའ་བོ་ཆེ་དང་རྡོ་རྗེ་རྩེ་གཅིག་པ་ དང་མདུང་ཁ་ལེབ་རྣམས་རླུང་གིས་སྤགས་ཏེ་དེའི་སྟེང་དུ་འབབ་བོ། །དེ་སྟེ་རྩིག་པའི་གསེབ་བམ་རིའི་སུལ་ལམ་བྱ་སྐྱིབས་དག་ཏུ་འགྲོ་བར་འདོད་ནའང་དེ་ལ་དེ་ཉིད་ནས་ལས་སྐྱེས་པའི་ མི་དག་འབྱུང་བར་འགྱུར་ཏེ་རལ་གྲི་དང་མདུང་ཐུང་དང་མདའ་བོ་ཆེ་དང་རྡོ་རྗེ་རྩེ་གཅིག་པ་དང་མདུང་ཁ་ལེབ་རྣམས་ཐོགས་ནས་དེའི་ལུས་ལ་འདེབས་ཏེ། དེ་དག་གིས་དེའི་ལུས་ཐམས་ཅད་ གཅོད་ཅིང་གཏུབ་པར་བྱེད་དེ། རྒྱུ་དེས་ན་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ་ཉམ་ཐག་པའི་སྐད་འབྱིན་ཅིང་དུའོ། །དེ་ནས་དེའི་ཀུ་ཅོའི་སྒྲས་ མཉན་དུ་ཡོད་པ་ཐམས་ཅད་གང་བར་གྱུར་ཏོ། །མཉན་དུ་ཡོད་པའི་སྐྱེ་བོ་ཕལ་པོ་ཆེས་འཇིགས་སུ་རུང་བའི་སྒྲ་དེ་ལྟ་བུ་ཐོས་སོ་།ཐོས་ནས་ཀྱང་སེམས་ཅན་སྟོང་ཕྲག་དུ་མ་མཉན་དུ་ [91A]༄༅། །ཡོད་པ་ནས་བྱུང་སྟེ་སྒྲ་དྲག་པའི་ལོགས་སུ་ཆུ་ཀླུང་ཁང་ལྡན་ག་ལ་བ་དེར་དོང་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་ཐག་རིང་པོ་ཞིག་གིས་སེམས་ཅན་དེ་དེ་ལྟ་བུའི་ གནོད་པའི་སྡུག་བསྔལ་ཉམས་སུ་མྱོང་བ་མཐོང་ངོ། །མཐོང་ནས་ཀྱང་དེ་དག་གིས་བསམ་པ། སེམས་ཅན་འདི་ལྟ་བུ་གནོད་པའི་སྡུག་བསྔལ་འདི་འདྲ་བ་ཉམས་སུ་མྱོང་བ་འདི་སུ་ཞིག་ སྙམ་མོ༑ ༑སངས་རྒྱས་བཅོམ་ལྡན་འདས་བཞུགས་ཤིང་གཞེས་ལ་འཚོ་བ་རྣམས་ནི། ཆོས་ཉིད་ཀྱིས་དུས་དུས་སུ་གཙུག་ལག་ཁང་དང་དུར་ཁྲོད་དང་རི་དང་ཆུ་ཀླུང་དག་ཏུ་རྒྱུ་ཞིང་གཤེགས་ ཏེ༑ དོན་འདིའི་ཕྱིར་བཅོམ་ལྡན་འདས་ཆུ་ཀླུང་དུ་རྒྱུ་ཞིང་གཤེགས་པར་བཞེད་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་དགེ་སློང་རྣམས་ལ་དེ་བཞིན་ གཤེགས་པ་ནི། ཆུ་ཀླུང་དུ་རྒྱུ་ཞིང་གཤེགས་ཀྱི། སུ་དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་རྒྱུ་ཞིང་འགྲོ་འདོད་པ་དེ་དག་ཆོས་གོས་དག་ཆོས་ཤིག་ཅེས་སྒོས་ཤིག། དེ་སྐད་ཅེས་ བཀའ་སྩལ་ཏེ་བསྒོས་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་ཆུ་ཀླུང་ཁང་ལྡན་ག་ལ་དེར་གཤེགས་ སོ༑ ༑དེ་ནས་སྐྱེ་བོའི་ཚོགས་ཀྱིས་ཐག་རིང་པོ་ནས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་མ་དད་པ་གང་ཡིན་པ་དེ་དག་ན་རེ་དགེ་སྦྱོང་གཽ་ཏ་མ་ལྟད་མོ་ལ་དགའ་བ་མེད་དོ། ། [91B] དེའང་ལྟད་མོའི་དབང་དུ་གྱུར་ཏེ་འོངས་སོ་།ཞེས་ཟེར་རོ། །དད་པ་དང་ལྡན་པ་གང་ཡིན་པ་དེ་དག་ན་རེ། བཅོམ་ལྡན་འདས་སེམས་ཅན་འདི་ལ་བརྟེན་ཏེ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ ཤིག་ལུང་སྟོན་པར་བཞེད་གོར་མ་ཆག་ཅེས་ཟེར་ནས་བཅོམ་ལྡན་འདས་ཀྱི་གདན་བཤམས་ཏེ་སྨྲས་པ། བཅོམ་ལྡན་འདས། ཚུར་གཤེགས། བཅོམ་ལྡན་འདས་གཤེགས་པ་ལེགས་སོ་ ལེགས་སོ། །བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སུ་གསོལ་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་གདན་བཤགས་པ་ལ་བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགོངས་ པ༑ མ་ལ་བདག་སེམས་ཅན་འདི་ཅི་ནས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་ལ་མིའི་སྐད་དུ་སྨྲ་ཞིང་བདག་དང་གཏམ་ཟེར་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ་སྙམ་ དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཅི་ནས་སེམས་ཅན་དེས་སྔོན་གྱི་ཚེ་རབས་དྲན་ལ་མིའི་སྐད་དུ་སྨྲ་ཞིང། བཅོམ་ལྡན་འདས་དང་གཏམ་ཟེར་བར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་ནས་དེར་བཅོམ་ལྡན་འདས་ཀྱིས་སེམས་ཅན་དེ་དག་ལ་བཀའ་སྩལ་པ། བཞིན་བཟང། ཁྱོད་སྒམ་པོ་ཡིན་ནམ། བཅོམ་ལྡན་འདས། བདག་སྒམ་པོ་ལགས་སོ། ། བཞིན་བཟང། ཁྱོད་སྒམ་པོ་ཡིན་ནམ། བདེ་བར་གཤེགས་པ། བདག་སྒམ་པོ་ལགས་སོ། །ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའི་ལས་རྣམས་ཀྱི་འབྲས་བུ་མྱོང་བ་ཡོད་དམ་ [92A]༄༅། །བཅོམ་ལྡན་འདས། མྱོང་བ་མཆིས་ལགས་སོ། །ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པའི་ལས་རྣམས་ཀྱི་འབྲས་བུ་མི་སྡུག་པ་ཡིན་ནམ། བདེ་བར་ གཤེགས་པ། མི་སྡུག་པ་ལགས་སོ། །ཁྱོད་ཀྱི་མི་དགེ་བའི་བཤེས་གཉེན་སུ་ཡིན། དེས་གསོལ་པ། རང་གི་སེམས་ལགས་སོ། །དེ་ནས་སྐྱེ་པོ་ཕལ་པོ་ཆེ་དེ་དག་འདི་སྙམ་དུ་ སེམས་ཏེ། འདི་ལྟ་བུའི་སེམས་ཅན་སྔོན་གྱི་ཚེ་རབས་དྲན་ལ་མིའི་སྐད་དུ་སྨྲ་ཞིང། བཅོམ་ལྡན་འདས་དང་གཏམ་ཟེར་བ་འདི་སུ་ཞིག་སྙམ་མོ། །སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི། སྙན་སླེབ་པར་དཀའ་སྟེ། དེ་དག་གིས་བཅོམ་ལྡན་འདས་ཀྱི་སྙན་དུ་ཞུ་མ་ནུས་ནས་དེ་དག་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་དྲིས་པ། བཙུན་པ། ཀུན་དགའ་བོ་ འདི་ལྟ་བུའི་སེམས་ཅན་སྡོན་གྱི་ཚེ་རབས་དྲན་ལ་མིའི་སྐད་དུ་སྨྲ་ཞིང། བཅོམ་ལྡན་འདས་དང་གཏམ་ཟེར་བ་འདི་སུ་ཞིག་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། བཅོམ་ ལྡན་འདས་ལ་ཞུས་ཤིག་དེ་དག་གིས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྙན་སླེབ་པར་དཀའ་ཞིང་གཟི་བྱིན་བཟོད་པར་དཀའ་བས་བདག་ཅག་གིས་ སངས་རྒྱས་བཅོམ་ལྡན་འདས་ཀྱི་སྙན་དུ་ཞུ་མི་ནུས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བདག་གིས་ཀྱང་སླེབ་པར་དཀའ་ [92B] འོན་ཀྱང་ཁྱེད་ལ་སྙིང་བརྩེ་བའི་ཕྱིར་ཞུ་བར་བགྱིའོ། །ཞེས་སྨྲས་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་ སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། འདི་ལྟ་བུའི་སེམས་ཅན་སྔོན་གྱི་ཚེ་རབས་དྲན་ལ་མིའི་སྐད་དུ་སྨྲ་ཞིང། བཅོམ་ལྡན་འདས་ ལ་བཀའ་མཆིད་གསོལ་བ་འདི་སུ་ཞིག་ལགས། དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སེམས་ཅན་འདི་ནི། སྡིག་པའི་ལས་ བྱེད་བྱེད་པ་ཡིན་ཏེ། འདིས་སྡིག་པའི་ལས་མང་དུ་བྱས་སོ། །ཀུན་དགའ་བོ། སྔོན་བྱུང་བ་འདས་པའི་དུས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་འདས་པ། ཡང་དག་པར་རྫོགས་ པའི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་པ། སྐྱེས་ བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་ཟེར་ཅན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་དགྲ་བཅོམ་པ་ཞིག་དགྲ་ བཅོམ་པ་ལྔ་བརྒྱ་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིང་སོང་བ་ལས་རྒྱལ་པོའི་ཕོ་བྲང་ཞིག་ཏུ་ཕྱིན་ནས་དེ་དག་རྒྱལ་པོ་དེའི་སྐྱེད་མོས་ཚལ་དུ་སོང་སྟེ་རྒན་རིམས་བཞིན་དུ་ཤིང་དྲུང་རེ་རེར་རྩ་བཏིང་ [93A]༄༅། །ནས་སྐྱིལ་མོ་ཀྲུང་བཅས་ཏེ་བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་བདེ་བ་ཉམས་སུ་མྱོང་བར་བྱེད་དོ། །དེ་ནས་དེའི་ཚེ་རྒྱལ་ པོའི་ཕོ་བྲང་དེ་ཉིད་ན་རྒྱལ་པོ་སྒམ་པོ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། རྒྱལ་པོ་དེ་ནང་པར་སྔར་ལངས་ནས་བུད་མེད་ཀྱི་འཁོར་གྱིས་ཞབས་འབྲིང་བྱས་ཏེ་སྐྱེད་མོས་ཚལ་དེར་སོང་ངོ། །དེ་ དེར་སོང་ནས་ཕྱོགས་གཅིག་ཏུ་འདུག་པ་དང་བུད་མེད་དེ་དག་མེ་ཏོག་དང་འབྲས་བུ་ལ་སྲེད་པས་ཕན་ཚུན་དུ་འཁྱམས་ཤིང་དོང་བ་ལས་བུད་མེད་དེ་དག་གིས་དགེ་སློང་ལྔ་བརྒྱ་པོ་དེ་ དག་ཤིང་དྲུང་དག་ན་ཀླུའི་རྒྱལ་པོ་ལྟར་ལུས་བསྐྱིལ་ཏེ་གཉིད་ལོག་པ་བཞིན་དུ་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་པ་མཐོང་ངོ་།མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་སོ། །དེ་དག་དགའ་ བ་སྐྱེས་ནས་དེ་དག་གིས་ཞབས་ལ་ཕྱག་བཙལ་ཏེ་དེ་དག་གི་ནང་ན་ཆེས་རྒན་པ་གང་ཡིན་པ་དེའི་མདུན་དུ་ཆོས་མཉན་པའི་ཕྱིར་འཁོད་དོ། །དེ་ནས་རྒྱལ་པོ་དེས་སྐྱེད་མོས་ཚལ་དེའི་ ནང་ནས་སྐྱེས་པའི་སྒྲ་ཐོས་སོ། །ཐོས་ནས་ཀྱང་རལ་གྲི་རྣོན་པོ་མགུལ་དུ་ཐོགས་ཏེ་དགེ་སློང་དེ་དག་ག་ལ་བ་དེར་སོང་ནས་རྒྱལ་པོ་དེས་དགེ་སློང་ལྔ་བརྒྱ་དེ་དག་ཐག་རིང་པོ་ནས་མཐོང་ ངོ། །མཐོང་ནས་ཀྱང་དགེ་སློང་རྣམས་ཀྱིས་ངའི་བཙུན་མོའི་འཁོར་མཐོང་གིས་མེད་དོ་སྙམ་སྟེ་ཁྲོ་བའི་ཀུན་ནས་དཀྲིས་པ་ཆེན་པོ་སྐྱེས་ནས་མཐོང་མ་ཐག་ཏུ་རྒྱལ་པོ་དེས་རྒྱལ་པོའི་ [93B] དེ་དག་ལ་བསྒོ་བ། དགེ་སློང་འདི་རྣམས་ལྕག་གིས་བཞུས་ཤིག་ཅེས་བྱས་སོ། །དེ་ནས་ར་ཞིག་ན་དེ་དག་ལྕག་གིས་བཞུས་ནས་དགེ་སློང་དེ་དག་གི་ལུས་རིལ་གྱིས་ཞུ་ ལུབ་ཏུ་ཤ་སྣག་པུ་བཞིན་དུ་གྱུར་ཏོ། །དེ་ནས་དེས་དགེ་སློང་དེ་རྣམས་སྙིང་ཚིམ་པར་བཞུས་ནས་གཤེད་མ་རྣམས་ལ་གཏད་དེ། ཁྱེད་དེང་ལ་རབ་ཏུ་བྱུང་བ་འདི་རྣམས་ལས་ཁ་ཅིག་ནི། གསོན་ པོར་གསལ་ཤིང་ལ་ཚུགས་ལ་རལ་གྲི་དང་མདུང་ཐུང་དང་མདའ་པོ་ཆེ་དང་རྡོ་རྗེ་རྩེ་གཅིག་པ་དང་མདུང་ཁ་ལེབ་རྣམས་ཀྱིས་སྣུན་ཅིག་ཁ་ཅིག་ནི། གསོན་པོར་ཁྱི་རྣམས་ལ་བྱིན་ཅིག་ཁ་ཅིག་ ནི༑ ལུས་དུམ་བུ་དྲུག་ཏུ་ཆོད་ལ་ཕྱོགས་ཀུན་ཏུ་བོར་ཅིག་ཅེས་བྱས་སོ་།དེ་ནས་རྒྱལ་པོའི་མི་དེ་དག་གིས་དེ་བཞིན་དུ་འཚལ་ལོ། །ཞེས་བྱས་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་ཁ་ཅིག་ནི། གསོན་པོར་ གསལ་ཤིང་ལ་བཙུགས་ནས་རལ་གྲི་དང་མདུང་ཐུང་དང་མདའ་བོ་ཆེ་དང་རྡོ་རྗེ་རྩེ་གཅིག་པ་དང་མདུང་ཁ་ལབ་རྣམས་ཀྱིས་བསྣུན་ཏོ། །ཁ་ཅིག་ནི། གསོན་པོར་ཁྱི་རྣམས་ལ་བྱིན་ནོ། །ཁ་ཅིག་ནི། ལུས་ དུམ་བུ་དྲུག་ཏུ་བཅད་དེ་ཕྱོགས་ཀུན་ཏུ་བོར་རོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི། སེམས་ཅན་འདི་ཉིད་ཡིན་ཏེ། དེས་དེར་དགྲ་བཅོམ་པ་ལྔ་བརྒྱ་པོ་དེ་དག་ བསད་པའི་ལས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ། །དེས་དགེ་སློང་དེ་དག་ལ་སྡང་བའི་སེམས་ཀྱིས་བལྟས་པའི་ལས་དེའི་རྣམ་པར་སྨིན་པས་ནི། དམུས་ [94A]༄༅། །ལོང་དུ་གྱུར་ཏོ། །དེས་དགེ་སློང་དེ་དག་ལྕག་གིས་བཞུས་པའི་ལས་དེའི་རྣམ་པར་སྨིན་པས་ནི། ལུས་རིམ་གྱིས་རྨས་ཞུ་ལུབ་ཏུ་ཡོག་པར་གྱུར་ཏོ། །སྤྱི་བོ་མན་ཆད་ རྐང་མཐིལ་ཡན་ཆད་དུ་སྲིན་ཞུགས་སོ། །དེས་དེ་དག་གཤེད་མ་ལ་གཏད་དེ་ཁ་ཅིག་ནི། གསོན་པོར་གསལ་ཤིང་ལ་བཙུགས་ནས་རལ་གྲི་དང་མདུང་ཐུང་དང་མདའ་བོ་ཆེ་དང་རྡོ་རྗེ་རྩེ་གཅིག་པ་ དང་མདུང་ཁ་ལེབ་རྣམས་ཀྱིས་བསྣུན་པ་དང། ཁ་ཅིག་ནི། གསོན་པོར་ཁྱི་རྣམས་ལ་བྱིན་པ་དང། ཁ་ཅིག་ནི། གསོན་པོར་ལུས་དུམ་བུ་དྲུག་ཏུ་བཅད་དེ་ཕྱོགས་ཀུན་ཏུ་གཏོར་བའི་ལས་དེའི་ རྣམ་པར་སྨིན་པས་ནི། གལ་ཏེ་ཐང་ལ་འགྲོ་ན་ནི། དེ་ལ་དེ་ཉིད་ནས་སེངྒེ་དང་སྟག་དང་གཟིག་དང་དྲེད་ལ་སོགས་པ་ལྕགས་ཀྱི་མཆེ་བ་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་དེའི་ཤ་ རྣམས་བཅད་ཅིང་བཅད་ཅིང་ཟའོ། །དེ་སྟེ་ཆུར་འབོག་ན་ནི། དེ་ལ་དེ་ཉིད་ནས་ཆུ་སྲིན་མ་ཀ་ར་ལྕགས་ཀྱིས་མཆེ་བ་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ཀྱང་དེའི་ཤ་རྣམས་བཅད་ཅིང་ བཅད་ཅིང་ཟའོ། །དེ་སྟེང་གི་ནམ་མཁའ་ལ་འགྲོ་ན་ནི། དེ་ལ་དེ་ཉིད་ནས་བྱ་རོག་དང་བྱ་རྒོད་དང་ཆུན་ལག་ལྕགས་ཀྱི་མཆུ་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་གིས་ཀྱང་དེའི་ཤ་རྣམས་བཅད་ ཅིང་བཅད་ཅིང་ཟའོ། །དེ་ནགས་སྟུག་པོའི་ནང་དུ་འགྲོ་ན་ནི། དེ་ལ་དེ་ཉིད་ནས་ཤིང་ཤལ་མ་ལིའི་ཚལ་འབྱུང་བར་འགྱུར་ཏེ། དེ་ལ་དེ་ཉིད་དུ་རལ་གྲི་དང་མདུང་ཐུང་དང་མདའ་བོ་ཆེ་དང་རྡོ་རྗེ་རྩེ་ [94B]སྟེང་དུ་འབབ་བོ། །དེ་སྟེ་རྩིག་པའི་གསེབ་པ་མ་རིའི་སུལ་ལམ་བྱ་སྐྱབས་དག་ཏུ་འགྲོ་བར་འདོད་ནའང་དེ་ལ་དེ་ཉིད་ནས་ལས་ལས་སྐྱེས་ པའི་མི་དག་འབྱུང་བར་འགྱུར་ཏེ་རལ་གྲི་དང་མདུང་ཐུང་དང་མདའ་བོ་ཆེ་དང་རྡོ་རྗེ་རྩེ་གཅིག་པ་དང་མདུང་ཁ་ལེབ་རྣམས་ཐོགས་ནས་དེའི་ལུས་ལ་འདེབས་ཏེ། དེ་དག་གིས་དེའི་ལུས་ཐམས་ ཅད་བཅད་ཅིང་གཏུབ་པར་བྱེད་དེ། རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ་ཉམ་ཐག་པའི་སྐད་འབྱིན་ཅིང་དུའོ། །དགེ་སློང་དག་།ཡང་ དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་ཅན་གྱི་རིང་ཚུན་ཆད་ནས་ད་ལྟར་ང་རང་གི་བར་དུ་སེམས་ཅན་འདི་སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ཤིང་སེམས་ཅན་དམྱལ་བ་རྣམས་འབའ་ ཞིག་ཏུ་སྐྱེས་ཏེ། འདིས་འདི་ལྟ་བུའི་སྡུག་བསྔལ་རྙེད་པར་གྱུར་ཏོ། །བཙུན་པ། སེམས་ཅན་འདི་སྡུག་བསྔལ་འདི་ལས་ནམ་ཐར་བར་འགྱུར་ལགས། བསྐལ་པ་བཟང་པོ་འདི་ཉིད་ལ་ སངས་རྒྱས་ལྔ་བརྒྱ་འབྱུང་བར་འགྱུར་ཏེ། དེའི་བར་དུའང་སེམས་ཅན་འདི་སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ཤིང་སེམས་ཅན་དམྱལ་བ་རྣམས་འབའ་ཞིག་ཏུ་སྐྱེ་བར་འགྱུར་ཏེ། འདི་ལྟ་ བུའི་སྡུག་བསྔལ་ཤ་སྟག་རྙེད་ནས་དེའི་འོག་ཏུ་སེམས་ཅན་དམྱལ་བའི་སྡུག་བསྔལ་ཟད་ནས་མིར་སྐྱེ་བ་ཐོབ་པར་འགྱུར་ཏེ། དེས་རིགས་ངན་གྱི་ཁྱིམ་དུ་ཉིང་མཚམས་སྦྱོར་བར་འགྱུར་རོ། །དེ་ [95A]༄༅། །གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་རི་དྭགས་བཤོར་དུ་འགྲོ་བར་འགྱུར་ཏེ། དེ་དེར་སོང་བ་ན་ནགས་ཁྲོད་མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ་ བསིལ་གྲིབ་ཕུན་སུམ་ཚོགས་པ་ཞིག་ཏུ་ཕྱིན་ནས་ངེས་བསམ་པ། གནས་འདི་ལྟ་བུར་ནི། རི་དྭགས་རྣམས་འདུ་བར་འགྱུར་རོ་སྙམ་ནས་དེས་དེར་འཁྲུལ་འཁོར་དང་རྙི་དང་གཏོར་བ་དང་ རྙོད་རྣམས་བཙུགས་ནས་འགྲོ་བར་བྱེད་དོ། །དེ་ནས་དེའི་ཚེ་འཇིག་རྟེན་དུ་རང་སངས་རྒྱས་ཤིག་བྱུང་སྟེ། དེ་ནགས་ཁྲོད་དེར་མཚན་མོ་གནས་འཆའ་བར་བྱེད་དེ། དེའི་དྲིས་རི་དྭགས་ དེ་དག་དེའི་ཉིན་པར་ནགས་ཁྲོད་དེར་མི་འོང་ངོ། །རྔོན་པ་དེའང་དེར་སོང་ནས་ནགས་ཁྲོད་དེར་རང་སངས་རྒྱས་དེ་འབའ་ཞིག་མཐོང་བ་ལས་གཞན་ཅིའང་མ་རྙེད་ནས་དེས་འདི་སྙམ་དུ་ སེམས་ཏེ། རབ་ཏུ་བྱུང་བ་འདི་དག་ནི། གནས་འདི་ལྟ་བུ་ལ་དགའ་བར་སྐྱེད་པར་བྱེད་དེ། འདི་འདི་ན་འདུག་པར་གྱུར་ན་བདག་ལ་གནོད་པར་འགྱུར་གྱི། མ་ལ་བདག་གིས་འདི་གསད་ གོར་མ་ཆག་སྙམ་ནས་དེས་རང་སངས་རྒྱས་དེ་བསད་དེ། དེས་དེ་བསད་ནས་རྔོན་པ་དེ་ཤི་བའི་འོག་ཏུ་ཡང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་ཏེ། དེ་དེར་ལོ་ བརྒྱ་ཕྲག་དུ་མ་དང། ལོ་སྟོང་ཕྲག་དུ་མའི་བར་དུ་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ནས་དེ་ལས་ཟད་ནས་ཡང་མིར་སྐྱེ་བ་ཐོབ་པར་ཡང་འགྱུར་ཏེ། དེའི་ཚེ་ [95B]རྟེན་དུ་འབྱུང་བར་འགྱུར་ཏེ། དེའི་གསུང་རབ་ལ་འདི་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་ སུམ་དུ་བྱེད་པར་འགྱུར་རོ། །དེས་དགྲ་བཅོམ་པ་ཉིད་ཐོབ་ནས་རྒྱལ་པོའི་ཕོ་བྲང་ཞིག་ཏུ་འགྲོ་བར་འགྱུར་ཏེ། དེ་རྒྱལ་པོའི་སྐྱེད་མོས་ཚལ་དུ་གནས་འཆའ་བར་འགྱུར་རོ། །རྒྱལ་པོ་དེའང་བུད་ མེད་ཀྱི་འཁོར་དག་གིས་ཞབས་འབྲིང་བྱས་ཏེ་སྐྱེད་མོས་ཚལ་དེར་འགྲོ་བར་འགྱུར་ལ། བུད་མེད་དེ་དག་ཀྱང་སྐྱེད་མོས་ཚལ་དེར་མེ་ཏོག་དང་འབྲས་བུ་ལ་སྲེད་པས་ཕན་ཚུན་འཁྱམས་ཤིང་འགྲོ་ བ་ལས་དེའི་ཐད་དུ་ཕྱིན་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འཁོད་དོ། །རྒྱལ་པོ་དེའང་སྐྱེས་པའི་སྒྲ་ཐོས་ནས་དེའི་ཐད་དུ་འགྲོ་བར་འགྱུར་ལ། དེ་མཐོང་ནས་ཁྲོས་ཏེ་ལྕག་གིས་བཞུས་ནས་ དེའི་ལུས་དུམ་བུ་དྲུག་ཏུ་བཅད་དེ་གསོན་པོར་གསལ་ཤིང་ལ་བཙུགས་ནས་རལ་གྲི་དང་དུང་ཐུང་དང་མདའ་པོ་ཆེ་དང་རྡོ་རྗེ་རྩེ་གཅིག་པ་དང་མདུང་ཁ་ལེབ་རྣམས་ཀྱིས་ལུས་ལ་བསྣུན་ནས་ ཁྱི་རྣམས་ལ་བྱིན་པར་གྱུར་ཏེ། དེའི་སྡུག་བསྔལ་གྱི་མཐའ་དེར་ཐུག་པར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་དེ་དག་ཤས་ཆེར་སྐྱོ་བ་སྐྱེས་ཏེ་དེ་དག་གིས་བསམ་པ་ འཁོར་བ་ན་འཁོར་ན། བདག་ཅག་གིས་ཀྱང་སྡུག་བསྔལ་མི་བཟད་པ་དེ་ལྟ་བུ་རྙེད་པར་འགྱུར་རོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ཡིད་སྐྱོ་བར་གྱུར་པར་ཐུགས་སུ་ཆུད་ནས་ [96A]༄༅། །དེ་དང་མཐུན་པའི་ཆོས་བསྟན་ཏེ། སྟན་དེ་ཉིད་ལ་འཁོད་བཞིན་དུ་ཁ་ཅིག་གིས་ནི། དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི་རྩེ་མོ་དང། བདེན་པ་དང་མཐུན་པའི་ བཟོད་པ་དང། འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང། མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། །ཁ་ཅིག་གིས་ནི། སྟོབས་ཀྱི་འཁོར་ལོས་བསྒྱུར་བར་འགྱུར་བ་དང། ཁ་ཅིག་ གིས་ནི། བརྒྱ་བྱིན་དུ་འགྱུར་བ་དང། ཁ་ཅིག་གིས་ནི། ཚངས་པར་འགྱུར་བ་དང། ཁ་ཅིག་གིས་ནི། ཉན་ཐོས་ཀྱི་བྱང་ཆུབ་དང། ཁ་ཅིག་གིས་ནི། རང་སངས་རྒྱས་ཀྱི་བྱང་ཆུབ་དང། ཁ་ཅིག་ གིས་ནི༑ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི། སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་ བབ་པར་མཛད་དེ་བཀོད་ནས་གཙུག་ལག་ཁང་དུ་གཤེགས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་དྲུག་པ། ས་འཚོམ་ཞེས་བྱ་བ་ནི། གླེང་གཞི་སེར་སྐྱའི་གནས་ན་བཞུགས་ [96B] གང་གི་ཚེ་ལྷས་བྱིན་གྱིས་ཨུཏྤ་ལའི་ཁ་དོག་མ་བསད་ནས་དེ་རྒྱལ་པོ་གསལ་རྒྱལ་གྱིས་ཡུལ་ནས་བསྐྲད་པ་དེའི་ཚེ་ཡུལ་སེར་སྐྱའི་གནས་སུ་སོང་ནས་བསམ་པ། བདག་གིས་དགེ་སྦྱོང་ གཽ་ཏ་མ་གསོད་ཀྱང་མ་ནུས་ལ། སངས་རྒྱས་ཀྱི་ཐབས་ཀྱང་མ་གོས་ཀྱི། བདག་སོང་ལ་དོན་གྲུབ་ཀྱི་བཙུན་མོའི་འཁོར་རྣམས་ཁ་དྲངས་ཏེ་དེ་དག་དང་བསྡོངས་ལ་རྒྱལ་ས་ཐོབ་ནས་རྒྱལ་པོ་བྱའོ་ སྙམ་དུ་བསམ་སྟེ། དེས་གྲགས་འཛིན་མ་ལ་འཕྲིན་པ་ཞིག་བཏང་སྟེ། གྲགས་འཛིན་མ། ད་ནི། སྡིག་པ་ལ་དགའ་བ་དེས་ཅི་བྱས་པ་ལ་ལྟོས། བུད་མེད་དྲུག་ཁྲི་ཆུང་མར་བླངས་ནས་སྡུག་པར་ བྱས་པ་འདིས་གལ་ཏེ་ངེས་འདོད་པ་རྣམས་ཡོངས་སུ་སྤྱད་པར་མི་འདོད་ན་ནི། བཙུན་མོ་བླངས་ཏེ་གཞག་ཀྱང་ཅི་དགོས། དེ་ཡང་གལ་ཏེ་ཁྱོད་དགའ་ན་ནི། བདག་ཅག་གིས་ཀྱང་རྒྱལ་པོ་ ཐོབ་པར་འགྱུར་ལ། ཁྱོད་ཀྱང་སྔོན་བཞིན་དུ་དཔལ་དང་སྐལ་བ་དང་ལྡན་པར་འགྱུར་རོ། །ཞེས་སྤྲིང་ངོ། །དེ་ནས་དེ་ཐོས་མ་ཐག་ཏུ་གྲགས་འཛིན་མས་ས་འཚོ་མ་ལ་བསྙད་དེ། ས་འཚོ་མ་ ལྷས་བྱིན་གྱིས་ནི། བདག་ལ་འདི་སྐད་ཅེས་སྤྲིང་ངོ། །ཞེས་བྱས་སོ། །དེ་ནས་ས་འཚོ་མ་ན་རེ། འུ་བུ་ཅག་གིས་ཐབས་ཤིག་གིས་དེ་ནང་དུ་བཀུག་ལ་དམའ་ཕབ་སྟེ་མ་བཏང་ན། དེ་ཐ་མལ་བར་ འདུག་པར་མི་འགྱུར་རོ། །ཞེས་ཟེར་རོ། །དེ་ནས་དེ་རྣམས་ཀྱིས་ལྷས་བྱིན་ལ་སྤྲིང་པ། ལྷས་བྱིན་རྒྱལ་པོའི་ཕོ་བྲང་གི་ནང་དུ་སྦྱོན་ཅིག་དང། འདིར་གཤེགས་ནས་ཐབས་ཇི་ལྟ་བུ་ཞིག་གིས་ [97A]༄༅། །བདག་ཅག་གིས་ཁྱོད་རྒྱལ་སར་བཞུགས་པ་བཀའ་གྲོས་མཛད་དོ། །ཞེས་སྤྲིང་ངོ། །དེ་ནས་ལྷས་བྱིན་གྱིས་དེ་ཐོས་མ་ཐག་ཏུ་དགའ་ཆེས་ནས་ད་ནི། དེ་དག་དགའ་བར་ གྱུར་པས་རྒྱལ་སྲིད་ནི། བདག་གི་འཆང་བ་ཁོ་ན་ན་འདུག་གོ་སྙམ་དུ་བསམ་ནས་རྒྱལ་པོའི་ཕོ་བྲང་དུ་སོང་སྟེ་བྱང་ཆུབ་སེམས་དཔའི་གདན་ལ་འདུག་པར་ཆས་པ་དང་ལྷ་རྣམས་ཀྱིས་གདན་ དེ་མི་མཐོང་བར་བྱས་སོ། །དེ་ནས་ས་འཚོ་མ་བཙུན་མོའི་འཁོར་གྱི་སྒོ་ལོགས་ཀྱི་ཐེམ་སྐས་ཀྱི་མགོ་ལ་འདུག་ནས་སྨྲས་པ། ལྷས་བྱིན་ཁྱེད་རེ་ཞིག་གདན་ལ་བཞུགས་ཅི་འཚལ། བཙུན་ མོའི་འཁོར་ནང་དུ་ཇེ་གཤེགས་དང་བཀའ་གྲོས་མཛད་དོ། །དེ་ནས་ལྷས་བྱིན་གྱིས་ཀྱང་ས་འཚོ་མའི་ཚིག་ཉན་ནས་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ་དེའི་མདུན་དུ་འདུག་གོ་དེ་ནས་ས་འཚོ་ མས་དེའི་ཐལ་མོ་སྦྱར་བ་བཟུང་སྟེ་དྲག་ཏུ་བཅིར་ནས་དེའི་སོར་མོ་ཐམས་ཅད་ལས་ཁྲག་བྱུང་སྟེ་ལྷས་བྱིན་དེའི་ནད་ཀྱིས་ཉམ་ཐག་པས་ཁུས་བཏབ་བོ། །དེ་ནས་ས་འཚོ་མས་སྐས་དེ་ཉིད་ ལ་མགོ་ཐུར་ཀར་བསྟན་ཏེ་མགོ་བོར་རྡོག་པས་བསྣུན་ནས་སྐས་མགོ་ནས་བོར་རོ། །བུད་མེད་གཞན་རྣམས་ཀྱིས་ཀྱང་ཁ་ཅིག་གིས་ནི། དེའི་ལུས་བ་ལང་གི་ལྕི་བས་གཏོར་རོ། །ཁ་ཅིག་ གིས་ནི༑ འབྲུ་མར་ཚན་མོས་གཏོར་ཏོ། །དེ་ནས་དེའི་ལུས་སྣད་ཅིང་རྨས་བཞིན་དུ་དེའི་ནང་ནས་བྱུང་སྟེ་སོང་ནས་དེ་ཀོ་ཀ་ལི་ཀ་དང། ཁན་ད་དྲ་བ་བྱ་དང། ཀ་ཏ་མོར་ཏི་ཤྱ་དང། རྒྱ་མཚོས་ [97B] དེ་དག་གིས་དེ་མཐོང་ནས་སྨྲས་པ། ལྷས་བྱིན། འདི་ཅི་ཞིག། བཙུན་མོའི་འཁོར་གྱི་གནད་ཆེན་ཁྱོད་ཀྱིས་བཙུན་མོ་འཁོར་གྱི་བདེ་བ་དག་ལེགས་པར་མྱོང་མོད་ དེ་ནས་སྐབས་དེ་དགེ་སློང་རྣམས་ཀྱིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་ཏོ། །དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ས་འཚོ་མས་ལྷས་བྱིན་མི་ མང་སར་ཇི་ལྟར་དམའ་ཕབ་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་ཏུ་མ་ཟད་ཀྱི། འདས་པའི་དུས་ནའང་ས་འཚོ་མས་ལྷས་བྱིན་ཇི་ལྟར་དམའ་ཕབ་ པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དོ། །ཡུལ་བི་དེ་ཧ་ན་ནི། རྒྱལ་པོ་དབང་ཆེན་སྡེ་ཞེས་བྱ་བ་རྒྱལ་ པོ་བྱེད་དེ། དེ་གཉིས་ཕན་ཚུན་མི་མཐུན་པས་དུས་དུས་སུ་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཀཱ་ཤིའི་ཡྲྒྱལ་པོ་ཚངས་པས་བྱིན་བློན་པོའི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ་ འཁོད་པའི་ནང་དུ་བུད་མེད་ཀྱི་གཏམ་གྱི་གླེང་བསླངས་ནས་ཁྱེད་ཀྱི་ནང་ན་སུ་དག་གིས་བུད་མེད་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དག་གང་དུ་མཐོང་ཞེས་དྲིས་ནས་དེར་སུས་བུད་མེད་ ཇི་ལྟ་བུ་མཐོང་བ་དེས་རྒྱལ་པོ་དེ་ལ་དེ་ཁོ་ན་བཞིན་དུ་གསོལ་ཏོ། །དེར་གཅིག་ཅིག་གིས་སྨྲས་པ། ལྷ། དེ་དག་ཐམས་ཅད་ལྟ་ཞོག་གི་།པི་དེ་ཧའི་རྒྱལ་པོའི་བཙུན་མོ་དམ་པ་དེ་དང་བྱད་གཟུགས་འདྲ་བ་ [98A]༄༅། །ནི༑ བུད་མེད་སུའང་མ་མཆིས་སོ། །ཞེས་བྱས་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་འདོད་ཆགས་ཀྱི་མངས་པོ་གནས་དེས་བསམ་པ་བདག་གིས་རྒྱལ་པོ་དབང་ ཆེན་སྡེ་དང་མི་མཐུན་བཞིན་དུ་ནི། དེ་དང་ཕྲད་པར་བྱ་མི་ནུས་ཀྱི། བདག་གིས་སྔར་དེ་དང་མཇལ་དུ་མ་བྱས་ནས་དེའི་འོག་ཏུ་སླ་བར་འགྱུར་རོ་སྙམ་དུ་བསམ་ནས་རྒྱལ་པོ་ཚངས་པས་བྱིན་ གྱིས་པི་ད་ཧའི་རྒྱལ་པོ་དང་མཇལ་དུམ་བྱས་པའི་འོག་ཏུ་རྒྱལ་པོ་དབང་ཆེན་སྡེའི་བཙུན་མོ་ལ་བུད་མེད་པོ་ཉར་བཏང་སྟེ། བདག་གིས་དབང་ཆེན་སྡེ་དང་མཇལ་དུམ་བྱས་བ་ཅི་ཡང་རུང་བ་ དེ་དག་ཐམས་ཅད་ནི། ཁྱོད་ཀྱི་ཕྱིར་ཡིན་གྱི། དེ་ཤེས་པར་གྱིས་ལ་ཅི་ནས་བདག་ཁྱོད་དང་ཕྲད་པར་འགྱུར་བ་དེ་ལྟར་གྱིས་ཤིག་ཅེས་སྤྲིང་ངོ། །དེ་ནས་དབང་ཆེན་སྡེའི་བཙུན་མོས་རྒྱལ་པོ་ ལ་སྤྲན་ཏེ། ལྷ། རྒྱལ་པོ་ཚངས་པས་བྱིན་དེ་ནི། བདག་འཚལ་ཞེས་དོན་སྒྲུབ་ཅིང་མཆིས་ཀྱི། གལ་ཏེ་ལྷས་བདག་ལ་བཀའ་སྩལ་ན་ནི་བདག་གིས་དེ་དམའ་དབབ་པར་འཚལ་ ཞེས་བྱས་སོ། །དེ་ནས་དེས་སྨྲས་པ། ཁྱོད་ཇི་ལྟར་དགའ་བ་དེ་བཞིན་དུ་གྱིས་ལ་ཅི་ནས་དེ་ངའི་ལག་ཏུ་འོང་བར་འགྱུར་བ་དེ་ལྟར་དགྱིས་ཤིག་དེས་སྨྲས་པ། ལྷ། ཇི་ལྟར་དགྱེས་པ་བཞིན་ དུ་མཛད་དུ་མཆིས་པར་བདག་གིས་བགྱི་བར་འཚལ་གྱི། ཐུགས་མི་ཆུང་བར་གསོལ་ཞེས་བྱས་ནས་དེས་དེ་ལ་ཕོ་ཉའི་ལན་སྤྲིང་ངོ། །རྒྱལ་པོ་འདི་གསོན་པོར་འདུག་བཞིན་དུ་ [98B] བདག་གིས་ཁྱོད་དང་མཇལ་བར་བགྱི་བའི་རྔོ་མི་ཐོགས་ཀྱི། འདི་སོད་ཅིག་དང། དེའི་འོག་ཏུ་བདག་དང་མཇལ་བར་འགྱུར་རོ་།ཞེས་སྤྲིང་ངོ། །དེ་ནས་ཚངས་པས་བྱིན་གྱིས་ བསམ་པ། མི་མཐུན་པར་མ་བྱས་ཀྱི་བར་དུ་ནི། བདག་གིས་དེ་གསད་དུ་མི་རུང་གི་ཕྱིར་ཡང་བདག་གིས་དེ་དང་མི་མཐུན་པར་བྱའོ་སྙམ་དུ་བསམ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་ རྒྱལ་པོ་དབང་ཆེན་སྡེ་དང་ཕྱིར་ཡང་མི་མཐུན་པར་བྱས་ནས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་ཡུལ་པི་དེ་ཧར་སོང་ནས་གྲོང་ཁྱེར་དཔུང་གི་ཚོགས་ཡན་ལག་བཞིས་བསྐོར་ཏེ་ འདུག་གོ་དེ་དེ་ན་འདུག་པས་སྐྱེ་བོ་ཕལ་པོ་ཆེ་ཁ་འདོག་པར་བྱེད་དོ། །དེ་ནས་དབང་ཆེན་སྡེའི་བཙུན་མོས་སྤྲིང་སྟེ། ཁྱོད་འདིར་གཤེགས་པ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ བདག་གི་ཕྱིར་དུ་བས་ན། སྐྱེ་བོ་མང་པོ་དགུམ་ཅི་འཚལ་གྱི་དའང་མི་ཕལ་བའི་ཆ་ལུགས་སུ་ཞུགས་ལ་གྲོང་ཁྱེར་གྱི་ནང་དུ་གཤེགས་ཏེ་བདག་དང་མཇལ་བར་མཛད་དུ་གསོལ་ཞེས་ སྤྲིང་ངོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་ཐབས་ཇི་ལྟར་བསྟན་བཞིན་དུ་རྒྱལ་པོའི་ཕོ་བྲང་གི་ནང་དུ་འོངས་སོ། །དེ་འོངས་མ་ཐག་ཏུ་དབང་ཆེན་སྡེའི་བཙུན་མོ་ དེས་བཟུང་ནས་རྒྱལ་པོ་ལ་སྤྲན་ཏེ། ལྷ། ཚངས་པས་བྱིན་ནི། ལྷས་ཅི་དགྱེས་པར་མཛད་དུ་མཆིས་པར་གྱུར་ལགས་སོ། །ཞེས་བྱས་སོ། །དེ་ནས་རྒྱལ་པོ་དབང་ཆེན་སྡེས་རྒྱལ་པོའི་སྤས་ [99A]༄༅། །དང་བློན་པོ་དང་ཚོང་དཔོན་དང་ཕྱུག་པོ་དང་དེད་དཔོན་ཐམས་ཅད་བསགས་ནས་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་གྱི་མགོ་བོར་རྡོག་པས་བསྣུན་ཏེ་སྨྲས་པ། འདི་ ཅི་ནས་ཕྱིན་ཆད་གཞན་གྱི་ཆུང་མ་ལ་བྱི་ཕོ་བྱེད་པར་མི་འགྱུར་བར་སོད་ཅིག་ཅེས་བྱས་སོ། །དེ་ནས་རྒྱལ་པོ་དབང་ཆེན་སྡེ་ལ་བཙུན་མོས་གསོལ་པ། ལྷ། འདི་དམའ་ཕབ་པ་འདི་ཉིད་ གུམ་པ་བས་ཆེས་ཐུ་བ་མ་ལགས་སམ། ད་འདི་ལྷག་པར་དགུམ་དུ་ཅི་མཆིས་ཀྱི། ཐོང་ལགས་ཞེས་གསོལ་ནས་གསོན་པོར་བཏང་ངོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ ཚེ་དེའི་དུས་ན་ཡུལ་པི་དེ་ཧའི་རྒྱལ་པོ་དབང་ཆེན་སྡེར་གྱུར་པ་བྱང་ཆུབ་ཀྱི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་བཙུན་མོར་གྱུར་པ་གང་ ཡིན་པ་དེ་ནི། ས་འཚོ་མ་འདི་ཉིད་ཡིན་ནོ། །དེའི་ཚེ་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བར་གྱུར་པ་དེ་ནི། ལྷས་བྱིན་འདི་ཉིད་ཡིན་ཏེ། དེའི་ཚེའང་དེས་འདི་མི་ མང་སར་རྡོག་པས་བསྣུན་ཏེ་ཤིན་ཏུ་དམའ་ཕབ་བོ། །སྐྲ་ལྡན་མ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་སུ་བཞུགས་ཙམ་ན་ཡུལ་སེར་སྐྱའི་གནས་ རྒྱལ་པོ་སེངྒེའི་འགྲམ་རྒྱལ་པོ་བྱེད་དེ། དེ་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་སྔ་ཕྱིར་བུ་ཕོ་བཞི་དང་བུ་མོ་བཞི་བཙས་ཏེ་ཟས་གཙང་དང་ [99B] གཙང་མ་དང་དཀར་མོ་དང་བྲེ་བོ་མ་དང་བདུད་རྩི་མ་རྣམས་སོ། །དེའི་ཚེ་ཡུལ་སྤོད་བྱེད་ན་རྒྱལ་པོ་ཤཱཀྱ་རབ་སད་གནས་ཏེ་ དེའི་བཙུན་མོ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་མགུར་སྤྱོད་པ་ལ་བུ་མོ་གཉིས་བཙས་ཏེ། གཅིག་གི་མིང་ནི། སྒྱུ་འཕྲུལ་ཞེས་བཏགས་སོ་།གཅིག་གི་མིང་ནི། སྒྱུ་འཕྲུལ་ ཆེན་མོ་ཞེས་བཏགས་སོ། །དེ་ནས་དེ་གཉིས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་སྙིང་ཁུས་བསྐྱེད་བསྲིངས་ཏེ། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ ཏོ༑ ༑དེ་ནས་དེ་གཉིས་ལ་མཚན་མཁན་རྣམས་ཀྱིས་བལྟས་ནས་བུ་མོ་སྒྱུ་འཕྲུལ་ལས་ནི། བུ་མཚན་ཕུན་སུམ་ཚོགས་པ་ཞིག་བཙའ་བར་འགྱུར་ལ། སྒྱུ་འཕྲུལ་ཆེན་མོ་ ལས་ནི༑ འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཙའ་བར་འགྱུར་རོ། །ཞེས་ལུང་བསྟན་ཏེ། དེ་ཉིད་ཀྱི་སྐྲ་ཏིལ་མར་གྱི་ཐིགས་པ་ཆུང་བླུགས་པ་བཞིན་དུ་རྒྱས་པར་གྱུར་ཏོ། ། དེ་ནས་རྒྱལ་པོ་སེངྒེ་འགྲམ་གྱིས་ཐོས་ནས་རྒྱལ་པོ་རབ་སད་ལ་ཕོ་ཉ་བཏང་སྟེ། ཁྱོད་ཀྱི་བུ་མོ་དེ་གཉིས་བདག་གི་བུའི་ཆུང་མར་བྱིན་ཅིག་འདི་ན་ཤཱཀྱ་རྣམས་ཀྱིས་ནི་ སུས་ཀྱང་ཐབས་ཟླར་བབ་པའི་ཆུང་མ་གཉིས་མི་བླང་བའི་ནང་ཁྲིམས་དེ་ལྟ་བུ་བཙས་མོད་ཀྱི། གལ་ཏེ་བདག་གིས་ཤཱཀྱ་རྣམས་ཀྱིས་དད་པ་གནང་བར་བྱེད་ནུས་ན་ [100A]༄༅། །ཕྱིས་གཉིས་ཀ་བླང་ངོ། །ཞེས་སྤྲིངས་ནས་སེངྒེ་འགྲམ་གྱིས་ཤཱཀྱ་རྣམས་ལ་གསོལ་བ་བཏབ་ནས་དེའི་བུ་མོ་གཉིས་ཁྱིམ་ན་གནས་པ་རྣམས་ ཀྱི་ཁྱིམ་པའི་ཆོས་བཞིན་དུ་བྱས་ཏེ་ཟས་གཙང་གི་བཙུན་མོར་བླངས་སོ། །དེར་རྒྱལ་པོ་རབ་སད་ཀྱིས་དེ་གཉིས་ལ་བུ་མོ་སྐྲ་ལྡན་མ་ཞེས་བྱ་བ་སྐྲ་མཁན་དུ་བྱིན་ནོ། །དེ་ ནས་གང་གི་ཚེ་བྱང་ཆུབ་སེམས་དཔའ་བཙས་པ་ན། དེ་བཙས་ནས་ཞག་བདུན་ལོན་པའི་འོག་ཏུ་སྒྱུ་འཕྲུལ་ཤི་ནས་དེ་ཤི་བའི་འོག་ཏུ་སུམ་ཅུ་རྩ་གསུམ་པའི་ལྷ་ ཡུལ་དུ་སྐྱེས་སོ། །བུ་མོ་སྐྲ་ལྡན་མ་ནི། དེ་དང་བྲལ་བས་སྒྱུ་འཕྲུལ་ཆེན་མོའི་སྐྲ་ལ་འཇུས་ནས་ཤིན་ཏུ་མྱ་ངན་བྱེད་ཅིང་དབུགས་འདྲིལ་ལ་སྨྲེ་སྔགས་འདོན་ ཅིང་བྲང་བརྡུངས་ཏེ་སུས་ཀྱང་དེའི་མྱ་ངན་བསང་མ་ནུས་སོ་།དེ་ནས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སྐུ་ཆེར་འཁྲུངས་པ་དེའི་ཚེ་དེས་རྒན་པོ་དང། ནད་པ་ དང། ཤི་བ་གཟིགས་ནས་ནགས་ཀྱི་ནང་དུ་རྟེན་བཅས་ཏེ་ལོ་དྲུག་གི་བར་དུ་དཀའ་བ་སྤྱད་ནས་བླ་ན་མེད་པའི་ཡེ་ཤེས་བརྙེས་ཏེ། མཐར་གྱིས་འདུལ་བའི་ དོན་མཛད་ཅིང་ཡུལ་སེར་སྐྱའི་གནས་སུ་གཤེགས་སོ། །དེ་དེར་གཤེགས་ནས་ཤཱཀྱ་རྣམས་རབ་ཏུ་ཕྱུང་ངོ། །སྐྱེ་རྒུའི་བདག་མོ་ཆེན་མོ་གཽ་ཏ་མཱིའང་རབ་ཏུ་ཕྱུང་ [100B] །སྐྲ་ལྡན་མའང་རབ་ཏུ་ཕྱུང་སྟེ། དེས་ཀྱང་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་བཅོམ་ལྡན་འདས་ཀྱིས་བརྩོན་ འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། སྐྲ་ལྡན་མས་ལས་ཅི་བགྱིས་ ན༑ དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་ཤཱཀྱའི་རིགས་སུ་སྐྱེས་ལགས། ལས་ཅི་བགྱིས་ན། དེས་བྲན་མོ་གཞན་གྱི་ མངག་གཞུག་བགྱིད་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །འདིས་གང་དུ་སྨོན་ལམ་བཏབ་ ལགས༑ དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་ བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བླ་ན་མེད་པ་ཡང་དག་ [101A]༄༅། །པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གྲོང་ཁྱེར་གཉེར་ལྡན་དུ་གཤེགས་ཏེ། དེ་ལྕམ་གཉིས་ཀྱིས་བཤོས་གསོལ་བ་ན་ དེར་གཅིག་གིས་སྨོན་ལམ་བཏབ་པ། བདག་ལས་འདི་ལྟ་བུའི་སྐྱེས་བུ་རིན་པོ་ཆེ་བཙས་ཏེ་དེ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་ བྱས་སོ༑ ༑བུ་མོ་གཅིག་ཤོས་ཀྱིས་སྨོན་ལམ་བཏབ་པ། བདག་ཀྱང་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཁྱོད་དང་སྤུན་དུ་གྱུར་ཅིག་།བདག་འདི་ལྟ་བུའི་སྐྱེས་བུ་རིན་པོ་ཆེ་དེ་འཚོ་ བར་གྱུར་ཅིག་ཅེས་བྱས་སོ། །དེ་སྤུན་གཉིས་ཀྱི་སྐྲ་མཁན་བྱེད་པའི་བུ་མོ་དེའང་དེ་ན་འདུག་པར་གྱུར་ཏེ། བུ་མོ་དེས་ཀྱང་དེ་གཉིས་ཀྱིས་སྨོན་ལམ་དེ་ལྟ་བུ་དེ་བཏབ་པ་ཐོས་ནས་ ཐོས་མ་ཐམ་ཏུ་དེས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་བཀུར་སྟི་བྱས་ཏེ་སྨོན་ལམ་བཏབ་པ། ཀྱེ་མ་བདག་ཀྱང་དགེ་བའི་རྩ་བ་འདིས་འདི་གཉིས་གང་དང་ གང་དུ་སྐྱེས་པ་དེ་དང་དེར་བདག་འདི་གཉིས་ཀྱི་སྐྲ་མཁན་མ་བསྙེན་བཀུར་བྱེད་པར་གྱུར་ནས་འདི་གཉིས་ཀྱི་བུ་རིན་པོ་ཆེ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་ གྱུར་ཅིག་ཅེས་བྱས་ཏེ། དེར་འདིས་སྨོན་ལམ་འདི་ལྟ་བུ་བཏབ་བོ་།བཙུན་པ། ལས་ཅི་བགྱིས་ན། འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ཏེ་ [101B]པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ནས་བཅོམ་ལྡན་འདས་ཀྱིས་བརྩོན་འགྲུས་བརྩམས་པ་ རྣམས་ཀྱི་མཆོག་ཏུའང་བསྟན་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་སྟེ། གང་ལས་རབ་ཏུ་བྱུང་ བའི་མཁན་མོ་དེ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ་།དེ་ནས་དེའི་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་ འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅི་ཡང་མ་ཐོབ་ཀྱི་ ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་ མཉས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཇི་ལྟར་བདག་གི་མཁན་མོ་ ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་ཤཱཀྱ་ཐུབ་པ། ཤཱཀྱའི་རྒྱལ་པོ་དེས་བརྩོན་འགྲུས་བརྩམས་ [102A]༄༅། །པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་བྱས་སོ་།དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ གི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་མ་གང་ཡིན་པ་དེ་ནི་སྐྲ་ལྡན་པ་འདི་ཉིད་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁང་སྨོན་ལམ་བཏབ་སྟེ་ ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་ མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཇི་ལྟར་བདག་ གི་མཁན་མོ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་ཤཱཀྱ་ཐུབ་པ། ཤཱཀྱ་རྒྱལ་ པོ་དེས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་ མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་རྙེད་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་ [102B]དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་ད་ལྟར་ངས་བརྩོན་འགྲུས་བརྩམས་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ།། །། པདྨའི་མདོག་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་ཚེ་དང་ལྡན་པ་ཉེ་སྡེ་ཡུལ་སྲུང་བྱེད་དུ་ལྗོངས་རྒྱུ་ཞིང་སོང་བ་ལས། རི་ཁྲོད་ཅིག་ཏུ་ཕྱིན་ཏེ་དེའི་ཚེ་རི་ཁྲོད་དེ་ན་ ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་ བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་དགའ་ལ་དགའ་མགུར་སྤྱོད་ཀྱང་ཁྱིམ་བདག་དེ་བུ་མེད་ནས་དེ་ལག་པ་ལ་རྐོམ་བཙུགས་བཅས་ཏེ་བསམ་པ་ བདག་གི་ཁྱིམ་ནོར་བུ་དུ་མ་དང་ལྡན་དུ་ཟིན་ཀྱང་བདག་ལ་བུའང་མེད། བུ་མོའང་མེད་པས་བདག་འདས་པའི་འོག་ཏུ་ནི། བུ་མེད་པའི་ཕྱིར་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་པར་ འགྱུར་རོ་སྙམ་སྟེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ་དེ་ནས་དགེ་སྦྱོང་དང་བྲམ་ཟེ་དང་ལྟས་མཁན་དང་མཛའ་བོ་དང་གཉེན་དང་རྩ་ལག་གཞན་དག་གིས་ལྷ་ལ་གསོལ་བ་ཐོབ་ཅིག་ ཅེས་དེ་ལ་བསྒོའོ། །དེ་ནས་དེ་བུ་མེད་དེ་བུ་འདོད་པའི་ཕྱིར་ལྷ་གུ་ལ་དང་[?]ཆུ་ལྟ་དང། གུ་བེ་ར་དང་[?]བརྒྱ་བྱིན་དང། ཚངས་པ་ལ་སོགས་པ་དང། ལྷའི་ཁྱད་པར་གཞན་དག་ལའང་ [103A]༄༅། །གསོལ་བ་འདེབས་ཏེ། འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང། ནགས་ཚལ་གྱི་ལྷ་དང། ལམ་གྱི་བཞི་མདོའི་ལྷ་དང། སུམ་མདོའི་ལྷ་དང། གཏོར་མ་ ལེན་པའི་ལྷ་དང། ལྷན་ཅིག་སྐྱེས་པ་དང། ཆོས་མཐུན་པ་དང་རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལའང་གསོལ་བ་འདེབས་ཏེ་འཇིག་རྟེན་ནའང་གསོལ་བ་བཏབ་པའི་རྒྱུས་ བུ་དང་བུ་མོ་སྐྱེ་བར་འགྱུར་རོ། །ཞེས་བགྱི་བའི་གཏམ་དེ་ཡོད་མོད་ཀྱི། དེའང་དེ་ལྟ་ནི། མ་ཡིན་ཏེ། གལ་ཏེ་གསོལ་བ་བཏབ་པའི་རྒྱུས་བུ་དང་བུ་མོ་སྐྱེ་བར་འགྱུར་དུ་ཟིན་ན། འཁོར་ ལོས་བསྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལའང་བུ་སྟོང་སྟོང་ཡོད་པར་འགྱུར་བའི་རིགས་སོ། །ཡེ་ནི། གནས་གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་འགྱུར་ཏེ། གསུམ་གང་ཞེ་ ན༑ ཕ་མ་གཉིས་འདོད་ཆགས་ལངས་ཏེ་ཕྲད་པ་དང། མ་དུས་ལ་བབ་ཅིང་ཟླ་མཚན་དང་ལྡན་པ་དང། དྲི་ཟ་འོངས་པ་སྟེ། གནས་འདི་གསུམ་ཚོགས་པ་ལས་བུ་དང་བུ་མོ་སྐྱེ་བར་ འགྱུར་རོ། །དེ་ནས་དེའང་གསོལ་བ་འདེབས་པ་ལྷུར་བྱེད་ཅིང་འདུག་ལ་སེམས་ཅན་ཞིག་ཀྱང་སེམས་ཅན་གྱི་རིས་ཤིག་ནས་ཤི་འཕོས་ཏེ་དེའི་ཆུང་མའི་ལྟོར་ཞུགས་སོ། །བུད་མེད་ མཁས་པའི་རང་བཞིན་ཅན་ཁ་ཅིག་ལ་ནི། ཐུན་མོང་མ་ཡིན་པའི་ཆོས་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པའང་ཤེས་ལ་མ་ཆགས་པའང་ཤེས་པ་དང། དུས་ཀྱང་ཤེས་ [103B] བུ་ཆགས་པ་ཤེས་པ་དང་གང་ལས་བུ་ཆགས་པར་ཤེས་པ་དང། ཁྱེའུ་ཡང་ཤེས་ལ་བུ་མོའང་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་ནི། ལྟོ་གཡས་ལོགས་ སུ་རྟེན་ཅིང་གནས་སོ། །གལ་ཏེ་བུ་མོ་ཡིན་ན་ནི། ལྟོ་གཡོན་ལོགས་སུ་རྟེན་ཅིང་གནས་སོ། །དེ་ནས་དེ་དགའ་ཆེས་ནས་ཁྱིམ་ཐབ་ལ་སྤྲན་པ། ཇོ་བོ། བདག་ལ་སྲས་ཆགས་ཏེ། བདག་ གི་རུམ་གཡས་ལོགས་སུ་རྟེན་ཅིང་གནས་པ་ལས་ན་ཁྱེའུ་འགྱུར་བར་ངེས་ཀྱི། དགྱེས་པ་བསྐྱེད་དུ་གསོལ་ཞེས་བྱས་ནས་དེའང་དགའ་ཆེས་ཏེ་རོ་སྟོད་ནི། བཏེག། ལག་པ་གཡས་པ་ ནི༑ བརྐྱང་ནས་བདག་གིས་ཡུན་རིང་པོ་ནས་སྨོན་སྨོན་པའི་བུའི་ངོ་མཐོང་བར་འོང་ངོ། །བདག་གི་བུ་རུང་བར་གྱུར་ཅིག་མི་རུང་བར་མ་གྱུར་ཅིག་བདག་གི་བྱ་བ་དག་བྱེད་པར་ཤོག་ཅིག་ གསོས་པའི་ལན་ཕྱིར་གསོ་བར་ཤོག་ཅིག་ནོར་སྐལ་ལ་སྤྱོད་པར་ཤོག་ཅིག་བདག་གི་རིགས་རྒྱུད་རིང་དུ་གནས་པར་ཤོག་ཅིག་བདག་ཅག་འདས་ཏེ་ཤི་བའི་འོག་ཏུའང་བདག་ ཅག་གི་ཕྱིར་མང་ཡང་རུང་ཉུང་ཡང་རུང་སྟེ། སྦྱིན་པ་དག་བྱིན་ལ་བསོད་ནམས་དག་བྱས་ནས་དེ་གཉིས་གང་དང་གང་དུ་སྐྱེས་ཤིང་འགྲོ་བ་དེར་འདི་སོང་ཞིག་ཅེས་ཡོན་བསྔོ་བར་ཤོག་ ཅིག་ཅེས་དགའ་བའི་ཚིག་བརྗོད་དོ། །དེ་ནས་དེས་བུ་ཆགས་པར་རིག་ནས་བུའི་རིམ་གྲོ་བྱ་བའི་ཕྱིར་ཁང་བཟང་གི་སྟེང་དུ་ཉམ་རངས་སུ་བཞག་སྟེ་གྲང་བའི་ཚེ་གྲང་བའི་ཡོ་བྱད་རྣམས་ [104A]༄༅། །དང། ཚ་བའི་ཚེ་ཚ་བའི་ཡོ་བྱད་རྣམས་དང། སྨན་པས་བསྟན་པའི་ཟས་རྣམས་དང། ཧ་ཅང་ཁ་བ་མ་ཡིན་པ་རྣམས་དང། ཧ་ཅང་སྐྱུར་བ་མ་ཡིན་པ་རྣམས་དང་ ཧ་ཅང་ལན་ཚྭ་ཆེ་བ་མ་ཡིན་པ་རྣམས་དང། ཧ་ཅང་མངར་བ་མ་ཡིན་པ་རྣམས་དང། ཧ་ཅང་རོ་ཚ་བ་མ་ཡིན་པ་རྣམས་དང། ཧ་ཅང་བསྐ་བ་མ་ཡིན་པ་རྣམས་ཏེ། ཁ་བ་དང། སྐྱུར་བ་དང་ ལན་ཚྭ་དང། མངར་བ་དང། ཚ་བ་དང། བསྐ་བ་མེད་པའི་ཟས་རྣམས་ཀྱིས་བསྟེན་ཅིང་དོ་ཤལ་དང། སེ་མོ་དོས་ལུས་རྣམ་པར་ཀླུབས་ཏེ་ལྷའི་བུ་མོ་དགའ་བའི་ཚལ་ན་རྣམ་པར་རྒྱུ་བ་ བཞིན་དུ་ཁྲིའི་སྟེང་ནས་ཁྲིའི་སྟེང་དང། ཁྲིའུ་སྟེང་ནས་ཁྲིའུ་སྟེང་དུ་རྒྱུ་ཞིང་འོང་གི་ས་གཞི་ལ་མི་འབབ་པ་དང་དེས་ཡིད་དུ་མི་འོང་བའི་སྒྲ་སྐད་ཅི་ཡང་མི་ཐོས་པར་བྱས་སོ།། དེ་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་བ་པདྨའི་སྙིང་པོའི་མདོག་འདྲ་བ། མགོ་བོ་གདུགས་ ལྟར་འདུག་པ། ལག་པ་རིང་བ་དང་དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྡུག་པ་ཞིག་བཙས་ནས་དེའི་ཚེ་བཙས་སྟོན་རྒྱས་པར་བྱས་ཏེ་ཁྱེའུ་འདིའི་མིང་ ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་པདྨའི་སྙིང་པོའི་མདོག་འདྲ་བས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་པདྨའི་མདོག་ཅན་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ [104B]མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་ཏེ་མཆོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་པ་དང་ལག་རྩིས་དང་དབྱུང་བ་དང་སྤ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་སྤོས་བརྟག་པ་དང་སྨན་བརྟག་ པ་དང་གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་དང་བརྟག་པ་ རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །ཁྱིམ་བདག་དེའི་གཉེན་ནི་ཚེ་དང་ལྡན་པ་ཉེ་སྡེ་ཡིན་ཏེ། ཁྱེའུ་པདྨའི་མདོག་གིས་དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དེ། དེས་ཕ་ མ་ལ་གསོལ་ནས་ཚེ་དང་ལྡན་པ་ཉེ་སྡེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་སོ། །དེ་ནས་དེ་ཕྱི་ཞིག་ན་དེ་མཁན་པོ་ལ་མ་ཞུས་པར་དོན་ཞིག་ལ་རི་ཁྲོད་དེ་ནས་སོང་ནས་དེ་མཐར་ གྱིས་ལྗོངས་རྒྱུ་ཞིང་སོང་སོང་བ་ལས་ཡུལ་བཅོམ་བརླག་ཅེས་བྱ་བར་ཕྱིན་ཏེ། བཅོམ་བརླག་ན་བོང་བུའི་ཀུན་དགའ་ར་བ་ན་གནས་སོ་།དེ་ནས་ཚེ་དང་ལྡན་པ་པདྨའི་མདོག་སྔ་དྲོ་ཤམ་ ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་ཡུལ་བཅོམ་བརླག་ཏུ་བསོད་སྙོམས་ལ་སོང་བ་དང། ཚེ་དང་ལྡན་པ་དེ་སྤྱོད་ཡུལ་གྱི་རྒྱུས་མི་ཤེས་བཞིན་དུ་མཐར་གྱིས་བསོད་ [105A]༄༅། །སྙོམས་བྱེད་པ་ལས་སྨད་འཚོང་མའི་ཁྱིམ་དུ་སོང་ངོ་།སྨད་འཚོང་མ་དེའང་གཟུགས་བཟང་ཞིང་བལྟ་ན་སྡུག་པ། མཛེས་པ། རོ་རྩལ་གཡེམ་པ་ཞིག་གོ་དེ་ནས་ བུད་མེད་དེས་ཚེ་དང་ལྡན་པ་པདྨའི་མདོག་རྒྱང་ནས་མཐོང་ངོ་།མཐོང་ནས་ཀྱང་འདོད་ཆགས་ཀྱི་མདའ་དྲག་པོས་འོག་སྟེ། དེ་འདོད་ཆགས་ཀྱི་དབང་དུ་གྱུར་ནས་ཆེམ་ཚོམ་མེད་པར་ ལངས་ཏེ་ཚེ་དང་ལྡན་པ་པདྨའི་མདོག་ག་ལ་དེར་སོང་སྟེ་ཕྱིན་ནས་སྨྲས་པ། འཕགས་པ་གདན་བཤམས་པ་འདི་ལ་བཞུགས་སུ་གསོལ། དེ་ནས་ཚེ་དང་ལྡན་པ་པདྨའི་མདོག་ གི་བསམ་པ། ཅི་འདི་དགེ་བསྙེན་མ་ཞིག་ཡིན་ནམ་སྙམ་ནས་སྟན་བཤམས་པ་ལ་འདུག་པ་དང། བུད་མེད་དེས་འདོད་ཆགས་ཀྱིས་མི་བཟོད་ཆེས་ནས་པདྨའི་མདོག་ལ་ སྨྲས་པ༑ བཙུན་པ། ཁྱོད་ཀྱང་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ལགས་ལ། བདག་ཀྱང་ཡན་ལག་ཐམས་ཅད་སྡུག་པ་ལགས་ཀྱི་བདག་དང་གཟིམས་པར་གསོལ་ཞེས་ བྱས་སོ༑ ༑དེ་ནས་དེ་ཐོས་མ་ཐག་ཏུ་ཚེ་དང་ལྡན་པ་པདྨའི་མདོག་གིས་རྣ་བ་གཉིས་བཀག་སྟེ་འདུག་ནས་བདག་འདི་ལྟ་བུ་མི་བྱེད་དེ་བཅོམ་ལྡན་འདས་ཀྱི་བསྟན་པ་ཉམས་པར་བྱེད་མི་ ཕོད་དོ༑ ༑ཞེས་བྱས་སོ། །བུད་མེད་དེས་སྨྲས་པ། གནོད་ཅང་འོད་ལྟ་བུ་ཅི་འཚལ། གལ་ཏེ་ཁྱོད་འདོད་པ་རྣམས་མི་བཞེད་ན། སྨད་འཚོང་མའི་ཁྱིམ་དུ་བྱོན་ཏེ་ཅི་བགྱི། པདྨའི་མདོག་ [105B] བདག་གསར་དུ་འོངས་པས་སྤྱོད་ཡུལ་གྱི་རྒྱུས་མི་ཤེས་ཏེ། དེའི་ཕྱིར་འོངས་པར་ཟད་ཀྱི། བདག་ནི། འདོད་པ་རྣམས་དོན་དུ་གཉེར་བ་མ་ཡིན་ཏེ། བདག་གི་བྱ་བ་མ་ཡིན་ པ་འདི་ལྟར་བྱར་མི་རུང་ངོ། །མོས་སྨྲས་པ། ཁྱོད་མི་བཞེད་ནའང་བདག་གིས་ཁྱོད་མཐུ་གར་བོར་ཏེ་ཉལ་དུ་གཞུག་གོ་དེ་ནས་དེ་ཐོས་མ་ཐག་ཏུ་ཚེ་དང་ལྡན་པ་པདྨའི་མདོག་དང་ངས་ ནས་སྟན་ལས་ལངས་ཏེ་ཕྱིར་བྱུང་ནས་བསོད་སྙོམས་མ་བྱས་པར་གཙུག་ལག་ཁང་དུ་སོང་ངོ། །དེའི་ཕྱིར་བྱུང་སྟེ་སོང་ནས་སྨད་འཚོང་མ་དེ་འདོད་ཆགས་ཀྱི་མེས་ཡོངས་སུ་གདུངས་ ཏེ་རིགས་ངན་མོ་སྔགས་ཀྱི་མཐུ་ཡོད་པ་ཞིག་བཀུག་ནས་དེ་ལ་གཏམ་རྒྱས་པར་བསྙད་དེ་སྨྲས་པ། བདག་དགེ་སློང་དེ་དང་ཕྲད་པར་གྱིས་ཤིག་དང་བདག་གིས་ཁྱོད་ལ་གསེར་མང་དུ་ སྦྱིན་ནོ༑ ༑ཞེས་བྱས་སོ། །དེ་ནས་དེས་དེ་ལྟར་བགྱིའོ། །ཞེས་སྨྲས་ནས་རིགས་ངན་མོ་དེས་བུད་མེད་དེ་རྒྱན་ཐམས་ཅད་ཀྱིས་ཀླུབས་ཏེ་ཁྱིམ་དེ་ལྷ་ཁང་བཞིན་དུ་བྱས་ཏེ་བཞག་ནས་དཀྱིལ་ འཁོར་བ་ལང་གི་ལྕི་བས་བྱུགས་ཏེ་བདུག་སྤོས་དང་མེ་ཏོག་དང་ལྷ་བཤོས་ཀྱི་ཆོ་ག་རྣམས་བཤམས་ནས་མེ་སྤར་ཏེ་ཡུངས་ཀར་ལ་སྔགས་ཀྱིས་བཏབ་ཅིང་མེའི་ནང་དུ་འདེབས་སོ། ། ཚེ་དང་ལྡན་པ་དེའང་སྔགས་ཀྱི་མཐུས་དྲངས་ནས་ཕྱིར་སྨད་འཚོང་མའི་ཁྱིམ་དེ་ཉིད་དུ་འོངས་སོ། །དེ་ནས་རིགས་ངན་མོ་དེས་ཚེ་དང་ལྡན་པ་པདྨའི་མདོག་ཁྱིམ་དེར་འོངས་པ་མཐོང་ངོ། ། [106A]༄༅། །མཐོང་ནས་སྨྲས་པ། བཙུན་པ། ཁྱོད་ཁྱིམ་འདིར་འོངས་པ་ལ་བྱ་བ་གཉིས་ཡོད་དེ། ཡང་ན་ནི། སྨད་འཚོང་མ་འདི་དང་ལྷན་ཅིག་ཏུ་ཉོལ་ཅིག། ཡང་ན་ནི། མེ་ འདིའི་ནང་དུ་མཆོངས་ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚེ་དང་ལྡན་པ་པདྨའི་མདོག་གིས་བསམ་པ། དེ་བཞིན་གཤེགས་པ་ནི། འཇིག་རྟེན་དུ་བརྒྱ་ལམ་བརྒྱ་ལམ་ན་ འབྱུང་བར་ཟད་དེ། དཔེར་ན། ཨུ་དུམ་ཝ་རའི་མེ་ཏོག་དང་འདྲ་ལ་མིར་སྐྱེ་བ་ཐོབ་པ་དང། ཡུལ་དབུས་སུ་སྐྱེ་བའང་རྙེད་པར་དཀའ་བས་ན། མེའི་ནང་དུ་མཆོད་བ་ནི། ལེགས་པ་ ཡིན་གྱི༑ འདི་དང་ཕྲད་པར་བྱ་བ་ནི། དེ་ལྟ་མ་ཡིན་ནོ། །སྙམ་དུ་བསམ་ནས་གོས་རྣམས་ཕུད་དེ་རིགས་ངན་མོ་ལ་གཏད་ནས་སྨྲས་པ་ཆེ་ཞེ། གོས་འདི་རྣམས་གཙུག་ལག་ཁང་དུ་ ཁྱེར་ལ་བདག་གི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཕུལ་ཅིག་།རིགས་ངན་མོས་སྨྲས་པ། བཙུན་པ། ཁྱོད་ཅི་བྱེད། པདྨའི་མདོག་གིས་སྨྲས་པ། མེའི་ནང་དུ་མཆོད་བར་ཆད་དོ། ། དེས་དེའི་ཚིག་དེ་ཐོས་ནས་རིགས་ངན་མོ་མི་དགའ་བར་གྱུར་ཏེ་བསམ་པ། ཀྱེ་མ་བདག་དབུལ་བས་བདག་གིས་འདི་ལྟ་བུའི་ཡོན་གནས་དག་ལ་ཉེས་པ་བྱེད་ཅིང་འདུག་སྟེ་བདག་གིས་ འདི་ལྟ་བུའི་སེམས་ཅན་དག་པ་མི་དགའ་བར་བྱ་བ་ནི། བདག་གི་ཆ་མ་ཡིན་ནོ་སྙམ་ནས་དེས་ཆོག་ཐམས་ཅད་བཏང་སྟེ་གུས་པར་བསྒྲིམས་པས་རྐང་པ་ལ་ཕྱག་བཙལ་ནས་སེམས་ [106B] བདག་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་གསོལ། པདྨའི་མདོག་གིས་སྨྲས་པ་ངས་ནི། བཟོད་ན། ཁྱོད་བདག་གི་ལས་ རྣམས་ཀྱིས་མི་བཟོད་དོ། །དེ་ནས་སྨད་འཚོང་མ་དེའང་མཐོང་མ་ཐག་ཏུ་འདོད་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་དེ་ལ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་རྐང་པ་ལ་ཕྱག་བཙལ་ཏེ་ སྨྲས་པ༑ སྐལ་པ་ཆེན་པོ་དང་ལྡན་པ། བདག་འདོད་པའི་འདོད་ཆགས་ཀྱི་དབང་དུ་གྱུར་པས་ཁྱོད་མི་དགྱེས་པར་བགྱིས་པ་བཟོད་པར་གསོལ་ཅེས་སྨྲས་ནས་བུ་མོ་སྨད་འཚོང་མ་དེ་དང། རིགས་ངན་ མོ་དེ་གཉིས་ཆོས་མཉན་པའི་ཕྱིར་ཚེ་དང་ལྡན་པ་པདྨའི་མདོག་གི་མདུན་དུ་འདུག་གོ་དེ་ནས་ཚེ་དང་ལྡན་པ་པདྨའི་མདོག་གིས་དེ་གཉིས་ལ་དེ་དང་མཐུན་པའི་ཆོས་བསྟན་ནས་དེ་གཉིས་ཀྱིས་ སྟན་དེ་ལ་འདུག་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་གཉིས་ཀྱིས་བདེན་པ་མཐོང་ནས་སྨྲས་པ། བཙུན་པ་བདག་ཅག་གིས་ལེགས་པར་གསུངས་པའི་ཆོས་ འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་གཉིས་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ ལོ༑ ༑དེ་ནས་ཚེ་དང་ལྡན་པ་པདྨའི་མདོག་གིས་དེ་གཉིས་དགེ་སློང་མའི་གཙུག་ལག་ཁང་དུ་ཁྲིད་དེ་དགེ་སློང་མ་རྣམས་ལ་གཏད་ནས་དགེ་སློང་མ་རྣམས་ཀྱིས་དེ་གཉིས་རབ་ཏུ་ཕྱུང་སྟེ་བསྙེན་ [107A]༄༅། །པར་རྫོགས་པར་བྱས་ནས་དེ་གཉིས་ལ་ལུང་ཡང་ཕོག་གོ་།དེ་གཉིས་ཀྱིས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་ བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་གཉིས་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་ བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་ པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆེད་ཅིང་རྗེད་པར་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་ ཚེ་དང་ལྡན་པ་པདྨའི་མདོག་གིས་བསམ་པ། འདི་ལྟར་བདག་གིས་གཞན་གྱི་རྒྱུད་ནི། དག་པར་བྱེད་ནུས་ན། བདག་གི་རྒྱུད་ནི། མ་ནུས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་མང་དུ་ཐོས་པ་ ལ་ཕན་ཡོན་རྣམ་པ་ལྔ་ཡོད་དེ། ཕུང་པོ་ལ་མཁས་པ་དང། ཁམས་ལ་མཁས་པ་དང། སྐྱེ་མཆེད་ལ་མཁས་པ་དང། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང། གནས་དང་གནས་ མ་ཡིན་པ་ལ་མཁས་པར་འགྱུར་རོ། །ཞེས་གསུངས་ཀྱི། བདག་གིས་ཀྱང་ཉོན་མོངས་བཟད་པར་བྱ་བའི་ཕྱིར་བརྩམ་པར་བྱའོ་སྙམ་ནས་དེས་བརྩོན་པ་དག་སྒྲུབ་པ་དང། འབད་པས་ [107B]སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་སོང་བར་མཉན་པ། ནམ་མཁའ་ དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིགས་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་ རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་ གྱུར་ཏོ༑ ༑དེས་དགྲ་བཅོམ་པ་ཉིད་ཐོབ་ནས་ཡུལ་བཅོམ་བརླག་ཏུ་ཇི་སྲིད་དགའ་བའི་བར་དུ་འདུག་འདུག་ནས་མཉན་དུ་ཡོད་པར་སོང་ངོ་།དེ་དེར་སོང་ནས་གཏམ་དེ་རྒྱས་པར་དགེ་སློང་རྣམས་ ལ་བསྙད་དོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བུ་མོ་སྨད་འཚོང་མ་འདོད་པའི་འདོད་ཆགས་ཀྱི་དབང་དུ་གྱུར་པས་ཚེ་དང་ལྡན་པ་པདྨའི་མདོག་ཇི་ལྟར་ མི་དགའ་བར་བགྱིས་པ་དང། སླར་དེ་ཉིད་བརྟེན་ནས་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། འདི་ནི། ཚེ་རབས་ལྔ་བརྒྱའི་བར་དུ་འདིའི་ཆུང་མར་གྱུར་ཏེ། དེའི་སྔོན་གྱི་བག་ཆགས་ཀྱི་གཞི་ཡོད་པས་ན་མཐོང་མ་ཐག་ཏུ་ཀུན་ཏུ་ཆགས་པར་གྱུར་ཏོ། །བཙུན་པ་ [108A]༄༅། །ཚེ་དང་ལྡན་པ་པདྨའི་མདོག་གིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། བཅོམ་ལྡན་ འདས་ཀྱང་འདིས་མཉེས་པར་བགྱིས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ། འདིས་གང་དུ་སྨོན་ལམ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ ན་བསྐལ་བ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་ བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་ རྟེན་དུ་བྱུང་སྟེ། དེའི་ཚེ་ཝ་ར་ཎཱ་སི་ན་ཁྱིམ་བདག་ཅིག་གནས་པ་ལས་ཆུང་མ་གཉིས་ཡོད་དོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ བསྟན་པ་ལ་དད་པ་རྙེད་ནས་དེས་ཆུང་མ་གཉིས་ལ་སྨྲས་པ་བཟང་མོ་གཉིས། ང་ནི། བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་འབྱུང་དུ་འགྲོའི། བག་དང་ལྡན་པར་ཁྱིམ་ན་ [108B] དེ་གཉིས་ཀྱིས་སྨྲས་པ། ཇོ་བོ། །གལ་ཏེ་དེ་ལྟ་ན་བདག་ཅག་གཉིས་ཀྱང་ཇོ་བོ་རབ་ཏུ་འབྱུང་བའི་སླད་བཞིན་དུ་རབ་ཏུ་འབྱུང་བར་འཚལ་ལོ། །ཁྱིམ་བདག་དེས་ སྨྲས་པ༑ གལ་ཏེ་ཁྱེད་གཉིས་ཀྱང་རབ་ཏུ་འབྱུང་བར་འདོད་ན་ཁྱེད་གཉིས་ཇེ་རབ་ཏུ་འབྱུང་བར་གྱིས་ཤིག་དང། དེའི་འོག་ཏུ་ང་རབ་ཏུ་འབྱུང་བར་བྱའོ། །ཞེས་དེ་སྐད་སྨྲས་ནས་ ཁྱིམ་བདག་དེས་ཆུང་མ་དེ་གཉིས་དགེ་སློང་མའི་གཙུག་ལག་ཁང་དུ་ཁྲིད་དེ་དགེ་སློང་མ་རྣམས་ལ་གཏད་དོ། །དགེ་སློང་མ་རྣམས་ཀྱིས་ཀྱང་དེ་གཉིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་ པར་བྱས་སོ། །དེ་གཉིས་རབ་ཏུ་བྱུང་ནས་ཁྱིམ་བདག་དེའང་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས་བཅོམ་ལྡན་འདས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ངོ། །དེ་རབ་ཏུ་བྱུང་ ནས་སྡེ་སྣོད་གསུམ་བསླབས་ཏེ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བ། གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོད་རྣམས་རྙེད་པར་གྱུར་ཏེ། །དགེ་ སློང་མ་དེ་གཉིས་ནི། རབ་ཏུ་བྱུང་ནས་འཐབ་ཀྲོལ་ཅན་ཁ་ཚས་ངན་པར་གྱུར་ཏེ། དེ་གཉིས་ལས་གཅིག་གིས་ནི། དགེ་སློང་མ་རྣམས་ལ་རིགས་ངན་མོ་ཞེས་བྱ་བའི་ཚིག་སྨྲས་སོ། །གཅིག་ གིས་ནི། སྨད་འཚོང་མ་ཞེས་བྱ་བའི་ཚིག་གིས་སྨྲས་སོ། །དེ་ནས་དགེ་སློང་མ་དེ་གཉིས་འཐབ་ཀྲོལ་ཅན་དུ་གྱུར་པ་དེ་ལས་བཀག་ནས་སྦྱིན་པ་དང། སྦྱིན་པའི་བགོ་བཤའ་བྱེད་པ་ལ་བཙུད་ [109A]༄༅། །དོ༑ ༑དེ་ནས་ཕྱིས་དགེ་སློང་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་ཏེ་དབུ་སྐྲ་དང་སེན་མོའི་མཆོད་རྟེན་དག་ལའང་བཀུར་སྟི་བྱས་ ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་གཟུགས་བཟང་ཞིང་བལྟ་ན་ སྡུག་ལ་མཛེས་པར་ཡང་གྱུར་ཅིག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་ མཉེས་པར་བགྱིད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་།དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་ བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་དགེ་སློང་མ་དེ་གཉིས་ཀྱིས་དེ་མཐོང་ནས་འཕགས་པ། ཁྱོད་ཀྱིས་སྨོན་ལམ་ཇི་ལྟ་བུ་ཞིག་བཏབ་ཅེས་དྲིས་སོ། །དེས་ཀྱང་དེ་གཉིས་ལ་རྒྱས་པར་ བསྙད་ནས་དེ་གཉིས་ཀྱང་དེ་ཐོས་ནས་སྨོན་ལམ་བཏབ་པ། བདག་ཅག་གཉིས་ཀྱིས་ཀྱང་འཕགས་པ་ཁྱོད་ཉིད་ལ་བརྟེན་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག། བདག་ཅག་ [109B]པའི་ལས་དེའི་རྣམ་པར་སྨིན་པའི་སྐལ་བ་ཅན་དུ་བདག་ཅག་གཉིས་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ ཚེ་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི། པདྨའི་མདོག་འདི་ཡིན་ནོ། །དེའི་ཚེ་དགེ་སློང་མ་གཉིས་སུ་གྱུར་པ་གང་ཡིན་པ་དེ་གཉིས་ནི། དགེ་སློང་མ་འདི་གཉིས་ཁོ་ན་ཡིན་ནོ། །དགེ་སློང་དེས་དེར་ སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་ཏེ་དབུ་སྐྲ་དང་སེན་མོའི་མཆོད་རྟེན་རྣམས་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ཕྱུག་ ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དང་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་ མཉམ་པ་དང། ཐབས་མཉམ་པ་རྙེད་པར་གྱུར་ནས་འདིས་ང་མཉེས་བར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་ བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དགེ་སློང་མ་དེ་གཉིས་ཀྱིས་དེར་སྨོན་ལམ་བཏབ་སྟེ། བདག་ཅག་གཉིས་ཀྱིས་འདི་ཉིད་ལ་བརྟེན་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་ པར་གྱུར་ཅིག་མི་མཉས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་ [110A]༄༅། །བྱས་པས་ནི། འདི་གཉིས་ཀྱིས་འདི་ལ་བརྟེན་ནས་དེ་ལྟར་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་གཉིས་ཀྱིས་དེར་དགེ་སློང་མ་མང་པོ་ཞིག་ལ་གཅིག་གིས་ནི། རིགས་ངན་མོ་ཞེས་བྱ་བའི་ཚིག་བརྗོད་ལ། གཅིག་གིས་ ནི༑ སྨད་འཚོང་མ་ཞེས་བྱ་བའི་ཚིག་བརྗོད་པའི་ལས་དེའི་རྣམ་པར་སྨིན་པས་ནི། གཅིག་རིགས་ངན་མོའི་རིགས་སུ་སྐྱེས་ལ། གཅིག་ནི་སྨད་འཚོང་མར་གྱུར་ཏོ། །བཙུན་པ། པདྨའི་ མདོག་གིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་ གྱུར་ཏེ་པདྨའི་སྙིང་པོའི་མདོག་འདྲ་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ། འདིས་གང་དུ་སྨོན་ལམ་བཏབ་ལགས་ དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན་རི་ཁྲོད་ཅིག་ན་ཀུན་དགའ་ར་བའི་སྲུང་མ་ཞིག་གནས་པ་དེའི་ཀུན་དགའ་ར་བ་མེ་ཏོག་ཕུན་སུམ་ཚོགས་པ་དང། འབྲས་བུ་ཕུན་སུམ་ཚོགས་ པ་དང། བསིལ་གྲིབ་ཕུན་སུམ་ཚོགས་པ་དང། རྫིང་ཕུན་སུམ་ཚོགས་པ་དང་ལྡན་ཏེ། རྫིང་དེ་དག་ཀྱང་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་པདྨ་དཀར་པོས་གང་བ་དང། ངང་པ་ [110B]འདུག་གོ། སངས་རྒྱས་བཅོམ་ལྡན་འདས་མི་བཞུགས་པའི་ཚེ་རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ། བས་མཐའི་ གནས་མལ་གྱིས་འཚོ་བ། བསེ་རུ་ལྟ་བུའི་འཇིག་རྟེན་གྱི་ཡོན་གནས་གཅིག་པུ་རྣམས་འཇིག་རྟེན་དུ་འབྱུང་སྟེ། རང་སངས་རྒྱས་གཅིག་གིས་ཀུན་དགའ་ར་བ་དེར་གནས་བཅས་སོ། །དེ་ནས་ ཀུན་དགའ་ར་བའི་སྲུང་མ་དེ་ནང་པར་སྔར་ལངས་ཏེ་ཀུན་དགའ་ར་བ་དེར་སོང་བ་ལས། ཀུན་དགའ་ར་བའི་སྲུང་མ་དེས་རང་སངས་རྒྱས་དེ་ཀླུའི་རྒྱལ་པོ་ལུས་བསྐྱིལ་ཏེ་དེ་གཉིད་ཀྱིས་ལོག་པ་ བཞིན་དུ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ་མཐོང་ངོ། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་རང་སངས་རྒྱས་དེ་ཀུན་དགའ་ར་བ་དེ་ཉིད་དུ་བཤོས་གསོལ་ནས་ན་ བཟའ་ཡང་ཕུལ་ཏེ། མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་པདྨ་དཀར་པོ་རྣམས་ཀྱིས་གཏོར་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ ཕྱག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་ཡང་གྱུར་ཅིག་།བདག་གི་ལུས་ཀྱི་མདོག་པདྨའི་སྙིང་པོའི་ཁ་དོག་ལྟ་ [?]གྱུར་ཅིག་འདི་བས་ཀྱང་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ [111A]༄༅། །ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཀུན་དགའ་ར་བའི་སྲུང་མར་གྱུར་བ་དེ་ནི། པདྨ་མདོག་འདི་ཉིད་ཡིན་ཏེ། དེས་རང་སངས་རྒྱས་དེ་ལ་ བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ ཏེ་ལུས་ཀྱི་མདོག་པདྨའི་སྙིང་པོའི་ཁ་དོག་ལྟ་བུར་གྱུར་ཏེ། དགེ་སློང་དག། རང་སངས་རྒྱས་བྱེ་བ་ཕྲག་འབུམ་པས་ཀྱང་ཆེས་ལྷག་པར་ཁྱད་པར་དུ་འཕགས་པ་ང་ལྟ་བུ་འདིས་མཉེས་ པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །བཤན་པ་ཞེས་ བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བཤན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ ཆུང་མ་བླངས་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་ཟླ་བ་དགུ་འམ་བཅུ་ལོན་པ་དང་དུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ ནས་དེ་ཕ་མའི་སྙིང་དུ་ཤས་ཆེར་སྡུག་ཅིང་ཕོངས་ལ་ཡིད་དུ་འོང་བར་གྱུར་ཏོ། །དེ་ནས་དེའི་བཙས་སྟོན་རྒྱས་པར་བྱས་ཏེ་རིགས་དང་མཐུན་པའི་མིང་བཏགས་ནས་འོ་མ་དང་ཞོ་དང་ [111B]དེ་གང་གི་ཚེ་ཚེར་སྐྱེས་པ་དེའི་ཚེ་ཕ་མ་དེ་གཉིས་ཀྱིས་བཟའ་བ་དང་བཅའ་བ་བཟང་པོ་བྱིན་ལ་ལས་ཅིའང་བྱེད་དུ་མི་ འཇུག་གོ་དེ་ནས་ཕྱིས་དེའི་ཕས་དེ་རང་གི་ལས་བྱེད་དུ་བཅུག་པ་དང་དེ་ན་རེ། ཡབ། བདག་ནི། བདག་ཉིད་འགུམ་པའི་རྡོ་ནི། ཐོགས་ཀྱི། སྲོག་ཆགས་འགུམ་པའི་རྡོ་ནི། མི་ ཐོགས་སོ་ཞེས་ཟེར་རོ། །བཤན་པའི་ཆུང་མས་སྨྲས་པ། ཇོ་བོ་།ཁྱེའུ་འདི་ལ་གནོད་པར་མ་མཛད་ཅིག་བདག་ཅག་གིས་ལས་འདི་གླ་མི་བགྱིད་དུ་སྩལ་ཏོ། །དེ་ནས་དེ་སྐད་ ཅེས་ཐོས་པའི་མོད་ལ་བཤན་པ་དེས་ཁྱེའུ་དེ་དལ་བར་བཞག་གོ་དེ་ནས་ཕྱི་ཞིག་ན་ཁྱེའུ་དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་དེ་དུས་དུས་སུ་རྒྱལ་བུ་རྒྱལ་བྱེད་ཀྱི་ ཚལ་དུ་འགྲོ་ཞིང་བཅོམ་ལྡན་འདས་ལ་ཆོས་མཉན་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་དེ་རབ་ཏུ་འབྱུང་བའི་སེམས་སྐྱེས་ནས་དེས་བསམ་པ། བདག་གིས་ཁྱིམ་ན་གནས་པ་བཏང་ལ་ བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་ངོ་སྙམ་ནས་ཕ་མ་གཉིས་ལ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པར་བྱས་སོ། །དེ་ནས་ དེས་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་ [112A]༄༅། །དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་ གྱུར་པ༑ རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟ་ལི་རྒྱབ་ཀྱིས་ ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དེས་དགྲ་བཅོམ་པ་ཉིད་ཐོབ་ནས་བསམ་པ། བདག་ གིས་འདུལ་བར་འགྱུར་བ་འགའ་ལྟ་ཡོད་དམ་སྙམ་པ་དང། དེས་ཐོག་མ་ཁོ་ནར་ཕ་མ་གཉིས་འདུལ་བར་འགྱུར་བ་མཐོང་ངོ། །མཐོང་ནས་ཀྱང་དེ་གཉིས་ཀྱི་ཐད་དུ་སོང་སྟེ་ཆོས་བསྟན་ ནས་སྡིག་པའི་ལས་དེ་ལས་བཟློག་སྟེ་བདེན་པ་རྣམས་དང། སྐྱབས་སུ་འགྲོ་བ་དང། བསླབ་པའི་གནས་རྣམས་ལའང་བཀོད་དོ། །སྦྱིན་པ་དང་སྦྱིན་པའི་བགོ་བཤའ་བྱ་བ་ལའང་ བཙུད་དེ། དེས་ཁྱིམ་དེ་སློང་བའི་སྐྱེ་བོ་རྣམས་ཀྱི་ཆུ་དོང་ལྟ་བུར་གྱུར་པར་བྱས་སོ། །དགེ་སློང་དགྲ་བཅོམ་པ་ཉིད་ཐོབ་པ་དེ་ལའང་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་སྦྱར་ཏོ། ། དེས་ཀྱང་བདག་ཉིད་ཀྱང་ལོངས་སྤྱོད་པར་བྱེད་ལ་ཚངས་པར་སྤྱོད་པ་གཞན་དག་ལའང་སྦྱིན་པར་བྱེད་དེ། དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ [112B] ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་བཤན་པའི་རིགས་སུའང་སྐྱེས་ལ། སྡིག་པའི་ལས་ལའང་སེམས་མ་ཞུགས་ བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས། བཅོམ་ལྡན་འདས་ཀྱི་བསྟན་པ་ལའང་རབ་ཏུ་བྱུང་ནས་ཉོན་མོངས་པ་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་ སུམ་དུ་བགྱིས། ཁྱིམ་པའི་ཚེ་དང། རབ་ཏུ་བྱུང་བའི་ཚེ་ནའང་བཟའ་བ་དང་བཅའ་བ་བཟང་པོ་དང་ལྡན་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ ལས་གྱུར་ཏོ། །བཙུན་པ། འདིས་གང་དུ་སྨོན་ལམ་བཏབ་ལགས། དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན་རི་ཁྲོད་ཅིག་ན་བཤན་པ་མང་པོ་དག་ཅིག་སྐྱེད་མོས་ཚལ་གྱི་ནང་དུ་དོང་སྟེ་ བཟའ་བ་དང་བཅའ་བ་བཟང་པོ་མང་པོ་བཤམས་པ་ལས། རང་སངས་རྒྱས་ཤིག་སྐྱེད་མོས་ཚལ་དེར་བསོད་སྙོམས་ལ་འོངས་ནས་དེ་བཤན་པའི་མི་ཞིག་གིས་མཐོང་སྟེ། མཐོང་མ་ཐག་ཏུ་ བཤན་པའི་མི་དེ་རང་སངས་རྒྱས་དེ་ལ་ཤིན་ཏུ་དགའ་བ་སྐྱེས་ཏེ་དགའ་བ་སྐྱེས་ནས་རང་སངས་རྒྱས་དེ་ལ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་ཕུལ་ལོ། །བདག་ཉིད་ཆེན་པོ་དེ་ དག་ནི། ལུས་ཀྱིས་ཆོས་སྟོན་པར་བྱེད་ཀྱི། ཚིག་གིས་སྟོན་པར་མི་བྱེད་དེ། དེས་དེར་བསོད་སྙོམས་བླངས་ནས་དེ་ཉིད་དུ་སྟེང་གི་ནམ་མཁའ་ལ་སོང་ངོ། །དེ་ནས་མི་དེས་མཐོང་ནས་ལྷག་པར་ [113A]༄༅། །ཡང་དགའ་བ་སྐྱེས་སོ། །དེ་དགའ་བ་སྐྱེས་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ ལ་ལོངས་སྤྱོད་ཆེ་བའི་བཤན་པའི་རིགས་སུ་སྐྱེས་ལ། བཟའ་བ་དང་བཅའ་བ་བཟང་པོ་དང་ཡང་ལྡན་པ་དང། བདག་སྡིག་པའི་ལས་དེའང་མི་བྱེད་པ་དང། འདི་བས་ཀྱང་ཆེས་ཁྱད་ པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག། ཡོན་ཏན་གྱི་ཚོགས་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག། དེ་ཁོ་ནའི་བསྟན་པ་ ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་བཤན་པར་ གྱུར་པ་གང་ཡིན་པ་དེ་ནི། དགེ་སློང་འདི་ཉིད་ཡིན་ཏེ། དེས་རང་སངས་རྒྱས་དེ་ལ་བཤོས་ཕུལ་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་ དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་བཤན་བའི་རིགས་སུ་སྐྱེས་ནས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏེ་བཟའ་བ་དང་བཅའ་བ་བཟང་པོ་དང་ཡང་ལྡན་ པར་གྱུར་ལ། དེས་སྡིག་པའི་ལས་ཀྱང་མ་བྱས་ཏེ། དགེ་སློང་དག་།ང་རང་སངས་རྒྱས་བྱེ་བ་ཕྲག་འབུམ་པས་ཀྱང་ཆེས་ལྷག་པར་ཁྱད་པར་དུ་འཕགས་པ་དེ་ལྟ་བུ་འདིས་མཉེས་པར་ [113B] ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །གཞན་ཡང་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས་དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་འཆི་ཁར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་ དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི། དགེ་སློང་འདི་ཉིད་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་ མཉེས་པར་བྱེད་པར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ [114A]༄༅། །གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག། ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང་ མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ལས་བརྒྱ་ཐམ་པ། བམ་པོ་བདུན་པ། གསེར་མདོག་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་ མཉན་དུ་ཡོད་པ་ན་རིགས་ངན་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལ་ཆུང་མ་བླངས་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལན་པ་དང་བུ་མོ་མི་ སྡུག་པའི་མཆོག་ཏུ་མི་སྡུག་ལ་མི་སྡུག་པའི་སྣ་དྲངས་བཅོ་བརྒྱད་དང་ལྡན་པ་ཞིག་བཙས་ནས་དེ་མཐོང་མ་ཐེག་ཏུ་ཕམ་གཉིས་ཤིན་ཏུ་མི་དགའ་བར་གྱུར་ཏོ། །བདག་ཅག་གཉིས་ ལ་བུ་མོ་འདི་འདྲ་བ་མི་དགོས་ཀྱི། ནམ་སྲོས་པ་དང་ཕྱིར་ཕྱུང་ལ་ཁྱི་རྣམ་སླ་སྦྱིན་ནོ་ཞེས་ཟེར་རོ། །དེ་ནས་ཆུང་མ་ན་རེ། ཇོ་བོ། །དེ་སྐད་མ་གསུངས་ཤིག་འཇིག་རྟེན་ན་མི་གསོད་པ་ ནི༑ རྣམ་པར་སྨད་པ་ལགས་ཀྱི། འདི་འདི་ཁོ་ན་ལྟར་མི་སྡུག་པའི་རྣམ་གྲངས་བཅོ་བརྒྱད་དང་ལྡན་དུ་ལགས་ཀྱང་འདི་བདག་ཅག་གཉིས་ཀྱི་བུ་མོ་ལགས་པས་ན། འདི་བཙས་མ་ཐག་ཏུ་ [114B] ནམ་ཆེར་སྐྱེས་པ་ན་བསྐྲད་པར་བགྱིའོ། །འོན་ཀྱང་འདི་དེའི་ཚེ་ཅིས་ཀྱང་འཚོ་བ་ཆོལ་ནུས་པར་འགྱུར་རོ། །ཞེས་བྱས་སོ། །དེ་ནས་འོ་ན་དེ་ལྟར་བྱའོ། །ཞེས་ སྨྲས་ནས་དེ་ཕ་མ་གཉིས་ཀྱིས་ལྐོག་ཏུ་གསོས་ཏེ་ཅི་ནས་སུས་ཀྱང་མི་ཤེས་པར་བྱས་སོ། །དེ་ནས་དེ་གང་གི་ཚེ་འགྲོ་ནུས་པར་གྱུར་པ་དེའི་ཚེ་དེ་མི་སྡུག་ཆེས་ནས་ཕ་མ་གཉིས་ཀྱིས་ ཁྱིམ་ནས་བསྐྲད་དེ་བཏང་ངོ། །དེ་ནས་དེ་སློང་མོ་བྱེད་ཅིང་སྲང་དེ་ཡན་མནན་གནས་པ་ལས། དེས་ས་སྒྲེ་བོ་ལ་གནས་པ་དང་ཁ་ཟས་ངན་པ་ཟ་ཟ་བས་ལུས་ལ་མཛེ་དང་རྨ་བྱུང་བར་གྱུར་ཏེ་ དེ་ཕྱི་ཞིག་ན་ནད་བུ་ཅན་དུ་གྱུར་ནས་སྲང་དེ་ན་འགྱེལ་ཞིང་འདུག་སྟེ་ཤི་ལ་ཐུག་པ་དང། ཚེ་དང་ལྡན་པ་ཀུན་དགའ་བོས་མཐོང་སྟེ། མཐོང་མ་ཐག་ཏུ་ཚེ་དང་ལྡན་པ་ཀུན་དགའ་བོ་སྙིང་རྗེ་སྐྱེས་ ནས་དེ་དེའི་ཐད་དུ་སོང་སྟེ་སྨྲས་པ། ཆེ་གེ། ཅི་ཉེས། དེས་སྨྲས་པ། བཙུན་པ་ཀུན་དགའ་བོ། བདག་གི་སྔོན་བསོད་ནམས་དག་མ་བགྱིས་པས་ན། དེས་བདག་འདི་ཁོ་ན་ལྟ་བུར་གྱུར་ པ་ལགས་ཀྱི། བཙུན་པ་ཀུན་དགའ་བོ། །ཅི་ནས་བདག་གི་མི་དགེ་བའི་ལས་འདི་ཡོངས་སུ་ཟད་པར་འགྱུར་བར་མཛད་དུ་གསོལ། ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། ཆེ་གེ། སྙིང་ མ་ཆུང་བར་སྤྲོ་བ་སྐྱེད་ཅིག་དང་བདག་གིས་ཁྱོད་ཀྱི་མི་དགེ་བའི་ལས་འདི་བསལ་བར་བྱའོ། །དེ་སྐད་ཅེས་སྨྲས་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དེའི་དོན་དུ་ཏིལ་མར་དང་སྤོས་བཙལ་ [115A]༄༅། །ནས་བུ་མོ་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྨྲས་པ་ཆེ་གེ། ལོངས་ལ་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང། སེན་མོའི་མཆོད་རྟེན་ལ་སྤོས་ཀྱིས་བྱུགས་ཤིག་ དེ་ནས་དེ་ཐོས་མ་ཐག་ཏུ་བུ་མོ་དེ་དགའ་བ་སྐྱེས་ནས་ལངས་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོའི་ཕྱི་བཞིན་སོང་ནས་ཀུན་དགའ་བོས་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཏིལ་མར་ གྱི་བྱུག་པ་དང། སྦྱར་བའི་སྤོས་ཀྱི་བྱུག་པ་དང། གུར་གུམ་གྱི་བྱུག་པ་འབུལ་དུ་བཅུག་གོ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡང་ས་ཕྱོགས་དེར་འོངས་ཏེ། དེས་ཚེ་དང་ལྡན་པ་ ཀུན་དགའ་བོ་མཐོང་ནས་བཙུན་པ་ཀུན་དགའ་བོ་ཅི་མཛད་ཅེས་དྲིས་སོ་།ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། བུ་མོ་འདིའི་དབུལ་བ་ཡོངས་སུ་གཅད་པར་བྱའོ། །དེ་ནས་ཁྱིམ་ བདག་མགོན་མེད་ཟས་སྦྱིན་གྱིས་ཀྱང་བུ་མོ་དེ་སྒྲེན་བོར་འདུག་པ་མཐོང་ནས་གོས་ཕྱིན་ནོ། །བཅོམ་ལྡན་འདས་ཀྱང་བུ་མོ་དེ་ཁོ་ན་ལ་ཐུགས་བརྩེ་བའི་ཕྱིར་ས་ཕྱོགས་དེར་གཤེགས་ ནས་བུ་མོ་དེས་སངས་རྒྱས་བཅོམ་ལྡན་འདས་མཛེས་ཤིང་ཡིད་དུ་འཐད་ལ་དབང་པོ་ཞི་བ། ཐུགས་ཞི་བ། ཐུགས་མཆོག་ཏུ་དུལ་བ་དང་རྣམ་པར་ཞི་བ་དང་ལྡན་པ། གསེར་གྱི་མཆོད་ སྡོང་ལྟར་དཔལ་འབར་བ་མཐོང་ངོ། །མཐོང་ནས་ཀྱང་བུ་མོ་དེའང་མཆོག་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བསམ་པ་འདིའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་དག་ལ་བཀུར་ [115B] འདི་ཉིད་ལ་བྱས་པ་ལྟ་ཅི་སྨོས་ཏེ། འབྲས་བུ་ཆེན་པོར་ཅི་སྟེ་མི་འགྱུར་སྙམ་ནས་དགའ་བ་སྐྱེས་ཏེ། གོས་དེ་ཁྱེར་ནས་བཅོམ་ལྡན་འདས་ག་ལ་བ་ དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་གོས་དེ་ཕུལ་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་རྟོག་ཅིང་འདུག་གོ། དེ་ནས་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་བཞིན་དུ་ ཤི་འཕོས་ཏེ་དུས་ལས་འདས་ནས་མཉན་དུ་ཡོད་པ་དེ་ཉིད་དུ་ཚོང་དཔོན་ཞིག་གོ་ཁྱིམ་དུ་ཆུང་མ་ཆེན་མའི་ལྟོར་ཉིང་མཚམས་སྦྱར་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་བུ་མོ་གསེར་ གྱི་མདོག་ཅན་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། བུ་མོ་འདི་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་ མཛེས་ཏེ། གསེར་གྱི་མདོག་ཅན་ཡིན་པས་ན། དེའི་ཕྱིར་བུ་མོ་འདིའི་མིང་གསེར་མདོག་ཅེས་གདགས་སོ། །ཞེས་ཟེར་རོ། །དེ་ནས་བུ་མོ་གསེར་མདོག་འོ་མ་དང་ཞོ་དང་མར་དང་ ཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་བཙས་ནས་ལོ་བདུན་ལོན་པ་དེའི་ཚེ་དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་དེས་པ་མ་ལ་གསོལ་ཏེ་ བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེར་གྱུར་ཏོ། །དེ་ནས་དེ་ [116A]༄༅། །དགྲ་བཅོམ་པ་ཉིད་ཐོབ་ནས་བསམ་པ། བདག་གང་ནས་ཤིང་བོས་ཏེ་འདིར་སྐྱེས་སྙམ་པ་དང། དེས་མཉན་དུ་ཡོད་པ་དེ་ཉིད་དུ་རིགས་ངན་གྱི་བུ་མོ་མི་སྡུག་པའི་སྣ་ གྲངས་བཅོ་བརྒྱད་དང་ལྡན་པར་གྱུར་པ་ལས། དེར་བདག་གིས་འཕགས་པ་ཀུན་དགའ་བོ་ལ་བརྟེན་ནས་རིགས་ངན་གྱི་སྐྱེ་གནས་སྤངས་ཏེ་དེར་སྐྱེས་པ་མཐོང་ནས་དེའི་བློ་སྐྱེས་པ་ འཕགས་པ་ཀུན་དགའ་བོ་ནི། བདག་ལ་དཀའ་བ་བྱེད་བྱེད་པ་ཡིན་ནོ་སྙམ་དུ་རིག་ནས་དེར་རྟག་ཏུ་འགྲོ་ཞིང་བཀུར་སྟི་བྱེད་དོ། །དེ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ ལ་ཞུས་པ། བཙུན་པ། གསེར་མདོག་གིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ་གསེར་གྱི་མདོག་ཅན་དུ་གྱུར་ ལ༑ བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་ བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མཉན་དུ་ཡོད་པ་འདི་ཉིད་ནས་ཕྱོགས་ག་གེ་མོ་ཞིག་ན་རིགས་ངན་གྱི་བུ་མོ་ མི་སྡུག་པའི་སྣ་གྲངས་བཅོ་བརྒྱད་དང་ལྡན་པ་ཞིག་འདུག་པ་ཁྱོད་ཀྱིས་མཐོང་ངམ། བཅོམ་ལྡན་འདས། མཐོང་ལགས་སོ། །དེ་དེ་ནས་ཤི་འཕོས་ནས་འདིར་སྐྱེས་ཏེ། དེས་དབུ་སྐྲ་དང་ [116B] སྦྱར་བའི་སྤོས་ཀྱི་བྱུག་པ་དང། གུར་གུམ་གྱི་བྱུག་པ་དང། སྤོས་ཀྱི་བྱུག་པ་ཕུལ་ནས་ང་ལ་གོས་ཕུལ་ཏེ་ང་ལ་སེམས་དགའ་བ་བསྐྱེད་ནས་ ཤི་བའི་ལས་དེའི་རྣམ་པར་སྨིན་པས་འདི་ད་ལྟར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་མདོག་ཅན་དུ་གྱུར་ ཏོ༑ ༑བཙུན་པ། བུ་མོ་འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་རིགས་ངན་གྱི་རིགས་སུ་སྐྱེས་ཏེ། མི་སྡུག་པའི་སྣ་གྲངས་རྣམ་པ་བཅོ་བརྒྱད་དང་ལྡན་པར་གྱུར་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། འདི་ཉིད་ཀྱི་ལས་རྣམས་བྱས་ཤིང་བསགས་ཏེ། དགེ་སློང་དག། སྔོན་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་ པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིམ་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་ སྟོན་པ༑ སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཝཱ་ར་ཎཱ་སི་ན་ཁྱིམ་བདག་ཅིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ [117A]༄༅། །བཙས་ནས་དེའི་བཙས་སྟོན་རྒྱས་པར་བྱས་ཏེ། རིགས་དང་མཐུན་པའི་མིང་བཏགས་ནས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་ བསྲིངས་ཏེ། དེ་གང་གི་ཚེ་ཆེན་མོར་གྱུར་པ་དེའི་ཚེ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་དེས་ཕ་མ་ལ་གསོལ་ཏེ་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་གིས་བསྟན་པ་ལ་རབ་ཏུ་བྱུང་ནས་དེ་འཐབ་ཀྲོལ་ཅན་ཁ་ཚས་ངན་པར་གྱུར་ཏོ། །དེས་བྱད་གཟུགས་དང་ལང་ཚེ་དང་དབང་ཕྱུག་དང་ཚོ་རིགས་ཀྱི་རྒྱགས་པས་དྲེགས་ ནས་སློབ་པ་དང་མི་སློབ་པའི་དགེ་སློང་མ་མང་མོ་ཞིག་ལ་བྱད་གཟུགས་མི་སྡུག་པའི་ལུས་དང་ངག་གི་ལས་རྣམས་ཀྱིས་འཕྱ་སྟེ་རིགས་ངན་ཞེས་བྱ་བའི་ཚིག་ཀྱང་སྨྲས་པ་ལས་ཕྱིས་ དེ་འགྱོད་པ་སྐྱེས་སོ། །དེ་ནས་དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་ པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅིའང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོན་གསྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ [117B]ཅིག། བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་དེ་དག་ལ་ཚིག་རྩུབ་པོ་སྨྲས་པའི་སྡིག་པའི་ལས་དེའི་འབྲས་བུ་བདག་ལ་སྨིན་པར་མ་ གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་མར་གྱུར་པ་གང་ཡིན་པ་དེ་ ནི༑ མི་སྡུག་པ་འདི་ཉིད་ཡིན་ཏེ། དེས་དེར་བྱད་གཟུགས་དང་ལང་ཚོ་དང་དབང་ཕྱུག་དང་ཚོ་རིགས་ཀྱི་རྒྱགས་པས་དྲེགས་ནས་དགེ་སློང་མ་མང་པོ་ཞིག་ལ་མི་སྡུག་པའི་ཚུལ་གྱིས་ལུས་ཀྱི་ ལས་ཀྱིས་འཕྱས་པ་དང། རིགས་ངན་ཞེས་བྱ་བའི་ཚིག་བརྗོད་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེར་རིགས་ངན་གྱི་རིགས་སུ་སྐྱེས་ཏེ། མི་སྡུག་པའི་སྣ་ གྲངས་བཅོ་བརྒྱད་དང་ཡང་ལྡན་པར་གྱུར་ཏོ། །དེ་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་ པ་ལ་རང་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན་དགེ་སློང་དག། ང་ཡང་དག་པར་རྫོགས་པའི་སངས་ [118A]༄༅། །རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་ བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།བ་ལང་རྫི་ཞེས་བྱ་བ་ནི་ གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་སྤྱན་དྲངས་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ ཚལ་དུ་ཡོ་བྱད་ཐམས་ཅད་སྦྱར་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་འདབས་སུ་བ་ལང་དང་མ་ཧེའི་ལྷས་བཅས་ཏེ། དགེ་སློང་རྣམས་བའི་དར་བ་དང། མ་ཧེའི་དར་བས་ལོངས་སྤྱོད་ པར་བྱེད་དོ། །དེས་ཟླ་བ་གསུམ་གྱི་བར་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས་མཇུག་ཏུ་སངས་རྒྱས་ལ་སོགས་ པ་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ཏེ་བཅོམ་ལྡན་འདས་ལ་འབུམ་རི་བའི་ན་བཟའ་ཕུལ་ལོ། །དགེ་སློང་གཞན་དག་ལའང་རེ་རེ་ལ་ཡོ་བྱད་ ཐམས་ཅད་ཕུལ་ཏེ། བ་ལང་རྫི་དང། མ་ཧེ་རྫི་ཐམས་ཅད་རང་རང་གི་གནས་སུ་སོ་སོར་བཀྱེ་ནས་རྒྱལ་པོ་སོང་ངོ། །དེ་ནས་བ་ལང་རྫི་རྣམས་ཀྱིས་བསམ་པ། རྒྱལ་པོ་འདི་ [118B]དབང་ཕྱུག་གི་མཐར་ཕྱིན་པ་ཡིན་མོད་ཀྱི་འྡིའང་ད་དུང་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་ལ་བདག་ཅག་ནི། གཞན་གྱི་ཁོལ་པོ། །གཞན་གྱི་ངོར་ ལྟ་བ༑ གཞན་གྱི་ཚལ་ཟ་བར་བྱེད་ཅིང་འཚོ་བ་ཡིན་ཏེ། འདིས་འདི་ལྟ་བུའི་གནས་ཐོབ་པ་ཅི་འང་རུང་བ་དེ་དག་ཐམས་ཅད་ནི། སྦྱིན་པ་དང་དུལ་བ་དང་ཡང་དག་པར་སྔོམ་པའི་ལས་རྣམ་པ་ གསུམ་གྱི་འབྲས་བུ་ཡིན་གྱི། མ་ལ་བདག་ཅག་གིས་ཀྱང་དགེ་བའི་ཆོས་ཅུང་ཟད་ཙམ་ཡང་དག་པར་བླངས་ཏེ་གནས་པར་བྱ་གོར་མ་ཆག་སྙམ་དུ་བསམ་ནས་བ་ལང་རྫི་ལྔ་བརྒྱས་ སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་བཤམས་ནས་ནད་པར་སྔར་ལངས་ཏེ་ཆུར་བཀང་ནས་བཅོམ་ལྡན་འདས་ ལ་འཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ། གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་ གསོལ་ཞེས་བསྐུལ་ལོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ་དགེ་སློང་ གི་དགེ་འདུན་གྱིས་མདུན་དུ་བདར་ནས་བ་ལང་རྫི་དེ་དག་གི་བ་ལང་གི་ལྷས་དང་སྐོས་སའི་འདབས་སུ་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་བ་ལང་རྫི་དེ་ [119A]༄༅། །དག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས་རང་གི་ལག་ནས་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་ དང། བའི་དར་བ་དང། མ་ཧེའི་དར་བས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་བཤོས་གསོལ་ཟིན་ཏེ་གསང་སྡེར་ནི། གྱུར། ཕྱག་ནི་བཅབས་པར་རིག་ནས་སྟན་ཆེས་ དམའ་བ་དག་ཁྱེར་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བ་ལང་རྫི་ལྔ་བརྒྱ་པོ་དེ་དག་གི་བསམ་པ་དང་བག་ལ་ཉལ་ དང་ཁམས་དང་རང་བཞིན་དང་ཤེས་པ་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་བ་ལང་རྫི་ལྔ་བརྒྱ་པོ་དེ་དག་འཁོར་དང་བཅས་པས་སྟན་དེ་ཁོན་ལ་འཁོད་ བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དག་གིས་ཀྱང་བདེ་ན་པ་མཐོང་ ནས་གསོལ་པ། བཅོམ་ལྡན་འདས། བདག་ཅག་ཁྱིམ་ན་གནས་པ་ལས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ལ་ཆུ་བོ་རྣམས་ལས་རྒལ་བར་བགྱི་བ་དང། སྦྱོར་ བ་རྣམས་ལས་ཡང་དག་པར་འདའ་བར་བགྱི་བའི་སླད་དུ་བརྩོན་པར་བགྱི། བསྒྲུབ་པར་བགྱི། འབད་པར་བགྱི་བར་འཚལ་ལོ། །ཞེས་གསོལ་ནས་རྒྱལ་པོ་གསལ་རྒྱལ་ལ་གསོལ་ཏེ། བ་ལང་ [119B]གྱིས་འཁོར་བཏང་སྟེ་བཅོམ་ལྡན་འདས་ཀྱི་ཐད་དུ་དོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་དེ་དག་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང། ཚུར་ཤོག་ཅེས་བཀའ་སྩལ་ཏེ། དགེ་སློང་དག་ཚུར་ཤོག་ ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་ནས་དེ་ཐོས་མ་ཐག་ཏུ་སྐྲ་ནི། བྱི་བར་གྱུར། ལུས་ལ་ནི། སྣམ་སྦྱར་གྱོན་པར་གྱུར་ཏེ། སྐྲ་དང་ཁ་སྤུ་ནི། བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར་ སྤྱོད་ལམ་ནི། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་འདུག་པར་གྱུར། ལག་ན་ནི། ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ་།འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ ཞེས་བཀའ་སྩལ་པ། །དེ་དག་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན་།སངས་རྒྱས་ཀྱིས་ནི་དགོངས་པས་གོས་བགོས་ནས། །མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ནས་བཅོམ་ལྡན་འདས་ ཀྱིས་དེ་དག་ལ་ལུང་ཕོག་ནས་དེ་དག་གིས་ཀྱང་བརྩོན་པ་དང་སྒྲུབ་པ་དང། འབད་བས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་དེ་དག་དགྲ་བཅོམ་པ་ [120A]༄༅། །ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ཏེ་གསེར་དང་པོར་བར་མཉམ་པ། ནམ་མཁའ་དང་ལག་མཐལ་དུ་འགྲ་ངོས་ཐབས་དང་ལྡན་པ། ཙནྡན་ སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་བ་དང་ཆགས་པ་དང་ བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་དག་གིས་དགྲ་བཅོམ་པ་ཉིད་ཐོབ་ནས་ བསམ་པ། བདག་ཅག་གིས་འདུལ་བར་འགྱུར་པ་འགའ་ལྟ་ཡོང་དམ་སྙམ་པ་དང། དེ་དག་གིས་ཉེ་དུ་དེ་དག་ཉིད་འདུལ་བར་འགྱུར་བར་མཐོང་ངོ། །མཐོང་ནས་ཀྱང་དེ་དག་གི་ཐད་ དུ་དོང་སྟེ་ཆོས་བསྟན་ནས་དད་པ་ཕུན་སུམ་ཚོགས་པ་ལ་ནི། བཀོང་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་ལ་ནི། བཙུད། སྦྱིན་པ་དང་སྤྱིན་པའི་བགོ་བཤའ་བྱ་བ་ནི་ ཡང་དག་པར་འཛིན་དུ་བཅུག་གོ་དེ་དག་གི་ནང་ནས་བ་ལང་རྫི་མོ་གཅིག་ནི། མ་དང་དེ། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོར་མི་བཏུབ་ནས་བ་ལང་རྫི་དེ་དག་གིས་དེ་ནན་ གྱིས་བཟུང་སྟེ་བཅོམ་ལྡན་འདས་ཀྱི་ཐད་དུ་ཁྲིད་ནས་བ་ལང་རྫི་མོ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ [120B] མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ་དགེ་བའི་རྩབ་བསགས་ པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི། ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལའང་ཉམས་ བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་མཐོང་ནས་ཀྱང་དགའ་བ་སྐྱེས་ཏེ་ཕན་ཚུན་དུ་བལྟས་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ན། བདག་གིས་མེ་ཏོག་ག་ལས་བླང་བ་སྙམ་ པ་དང་དེས་ཐག་མི་རིང་བཞིག་ན་ཀོ་ཤ་ཏ་ཀའི་མེ་ཏོག་དག་ཅིག་མཐོང་ནས་དེས་དེ་དག་བླངས་ཏེ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་བཅོམ་ལྡན་འདས་ལ་ཀོ་ཤ་ཏ་ཀའི་མེ་ཏོག་གིས་ གཏོར་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བས་ཕྱག་བཙལ་ནས་ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་ན། བུ་མོ་འདི་ ནི། ཚེ་ཐུང་སྟེ། རིང་པོ་མི་ཐོགས་པར་འཆི་བར་འགྱུར་རོ་སྙམ་དུ་ཐུགས་སུ་ཆུད་ནས་བཅོམ་ལྡན་འདས་ཀྱིས་དེ་དང་འཚམ་པའི་ཆོས་བསྟན་ཏོ། །དེ་ནས་དེས་ཀྱང་བཅོམ་ལྡན་འདས་ཀྱི་བཀའ་ [121A]༄༅། །མཆིད་ཀྱི་འཇུག་རྫོགས་པར་རིག་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་རོ། །དེ་སོང་ནས་རིང་བོར་མ་ལོན་པར་འབྱུང་བ་ཆེན་པོ་མ་སྙོམས་པར་གྱུར་ ནས་དེ་བཅོམ་ལྡན་འདས་ལ་སེམས་དགའ་བཞིན་དུ་ཤི་འཕོས་ཏེ་དུས་ལས་འདས་ནས་ལྷ་ཡུལ་དུ་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་མ་ཐག་པ་ནི། ཆོས་ཉིད་ཀྱིས་ སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ལ་ཀོ་ཤ་ཏ་ཀའི་མེ་ཏོག་གིས་གཏོར་ ཏེ་དེ་ལ་སེམས་དགའ་བར་གྱུར་པར་དེས་མཐོང་ནས་བསམ་པ། བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོ་བ་ནི། བདག་གི་ཆ་ མ་ཡིན་གྱི། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་རྣ་ཆགས་དུབ་ཀོར་དག་ཅིང་འགུལ་བར་ཐོགས་པ། ལུས་དོ་ ཤལ་དང་སེམས་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་རྣ་ཚོགས་ཀྱིས་སྦྲས་པའི་ཅོད་པན་ཅན། ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་སྤྲིག་ཀ་ལ་སོགས་པས་བྱུགས་པ། ཁ་དོག་ འཕགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་པདྨ་དཀར་པོ་དང་མནྡཱ་ར་བ་རྣམས་ཀྱིས་ཐུབ་པ་གང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ [121B]པདྨ་དང་ཀུ་མུ་དང་པདྨ་དཀར་པོ་དང་མནྡལ་ར་བ་རྣམས་ཀྱིས་གཏོར་ཏོ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱི་དེའི་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་དང་ཤེས་པ་ཐུགས་སུ་ཆུད་ནས་དེ་ དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་ལྷ་མོ་དེས་སྟན་དེ་ཁ་ན་ལ་འདུག་པའི་ན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྣེ་མོ་འཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་ བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་དགེ་སློང་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བྱེད་པ་ལ་གནས་པ་རྣམས་ཀྱིས་རྒྱལ་པ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་ མཐོང་ནས་བསམ་པ། ཆི་མ་དང་གསུམ་མི་མཇད་ཀྱི་བདག་པོ་ཚངས་པ་འམ། ལྷའི་དབང་པོ་བརྒྱ་བྱིན་ནམ། རྒྱལ་པོ་ཆེན་པོ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་རོ་འོངས་སམ་སྙམ་ནས་ བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། འདི་ན་བདག་ཅག་ [122A]༄༅། །དགེ་སློང་མང་པོ་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པ་ལྷུར་བགྱིད་པ་ལ་གནས་པ་རྣམས་ཀྱིས་རྒྱལ་དུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་ མཐོང་ལགས་ན། བཙུན་པ། ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། རྒྱལ་པོ་ཆེན་པོ་བཞི་བཅོམ་ལྡན་འདས་ལ་བལྟ་བའི་ སླང་དུ་མཆིས་ལགས་སམ། དགེ་སློང་དག། མདང་སུམ་མི་མཇེད་ཀྱི་བདག་པོ་ཚང་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། རྒྱལ་པོ་ཆེན་པོ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་ ཏེ༑ བ་ལང་རྫི་མོ་གང་གིས་ཀོ་ཤ་ཏ་ཀའི་མེ་ཏོག་གིས་ང་ལ་མཆོད་དེ་ངའི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ང་ལས་ཆོས་ཐོས་ཏེ་སོང་བ་གང་ཡིན་པ་དེ་ཁྱོད་ཀྱིས་མཐོང་ངམ། བཅོམ་ ལྡན་འདས། མཐོང་ལགས་སོ། །དེ་ནི། སོང་ནས་རིང་པོར་མ་ལོན་པར་ང་ལ་སེམས་དགའ་བཞིན་དུ་ཤི་འཕོས་ཏེ་དུས་ལས་འདས་ནས་ལྷ་ཡུལ་དུ་སྐྱེས་ཏེ་ལྷ་མོར་གྱུར་ནས་ངའི་ ཐད་དུ་འོངས་པ་དེ་ལངས་ཆོས་བསྟན་ཏེ། དེས་ང་ལས་ཆོས་ཐོས་ནས་བདེན་པ་མཐོང་སྟེ། བདེན་པ་མཐོང་ནས་རང་གི་གནས་སུ་སོང་ངོ། །བཙུན་པ། བ་ལང་རྫི་མོ་དེས་ལས་ཅི་བགྱིས་ན་ ལས་དེས་པ་ལང་རྫི་དབུལ་པོའི་རིགས་སུ་སྐྱེས་ལགས། ལས་ཅི་བགྱིས་ན། འདི་ནས་ཤི་འཕོས་ཏེ་ལྷའི་ཡུལ་དུ་སྐྱེས་ལགས། ལས་གང་གིས་ནི། བཅོམ་ལྡན་འདས་མཉེས་པར་ [122B] བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། འདས་པའི་ལས་ཀྱི་ཤས་ཀྱང་ཡོད་དོ། །ད་ལྟར་བྱུང་བའི་ལས་ཀྱི་ཤས་ཀྱང་ཡོད་དེ།། འདས་པའི་ལས་ཅི་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་སྟེ་དགེ་སློང་མར་གྱུར་པ་ན་ འཐབ་ཀྲོལ་ཅན་ཁ་ཚས་ངན་པར་གྱུར་ཏེ་ཁྲོས་ནས་དགེ་སློང་མ་མང་མོ་ཞིག་ལ་བ་ལང་རྫི་མོ་ཞེས་བྱ་བའི་ཚིག་སྨྲས་ནས་དེ་དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་འགྱོད་པ་ སྐྱེས་ཏེ་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ ཅིའང་མཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་ བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་བདག་གིས་དགེ་སློང་མ་རྣམས་ལ་ཚིག་རྩུབ་པོ་སྨྲས་པའི་ལས་དེའི་འབྲས་བུ་བདག་ལ་རྣམ་པར་སྨིན་པར་མ་གྱུར་ཅིག་ཅེས་ བྱས་སོ༑ ༑དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་མར་གྱུར་པ་གང་ཡིན་པ་དེ་ནི། བ་ལང་རྫ་མི་དེ་ཉིད་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཚི་ཁར་ [123A]༄༅། །སྨོན་ལམ་བཏབ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག། ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་པ་འདི་ནི། འདས་ པའི་ལས་ཡིན་ནོ། །ད་ལྟར་བྱུང་བའི་ལས་གང་ཞེ་ན། བ་ལང་རྫི་མོར་གྱུར་པ་དེས་ཀོ་ཤ་ཏ་ཀའི་མེ་ཏོག་གིས་ང་ལ་མཆོད་བ་བྱས་པ་དང། ང་ལ་སེམས་དགའ་བར་གྱུར་པ་དེས་ནི། ལྷ་ ཡུལ་དུ་སྐྱེས་ཏེ། དགེ་སློང་དག། འདི་ནི། ད་ལྟར་བྱུང་བའི་ལས་ཡིན་ནོ། །བཙུན་པ། བ་ལང་རྫི་འདི་རྣམས་ཀྱིས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་བ་ལང་རྫི་དབུལ་ པོའི་རིགས་སུ་སྐྱེས་ལགས། ལས་ཅི་བགྱིས་ན། ལས་དེས་འདི་རྣམས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ [123B]སྟེ་དགེ་སློང་འཐབ་ཀྲོལ་ཅན་ཁ་ཚས་ངན་པར་གྱུར་ནས་དེར་ད་དག་ཕྲོས་བས་དགེ་སློང་མང་པོ་ཞིག་ལ་བ་ལང་རྫི་ཞེས་བྱ་བའི་ཚིག་ སྨྲས་ལ༑ དེར་དེ་དག་གིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་ པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་ མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་བར་གྱུར་ཅིག་བདག་ཅག་གིས་དགེ་སློང་མང་པོ་ལ་བ་ལང་རྫི་ཞེས་བྱ་བའི་ཚིག་སྨྲས་པའི་ལས་དེའི་འབྲས་བུ་བདག་ ཅག་ལ་སྨིན་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བའི་དགེ་སློང་ལྔ་ བརྒྱར་གྱུར་པ་གང་ཡིན་པ་དེ་དག་ནི། བ་ལང་རྫི་ལས་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱ་པོ་འདི་རྣམས་ཡིན་ཏེ། དེ་དག་གིས་དེར་རབ་ཏུ་བྱུང་ནས་འཆི་ཁར་སྨོན་ལམ་བཏབ་སྟེ་ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་ [124A]༄༅། །པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་ པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་ པར་གྱུར་ནས་འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་ སུམ་དུ་བྱས་སོ། །དེར་དེ་དག་ཁྲོས་པས་དགེ་སློང་མང་པོ་ལ་བ་ལང་རྫི་ཞེས་བྱ་བའི་ཚིག་སྨྲས་པ་དང། སྦྱིན་པའང་མ་བྱིན་བ་དེས་ནི། བ་ལང་རྫི་དབུལ་པོ་གཞན་གྱི་ཚལ་ཟ་བར་བྱེད་ པས་འཚོ་བར་གྱུར་ཏོ།། །།མཛའ་སྡེ་རྣམས་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་མཛའ་སྡེ་བོ་ལྔ་བརྒྱ་ཙམ་འཁོད་པ་རྣམས་ དུས་དུས་སུ་མེ་ཏོག་གང་རྒྱས་པར་དེ་དག་ལོངས་སྤྱད་པའི་ཕྱིར་སྐྱེད་མོས་ཚལ་གྱི་ནང་དུ་སོང་ནས་རོལ་མོ་བྱེད་དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་མེ་ཏོག་ ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་པདྨ་དཀར་པོ་རྣམས་རྒྱས་པར་གྱུར་ནས་དེ་དག་ལོངས་སྤྱད་པར་བྱ་བའི་ཕྱིར་དེ་དག་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏ་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་ [124B]དང་རྣ་རྒྱན་དང་ཆུན་པོ་རྣམས་རྒྱན་དུ་ཐོགས་ཤིང་ཨུཏྤ་ལ་ཆང་པ་རེ་རེ་ཐོགས་ནས་སིལ་སྙན་སྣ་ཚོགས་དང་ཕེག་རྡོབ་ཅིང་མཉན་དུ་ཡོད་ པ་ནས་བྱུང་སྟེ་སྐྱེད་མོས་ཚལ་གྱི་ནང་དུ་ཆས་སོ། །བཅོམ་ལྡན་འདས་ཀྱང་དེ་དག་ལ་ཐུགས་བརྩེ་བའི་ཕྱིར་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་མཉན་དུ་ ཡོད་པར་བསོད་སྙོམས་ལ་གཤེགས་པ་དང། མཛའ་སྡེ་བོ་དེ་དག་གིས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་ པར་བརྒྱན་ཅིང་སྦ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པ་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་དེ་དག་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བ་ སྐྱེས་སོ༑ ༑དགའ་བསྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་ཨུཏྤ་ལ་དང་པདྨ་དང་ ཀུ་མུ་ད་དང་པདྨ་དཀར་པོ་རྣམས་ཀྱིས་གཏོར་ནས་སིལ་སྙན་དང་ཕེག་རྡོབ་བཞིན་དུ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་དོང་ངོ། །དེའི་སྐབས་སུ་བཅོམ་ལྡན་འདས་འཛུམ་ [125A]༄༅། །པ་མཛད་དེ། འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་སེར་པོ་དང་དམར་ པོ་དང་དཀར་པོ་རྣམས་བྱུང་ནས་ཁ་ཅིག་ནི། འོག་ཏུ་འགྲོའོ། ཁ་ཅིག་ནི། སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ཡང་སོས་དང་ཐིག་ནག་དང་བསྡུས་ འཇོམས་དང་དུ་འབོད་དང་དུ་འབོད་ཆེན་པོ་དང་ཚ་བ་དང་རབ་ཏུ་ཚ་བ་དང་མནར་མེད་པ་དང། ཆུ་བུར་ཅན་དང་ཆུ་བུར་རྡོལ་དང་སོ་ཐམ་ཐམ་དང་ཀྱི་ཧུད་ཟེར་བ་དང་ཨ་ཆུ་ཟེར་བ་དང་ཨུཏྤ་ལ་ ལྟར་གིས་པ་དང་པདྨ་ལྟར་གས་པ་དང་པདྨ་ལྟར་གས་པ་ཆེན་པོར་སོང་ནས་ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་བསིལ་བར་གྱུར་ཏེ་འབབ་པོ། །གྲང་བའི་སེམས་ཅན་ དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི། དྲོ་བར་གྱུར་ཏེ་འབབ་བོ། །དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་ བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་ སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི། འདི་ནས་ཀྱང་ཤི་འཕོས་བར་མ་གྱུར་ལ། གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་ [125B]བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སོམས་མངོན་པར་དགའ་བར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ ལས་དེ་ཟད་དེ། ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི། རྒྱལ་ཆེན་བཞིའི་ རིས་ཀྱི་ལྷ་རྣམས་དང་སུམ་ཅུ་རྩ་གསུམ་པ་རྣམས་དང་འཐབ་བྲལ་རྣམས་དང་དགའ་ལྡན་རྣམས་དང་འཕྲུལ་དགའ་རྣམས་དང་གཞན་འཕྲུལ་དབང་བྱེད་རྣམས་དང། ཚངས་རིས་རྣམས་དང་ཚངས་ པའི་མདུན་ན་འདོན་པ་རྣམས་དང་ཚངས་པ་ཆེན་པོ་རྣམས་དང་འོད་ཆུང་རྣམས་དང་ཚད་མེད་འོད་རྣམས་དང་འོད་གསལ་རྣམས་དང་དགེ་ཆུང་རྣམས་དང་ཚད་མེད་དགེ་རྣམས་དང་དགེ་རྒྱས་རྣམས་དང་སྤྲིན་ མེད་རྣམས་དང་བསོད་ནམས་སྐྱེས་རྣམས་དང་འབྲས་བུ་ཆེ་རྣམས་དང་མི་ཆེ་བ་རྣམས་དང་མི་གདུང་རྣམས་དང་གྱ་ནོམ་སྣང་རྣམས་དང་ཤིན་ཏུ་མཐོང་རྣམས་དང་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་ སོང་ནས་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང་བདག་མེད་པའི་སྒྲ་སྒྲོག་གོ་ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་ རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་ [126A]༄༅། །འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར། །ཞེས་རྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི་ ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་བོར་ལུང་སྟོན་པར་ བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ་།འཁོར་ལོས་བསྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། ། ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི་ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་ [126B] སྨིན་མཆམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་ མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ་ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན་།ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི། །སངས་རྒྱས་ འགྲོ་བདག་གི་ངམ་པའི་རྒྱུར་གྱུར་པ། །རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོ་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉིད་འཚལ་བ་རྣམས་།ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང། །བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། ། རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་ཀྱི་ནར་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལ་སྐྱེ་བོ་ཕལ་ཆེར་ཉན་ [127A]༄༅། །པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི། དེ་བཞིན་ནོ། །དེ་ནི། དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། ཁྱོད་ཀྱིས་མཛའ་སྡེ་པོ་འདི་དག་གིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་ མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། མཛའ་སྡེ་བོ་འདི་དག་དགེ་བའི་རྩ་བ་དང། སེམས་བསྐྱེད་པ་དང། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་ བཅུ་གསུམ་གྱི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། བསྐལ་པ་བཅུ་གསུམ་གྱི་བར་དུ་ལྷ་དང་མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་ཞིང་འཁོར་བར་གྱུར་ནས་སྲིད་པ་ཐ་མ་དང། གནས་ ཐ་མ་ལ་མིར་སྐྱེ་བ་ཐོབ་ནས་རབ་ཏུ་བྱུང་སྟེ་སློབ་དཔོན་མེད་པ་དང། ལུང་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་མངོན་དུ་བྱས་ནས་རང་སངས་རྒྱས་ཀྱི་བྱང་ ཆུབ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། ཐམས་ཅད་ཀྱང་རང་སངས་རྒྱས་སྨོན་པ་མེད་པ་ཞེས་བྱ་བ་ཤ་སྟག་ཏུ་འགྱུར་ཏེ། འདི་ནི། དེ་དག་གི་སྦྱིན་པར་བྱ་བའི་ཆོས་ཡིན་ནོ། །དེ་ནས་དགེ་ སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་འཕྲིན་ལས་ཅི་མཛད། ལས་དེའི་རྣམ་པར་སྨིན་པས་མཛའ་སྡེ་བོ་ལྔ་བརྒྱས་ཨུཏྤ་ལ་ [127B]བཀུར་སྟི་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། དེ་བཞིན་གཤེགས་པ་ཉིད་ཀྱི་ལས་དེ་ལྟ་བུ་བྱས་ ཤིང་བསགས་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། །ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་ ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་ འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ང་ བསྐལ་པ་གྲངས་མེད་པ་གཉིས་ལ་བབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་ སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་མར་མེ་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་ངོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ ལྗོངས་རྒྱུ་ཞིང་གཤེགས་པ་ལས། རྒྱལ་པོའི་ཕོ་བྲང་མར་མེ་ལྡན་ཞེས་བྱ་བར་བྱོན་ཏོ། །དེའི་ཚེ་རྒྱལ་པོའི་ཕོ་བྲང་མར་མེ་ལྡན་ན་རྒྱལ་པོ་མར་མེ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་ [128A]༄༅། །དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་སྐྱེ་བོ་དང་མི་མང་པོས་གང་བ་དང། རྩོད་པ་དང་འཐབ་བཞི་བ་དང་འཁྲུག་པ་དང་ནང་འཁྲུག་དང་ཆོམ་རྐུན་དང་ནད་དང་ མུ་གེ་མེད་པ་དང། འབྲས་སཱ་ལུ་དང་བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བྱེད་ དོ༑ ༑དེ་ནས་རྒྱལ་པོ་མར་མེས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་གྲོང་ཁྱེར་གྱི་ནང་དུ་ཞབས་ས་ལ་རེག་པར་བྱ་བའི་ཕྱིར་སྤྱན་དྲངས་ནས་རྒྱལ་པོ་མར་མེའི་འདབས་ན་རྒྱལ་པོ་ ནོར་ཅན་གྱི་བུ་ཞེས་བྱ་བ་འདུག་པ་དེ་ལ་དེས་ཕོ་ཉ་བཏང་སྟེ་ངས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་གྲོང་ཁྱེར་གྱི་ནང་དུ་ཞབས་ས་ལ་རེག་པར་བྱ་བའི་ཕྱིར་སྤྱན་དྲངས་ཏེ། དེ་ལ་ མཆོད་པ་བྱ་དགོས་ཀྱི། ཤོག་ཅིག་ཅེས་སྤྲིང་ངོ། །དེའི་ཚེ་རྒྱལ་པོ་ནོར་ཅན་གྱི་བུས་ཀྱང་ལོ་བཅུ་གཉིས་ཀྱི་བར་དུ་མཆོད་སྦྱིན་བྱས་ནས་མཆོད་སྦྱིན་གྱི་མཇུག་ཏུ་འདི་ལྟ་སྟེ། གསེར་གྱི་འཁར་ བ་དང། གསེར་གྱི་རིལ་བ་དང། གསེར་གྱི་གཞོང་པ་དང། རིན་པོ་ཆེ་སྣ་བཞིས་སྤྲས་པའི་མལ་ཁྲི་དང། ཀརྵ་པ་ན་ལྔ་བརྒྱ་དང། བུ་མོ་རྒྱན་ཐམས་ཅད་ཀྱིས་ཀླུབས་ཏེ་རབ་ཏུ་སྦྱིན་པ་ ཆེན་པོ་ལྔ་དངར་ཏོ། །དེའི་ཚེ་ལྗོངས་གཞན་ཞིག་ན་བྲམ་ཟེའི་ཁྱེའུ་གཉིས་ཤིག་གནས་པ་དེ་གཉིས་ཀྱིས་མཁན་པོ་ལས་རིག་བྱེད་འདོན་པ་བསླབས་ཏེ། ཆོས་ལུགས་ཀྱིས་མཁན་པོ་ལའང་ [128B] སློབ་དཔོན་ལའང་སློབ་དཔོན་གྱི་ཡོན་དབུལ་དགོས་པར་ཤེས་ནས་སེམས་ཤིང་འདུག་གོ་དེ་ནས་དེ་གཉིས་ཀྱིས་རྒྱལ་པོ་ནོར་ཅན་གྱི་བུས་མཆོད་སྦྱིན་གྱི་ མཇུག་ཏུ་རབ་ཏུ་སྦྱིན་པ་ཆེན་པོ་ལྔ་བཤམས་ཏེ། བྲམ་ཟེ་གང་ཁ་ཏོན་རྫོགས་པར་ལོབས་པ་དེ་དབང་ངོ། །ཞེས་ཟེར་བ་ཐོས་ནས་དེ་གཉིས་ཀྱིས་བསམ་པ། བླང་བར་བྱ་བ་དེ་ལེན་ དུ་དེར་འདོང་ན། བདག་ཅག་གཉིས་ཀྱི་ནང་ན་མང་དུ་ཐོས་པའི་རབ་དང། ཁ་ཏོན་ལོབས་པའི་རབ་གང་ཡིན་པ་ངེས་པར་བྱའོ་སྙམ་ནས་རྒྱལ་པོ་ནོར་ཅན་གྱི་བུའི་གྲོང་ཁྱེར་ཆེན་པོ་ ག་ལ་བ་དེར་ཆས་སོ། །རྒྱལ་པོ་དེའང་ལྷས་སྦྲན་ཏེ། བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་དང། བློ་གྲོས་ཞེས་བྱ་བ་གཉིས་འདིར་འོང་གི་དེ་གཉིས་ཀྱི་ནང་ན་བློ་གྲོས་བཟང་པོ་ཞེས་བྱ་བ་ དེ་ལ་རབ་ཏུ་སྦྱིན་པ་ཆེན་པོ་འདི་དག་ཕུལ་ཅིག་དང། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ལོ་བཅུ་གཉིས་ཀྱི་བར་དུ་མཆོད་སྦྱིན་བྱས་པ་དེའི་འབྲས་བུ་བས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་དེ་ལ་རབ་ ཏུ་སྦྱིན་པ་ཆེན་པོ་བྱིན་པ་དེའི་འབྲས་བུ་ཆེས་ཆེའོ། །ཞེས་བྱས་སོ། །དེ་ནས་རྒྱལ་པོ་དེས་བསམ་པ། དེ་གཉིས་ཀྱི་ཕྱིར་ལྷས་ཀྱང་སྤྲན་པ་ལས་ན། དེ་གཉིས་ནི། བདག་ཉིད་ཆེ་བ་ཡིན་གོར་མ་ ཆག་སྙམ་མོ། །དེ་ནས་རྒྱལ་པོ་དེས་ཐག་རིང་པོ་ཞིག་ནས་བྲམ་ཟེའི་ཁྱེའུ་བྱད་བཞིན་བཟང་ཞིང་མཛེས་པ་དེ་གཉིས་འོང་བ་མཐོང་ངོ། །དེ་གཉིས་ཀྱང་མཆོད་སྦྱིན་བྱེད་པའི་གནས་དེར་ [129A]༄༅། །འོངས་ནས་བྲམ་ཟེའི་གྲལ་དུ་སྐབས་ཕྱེ་བའི་སར་སྟན་ལ་འདུག་གོ་དེ་ནས་རྒྱལ་པོ་ནོར་ཅན་གྱི་དུས་དེ་གཉིས་མཐོང་ནས་བསམ་པ། བདག་ལ་ལྷས་ སྤྲན་པའི་བློ་གྲོས་བཟང་པོ་ཞེས་བྱ་བ་དེ་ནི། འདི་ཡིན་གོར་མ་ཆག་སྙམ་ནས་རྒྱལ་པོ་དེ་གྲལ་དཔོན་གྱི་མདུན་དུ་སོང་སྟེ། བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་ལ་དྲིས་པ། ཁྱོད་བློ་ གྲོས་བཟང་པོ་ཡིན་ནམ། དེས་སྨྲས་པ། ང་ཡིན་ནོ། །དེ་ནས་རྒྱལ་པོ་ནོར་ཅན་གྱི་བུས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་གྲལ་དཔོན་དུ་བཞག་སྟེ་ཟན་བྱིན་ནས་རབ་ཏུ་སྦྱིན་པར་ བྱ་བ་ཆེན་པོ་རྣམ་པ་ལྔ་པོ་དེ་དག་བྱིན་པ་ལས། བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོས་རབ་ཏུ་སྦྱིན་པ་ཆེན་པོའི་གསེར་གྱི་འཁར་བ་དང། རིལ་བ་ལ་སོགས་པ་བཞི་ནི། བླངས། རབ་ཏུ་ སྦྱིན་པའི་ནང་ནས་བུ་མོ་གཅིག་པུ་ནི། མ་བླངས་ཏེ། བདག་ནི་ཚངས་པར་སྤྱོད་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་བུ་མོ་དེས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་བྱད་བཞིན་བཟང་ཞིང་ མཛེས་པ་མཐོང་ནས་ཆགས་ཤིང་སྙིང་དུ་སྡུག་པར་གྱུར་ཏེ་ཁྱེའུ་བློ་གྲོས་བཟང་པོ་དེ་ལ་སྨྲས་པ། བྲམ་ཟེའི་ཁྱེའུ། བདག་བཞེས་ཤིག་དེས་སྨྲས་པ། བདག་གིས་བླངས་དུ་མི་ རུང་ངོ། །དེ་ནས་བུ་མོ་དེ་རྒྱལ་པོས་ཀྱང་རབ་ཏུ་སྦྱིན་པའི་བསམ་པས་ཡོངས་སུ་བཏང་སྟེ་ཕྱིར་མ་ཁྱེར་ལ་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོས་ཀྱང་མ་བླངས་ནས་རྒྱལ་པོ་མར་མེའི་གྲོང་ [129B] །དེ་དེར་སོང་ནས་རང་གི་རྒྱན་རྣམས་ལུས་ལས་བཀྲོལ་ཏེ་མེ་ཏོག་ཕྲེང་བ་རྒྱུད་པ་ལ་བྱིན་ནས་རྒྱན་འདི་རིན་ཆེ་བ་ཡིན་གྱི། ང་ལ་ཉིན་གཅིག་བཞིན་དུ་ལྷའི་མཆོད་ པར་ཨུཏྤ་ལ་སྔོན་པོ་བྱིན་ཅིག་ཅེས་བྱས་སོ། །དེ་ནས་དེས་དེའི་ལུང་བཞིན་དུ་གསེར་གྱི་རྒྱན་དེ་བྱིན་ཏེ་ལྷའི་རིམ་གྲོ་བྱེད་པར་གྱུར་ཏོ། །བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་དེའང་རབ་ཏུ་སྦྱིན་ པ་ཆེན་པོ་བཞི་པོ་དེ་དག་ཁྱེར་ཏེ་མཁན་པོའི་ཐད་དུ་སོང་ངོ་།སོང་ནས་ཀྱང་རབ་ཏུ་སྦྱིན་པ་ཆེན་པོ་རྣམས་པ་བཞི་པོ་དེ་དག་མཁན་པོ་ལ་ཕུལ་ལོ། །མཁན་པོས་ཀྱང་དེ་རྣམས་ཀྱི་ནང་ནས་རྣམ་པ་གསུམ་ ནི༑ བླངས། ཀརྵ་པ་ཎ་ལྔ་བརྒྱ་ནི། བློ་གྲོས་བཟང་པོ་དེ་ཉིད་ལ་བྱིན་ནོ། །བློ་གྲོས་བཟང་པོས་དེ་ཁོ་ནའི་ནུབ་མོ་རྨི་ལམ་རྣམས་པ་བཅུ་རྨིས་ཏེ། རྒྱ་མཚོ་ཆེན་པོ་བཏུང་ངོ་སྙམ་པ་དང། ནམ་ མཁའ་ལ་འགྲོའོ་སྙམ་པ་དང། ཉི་མ་དང་ཟླ་བ་མཐུ་ཆེ་བ་འདི་གཉིས་ལག་པས་རེག་ཅིང་གཟུང་བར་བྱའོ་སྙམ་པ་དང། རྒྱལ་པོ་རྣམས་ཤིང་རྟ་ཁྱེར་དུ་གཞུག་གོ་སྙམ་པ་དང། དྲང་སྲོང་ རྣམས་དང་གླང་པོ་ཆེ་དཀར་པོ་རྣམས་དང་ངང་པ་རྣམས་དང་སེངྒེ་རྣམས་དང་བྲག་ཆེན་པོ་ལ་བཞོན་པར་བྱའོ་སྙམ་སྟེ། དེས་རྨི་ལམ་དེ་རྣམས་རྨིས་ནས་སད་དོ། །སད་ནས་དེས་བསམ་པ་ བདག་གི་རྨི་ལམ་འདི་རྣམས་ལུང་སྟོན་པར་ནུས་པ་སུ་ཡོད་སྙམ་མོ་།དེ་ནས་ཐག་མི་རིང་བ་ཞིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་གནས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་བློ་གྲོས་ [130A]༄༅། །བཟང་པོ་ཐེ་ཚོམ་གཅད་པའི་ཕྱིར་དྲང་སྲོང་དེའི་ཐད་དུ་སོང་ནས་བློ་གྲོས་བཟང་པོས་དྲང་སྲོང་དེ་ལ་ཀུན་ཏུ་དགའ་བའི་གཏམ་བྱས་ནས་རྨི་ལམ་དེ་རྣམས་བསྙད་དེ་ ཁྱོད་ཀྱིས་རྨི་ལམ་རྣམ་པ་བཅུ་པོ་འདི་རྣམས་ཀྱི་དོན་ངེས་པར་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དྲང་སྲོང་དེས་སྨྲས་པ། བདག་གིས་རྨི་ལམ་འདི་རྣམས་ལུང་སྟོན་མི་ནུས་ཀྱི། རྒྱལ་པོའི་ཕོ་ བྲང་མར་མེ་ལྡན་དུ་སོང་ཞིག་དང། དེ་ན་རྒྱལ་པོ་མར་མེས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཞབས་ལ་རེག་པར་བྱ་བའི་ཕྱིར་གྲོང་ཁྱེར་གྱི་ནང་དུ་སྤྱན་དྲངས་ཏེ། དེས་ རྨི་ལམ་འདི་རྣམས་ལུང་སྟོན་པར་འགྱུར་རོ། །ཞེས་བྱས་སོ། །དེ་ནས་རྒྱལ་པོ་ནོར་ཅན་གྱི་བུ་དེས་རྒྱལ་པོ་མར་མེས་སྤྲིང་པ་བཞིན་དུ་མཉན་ཏེ་བློན་པོ་བརྒྱད་ཁྲིས་ཞབས་འབྲིང་བྱས་ནས་ རྒྱལ་པོའི་ཕོ་བྲང་མར་མེ་ལྡན་དུ་ཕྱིན་ཏོ། །རྒྱལ་པོ་མར་མེས་ཀྱང་ཞག་བདུན་ལོན་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཞབས་ས་ལ་རེག་པར་བྱ་བའི་ཕྱིར་གྲོང་ཁྱེར་གྱི་ ནང་དུ་སྤྱན་དྲངས་བར་བྱའོ་སྙམ་སྟེ། ཡུལ་དང་གྲོང་ཁྱེར་ཐམས་ཅད་ནས་མེ་ཏོག་ཐམས་ཅད་བསྡུས་སོ། །དེར་གང་གི་ཉིན་པར་རྒྱལ་པོ་མར་མེས་ཡང་དག་པར་རྫོགས་པའི་སངས་རྒྱས་ མར་མེ་མཛད་ཞབས་ལ་རེག་པར་བྱ་བའི་ཕྱིར་གྲོང་ཁྱེར་གྱི་ནང་དུ་སྤྱན་འདྲེན་པ་དེའི་ཉིན་པར་བློ་གྲོས་བཟང་པོའང་དེར་འོངས་ན། དེས་རྒྱལ་པོ་དེས་མེ་ཏོག་ཐམས་ཅད་བསྡུས་པར་ [130B] །བུ་མོ་ལྷའི་རིམ་གྲོ་བྱེད་པ་དེའང་མེ་ཏོག་ཕྲེང་བ་རྒྱུད་པའི་ཐད་དུ་སོང་ནས་ལྷའི་མཆོད་པ་བྱ་དགོས་ཀྱི། བདག་ལ་ཨུཏྤ་ལ་སྔོན་པོ་བྱིན་ཅིག་ཅེས་བྱས་སོ། །མེ་ཏོག་ཕྲེང་བ་རྒྱུད་པས་སྨྲས་ པ༑ དེང་རྒྱལ་པོ་སངས་རྒྱས་སྤྱན་དྲང་བའི་ཕྱིར་མེ་ཏོག་ཐམས་ཅད་བསྡུས་སོ། །དེས་སྨྲས་པ། མེ་ཏོག་གི་རྫིང་དེར་སོང་ལ་ཡང་ལྟོས་ཤིག་དང། གལ་ཏེ་བདག་གི་བསོད་ནམས་ཀྱིས་ཨུཏྤ་ལ་ སྔོན་པོ་མ་གཏོགས་པ་རྙེད་ཀྱང་སྲིད་དོ། །དེ་ནས་མེ་ཏོག་གི་རྫིང་དེར་བློ་གྲོས་བཟང་པོའི་བསོད་ནམས་ཀྱི་མཐུས་ཨུཏྤ་ལ་སྔོན་པོ་བདུན་བྱུང་ངོ། །དེ་ནས་མེ་ཏོག་གི་ཕྲེང་བ་རྒྱུད་པ་དེ་སོང་ནས་དེས་ མཐོང་ངོ། །མཐོང་ནས་ཀྱང་བུ་མོ་དེས་མེ་ཏོག་ཕྲེང་བ་རྒྱུད་པ་ལ་སྨྲས་པ། ཨུཏྤ་ལ་འདི་རྣམས་ཐོགས་ཤིག་མེ་ཏོག་ཕྲེང་བ་རྒྱུད་པས་སྨྲས་པ། བླ་ནས་བདག་ལ་གྱོད་རྨས་སུ་འོང་གི་བདག་ གིས་བཏོག་ཏུ་མི་རུང་ངོ། །དེ་ནས་དེས་སྨྲས་པ། ཁྱོད་ཀྱི་སྔར་མེ་ཏོག་ཐམས་ཅད་བཏོགས་ཏེ་རྒྱལ་པོ་ལམ་ཕུལ་ལམ། མེ་ཏོག་ཕྲེང་བ་རྒྱུད་པས་སྨྲས་པ། ཕུལ་ལོ། །དེ་ནས་བུ་མོ་དེས་སྨྲས་པ་ འདི་དག་ནི། བདག་གི་བསོད་ནམས་ལས་སྐྱེས་པ་ཡིན་གྱི། འདི་རྣམས་ཐོགས་ལ་བདག་ལ་བྱིན་ཅིག་མེ་ཏོག་ཕྲེང་བ་རྒྱུད་པས་སྨྲས་པ་བླ་ནས་མ་ཚོར་བར་འདི་དག་ཇི་ལྟར་འཁྱེར་ བར་བྱ༑ བུ་མོས་སྨྲས་པ། བདག་གི་བསོད་ནམས་ཀྱི་མཐུ་ལས་བྱུང་བ་ཡིན་གྱི། ཐོགས་ཤིག་དང། བདག་གིས་ཆུའི་བུམ་པའི་ནང་དུ་བཅུག་སྟེ་ནང་དུ་བཀུར་བར་བྱའོ། །དེ་ནས་མེ་ [131A]༄༅། །ཏོག་ཕྲེང་བ་རྒྱུད་པས་དེ་སྐད་ཅེས་ཐོས་ནས་དེ་དག་བཏོགས་ཏེ་བུ་མོ་དེ་ལ་བྱིན་ནོ། །དེས་ཀྱང་བླངས་ནས་ཆུའི་བུམ་པའི་ནང་དུ་བཅུག་སྟེ་དུམ་པ་དེ་ཚུས་ བཀང་ནས་གྲོང་ཁྱེར་གྱི་ནང་དུ་ཆས་སོ། །བློ་གྲོས་བཟང་པོ་ཡང་གྲོང་ཁྱེར་གྱི་ནང་དེར་ཕྱིན་ནས་དེས་བསམ་པ། བདག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་མི་བྱར་ག་ ལ་རུང་སྙམ་སྟེ། དེས་མེ་ཏོག་ཕྲེང་བ་རྒྱུད་པའི་ཁྱིམ་རྣམས་བསྐོར་ཏེ་མེ་ཏོག་གོ་ཅོག་བཙལ་ན། མེ་ཏོག་གཅིག་ཀྱང་མ་རྙེད་དོ་།དེ་ནས་གྲོང་ཁྱེར་གྱི་ནུབ་སྒོ་ནས་བྱུང་སྟེ་ཀུན་དགའ་ར་བ་ ནས་ཀུན་དགའ་ར་བར་བསྐོར་ཏེ་མེ་ཏོག་རྣམས་བཙལ་ཀྱང་མེ་ཏོག་གཅིག་ཀྱང་མ་རྙེད་དོ། །དེ་ནས་འཁོར་འཁོར་ཏེ་སྐྱེད་མོས་ཚལ་དེར་ཕྱིན་ནས་བུ་མོ་དེའང་སྐྱེད་མོས་ཚལ་དེ་ནས་ བྱུང་སྟེ་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་དང་ཐད་ཀར་ཕྲད་དོ། །དེ་ནས་བློ་གྲོས་བཟང་པོའི་བསོད་ནམས་ཀྱི་མཐུས་མེ་ཏོག་ཨུཏྤ་ལ་དེ་དག་ཆུའི་བུམ་པ་དེའི་ནང་ནས་གྱེན་དུ་ཐོན་ ཏོ༑ ༑དེ་ནས་བློ་གྲོས་བཟང་པོས་མེ་ཏོག་དེ་དག་མཐོང་ནས་བུ་མོ་དེ་ལ་སྨྲས་པ། ང་ལས་རིན་ཀརྵ་པ་ན་ལྔ་བརྒྱ་ལོངས་ལ་ཨུཏྤ་ལ་འོ་ནི་རྣམས་ང་ལ་བྱིན་ཅིག་བུ་མོ་དེས་སྨྲས་ པ། དེའི་ཚེ་ཁྱོད་ཀྱིས་བདག་བཞེས་སུ་གནང་ན། ད་ཨུཏྤ་ལ་རྣམས་བཞེད་དམ། བདག་མི་འབུལ་ལོ། །ཞེས་དེ་སྐད་སྨྲས་ནས་ཡང་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་ལ་སྨྲས་ [131B] འདི་རྣམས་ཀྱིས་ཅི་ཞིག་བགྱི། བློ་གྲོས་བཟང་པོས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པར་བྱའོ། །དེའི་འོག་ཏུ་བུ་མོ་དེས་སྨྲས་པ། བདག་ལ་ཀརྵ་པ་ན་ཅང་མི་ འཚལ་གྱི། གལ་ཏེ་ཁྱོད་ལ་ཨུཏྤ་ལ་འདི་དག་ཕུལ་བའི་འབྲས་བུས་ཚེ་རབས་ཐམས་ཅད་དུ་བདག་ཁྱོད་ཀྱི་བཙུན་མོར་འགྱུར་བར་བཞེད་དེ། གལ་ཏེ་སྦྱིན་པ་འདི་བྱིན་པ་ན། ཚེ་རབས་ ཐམས་ཅད་དུ་ཁྱོད་བདག་གི་ཆུང་མར་གྱུར་ཅིག་ཅེས་དེ་སྐད་དུ་སྨོན་ལམ་འདེབས་ན་ནི། བདག་གིས་ཡི་དབུལ་བར་འཚལ་ལོ། །བློ་གྲོས་བཟང་པོས་སྨྲས་པ། ང་ནི། སྦྱིན་པ་ལ་དགའ་ བ་ཡིན་ཏེ། བདག་གི་ཆུང་མ་དང་བུའང་ཡོངས་སུ་གཏོང་ལ། བདག་གི་ཤཱང་ཡོངས་སུ་གཏོང་བར་བྱེད་དོ། །བུ་མོ་དེས་སྨྲས་པ། ཇེ་སྨོན་ལམ་དེ་ལྟར་ཐོབ་པ་ལ་སླད་ཀྱིས་སུ་ཅི་འདོད་ པ་དེ་ལ་བདག་སྩོལ་ཅིག་དེ་སྐད་ཅེས་སྨྲས་ནས་བུ་མོ་དེས་བློ་གྲོས་བཟང་པོ་ལ་ཨུཏྤ་ལ་ལྔ་བྱིན་ནོ། །གཉིས་ནི། བདག་ཉིད་ཀྱིས་ཁྱེར་ནས་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱིས་གང་ དུ་སྨོན་པ་ཡི། །འདྲན་པ་སངས་རྒྱས་རྙེད་པ་དེར། །རྟག་ཏུ་མཐུན་པར་ཆོས་སྤྱོད་པའི། །ཁྱོད་ཀྱི་བཙུན་མོར་བདག་གྱུར་ཅིག་དེ་ནས་རྒྱལ་པོ་དེས་གྲོང་ཁྱེར་དེ་དག་ཐམས་ཅད་རྔོ་དང་ གསེག་མ་དང་གྱོ་མོ་མེད་པར་བྱས་ནས་རྒྱལ་མཚན་དང་བ་དང་དང་རྟ་བབས་ནི། བཙུགས། དར་གྱི་ལྔ་ལྡི་རྣམས་ནི། བྲེས། སྤོས་ཆབ་དང་ཕྱེ་མ་རྣམས་ཀྱིས་ནི། གཏོར་ཏོ། །གྲོང་ [132A]༄༅། །ཁྱེར་གྱི་སྒོ་ནས་གཙུག་ལག་ཁང་གི་བར་དུའང་རྔོ་དང་གསེག་མ་དང་གྱོ་མོ་རྣམས་མེད་པར་བྱས་ནས་རྒྱལ་མཚན་དང་བ་དན་དང་རྟ་བབས་ནི། བཙུགས་ དར་གྱི་ལྔ་ལྡི་ནི། བྲེས། སྤོས་ཆབ་དང་ཕྱེ་མས་ནི། གཏོར་ཏོ་།རྒྱལ་པོ་དེ་ཉིད་ཀྱིས་ཀྱང་གདུགས་རྩིབས་བརྒྱ་བ་ཐོགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་བསུའོ། །དེ་ བཞིན་དུ་བློན་པོ་རྣམས་ཀྱིས་ཀྱང་བསུའོ། །དེ་བཞིན་དུ་རྒྱལ་པོ་ནོར་ཅན་གྱི་བུ་བློན་པོ་དང་བཅས་པ་རྣམས་ཀྱིས་ཀྱང་བསུའོ། །དེ་ནས་རྒྱལ་པོས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞབས་ལ་ མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་སུ་གསོལ་ཞེས་གསོལ་བ་བཏབ་ནས་བཅོམ་ལྡན་འདས་དེ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ་གྲོང་ཁྱེར་ལོགས་ སུ་ཆས་ཏེ་གཤེགས་སོ། །རྒྱལ་པོ་མར་མེའང་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་སྟེང་དུ་གདུགས་རྩིབས་བརྒྱ་བ་ཐོགས་སོ། །དེ་བཞིན་དུ་བློན་པོ་རྣམས་དང། རྒྱལ་ པོ་ནོར་ཅན་གྱི་བུ་བློན་པོ་དང་བཅས་པ་རྣམས་ཀྱང་གདུགས་ཐོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་རེ་རེ་ནས་ད་བདག་ནི། བཅོམ་ལྡན་འདས་ཀྱི་གདུགས་ཐོགས་སོ་སྙམ་དུ་ སེམས་པར་འགྱུར་པ་བལྟ་བུར་རྫུ་འཕྲུལ་གྱིས་བྱིན་གྱིས་བརླབས་སོ་།དེ་ནས་བཅོམ་ལྡན་འདས་དེ་ལྟ་བུའི་མཛེས་པ་དང་ལྡན་པས་གྲོང་ཁྱེར་གྱི་སྒོར་གཤེགས་ནས་དེར་བཅོམ་ལྡན་ [132B]གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྒོའི་ཐེམ་པ་ལ་ཞབས་བཞག་པ་དེ་ཁོ་ནའི་མོད་ལ་ས་རྣམ་པ་དྲུག་ཏུ་གཡོས་ཏེ། འགུལ་རབ་ཏུ་ འགུལ༑ ཀུན་ཏུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག་པར་གྱུར་ཏོ། །ཆོས་ཉིད་ཀྱིས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་གི་ཚེ་ཆེད་དུ་མཛད་དེ་སྒོའི་ཐེམ་པ་ལ་ཞབས་ འཇོག་པ་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་ཏེ། སྨྱོན་པ་རྣམས་ཀྱིས་ནི། རང་བཞིན་གྱི་སེམས་ཐོབ་པར་འགྱུར་རོ། །ལོང་བ་རྣམས་ནི། མིག་གིས་མཐོང་བར་ འགྱུར་རོ། །འོན་པ་རྣམས་ནི། རྣ་བས་ཐོས་པར་འགྱུར་རོ། །ལྐུག་པ་རྣམས་ནི། སྨྲ་ནུས་པར་འགྱུར་རོ། །འཕྱེ་བོ་རྣམས་ནི། འགྲོ་ནུས་པར་འགྱུར་རོ། །བུད་མེད་བུ་འབྱུང་དུ་མི་བཏུབ་པ་རྣམས་ ནི༑ བདེ་བར་བཙའ་བར་འགྱུར་རོ། །ཤིང་མིག་གི་གདོས་དང་རྐང་སྒྲིལ་དང་ཨན་པན་བཏགས་པའི་སེམས་ཅན་རྣམས་ནི། བཅིངས་པ་ལས་གྲོལ་བར་འགྱུར་རོ། །ཆུང་དུ་ནས་འཁོན་བྱུང་བ་ རྣམས་ནི། དེ་མ་ཐག་ཏུ་བྱམས་པའི་སེམས་ཐོབ་པར་འགྱུར་རོ། །བེའུ་རྣམས་ནི། བེའུ་གདང་བཅད་དེ་མའི་ཐད་དུ་འདོང་བར་བྱེད་དོ་།གླང་པོ་ཆེ་རྣམས་ཀྱང་སྐད་འབྱིན་ཏོ། །རྟ་རྣམས་ཀྱང་སྐད་ འབྱིན་ཏོ། །ཁྱུ་མཆོག་རྣམས་ཀྱང་སྐད་འབྱིན་ཏོ། །ནེ་ཙོ་དང་རི་སྐེག་དང་ཁུ་བྱུག་དང་ཤང་ཤང་ཏེའུ་རྣམས་ཀྱང་སྐད་སྙན་པ་འབྱིན་ཏོ། །རྒྱན་སྣོད་དུ་བཅུག་པ་རྣམས་ཀྱང་སྒྲ་སྙན་པ་འབྱིན་ཏོ། །ས་ [133A]༄༅། །ཕྱོགས་མཐོ་བ་རྣམས་ནི། དམའ་བར་འགྱུར་རོ། །དམའ་བ་རྣམས་ནི། མཐོ་བར་འགྱུར་རོ། །རྔོ་དང་གསེག་མ་དང་གྱོ་མོ་རྣམས་ཀྱང་མེད་པར་འགྱུར་རོ། །ལྷ་རྣམས་ ཀྱང་བར་སྣང་ལས་ལྷའི་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུད་དང་པདྨ་དཀར་པོ་རྣམས་འཐོར་བར་བྱེད་དོ། །ཨ་ག་རུའི་ཕྱེ་མ་དང་རྒྱ་སྤོས་ཀྱི་ཕྱེ་མ་དང་ཙནྡན་གྱི་ཕྱེ་མ་དང་ཏ་མ་ལའི་ཕྱེ་མ་ རྣམས་དང། ལྷའི་མེ་ཏོག་མནྡཱ་ར་བ་རྣམས་ཀྱང་འཐོར་བར་བྱེད་དོ། །ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ། །ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ། །ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་ མཐོ༑ ༑བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ། །དབུས་དམའ་ན་མཐའ་མཐོ། །མཐའ་དམའ་ན་དབུས་མཐོ་བར་འགྱུར་རོ། །རྒྱལ་པོའི་ཕོ་བྲང་མར་མེ་ལྡན་དེ་ན་སྲོག་ཆགས་འབུམ་ཕྲག་ དུ་མ་མེ་ཏོག་དང་བདུག་པ་དང་སྤོས་རྣམས་ཀྱིས་བཀུར་སྟི་བྱེད་དོ་།བློ་གྲོས་བཟང་པོ་དང། བུ་མོ་དེའང་པདྨ་ཁྱེར་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ག་ལ་བ་དེར་དོང་བ་ལས་ དེ་དག་སྐྱེ་བོ་ཕལ་པོ་ཆེ་མཆོད་པ་བྱེད་པས་གཏམས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མ་ཆུད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། སྐྱེ་བོ་ཕལ་པོ་ཆེ་འདི་རྣམས་ལས་བྲམ་ ཟེའི་ཁྱེའུ་བློ་གྲོས་བཟང་པོ་བསོད་ནམས་ཆེས་འཕེལ་བར་འགྱུར་རོ་སྙམ་དུ་དགོངས་ནས་རྫི་ཆར་དྲག་པོ་ཆེན་པོ་ཞིག་སྤྲུལ་ཏོ། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་གོ་སྐབས་ཕྱེ་ནས་བྲམ་ [133B]བལྟ་བས་ཆོག་མི་ཤེས་པ་མཐོང་ནས་ཤིན་ཏུ་དགའ་བ་སྐྱེས་སོ་།དགའ་བ་སྐྱེས་ནས་ཨུཏྤ་ལ་ལྔ་པོ་དེ་དག་བཅོམ་ལྡན་འདས་ལ་ གཏོར་ཏོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་དེ་དག་ཤིང་རྟའི་འཕང་ལོ་ཙམ་ཤ་སྟག་ཏུ་བླ་བྲེར་ཆགས་ཤིང་འདུག་ལ། བཅོམ་ལྡན་འདས་གཤེགས་ན་ནི་ འགྲོ་གཞེས་ན་ནི་སྡོང་པར་བྱིན་གྱིས་བརླབས་སོ། །དེ་ནས་བུ་མོ་དེས་དེ་ལྟ་བུར་གྱུར་པ་མཐོང་ནས་དགའ་བ་སྐྱེས་ཏེ། ཨུཏྤ་ལ་གཉིས་བཅོམ་ལྡན་འདས་ལ་གཏོར་ནས་དེ་གཉིས་ཀྱང་བཅོམ་ ལྡན་འདས་ཀྱི་སྙན་གྱི་གོང་དུ་ཤིང་རྟའི་འཕང་ལོ་ཙམ་གྱི་བླ་བྲེར་ཆགས་ཤིང་འདུག་པར་བྱིན་གྱིས་བརླབས་སོ། །ས་ཕྱོགས་དེ་དག་ཀྱང་རྫི་ཆར་དྲག་པོ་ཆེན་པོས་འདམ་རྫབ་ཏུ་གྱུར་ནས་དེའི་འོག་ ཏུ་ས་ཕྱོགས་འདམ་རྫབ་ཅན་དེར་བཅོམ་ལྡན་འདས་གཤེགས་པ་ན་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོས་ས་ཕྱོགས་འདམ་རྫབ་ཅན་དེར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྐྲ་བཏིང་ནས་ཚིགས་སུ་བཅད་ དེ་སྨྲས་པ། བློ་ལྡན་སད་མཛད་གལ་ཏེ་བདག་བྱང་ཆུབ་ཏུ་ནི་འཚང་རྒྱ་ན། །སྐྱེ་རྒ་མེད་མཛད་ཞབས་གཉིས་ཀྱིས། །མྱུར་དུ་བདག་སྐྲ་བརྫི་བར་གསོལ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ མར་མེ་མཛད་དེས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོའི་སྐྲའི་སྟེང་དུ་ཞབས་གཉིས་བཞག་གོ་དེ་ནས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོའི་ཕྱི་བཞིན་འབྲང་ཞིང་འདུག་པ་དེ་ཁྲོས་ནས་ཀྱེ་ལྟོས་དང། ཡང་དག་པར་ [134A]༄༅། །རྫོགས་པའི་སངས་རྒྱས་མར་མེ་མཛད་འདིས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོའི་སྐྲ་ཕྱུགས་ལ་བྱ་བ་བཞིན་དུ་བརྩིས་སོ་ཞེས་ཟེར་རོ། །དེ་ནས་དེའི་འོག་ཏུ་ཡང་དག་པར་ རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་ལུང་བསྟན་ཏེ། ཁྱོད་ནི་ས་འདིར་འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར། །སྟན་པ་མངའ་བདག་འཇིག་རྟེན་གསུམ་ ལས་རྣམ་གྲོལ་བ། །ཤཱཀྱའི་སྲས་པོ་ཤཱཀྱ་ཐུབ་པ་ཞེས་བྱ་བ་འཇིག་རྟེན་གསུམ་གྱི་སྙིང་པོ་འགྲོ་བའི་སྒྲོན་དུ་འགྱུར། ཞེས་གསུངས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་ མཛད་ཀྱིས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་ལུང་བསྟན་མ་ཐག་པ་དེའི་མོད་ཁོ་ན་ལ་ནམ་མཁའ་ལ་ཏ་ལ་བདུན་སྲིད་ཙམ་དུ་འཕགས་སོ། །དེ་ནས་དེའི་སྒྲ་བྱི་ནས་སྐྲ་གསར་ཁྱད་པར་དུ་ འཕགས་པ་བྱུང་ངོ། །དེ་ནས་དེ་ནམ་མཁའ་ལ་འདུག་པ་སྐྱེ་བོ་ཕལ་པོ་ཆེས་མཐོང་ངོ། །མཐོང་ནས་ཀྱང་སྨོན་ལམ་བཏབ་པ། གང་གི་ཚེ་འདིས་བླ་ན་མེད་པའི་ཡེ་ཤེས་བརྙེས་པར་གྱུར་པ་ དེའི་ཚེ་བདག་ཅག་འདིའི་ཉན་ཐོས་སུ་གྱུར་ཅིག་ཅེས་བྱས་སོ། །བུ་མོ་དེས་སྨོན་ལམ་བཏབ་སྟེ། ཁྱོད་ཀྱིས་གང་དུ་སྨོན་པ་ཡི། །འདྲེན་པ་སངས་རྒྱས་བརྙེས་པ་དེར། །རྟག་ཏུ་མཐུན་པར་ཆོས་སྤྱོད་ པའི༑ ༑ཁྱོད་ཀྱི་བཙུན་མོར་བདག་གྱུར་ཅིག། གང་ཚེ་ཁྱོད་ནི་རྫོགས་སངས་རྒྱས། །འཇིག་རྟེན་གཙོ་བོ་རྣམ་འདྲེན་འགྱུར། །དེ་ཡི་དུས་བབ་ཁྱོད་ཀྱི་ནི། །ཉན་ཐོས་མར་ཡང་བདག་གྱུར་ཅིག་ [134B] །བརྒྱ་ཕྲག་དང་ནི་སྟོང་ཕྲག་རྣམས། །ཐམས་ཅད་མ་འོངས་དུས་རྟག་ཏུ། །ཉན་ཐོས་ཉིད་དུ་སྨོན་པར་བྱེད། །གང་ཚེ་ཁྱོད་ནི་རྫོགས་སངས་རྒྱས་།འཇིག་རྟེན་ གཙོ་བོ་རྣམ་འདྲེན་འགྱུར། །དེ་ཡི་དུས་བབ་ཁྱོད་ཀྱི་ནི། །ཉན་ཐོས་པ་དག་ཅག་འགྱུར་བར་ཤོག་ཅེས་བྱས་སོ། །དེ་ནས་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་བྲམ་ ཟེའི་ཁྱེའུ་བློ་གྲོས་བཟང་པོ་ལུང་བསྟན་པ་དེའི་ཚེ་རྒྱལ་པོ་མར་མེས་དེའི་སྐྲ་བླངས་ནས་རྒྱལ་པོ་ནོར་ཅན་གྱི་བུས་སྨྲས་པ། སྐྲ་འདི་དག་བདག་ལ་བྱིན་ཅིག་དེ་ནས་རྒྱལ་པོ་མར་མེས་སྐྲ་དེ་དག་དེ་ལ་ བྱིན་ནས་དེས་བླངས་ཏེ་བགྲངས་ན། སྐྲ་ཉག་མ་བརྒྱད་ཁྲི་བྱུང་ངོ། །དེ་ནས་རྒྱལ་པོ་དེའི་བློན་པོ་རྣམས་ཀྱིས་གསོལ་པ། ལྷ་བདག་ཅག་ལ་སྐྲ་ཉག་མ་རེ་རེ་སྩལ་བར་གསོལ། འོན་ཀྱང་བདག་ཅག་གིས་ དེ་རྣམས་མཆོད་རྟེན་དུ་བགྱི་བར་འཚལ་ལོ། །དེ་ནས་རྒྱལ་པོ་དེས་བློན་པོ་དེ་དག་ལ་སྐྲ་ཉག་མ་རེ་རེ་བྱིན་ནས་བློན་པོ་དེ་དག་རང་རང་གི་ཡུལ་དུ་སོང་སྟེ་མཆོད་རྟེན་བརྩིགས་སོ། །གང་གི་ཚེ་བྲམ་ཟེའི་ཁྱེའུ་ བློ་གྲོས་བཟང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེའི་ཚེ་རྒྱལ་པོ་མར་མེ་དང། རྒྱལ་པོ་ནོར་ཅན་གྱི་བུ་དང། གྲོང་རྡལ་གྱི་མི་དང། ཡུལ་མི་དུ་མས་མ་འོངས་པའི་དུས་ཀྱི་ ཡོན་ཏན་ལ་བལྟས་ཏེ་མོ་བྱད་ཐམས་ཅད་བསྟབས་སོ། །དེ་ནས་བློ་གྲོས་བཟང་པོས་བྲམ་ཟེའི་ཁྱེའུ་བློ་གྲོས་ལ་སྨྲས་པ། ང་ནི། བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ན། ཁྱོད་ཀྱིས་གང་དུ་སེམས་ [135A]༄༅། །བསྐྱེད། དེས་སྨྲས་པ། བདག་ནི། མ་རུང་ངོ། །བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོས་སྨྲས་པ། ཁྱོད་ཀྱིས་ཅི་ཞིག་བྱས་ན་མ་རུང་བར་གྱུར། དེས་སྨྲས་པ། གང་གི་ཚེ་ཡང་དག་ པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་ཞབས་ཀྱིས་ཁྱོད་ཀྱི་སྐྲ་བརྫིས་པ་དེའི་ཚེ་བདག་ཁྲོས་ཏེ་སྨྲས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་བྲམ་ཟེའི་སྐྲ་ཕྱུགས་ ལ་བྱ་བ་བཞིན་དུ་རྐང་པས་བརྫིས་སོ། །ཞེས་བྱས་སོ། །དེ་ནས་བློ་གྲོས་བཟང་པོས་དེ་ལ་སྨྲས་པ། ཚུར་ཤོག་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་འབྱུང་བར་བྱའོ། །དེ་ནས་བློ་གྲོས་ བཟང་པོ་དང། བློ་གྲོས་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་གསུང་རབ་ལ་རབ་ཏུ་བྱུང་སྟེ། བློ་གྲོས་བཟང་པོ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་བསླབས་ཏེ་ཆོས་བཞིན་ དུ་འཁོར་བསྡུས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་ཤི་འཕོས་ཏེ་དུས་ལས་འདས་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ་།བྲམ་ཟེའི་ཁྱེའུ་བློ་གྲོས་ནི། ཤི་འཕོས་ཏེ་དུས་ལས་ འདས་ནས་སེམས་ཅན་དམྱལ་བར་སྐྱེས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ ཡིན་པ་དེ་ནི། ངས་དེར་སངས་རྒྱས་མར་མེ་མཛད་ལ་ཨུཏྤ་ལ་སྔོན་པོ་དག་གིས་མཆོད་པ་བྱས་པའི་ལས་དེའི་རྣམ་པར་སྨིན་པས་འཁོར་བ་ན་བདེ་བ་ཆེན་པོ་མྱོང་བར་གྱུར་ཏེ། དགེ་བའི་རྩ་བ་དེས་ནི་ [135B]རྒྱུ་ཙམ་དང། རྐྱེན་ཙམ་དང། ཚོགས་ཙམ་དུ་གྱུར་ལ་ད་ལྟའི་བར་དུའང་ལས་དེའི་རྣམ་པར་སྨིན་པས་མཛའ་སྡེ་བོ་ལྔ་བརྒྱ་པ་རྣམས་ཀྱིས་འདི་ ལྟ་བུའི་མཆོད་པ་བྱས་པ་ཡིན་ནོ།། །།ལས་བརྒྱ་ཐམ་པ། བམ་པོ་བརྒྱད་པ། འཇིགས་མེད་ཅེས་བྱ་བ་ནི། བཅོམ་ལྡན་འདས་མཉན་དུ་ཡོད་པ་ནས་རྒྱལ་པོའི་ཁབ་ཏུ་གཤེགས་ པ་ལས་རི་ཁྲོད་ཅིག་ཏུ་བྱོན་ནས་དེ་དེར་གཤེགས་པ་དང། ཤིང་གི་གྲིབ་མ་ལ་སྐད་ཅིག་མཉེལ་བསོས་ནས་ཆས་ཏེ་གཤེགས་སོ། །ལམ་དེའང་སེངྒེའི་འཇིགས་པ་ཆེན་པོ་དང་ལྡན་པ་ཞིག་སྟེ་ ཚེ་དང་ལྡན་པ་ཀུན་དགའ་བོས་ལམ་ཁ་གཉིས་སུ་གྱེས་པ་མཐོང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ཤུལ་འདི་ནི་ཁ་གཉིས་སུ་གྱེས་ཏེ། དེ་ལ་ཤུལ་གཅིག་ནི། དྲང་ ལ་འཇིགས་པ་དང་བཅས་པ་ལགས། ཤུལ་གཅིག་ནི། འཁྱོག་ལ་འཇིགས་པ་མ་མཆིས་པ་ལགས་ན། བཙུན་པ། ཤུལ་གང་དུ་གཤེགས་པར་མཛད་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་ དགའ་བོ། །གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བཞུགས་པ་དེ་ན་ནི། འཇིགས་པའམ་སྐྲག་པའམ། བག་ཚ་བ་ཅིའང་མེད་ཀྱི། ལམ་ དྲང་པོ་ལོགས་སུ་གནས་ཤིག་ཅེས་བཀའ་སྩལ་ཏོ། །གྲོང་མིའི་བྱིས་པ་གཉིས་ཀྱང་བཅོམ་ལྡན་འདས་ཀྱི་ཐད་ནས་ཐག་མི་རིང་བ་ཞིག་ན་རྩེ་ཞིང་འདུག་སྟེ། དེ་གཉིས་ལས་གཅིག་ནི། རྡེའུ་ཆུང་ [136A]༄༅། །ཐོགས་སོ། །གཅིག་ནི། མདའ་གཞུ་ཐོགས་སོ། །དེ་ནས་ཁྱེའུ་དེ་གཉིས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་ ཅིང་སྤ་བར་བྱས་བ་རྒྱང་ནས་མཐོང་ངོ། །མཐོང་ནས་ཀྱང་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་ བཙལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ཤུལ་འདི་ནི་སེངྒེའི་འཇིགས་པ་ནི། མཆིས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་གཤེགས་དང། བདག་ཅག་གཉིས་ ཀྱིས་བཅོམ་ལྡན་འདས་ཀྱི་བསེལ་བགྱི་བར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེའུ། ཁྱོད་གཉིས་ཀྱིས་སེངྒེའི་འཇིགས་པ་བྱུང་ན་ཇི་ལྟར་བྱ། དེར་གཅིག་གིས་ གསོལ་པ། བཙུན་པ། བདག་གིས་རོལ་མོའི་སྒྲས་སྐྲག་པར་བགྱིའོ་།གཅིག་གིས་གསོལ་པ། བདག་གིས་ནི། མདའ་གཞུའི་སྒྲས་སྐྲག་པར་བགྱིའོ། །དེ་སྐད་ཅེས་གསོལ་ནས་ཁྱེའུ་དེ་ གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་མདུན་ལོགས་སུ་ཆས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། འདི་གཉིས་ཀྱིས་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་ཏོ་སྙམ་དུ་དགོངས་ནས་ བཀའ་སྩལ་པ། ཁྱེའུ། ཁྱེད་གཉིས་ཀྱིས་སེམས་དགའ་བ་བསྐྱེད་པ་དེ་ཙམ་གྱིས་བསེལ་བྱས་ཟིན་ཏེ་ཆོག་གི་ཕྱིར་དེངས་ཤིག་དེ་ནས་ཁྱེའུ་དེ་གཉིས་ཕྱིར་ལོག་ནས་བཅོམ་ལྡན་འདས་ [136B] འདི་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ཟེར་སྔོན་པོ་དང་སེར་བོ་དང་དམར་པོ་དང་དཀར་འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི། སེམས་ཅན་དམྱལ་བ་ཡང་ ནས་ཁ་ཅིག་ནི། འོག་ཏུ་འགྲོའོ། །ཁ་ཅིག་ནི། སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི། སེམས་ཅན་དམྱལ་བ་ཡང་སོས་དང་ཐིག་ནག་དང་བསྡུས་འཇོམས་དང་དུ་འབོད་དང་ངུ་འབོད་ ཆེན་པོ་དང་ཚ་བ་དང་རབ་ཏུ་ཚ་བ་དང་མནར་མེད་པ་དང། ཆུ་བུར་ཅན་དང་ཆུ་བུར་རྡོལ་དང་སོ་ཐམ་ཐམ་དང་ཀྱི་ཧུད་ཟེར་དང་ཨ་ཆུ་ཟེར་དང་ཨུཏྤ་ལ་ལྟར་གས་པ་དང་པདྨ་ལྟར་གས་པ་དང་པདྨ་ལྟར་ གས་པ་ཆེན་པོར་སོང་ནས་ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི། བསིལ་བར་གྱུར་ཏེ་འབབ་བོ། །གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི། དྲོ་བར་གྱུར་ཏེ་འབབ་བོ་ དེས་ན་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་ མོ༑ ༑དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི། འདི་ནས་ཀྱང་ཤི་འཕོས་ པར་མ་གྱུར་ལ། གཞན་དུའང་བསྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་ [137A]༄༅། །དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་ཟད་དེ། ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་ རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིད་མཚམས་འཛིན་པར་གྱུར་ཏོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི། རྒྱལ་ཆེན་བཞིའི་རིས་རྣམས་དང་སུམ་ཅུ་རྩ་གསུམ་པ་རྣམས་དང་འཐབ་ བྲལ་རྣམས་དང་དགའ་ལྡན་རྣམས་དང་འཕྲུལ་དགའ་རྣམས་དང་གཞན་འཕྲུལ་དབང་བྱེད་རྣམས་དང། ཚངས་རིས་རྣམས་དང་ཚངས་པའི་མདུན་ན་འདོན་པ་དང་ཚངས་པ་ཆེན་པོ་དང་འོད་ཆུང་ རྣམས་དང་ཚད་མེད་འོད་རྣམས་དང་འོད་གསལ་རྣམས་དང་དགེ་ཆུང་རྣམས་དང་ཚད་མེད་དགེ་རྣམས་དང་དགེ་རྒྱས་རྣམས་དང་སྤྲིན་མེད་རྣམས་དང་བསོད་ནམས་སྐྱེས་རྣམས་དང་འབྲས་བུ་ཆེ་ རྣམས་དང་མི་ཆེ་རྣམས་དང་མི་གདུང་རྣམས་དང་གྱ་ནོམ་སྣང་རྣམས་དང་ཤིན་ཏུ་མཐོང་རྣམས་དང་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང། སྡུག་བསྔལ་བ་དང། སྟོང་པ་དང་ བདག་མེད་པའི་སྒྲ་སྒྲོག་གོ་ཚིགས་སུ་བཅད་པ་གཉིས་ཀྱང་རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་ བཞིན༑ ༑འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར་ [137B] །དེ་ནས་འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི་མདུན་ལེགས་སུ་མ་སྣང་བར་འགྱུར་རོ། །སེམས་ཅན་ དམྱལ་བར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་བར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་ བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་ པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་ རོ༑ ༑ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་ སྟོན་པར་བཞད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ [138A]༄༅། །ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་ པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གི་སྤེལ་བ་སྣ་ཚོགས་ཅན། །མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་རྣམས་ཀུན་ཏུ་སྣང་བར་བགྱིས།། ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་པ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་པ་ཡི་།སངས་རྒྱས་འགྲོ་བ་དག་གི་དམ་པའི་རྒྱུར་གྱུར་པ། །རྒྱལ་ བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོ་ཉིད་ཀྱི་བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་ རྣམས༑ ༑ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང་།བཟང་པོ་དག་གིས་ཐེ་ཚོམ་སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བསྟན་པ་ཡི། །མགོན་པོ་རྫོགས་སངས་ རྒྱས་རྣམས་ཀྱི་ནར་འཛུམ་མི་སྟོན། །གང་གི་དོན་དུ་དཔའ་བོ་འཛུམ་པ་སྟོན་མཛད་པ། །དེ་ནི་ཁྱོད་ལ་སྐྱེ་བོ་ཕལ་ཆེར་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་ པོ༑ དེ་ནི། དེ་བཞིན་ནོ། །དེ་ནི། དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་ [138B] ཀུན་དགའ་བོ། ཁྱོད་ཀྱི་ཁྱེའུ་འདི་གཉིས་ཀྱིས་ང་ལ་འདི་ལྟ་བུའི་བཀུར་སྟི་བྱས་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ་།ཀུན་དགའ་བོ། ཁྱེའུ་འདི་གཉིས་དགེ་བའི་རྩ་བ་དང། སེམས་ བསྐྱེད་པ་དང། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་གཏོང་བ་འདིས་བསྐལ་པ་བཅུ་གསུམ་གྱི་བར་དུ་ལོག་པར་ལྟུང་བར་མི་འགྱུར་རོ་།བསྐལ་པ་བཅུ་གསུམ་གྱི་བར་དུ་ལྷ་རྣམས་དང། མི་ རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱར་ཅིང་འཁོར་བར་གྱུར་ནས་སྲིད་པ་ཐ་མ་དང། གནས་ཐ་མ་ལ་མིར་སྐྱེ་བ་ཐོབ་སྟེ་རབ་ཏུ་འབྱུང་བར་འགྱུར་ལ། དེས་སློབ་དཔོན་མེད་པ་དང། མན་ངག་ མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་མངོན་དུ་བྱས་ནས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱེད་པར་འགྱུར་ཏེ། དེ་ལ་གཅིག་ནི། རང་སངས་རྒྱས་རྔ་སྒྲ་ཞེས་ བྱ་བར་འགྱུར་རོ། །གཅིག་ནི། འཇིགས་མེད་ཅེས་བྱ་བར་འགྱུར་ཏེ། དེ་གཉིས་ཀྱི་སྦྱིན་པའི་ཆོས་ནི། དེ་ཡིན་ནོ།། །།དབྱིག་མཚོ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་དག་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་གང་གི་ཚེ་བུ་ [139A]༄༅། །ཆགས་པར་གྱུར་པ་དེའི་ཚེ་དེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གྱུར་ལ། ཁང་བཟང་ཐམས་ཅད་དུ་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་སྟེ། མེ་ཏོག་སྣ་ཚོགས་ ནི༑ བཀྲམ། སྤོས་ཆུས་ནི། ཆག་ཆག་བཏབ་པའི་ནང་ན་མལ་ཁྲི་ལ་འདུག་སྟེ་བུད་མེད་ཀྱི་འཁོར་གྱིས་བསྐོར་ཅིང་འདུག་གོ་དེ་ནས་ཁྱིམ་བདག་དེས་བསམ་པ། མ་ལ་བདག་གི་ཆུང་མ་འདི་ འབྱུང་པོ་འགའ་ཞིག་གིས་ཐེབས་པར་མ་གྱུར་གྲང་སྙམ་ནས་ལྟས་མཁན་རྣམས་ལ་བསྟན་ན། ལྟས་མཁན་རྣམས་ན་རེ། འདི་ནི། འབྱུང་པོས་ཐེབས་པ་མ་ཡིན་གྱི། སེམས་ཅན་ལྟོ་ ན་འདུག་པ་དེའི་མཐུ་ཡིན་ནོ། །ཞེས་ཟེར་རོ། །དེ་ནས་ཟླ་བ་དྒུའམ་བཅུ་ལོན་པ་དང། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མངལ་ གྱི་དྲི་མ་དང་ཤ་མའི་དྲི་མ་དང་ཁྲག་གི་དྲི་མས་མ་གོས་པ་ཞིག་བཙས་ནས་དེ་བུད་མེད་དེ་དག་གིས་བཀྲུ་བར་འདོད་དེ་རྒྱན་བཀྲོལ་ན། དེའི་རྒྱན་གཞན་བྱུང་སྟེ་བཀྲོལ་ཏེ་བོར་ཡང་ གཞན་བྱུང་བར་གྱུར་ནས་མས་སྨྲས་པ། རྒྱན་འདི་ནི། འདིའི་བསོད་ནམས་ལས་སྐྱེས་པ་ཡིན་གྱི། མ་བཀྲོལ་བར་རྒྱན་དང་བཅས་པར་ཁྲུས་ཤིག་ཅེས་བྱས་སོ། །དེ་ནས་བུད་མེད་དེ་དག་ གིས་རྒྱན་དང་བཅས་ཏེ་བཀྲུས་ནས་མལ་ཁྲིའི་སྟེང་དུ་བཞག་པ་དང། དེས་མིའི་མལ་ཁྲི་མི་སྣང་བར་གྱུར་ནས་ལྷའི་མལ་ཁྲི་བྱུང་བར་གྱུར་ཏོ། །ཁང་བཟང་དེ་ཉིད་དུའང་དེའི་ལྷའི་ཁང་ [139B]པ། མེ་ཏོག་སྣ་ཚོགས་བཀྲམ་པ། སྤོས་ཆུས་ཆག་ཆག་བཏབ་པ་བྱུང་བར་གྱུར་ཏོ། །ཁང་པ་བརྩེགས་པ་དེའི་ནང་གི་མལ་ཁྲིའི་སྔས་ སུའང་ལྷའི་མཆོད་སྡོང་རིལ་གྱིས་གསེར་ལས་བྱས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་བྱུང་ངོ། །མཆོད་སྡོང་དེའི་དྲུང་ནས་ཀྱང་གཏེར་ཆེན་པོ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་ཁ་བྱེ་བ་ བཞི་བྱུང་སྟེ། གལ་ཏེ་དེ་དག་ལས་བྲྒྱའམ་སྟོང་ཕྱུང་དུ་ཟིན་ཀྱང་དེ་དག་འགྲིབ་པའམ་གང་བར་ཡང་མི་མངོན་ནོ། །དེ་ནས་ཕན་གཉིས་ཀྱིས་མཐོང་མ་ཐག་ཏུ་ཤིན་ཏུ་དགའ་བར་གྱུར་ཏོ། །དེ་ ནས་དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་བཙས་པ་ན་ཁྱིམ་འདི་རིན་པོ་ཆེ་སྣ་ཚོགས་ཀྱིས་མཚོ་བཞིན་དུ་གང་བར་ གྱུར་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་དབྱིག་མཚོ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་དབྱིག་མཚོ་པང་ན་འཚོ་བའི་མ་མ་གཉིས་དང། ནུ་མ་སྣུན་པའི་མ་མ་གཉིས་དང། དྲི་མ་ འཁྲུ་བའི་མ་མ་གཉིས་དང། རྩེ་བའི་མ་མ་གཉིས་ཏེ་མ་མ་བརྒྱད་ལ་གཏད་ནས་དེ་མ་མ་བརྒྱད་ཀྱིས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུ་དང། བུད་མེད་རྨ་བྱའི་མདོངས་ཆང་ པ་ན་ཐོགས་པ་དང། སྲུང་བའི་སྲད་བུ་རྣམས་ཀྱིས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་གང་དུ་འགྲོ་བ་དེར་མི་མ་ཡིན་པ་རྣམས་ཀྱིས་དེ་ལ་རས་གསར་ [140A]༄༅། །པ་མ་སྤྱད་པ་ཚར་ཚར་རིང་བ་རྣམས་ལ་གདིང་བར་བྱེད་དོ། །མེ་ཏོག་སྣ་ཚོགས་ཀྱང་ས་ལ་འགྲེམ་པར་བྱེད་དོ། །དེ་ནས་གང་གི་ཚེ་དེ་ཆེར་སྐྱེས་པ་དེའི་ཚེ་ཡི་ གེ་དང་ཁོང་རྩིས་དང་ཤོད་དགོད་པ་དང་ལག་རྩིས་དང་དབྱུང་བ་དང་སྦ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་སྤོས་བརྟག་པ་དང་སྨན་བརྟག་པ་ དང་གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་དང་བརྟག་ པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་དེའི་ཕས་དགུན་དང་སོས་ཀ་དང་དབྱར་གནས་པའི་ཁང་པ་རྣམས་དང། སྐྱེད་མོས་ཚལ་རྣམས་བྱས་ནས་དེ་དག་ཀྱང་ལྷ་རྫས་སུ་གྱུར་ཏེ་ གདུགས་དང་རྒྱལ་མཚན་དང་བ་དན་ནི། བསྒྲེང། མེ་ཏོག་སྣ་ཚོགས་ནི། བཀྲམ། སྤོས་ཆུས་ཆག་ཆག་ནི། བཏབ་པར་གྱུར་ཏོ། །དེ་ནས་དེ་དག་གི་ཚེ་འདོད་པ་ལ་ལོངས་སྤྱོད་པར་ནུས་ པར་གྱུར་པ་དེའི་ཚེ་ལྷའི་བུ་མོ་དག་བྱུང་བར་གྱུར་ཏེ། དེ་ཁང་བཟང་གི་སྟེང་དུ་འདུག་ནས་བུད་མེད་འབའ་ཞིག་དང་རོལ་མོ་བྱེད་དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ་རང་གི་བསོད་ ནམས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ། །དེ་ནས་དེ་ཕྱི་ཞིག་ན་སངས་རྒྱས་ལ་མངོན་པར་དགའ་བ་དང། ཆོས་ལ་མངོན་པར་དགའ་བ་དང། དགེ་འདུན་ལ་མངོན་པར་དགའ་བར་གྱུར་ [140B] བདག་གིས་ལྷ་དང་མིའི་ལོངས་སྤྱོད་ནི་ཡོངས་སུ་ལོངས་སྤྱོད་ཟིན་གྱི། མ་ལ་ད་ནི། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ་ཆུ་བོ་རྣམས་ལས་ ཡང་དག་པར་བརྒལ་བར་བྱ་བ་དང། སྦྱོར་བ་རྣམས་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང། སྒྲུབ་པ་དང། འབད་པར་བྱ་གོར་མ་ཆག་སྙམ་དུ་བསམ་ནས་སྦྱིན་པ་དག་བྱིན་ བསོད་ནམས་དག་ཀྱང་བྱས་ཏེ་དབུལ་པོ་དུ་མ་ཕྱུག་པར་བྱས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ། །དེ་རབ་ཏུ་བྱུང་ནས་དེ་ཕྱོགས་གང་དུ་གནས་པར་དམ་བཅས་པའི་ཕྱོགས་ དེར་ལྷའི་མལ་ཁྲི་འབྱུང་བར་འགྱུར་ལ། དེ་གང་དང་གང་དུ་འགྲོ་བ་དེ་དང་དེར་མི་མ་ཡིན་པ་རྣམས་ཀྱིས་རས་གསར་པ་མ་སྤྱད་པ་ཚར་ཚར་རིང་བ་རྣམས་ས་ལ་འདིང་བར་བྱེད་དོ། །མེ་ཏོག་སྣ་ ཚོགས་ཀྱང་ས་ལ་འགྲམ་པར་བྱེད་དེ། དེ་དེ་ལྟ་བུས་ངོ་ཚ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྙིང་ཐག་པ་ནས་དེ་ལ་མི་ལྟ་བའི་སེམས་སྐྱེད་ཅིག་དང་ཐམས་ཅད་མེད་ པར་འགྱུར་རོ། །དེ་ནས་དེས་ཐོས་མ་ཐག་ཏུ་ཐམས་ཅད་ལ་མི་ལྟ་བའི་སེམས་བསྐྱེད་ནས་ཐམས་ཅད་མེད་པར་གྱུར་ཏོ། །དེ་ནས་དེས་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ [141A]༄༅། །ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་པའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་ དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་ པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། དབྱིག་མཚོས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང། རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་མངལ་གྱི་དྲི་མ་དང་ཤ་མའི་དྲི་མ་དང་ཁྲག་གི་དྲི་མས་ མ་གོས་པར་བཙས་ལ། སྐྱེས་མ་ཐག་ཏུ་འང་ལྷའི་ཁང་པ་བརྩེགས་པ་དང་ལྷའི་མལ་ཁྲི་དང་ལྷའི་མཆོད་སྡོང་བྱུང་བར་གྱུར་ལ་དེ་གང་དང་གང་དུ་འགྲོ་བ་དེ་དང་དེར་མི་མ་ལགས་པ་རྣམས་ ཀྱིས་རས་གསར་པ་མ་སྤྱད་པ་ཆེར་ཚར་རིང་བ་དག་འདིང་བར་བགྱིད་པ་དང། མེ་ཏོག་སྣ་ཚོགས་ཀྱང་ས་ལ་འགྲེམ་པར་བགྱིད་པ་དང། ཆེར་སྐྱེས་པ་ནའང་ལྷ་དང་མིའི་དཔལ་བྱུང་བར་གྱུར་ལ་ འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་ [141B] བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ། འདིས་སྨོན་ལམ་གང་དུ་བཏབ་ལགས། དགེ་སློང་དག། སྔོན་བྱུང་བ་འདས་ པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱན་པ། སྐྱེས་བུ་ འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཝཱ་ར་ཎཱ་སི་ན་ཁྱིམ་བདག་ཕྱུག་ ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེ་ཕྱི་ཞིག་ན་སངས་རྒྱས་ལ་མངོན་པར་དགའ་བ་དང་ ཆོས་ལ་མངོན་པར་དགའ་བ་དང། དགེ་འདུན་ལ་མངོན་པར་དགའ་བར་གྱུར་ནས་དོས་ཕྱི་ཞིག་ན་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གཙུག་ལག་ཁང་བ་རྩིགས་ནས་གཙུག་ལག་ཁང་དེ་ ཉིད་དུ་བཅོམ་ལྡན་འདས་འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ཆོ་ག་དང་ལྡན་པའི་ཁྲུས་དང། བཤོས་ལ་སྤྱན་དྲངས་ནས་དེའི་མཚན་མོ་ཆོ་ག་དང་ལྡན་པའི་ཁྲུས་དང། ཞལ་ ཟས་རོ་བརྒྱ་དང་ལྡན་པ་བཤམས་ཏེ་བཅོམ་ལྡན་འདས་འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཆོག་དང་ལྡན་པའི་ཁྲུས་གསོལ་ནས་བཅོམ་ལྡན་འདས་འོད་སྲུང་ལ་སོགས་པ་དགེ་སློང་གི་ [142A]༄༅། །དགེ་འདུན་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཚིམ་པར་བྱས་ཏེ་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང་སེན་མོ་བདག་ཉིད་ཀྱིས་ཁྱེར་ནས་གཙུག་ལག་ཁང་དེ་ཉིད་དུ་ཡང་དག་ པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་བརྩིགས་ཏེ། ལས་བྱེད་པ་རྣམས་བསགས་ནས་དེས་རིང་པོ་མ་ཐོགས་པར་མཆོད་རྟེན་དེ་རྣམ་པ་ཐམས་ཅད་ ཡོངས་སུ་རྫོགས་པར་བྱས་སོ། །དེ་ནས་དེས་བལྟས་ནས་མཆོད་རྟེན་དེ་བྱ་རྣམས་ཀྱིས་མི་གཙང་བར་བྱས་པ་མཐོང་ནས་དེས་ཡང་མཆོད་རྟེན་དེ་ཉིད་དགབ་པའི་ཕྱིར་གཙང་ཁང་ཕྱུར་པོ་ལན་ ཀན་དང་རྟ་བབས་དང་སྐར་ཁུང་ཁོལ་མ་ཅན་དང་སྐར་ཁུང་དྲ་བ་ཅན་དང་ཆར་ཁབ་ཀྱིས་བརྒྱན་པ། གདུགས་དང་རྒྱལ་མཚན་དང་བ་དན་རྣམས་བསྒྲེང་བ་ཞིག་བྱས་ནས་མཆོད་རྟེན་དེའི་ ནང་གི་ས་གཞི་ལའང་གཞི་བཏིང་སྟེ་བདུག་པ་དང་ཕྱེ་མ་དང་སྤོས་དང་མེ་ཏོག་དང་རོལ་མོའི་སྒྲས་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་གང་དང་ གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང། རྒྱན་ཐམས་ཅད་ཀྱིས་བརྒྱན་ བཞིན་དུ་སྐྱེ་བར་ཤོག་ཅིག། མངལ་གྱི་དྲི་མ་དང་ཤ་མའི་དྲི་མ་དང་ཁྲག་གི་དྲི་མས་མགོས་པར་སྐྱེ་བར་ཤོག་ཅིག་བདག་སྐྱེས་མ་ཐག་ཏུ་ལྷའི་མལ་ཁྲི་དང་ལྷའི་ཁང་པ་བརྩེགས་པ་དང་ [142B] རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་འབྱུང་བར་ཤོག་ཅིག་དེའི་དྲུང་ནས་ཀྱང་གཏེར་ཆེན་པོ་ཁ་ཕྱེ་བ་མཆོད་སྡོང་དེ་དང་འབྲེལ་བ་ཞིག་བྱུང་ལ་ དེ་ལས་གལ་ཏེ་བྲྒྱའམ་སྟོང་བླངས་སུ་ཟིན་ཀྱང་དེ་དག་འགྲིབ་པའམ་གང་བར་ཡང་མི་མངོན་པར་ཤོག་ཅིག་ཆེར་སྐྱེས་པ་ནའང་ལྷ་དང་མིའི་དཔལ་འབྱུང་བར་ཤོག་ཅིག་ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་མཉེས་པར་བྱེད་པར་གྱུར་ཅིག། མི་མཉེས་པར་བྱེད་པར་ མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག། ཇི་སྙམ་དུ་སེམས་ དེའི་ཚེ་དེའི་དུས་ན་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་དབྱིག་མཚོ་འདི་ཉིད་ཡིན་ཏེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ བཀུར་སྟི་བྱས་ནས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་བརྩིགས་ཏེ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་ དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང། མངལ་ [143A]༄༅། །གྱི་དྲི་མ་དང་ཤ་མའི་དྲི་མ་དང་ཁྲག་གི་དྲི་མས་མ་གོས་པར་གྱུར་ལ་བཙས་མ་ཐག་ཏུ་འང་ལྷའི་མལ་ཁྲི་དང་ལྷའི་ཁང་པ་བརྩེགས་པ་དང་ལྷའི་མཆོད་སྡོང་བྱུང་ བར་གྱུར་ཏོ། །ཆེར་སྐྱེས་པ་ནའང་ལྷ་དང་མིའི་དཔལ་བྱུང་བར་གྱུར་ཏེ། དགེ་སློང་དག། ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་ པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་ པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།།།།དབྱིག་དགའ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཡུལ་ཀཱ་ཤིའི་ཕྱོགས་སུ་ལྗོངས་རྒྱུ་ཞིང་ གཤེགས་པ་ལས་ཝཱ་ར་ཎཱ་སིར་བྱོན་ཏེ། དེའི་ཚེ་ཝཱ་ར་ཎཱ་སི་ན་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་གནས་ན་དགེ་སློང་ལྔ་སྡེ་རྣམས་གནས་སོ། །དེ་ནས་དགེ་སློང་ལྔ་སྡེ་རྣམས་ཀྱིས་ཐག་ རིང་པོ་ཞིག་ནས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་ཕན་ཚུན་ནས་འདུས་ཏེ་ནང་ཁྲིམས་བཅས་ནས་འདི་སྐད་དུ་ཀྱེ་དགེ་སྦྱོང་གཽ་ཏ་མ་དེ་ནི། གཡེལ་བ། མང་དུ་གསོག་པ་ མང་དུ་ག་སོག་ཅིང་འཚོ་བ། སྤོང་བ་ལས་ཉམས་པ་སྟེ། དེ་ནི་ང་ཁ་ཟས་མང་དུ་ཟ་ཞིང་འབྲས་ཅན་དང་ཙང་བྱེ་ཟ་ལ་ཞུན་མར་དང་ཏིལ་མར་གྱིས་ལུས་རྣམས་སྐུད་པར་བྱེད་ཅིང་ཆུ་དྲོན་ [143B] དེ་འུ་བུ་ཅག་གི་ཐད་དུ་འོང་གི་ཀྱཻ་གཽ་ཏ་མ། སྟན་དག་ཡོད་ཀྱི་གལ་ཏེ་འདོད་པ་ལྟ་ན་འདུག་ཅིག་ཅེས་དེ་སྐད་ཙམ་དག་སྨྲ་བར་བྱའི། གུས་པར་སྨྲ་བར་མི་བྱའོ་།ཕྱག་ མི་བྱའོ༑ ༑དང་བར་མི་བྱའོ། །ལངས་ཏེ་སྟན་བསྟབ་པར་མི་བྱའོ་།ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་ལྔ་སྡེ་རྣམས་དང་ཇ་ཙི་མ་དུ་ཉེ་བར་བྱོན་པ་དེ་ཙམ་དུ་དགེ་སློང་ལྔ་སྡེ་རྣམས་ བཅོམ་ལྡན་འདས་ཀྱི་དཔལ་དང་གཟི་བརྗིད་མ་བཟོད་ནས་ཞེས་མི་བྱ་བའི་ཐུགས་མ་ཐུབ་སྟེ། ཁ་ཅིག་ནི། སྟན་ལས་ལངས་ནས་བཅོམ་ལྡན་འདས་ཀྱི་གདན་ཤོམ་མོ། ཁ་ཅིག་ནི། ཞབས་བསིལ་ པའི་ཆུ་དང་ཞབས་རྟེན་ཕྱོགས་གཅིག་ཏུ་འཇོག་པར་བྱེད་དོ། །ཁ་ཅིག་ནི། ལངས་ནས་ཆོས་གོས་རྣམས་འཛིན་པར་བྱེད་དེ། འདི་སྐད་དུ་ཀྱཻ་གཽ་ཏ་མ་ཚུར་སྦྱོན། ཀྱཻ་གཽ་ཏ་མ་ཁྱོད་གཤེགས་པ་ ལེགས་སོ། །ཀྱེ་གཽ་ཏ་མ་ཁྱོད་གདན་བཤམས་པ་ལ་བཞུགས་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་མི་བླུན་པོ་འདི་རྣམས་ནི། རང་གི་ནང་ཁྲིམས་ལས་ ཉམས་སོ་སྙམ་དུ་དགོངས་ནས་གདན་བཤམས་པ་དེ་ཉིད་ལ་བཞུགས་སོ་།དེ་ཙམ་ན་དགེ་སློང་ལྔ་སྡེ་རྣམས་བཅོམ་ལྡན་འདས་ལ་མིང་གི་ཚིག་དང། རུས་ཀྱི་ཚིག་དང། ཚེ་དང་ལྡན་པ་ཞེས་བྱ་ བའི་ཚིག་འབའ་ཞིག་རྗོད་པར་བྱེད་དོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྔེ་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་དེ་བཞིན་གཤེགས་པ་ལ་མིང་གི་ཚིག་དང། རུས་ཀྱི་ [144A]༄༅། །ཚིག་དང། ཚེ་དང་ལྡན་པ་ཞེས་བྱ་བའི་ཚིག་འབའ་ཞིག་མ་རྗོད་ཅིག་ཁྱེད་ཡུན་རིང་པོ་ནས་གནོད་པ་དང། མི་ཕན་པ་དང། སྡུག་བསྔལ་བར་གྱུར་ཏ་རེ། དེ་ཅིའི་ ཕྱིར་ཞེ་ན། དགེ་སློང་དག། གང་ལ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མིང་གི་ཚིག་དང། རུས་ཀྱི་ཚིག་དང། ཚེ་དང་ལྡན་པ་ཞེས་བྱ་བའི་ཚིག་ འབའ་ཞིག་རྗོད་པར་བྱེད་ན། དེ་ནི། ཡུན་རིང་པོར་དེ་ལ་གནོད་པ་དང། མི་ཕན་པ་དང། སྡུག་བསྔལ་བར་འགྱུར་བའི་ཕྱིར་རོ། །དེ་དག་གིས་སྨྲས་པ། གཽ་ཏ་མ། ཁྱོད་ཀྱི་སྤྱོད་ལམ་དང། སྤྱོད་པ་ དང། དཀའ་བ་སྤྱོད་པ་སྔ་མ་དེས་མིའི་ཆོས་ལས་ལྷག་པ། མཐར་ཐུག་པ། འཕགས་པའི་ཁྱད་པར་ཡེ་ཤེས་སམ། གཟིགས་པའམ། བདེ་བར་རེག་པ་ལ་གནས་པའང་རུང་སྟེ་ཅིའང་མ་ ཐོབ་ན༑ ད་ཁྱེད་གཡེལ་བ། མང་དུ་གསོག་པ། མང་དུ་གསོག་ཅིང་འཚོ་བ། སྤོང་བ་ལས་ཉམས་པ་དང། ཁ་ཟས་མང་དུ་ཟ་ཞིང་འབྲས་ཅན་དང་ཙང་ཕྱེ་ཟ་ལ་ཞུན་མར་དང་ཏིལ་མར་ གྱིས་ལུས་རྣམས་སྐུད་པར་བྱེད་ཅིང་ཆུ་དྲོན་པོས་ལུས་འཁྲུ་བར་བྱེད་པས་ལྟག་ལ་ཐོབ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་རྣམས་ལ་བཀའ་སྩལ་པ། དགེ་སློང། ཁྱོད་ཀྱིས་དེ་ བཞིན་གཤེགས་པ་སྔོན་དང་ད་ལྟར་གྱི་བཞིན་མདོག་འགྱུར་བ་དང་དབང་པོ་རྣམས་མི་འདྲ་བར་གྱུར་བ་མཐོང་ངམ། དེ་དག་གིས་གསོལ་བ། ཀྱེ་གཽ་ཏ་མ། མཐོང་ལགས་སོ། །བཅོམ་ལྡན་ [144B] དགེ་སློང་དག་མཐའ་འདི་གཉིས་ནི་རབ་ཏུ་བྱུང་བས་བསྟེན་པར་མི་བྱ། བསྙེན་པར་མི་བྱ། ཡོངས་སུ་བསྟེན་པར་མི་བྱ་སྟེ། གཉིས་གང་ཞེ་ན། འདོད་པ་རྣམས་ཀྱི་ འདོད་པའི་བསོད་ནམས་ལ་སྟེན་པ། ངན་པ་གྲོང་མིའི་ཆོས་ཕལ་པ་སོ་སོའི་སྐྱེ་བོའི་ཆོས་གང་ཡིན་པ་དང་བདག་ཉིད་ཉོན་མོངས་པ་ལ་སྟེན་པ། སྡུག་བསྔལ་བ་འཕགས་པའི་ཆོས་མ་ཡིན་པ་གནོད་ པ་དང་ལྡན་པ་གང་ཡིན་པ་སྟེ། མཐའ་འདི་གཉིས་ལ་མི་སྟེན་པར་མངོན་པར་ཤེས་པར་འགྱུར་བ་དང། མངོན་པར་བྱང་ཆུབ་པར་འགྱུར་བ་དང། མྱ་ངན་ལས་འདའ་བར་འགྱུར་བའི་མིག་སྐྱེད་པ་ དང། ཡེ་ཤེས་སྐྱེད་པ་དང། ཉེ་བར་ཞི་བར་བྱེད་པའི་དབུ་མའི་ལམ་ཡོད་དེ། དབུ་མའི་ལམ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་ ཡང་དག་པའི་རྟོག་པ་དང། ཡང་དག་པའི་དག་དང། ཡང་དག་པའི་ལས་ཀྱི་མཐའ་དང། ཡང་དག་པའི་འཚོ་བ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། ཡང་དག་པའི་ཏིང་ངེ་ འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་རྣམས་བརྡ་ཕྲད་པ་འདིས་བརྡ་སྤྲད་པར་སྤྱོད་པར་གྱུར་ཏེ། སྔ་དྲོ་བཅོམ་ལྡན་འདས་དགེ་སློང་ལྔ་སྡེ་གཉིས་ལ་གདམས་ངག་སྟོན་ན་དགེ་སློང་ གསུམ་གྲོང་དུ་བསོད་སྙོམས་ལ་འགྲོ་སྟེ། གསུམ་གྱིས་ཁྱེར་ཏེ་འོངས་པ་གང་ཡིན་པ་དེས་དྲུག་ཅར་འཚོ་བར་བྱེད་དོ། །ཕྱི་དྲོ་བཅོམ་ལྡན་འདས་དགེ་སློང་ལྔ་སྡེ་གསུམ་ལ་གདམས་ངག་སྟོན་ན། དགེ་སློང་ [145A]༄༅། །གཉིས་གྲོང་དུ་བསོད་སྙོམས་ལ་འགྲོ་སྟེ། གཉིས་ཀྱིས་ཁྱེར་ཏེ་འོངས་པ་གང་ཡིན་པ་དེས་ལྔ་སྡེ་རྣམས་འཚོ་བར་བྱེད་དེ། བཅོམ་ལྡན་འདས་ནི། སྔ་ནས་ཀྱང་བཤོས་ དུས་སུ་གསོལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལས། འདི་ནི་ སྡུག་བསྔལ་འཕགས་པའི་བདེན་པའོ་སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་དང། རིག་པ་དང། བློ་སྐྱེས་སོ། །དགེ་སློང་དག། སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ ལས༑ འདི་ནི། སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི། སྡུག་བསྔལ་འགོག་པའོ། །འདི་ནི། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པའོ་སྙམ་དུ་མིག་སྐྱེས་སོ། ། ཡེ་ཤེས་དང། རིག་པ་དང། བློ་སྐྱེས་སོ། །དགེ་སློང་དག། སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ལས། སྡུག་བསྔལ་འཕགས་པའི་བདེན་པ་དེ་ནི། མངོན་པར་ཤེས་ པས་ཡོངས་སུ་ཤེས་པར་བྱ་བ་ཡིན་ནོ་སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་དང། རིག་པ་དང། བློ་སྐྱེས་སོ། །དགེ་སློང་དག། སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ལས་ སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ནི། མངོན་པར་ཤེས་པས་སྤང་བར་བྱ་བ་ཡིན་ནོ་སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་དང། རིག་པ་དང། བློ་སྐྱེས་སོ། །དགེ་སློང་དག། སྔོན་མ་ [145B]སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དེ་ནི། མངོན་པར་ཤེས་པས་མངོན་སུམ་དུ་བྱ་བ་ཡིན་ནོ་སྙམ་དུ་མིག་སྐྱེས་སོ། ། ཡེ་ཤེས་དང། རིག་པ་དང། བློ་སྐྱེས་སོ། །དགེ་སློང་དག། སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ལས། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་དེ་ ནི༑ མངོན་པར་ཤེས་པའི་བསྒོམ་པར་བྱ་བ་ཡིན་ནོ་སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་དང། རིག་པ་དང། བློ་སྐྱེས་སོ། །དགེ་སློང་དག། སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ ལ་བྱེད་པ་ལས། སྡུག་བསྔལ་འཕགས་པའི་བདེན་པ་དེ་ནི། མངོན་པར་ཤེས་པས་ཡོངས་སུ་ཤེས་སོ་སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་དང་རིག་པ་དང། བློ་སྐྱེས་སོ། །དགེ་སློང་དག། སྔོན་ མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ལས་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དེ་ནི། མངོན་པར་ཤེས་པས་སྤངས་སོ་སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་ དང། རིག་པ་དང། བློ་སྐྱེས་སོ། །དགེ་སློང་དག། སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ལས། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དེ་ནི། མངོན་པར་ཤེས་ པས་མངོན་སུམ་དུ་བྱས་སོ་སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་དང་རིག་པ་དང། བློ་སྐྱེས་སོ། །དགེ་སློང་དག། སྔོན་མ་ཐོས་པའི་ཆོས་རྣམས་ལ་ང་ཚུལ་བཞིན་ཡིད་ལ་བྱེད་པ་ལས། སྡུག་ [146A]༄༅། །བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་དེ་ནི། མངོན་པར་ཤེས་པས་བསྒོམས་སོ་སྙམ་དུ་མིག་སྐྱེས་སོ། །ཡེ་ཤེས་དང། རིག་པ་དང། བློ་སྐྱེས་ སོ༑ ༑དགེ་སློང་དག་འཕགས་པའི་བདེན་པ་བཞི་ལ་དེ་ལྟར་ངའི་རབས་གསུམ་རྣམ་པ་བཅུ་གཉིས་པའི་མིག་མ་སྐྱེས། ཡེ་ཤེས་མ་སྐྱེས་རིག་པ་མ་སྐྱེས། བློ་མ་སྐྱེས་ཀྱི་བར་དུ་དགེ་ སློང་དག། ང་ལྷ་དང་བཅས་པ་དང། བདུད་དང་བཅས་པ་དང་ཚངས་པ་དང་བཅས་པའི་འཇིག་རྟེན་དང། དགེ་སྦྱོང་དང་བྲམ་ཟེ་དང་བཅས་པའི་སྐྱེ་རྒུ་དང། ལྷ་དང་མི་དང་བཅས་པའི་སྐྱེ་རྒུ་ འདི་ལས་གྲོལ་བ་དང། ངེས་པར་བྱུང་བ་དང་མི་ལྡན་པ་དང་རྣམ་པར་གྲོལ་བ་དང། ཕྱིན་ཅི་ལོག་དང་བྲལ་བའི་སེམས་ཀྱིས་ཤས་ཆེར་གནས་པར་ཡང་མ་གྱུར་ལ། དགེ་སློང་དག། བདག་ ནི༑ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སངས་རྒྱས་སོ་སྙམ་དུའང་ངས་མ་རྟོགས་སོ། །དགེ་སློང་དག་འཕགས་པའི་བདེན་པ་བཞི་ལ་དེ་ལྟར་ངའི་རབས་གསུམ་རྣམ་ པ་བཅུ་གཉིས་པའི་མིག་སྐྱེས། ཡེ་ཤེས་དང། རིག་པ་དང། བློ་སྐྱེས་ནས་གདོད་དགེ་སློང་དག། ང་ལྷ་དང་བཅས་པ་དང། བདུད་དང་བཅས་པ་དང། ཚངས་པ་དང་བཅས་པའི་འཇིག་ རྟེན་དང། དགེ་སློང་དང་བྲམ་ཟེ་དང་བཅས་པའི་སྐྱེ་རྒུ་དང་ལྷ་དང་མི་ར་བཅས་པའི་སྐྱེ་རྒུ་འདི་ལས་གྲོལ་བ་དང། ངེས་པར་བྱུང་བ་དང་མི་ལྡན་པ་དང། རྣམ་པར་གྲོལ་བ་དང། ཕྱིན་ཅི་ལོག་ [146B]དགེ་སློང་དག། བདག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་སྙམ་དུའང་ ངས་རྟོགས་སོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཚེ་དང་ལྡན་པ་ཀཽཎྜི་ཎྱ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ ལྡན་པ་ཀཽཎྜི་ཎྱ་ལ་བཀའ་སྩལ་པ། ཀཽཎྜི་ཎྱ། ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། བཅོམ་ལྡན་འདས། ཀུན་འཚལ་ལགས་སོ། །ཀཽཎྜི་ཎྱ། ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། ཀུན་ཤེས་སམ་ བདེ་བར་གཤེགས་པ། ཀུན་འཚལ་ལགས་སོ། །ཀུན་འཚལ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཀཽཎྜི་ཎྱ་ཆོས་ཀུན་ཤེས་པར་གྱུར་པས་ན། དེའི་ཕྱིར་ཚེ་དང་ལྡན་པ་ཀཽཎྜི་ཎྱའི་མིང་ཀུན་ཤེས་ ཀཽཎྜི་ཎྱ་ཞེས་བྱ་བར་གྱུར་ཏོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ནས་ལ་གནས་པའི་གནོད་སྦྱིན་རྣམས་སྒྲ་རྗོད་ཅིང་སྐད་འབྱིན་པར་བྱེད་དེ། གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་ ནི༑ ཝཱ་ར་ཎཱ་སིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་སྐྱེ་བོ་མང་པོ་ལ་ཕན་པ་དང། སྐྱེ་བོ་མང་པོ་ལ་བདེ་བ་དང། འཇིག་རྟེན་ལ་ཐུགས་བརྩེ་བ་དང། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་ བདེ་བའི་ཕྱིར་ཆོས་དང་མཐུན་པ། རབས་གསུམ་རྣམ་པ་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོ་འཇིག་རྟེན་དུ་དགེ་སྦྱོང་ངམ། བྲེམ་ཟེའམ་ལྷའམ། བདུད་དམ། ཚངས་པའམ། གཞན་གང་སུའང་ [147A]༄༅། །རུང་བས་ཆོས་དང་ལྡན་པར་མ་བསྐོར་བདེ་བསྐོར་གྱི་ལྷའི་གནས་རྣམས་ནི། མངོན་པར་འཕེལ་བར་འགྱུར་རོ། །ལྷ་མ་ཡིན་གྱི་གནས་རྣམས་ནི། ཡོངས་སུ་འགྲིབ་ པར་འགྱུར་རོ་ཞེས་ཟེར་ཏོ། །ས་ལ་གནས་པའི་གནོད་སྦྱིན་རྣམས་ཀྱི་སྒྲ་ཐོས་ནས་བར་སྣང་ལ་གནས་པའི་གནོད་སྦྱིན་དང། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང། སུམ་ཅུ་རྩ་གསུམ་པ་ རྣམས་དང། འཐབ་བྲལ་པ་རྣམས་དང། དགའ་ལྡན་པ་རྣམས་དང་འཕྲུལ་དགའ་པ་རྣམས་དང། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱང་སྒྲ་རྗོད་ཅིང་སྐད་འབྱིན་པར་བྱེད་དེ། སྐད་ཅིག་དེ་ དང། ཐང་གཅིག་དེ་དང། ཡུད་ཙམ་དེ་དང། སྐད་ཅིག་ཐང་གཅིག་ཡུད་ཙམ་དེ་ལ་ཚངས་པའི་འཇིག་རྟེན་དུ་སྒྲ་གྲག་གོ། །ཚངས་རིས་ཀྱི་ལྷ་རྣམས་ཀྱང་སྒྲ་རྗོད་ཅིང་སྐད་འབྱིན་པར་བྱེད་དེ་ གྲོགས་པོ་དག་བཅོམ་ལྡན་འདས་ཀྱིས་ནི། ཝཱ་ར་ཎཱ་སིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང། འཇིག་རྟེན་ལ་ཐུགས་བརྩེ་བ་དང་ ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར་ཆོས་དང་མཐུན་པ། རབས་གསུམ་རྣམ་པ་བཅུ་གཉིས་པའི་ཆོས་ཀྱི་འཁོར་ལོ་འཇིག་རྟེན་དུ་དགེ་སྦྱོང་ངམ། བྲམ་ཟེ་འམ། ལྷའམ་ བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་བས་ཆོས་དང་ལྡན་པར་མ་བསྐོར་བ་དེ་བསྐོར་གྱི། ལྷའི་གནས་རྣམས་ནི། མངོན་པར་འཕེལ་བར་འགྱུར་རོ། །ལྷ་མ་ཡིན་གྱི་གནས་རྣམས་ནི་ [147B] །བཅོམ་ལྡན་འདས་ཀྱིས་ཝཱ་ར་ཎཱ་སིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཆོས་དང་མཐུན་པ། རབས་གསུམ་རྣམ་པ་བཅུ་གཉིས་པའི་ཆོས་ཀྱི་ འཁོར་ལོ་བསྐོར་བས་ན། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བར་གྱུར་ཏོ། །དེ་ནས་དེར་ཡང་ལན་གཉིས་སུ་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་ རྣམས་ལ་བཀའ་སྩལ་པ། དགེ་སློང་དག། བཞི་པོ་འདི་ནི། འཕགས་པའི་བདེན་པ་ཡིན་ཏེ། སྡུག་བསྔལ་འཕགས་པའི་བདེན་པ་དང། སྡུག་བསྔལ་ཀུན་འབྱུང་བ་དང། སྡུག་བསྔལ་འགོག་ པ་དང། སྡུག་བསྔལ་འགོག་པར་འགྱུར་པའི་ལམ་འཕགས་པའི་བདེན་པའོ། །སྡུག་བསྔལ་འཕགས་པའི་བདེན་པ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་དང། རྒ་བའི་སྡུག་བསྔལ་དང། ན་བའི་ སྡུག་བསྔལ་དང། འཆི་བའི་སྡུག་བསྔལ་དང། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང། གང་འདོད་པ་བཙལ་ཏེ་མི་རྙེད་པ་དེའང་སྡུག་བསྔལ་བ་དང་ མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི། སྡུག་བསྔལ་བ་སྟེ་འདི་ནི། སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱའོ། །དེ་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་ངག་དང། ཡང་དག་པའི་ལས་ཀྱི་མཐའ་དང། ཡང་དག་པའི་འཚོ་བ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང་ [148A]༄༅། །བརྒྱད་པ་སྟེ་ཡང་དག་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་གང་ཞེ་ན། ཡང་སྲིད་པར་སྐྱེ་བར་བྱེད་པ་དང། དགའ་ བ་དང་འདོད་ཆགས་སྤེལ་མར་འབྱུང་བ་དང། དེ་དང་དེར་མངོན་པར་དགའ་བའི་སྲིད་པ་སྟེ། འདི་ནི། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱའོ། །དེ་སྤང་བའི་ཕྱིར་ འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་དག་དང། ཡང་དག་པའི་ལས་ཀྱི་མཐའ་དང། ཡང་དག་པའི་འཚོ་བ་དང་ ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང། བརྒྱད་པ་སྟེ་ཡང་དག་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་གང་ཞེ་ན། ཡང་སྲིད་པར་ སྐྱེ་བར་བྱེད་པ་དང། དགའ་བ་དང་འདོད་ཆགས་སྤེལ་མར་འབྱུང་བ་དང། དེ་དང་དེར་མངོན་པར་དགའ་བའི་སྲིད་པ་གང་ཡིན་པ་དེ་ཉིད་མ་ལུས་པར་སྤངས་པ་དང། བོར་བ་དང། བསལ་བ་ དང། ཟད་པ་དང། བྲལ་བ་དང། འགོག་པ་དང། ཉེ་བར་ཞི་བ་དང། ནུབ་པ་སྟེ། འདི་ནི། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ། །དེ་མངོན་སུམ་དུ་བྱ་བའི་ཕྱིར་འཕགས་ པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་ངག་དང། ཡང་དག་པའི་ལས་ཀྱི་མཐའ་དང། ཡང་དག་པའི་འཚོ་བ་དང། ཡང་ [148B] ཡང་དག་པའི་དྲན་པ་དང། བརྒྱད་པ་སྟེ་ཡང་དག་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །སྡུག་བསྔལ་འགོག་པར་འགྱུར་བའི་ལམ་འཕགས་པའི་བདེན་པ་གང་ཞེ་ན་ འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང། ཡང་དག་པའི་རྟོག་པ་དང། ཡང་དག་པའི་ངག་དང་ཡང་དག་པའི་ལས་ཀྱི་མཐའ་དང། ཡང་དག་པའི་འཚོ་ བ་དང། ཡང་དག་པའི་རྩོལ་བ་དང། ཡང་དག་པའི་དྲན་པ་དང་བརྒྱད་པ་སྟེ་ཡང་དག་པའི་ཏིང་ངེ་འཛིན་ཏེ། དེ་ཡང་བསྒོམ་པར་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཚེ་དང་ལྡན་པ་ ཀུན་ཤེས་ཀཽཎྜཱི་ནྱ་ནི། ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་ལྔ་སྡེ་གཞན་རྣམས་ནི། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། ། དེའི་ཚེ་འཇིག་རྟེན་དུ་དགྲ་བཅོམ་པ་གཅིག་བྱུང་སྟེ། བཅོམ་ལྡན་འདས་དང་གཉིས་སོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་གཞན་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གཟུགས་ ནི༑ བདག་མ་ཡིན་ནོ། །དགེ་སློང་དག་གལ་ཏེ་གཟུགས་བདག་ཡིན་དུ་ཟིན་ན། གཟུགས་གནོད་པ་དང་སྡུག་བསྔལ་བར་འགྱུར་བར་མི་རིགས་ལ་གཟུགས་ལ་བདག་གི་གཟུགས་འདི་ལྟ་བུར་ གྱུར་ཅིག། འདི་ལྟ་བུར་མ་གྱུར་ཅིག་ཅེས་བྱ་བའི་དབང་ཡང་ཡོད་པར་འགྱུར་བར་རིགས་ན། དགེ་སློང་དག་གང་གི་ཕྱིར་གཟུགས་བདག་མ་ཡིན་པ་དེའི་ཕྱིར་གཟུགས་གནོད་པ་དང་སྡུག་ [149A]༄༅། །བསྔལ་བར་ཡང་འགྱུར་ལ། གཟུགས་ལ་བདག་གི་གཟུགས་འདི་ལྟ་བུར་གྱུར་ཅིག་འདི་ལྟ་བུར་མ་གྱུར་ཅིག་ཅེས་བྱ་བའི་དབང་ཡང་མེད་དོ། །དགེ་སློང་དག་ ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ནི། བདག་མ་ཡིན་ནོ། །དགེ་སློང་དག་གལ་ཏེ་རྣམ་པར་ཤེས་པ་བདག་ཡིན་དུ་ཟིན་ན། རྣམ་པར་ཤེས་པ་ གནོད་པ་དང་སྡུག་བསྔལ་བར་འགྱུར་བར་མི་རིགས་ལ། རྣམ་པར་ཤེས་པ་ལ་བདག་གིས་རྣམ་པར་ཤེས་པ་འདི་ལྟ་བུར་གྱུར་ཅིག་འདི་ལྟ་བུར་མ་གྱུར་ཅིག་ཅེས་བྱ་བའི་དབང་ ཡང་ཡོད་པར་འགྱུར་བར་རིགས་ན། དགེ་སློང་དག་གང་གི་ཕྱིར་རྣམ་པར་ཤེས་པ་བདག་མ་ཡིན་པ་དེའི་ཕྱིར་རྣམ་པར་ཤེས་པ་གནོད་པ་དང་སྡུག་བསྔལ་བར་ཡང་འགྱུར་ལ། རྣམ་ པར་ཤེས་པ་ལ་བདག་གི་གཟུགས་འདི་ལྟ་བུར་གྱུར་ཅིག་འདི་ལྟ་བུར་མ་གྱུར་ཅིག་ཅེས་བྱ་བའི་དབང་ཡང་མེད་དོ། །དགེ་སློང་དག། ཇི་སྙམ་དུ་སེམས། གཟུགས་རྟག་པ་ཡིན་ནམ། འོན་ ཏེ་མི་རྟག་པ་ཡིན། བཙུན་པ། དེ་ནི། མི་རྟག་པ་ལགས་སོ། །མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བ་ཡིན་ནམ། འོན་ཏེ་སྡུག་བསྔལ་བ་མ་ཡིན། བཙུན་པ། དེ་ནི། སྡུག་བསྔལ་བ་ལགས་ སོ༑ ༑ཅི་མི་རྟག་པ་དང། སྡུག་བསྔལ་བ་དང། འགྱུར་པའི་ཆོས་ཅན་གང་ཡིན་པ་དེ་ལ་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་རྣམས་འདི་ནི། བདག་གིའོ། །འདི་ནི། བདག་གོ་འདི་ནི་ [149B] བཙུན་པ། འཛིན་པར་མི་བགྱིད་ལགས་སོ། །དགེ་སློང་དག། ཇི་སྙམ་དུ་སེམས་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་རྣམས་དང། རྣམ་ པར་ཤེས་པ་རྟག་པ་ཡིན་ནམ། འོན་ཏེ་མི་རྟག་པ་ཡིན། བཙུན་པ། དེ་ནི། མི་རྟག་པ་ལགས་སོ། །མི་རྟག་པ་གང་ཡིན་པ་དེ་སྡུག་བསྔལ་བ་ཡིན་ནམ། འོན་ཏེ་སྡུག་བསྔལ་བ་མ་ཡིན། བཙུན་པ། དེ་ནི་ སྡུག་བསྔལ་བ་ལགས་སོ། །ཅི་མི་རྟག་པ་དང། སྡུག་བསྔལ་བ་དང་རྣམ་པར་འགྱུར་བའི་ཆོས་ཅན་གང་ཡིན་པ་དེ་ལ་ཐོས་པ་དང་ལྡན་པའི་འཕགས་པ་ཉན་ཐོས་རྣམས་འདི་ནི། བདག་གིའོ། །འདི་ནི་ བདག་གོ་འདི་ནི། བདག་གི་བདག་གོ་སྙམ་དུ་བདག་ཏུ་འཛིན་པར་བྱེད་དམ། བཙུན་པ། འཛིན་པར་མི་བགྱིད་ལགས་སོ། །དགེ་སློང་དག། དེ་བས་ན། གཟུགས་ཅིའང་རུང་སྟེ། འདས་པ་དང། མ་འོངས་ པ་དང། དེ་ལྟར་བྱུང་བ་དང། ནང་གིའམ། ཕྱི་རོལ་གྱིའམ། རགས་པའམ། ཆ་ཕྲ་བའམ། ངན་པའམ། བཟང་པོའམ། ཐག་རིང་བའམ་ཉེ་བ་དེ་དག་ཐམས་ཅད་ལ་འདི་ནི། བདག་གི་མ་ཡིན་ནོ། །འདི་ ནི༑ བདག་མ་ཡིན་ནོ། །འདི་ནི། བདག་གི་བདག་མ་ཡིན་ནོ་སྙམ་དུ་དེ་དེ་ལྟར་ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ། །དགེ་སློང་དག་ཚོར་བ་ཅིའང་རུང་བ་དང། འདུ་ཤེས་དང་ འདུ་བྱེད་རྣམས་དང། རྣམ་པར་ཤེས་པ་ཅིའང་རུང་སྟེ། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བ་དང། ནང་གིའམ། ཕྱི་རོལ་གྱིའམ། རགས་པའམ། ཆ་ཕྲ་བའམ།། ངན་པའམ། བཟང་ [150A]༄༅། །པོའམ། ཐག་རིང་བའམ། ཉེ་བ་དེ་དག་ཐམས་ཅད་ལ་འདི་ནི། བདག་གི་མ་ཡིན་ནོ། །འདི་ནི། བདག་མ་ཡིན་ནོ། །འདི་ནི། བདག་གི་བདག་མ་ཡིན་ནོ་སྙམ་དུ་དེ་དེ་ལྟར་ ཡང་དག་པའི་ཤེས་རབ་ཀྱིས་ཇི་ལྟ་བ་བཞིན་དུ་བལྟ་བར་བྱའོ་།དགེ་སློང་དག། དེ་བས་ན། ཐོས་པ་དང་ལྡན་པའི་འཕགས་པའི་ཉན་ཐོས་ཀྱིས་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་བདག་ ཀྱང་མ་ཡིན། བདག་གིའང་མ་ཡིན་པར་ཡང་དག་པར་མཐོང་ངོ་།དེས་དེ་ལྟར་ཡང་དག་པར་མཐོང་བས་ན་འཇིག་རྟེན་ཅིའང་མི་ལེན་ཏོ། །མེ་ལེན་པས་ན་ཡོངས་སུ་ཡི་ཆད་པ་མེད་དོ། །ཡོངས་སུ་ ཡི་ཆད་པ་མེད་པས་ན་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱོད་ཟིན་ཏོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མེད་དོ་སྙམ་དུ་རང་ཉིད་ཡོངས་སུ་མྱ་ངན་ལས་འདའོ། །ཆོས་ཀྱི་རྣམ་ གྲངས་འདི་བཤད་པ་ན་དགེ་སློང་ལྔ་སྡེ་པོ་གཞན་རྣམས་ཀྱང་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དེའི་ཚེ་འཇིག་རྟེན་དུ་དགྲ་བཅོམ་པ་ལྔ་བྱུང་སྟེ། བཅོམ་ལྡན་ འདས་དང་དྲུག་གོ་དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་རྣམས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ་དབང་པོ་དང་ སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་རྣམས་ཀྱི་སྐལ་ཤས་སྩལ་ནས་གཡུང་དྲུང་གི་མཐར་ཐུག་པའི་གྲུབ་པ་དང། བདེ་བ་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་ [150B] དགེ་སློང་དག། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་ངས་དགེ་སློང་ལྔ་སྡེ་པོ་འདི་རྣམས་ལ་བདག་གི་སྲོག་དང་བསྔོས་ཏེ་ཆུའི་རྒྱ་མཚོ་ཆེན་པོ་ལས་ བསྒྲལ་ནས་རིན་ཐང་ཆེ་བའི་རིན་པོ་ཆེ་རྣམས་ཀྱི་སྐལ་ཤས་ཇི་ལྟར་བྱིན་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ཝཱ་ར་ཎཱ་སིའི་གྲོང་ཁྱེར་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ་ དེའི་རིང་ལ་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པ་དང་སྐྱེ་བོ་དང་མི་མང་པོས་གང་བ་དང། རྩོད་པ་དང་འཐབ་པ་ཞི་པ་དང། འཁྲུག་པ་དང་ནང་འཁྲུག་དང་ཆོམ་རྐུན་དང་ནད་དང་མུ་གེ་མེད་པ་དང་ འབྲས་སཱ་ལུ་དང་བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཚེས་བཞིན་དུ་རྒྱལ་སྲིད་བྱེད་དོ། །དེའི་ཚེ་ཝཱ་ར་ ཎཱ་སཱི་ན་དེད་དཔོན་དབྱིག་ཅེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡང་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་ དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཞིང་དག་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་བ་གསེར་གྱི་ཁ་དོག་ཅན། མགོ་བོ་གདུགས་ལྟར་འདུག་པ། ལག་པར་རིང་བ་དབྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་ [151A]༄༅། །པ༑ སྨིན་མ་སྟུག་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་དབྱིག་གི་བུ་ ཡིན་གྱི༑ ཁྱེའུ་འདིའི་མིང་དབྱིག་དགའ་ཞེས་གདགས་སོ་ཟེར་རོ། །དེ་ནས་ཁྱེའུ་དབྱིག་དགའ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་ཏེ་མཚོའི་ནང་གི་ པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་པ་དང་ལག་རྩིས་དང་དབྱུང་བ་དང་སྦ་བ་དང་དགྲམ་པ་དང་གོས་བརྟག་པ་ དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་སྤོས་བརྟག་པ་དང་སྨན་བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་ མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་དང་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །ཁྱེའུ་དེའང་བྱམས་པའི་རང་བཞིན་ཅན། སྙིང་རྗེ་དང་ལྡན་པ། སེམས་ ཅན་ལ་བྱམས་པ། སྦྱིན་པ་ལ་དགའ་བ་ཞིག་སྟེ། དེས་ཕ་མ་ལ་གསོལ་ནས་དགེ་སྦྱོང་དང། བྲམ་ཟེ་དང། སྤྱོད་པ་པ་དང། ཀུན་ཏུ་རྒྱུ་དང། དམན་པ་དང། སྡུག་ཅིང་ཕོངས་པ་རྣམས་ལ་ སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱ་བ་ལ་ཞུགས་སོ། །དེ་ནས་ཕྱི་ཞིག་ན་དེད་དཔོན་དབྱིག་ནད་ཀྱི་ཐེབས་ནས་དེ་རྩ་བ་དང་སྡོང་བུ་དང། ལོ་མ་དང། མེ་ཏོག་དང། འབྲས་བུའི་སྨན་ [151B]རས་སྔོན་པོ་དང། སེར་པོ་དང། དམར་པོ་དང། དཀར་པོ་རྣམས་ཀྱིས་བརྒྱན་པའི་ཁྱོགས་ལ་ཁྱེར་ཏེ་རུས་བུ་ལ་རུས་བུའི་མཆོད་པ་ བྱས་ནས་ཡུན་མི་རིང་བ་ཞིག་ཏུ་མདུན་བྱས་པ་ལས་མདུན་བོར་ཏེ་འདུག་གོ་དེ་ནས་དེའུ་བུ་དབྱིག་དགའ་དེ་རྒྱལ་པོ་ཚངས་པས་བྱིན་གྱིས་དེད་དཔོན་ཆེན་པོར་དབང་བསྐུར་ཏེ། དེའི་ནོར་གྱིས་ ཚོང་པ་དམང་པོ་ཉོ་ཚོང་བྱེད་དོ། །དེའང་ཕ་ཤི་ནས་སྦྱིན་པ་རྒྱ་ཆེན་པོ་བྱེད་པ་ལ་ཞུགས་སོ། །དེ་ནས་ཕྱི་ཞིག་ན་དེས་བསམ་པ། ནོར་འདི་ནི། བདག་གི་ཕས་བསགས་པ་ཡིན་ཏེ། བདག་གིས་འདི་ ལས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ན། འདིའི་ཕྱིར་བདག་ལ་གཞན་དག་འཕྱ་བར་འགྱུར་ཏེ། འདི་ནི། གཞན་གྱིས་བསགས་པའི་རྫས་རྣམས་ཀྱིས་སྦྱིན་བདག་བྱིན་ཞིང་བསོད་ ནམས་དག་བྱེད་དེ། འདི་ལ་ངོ་མཚར་ཆེ་བ་ཅི་ཡོད་ཅེས་ཟེར་བར་འོང་གི་མལ་བདག་ཉིད་ཀྱིས་ནོར་བསྒྲུབས་ཏེ་རང་གི་ཞོ་ཤས་བསྒྲུབས་ནས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱ་གོར་མ་ ཆག་སྙམ་ནས་དེས་དྲིལ་བསྒྲགས་ཏེ། སུ་དེད་དཔོན་དབྱིག་དགའ་དང་ལྷན་ཅིག་ཏུ་ཤོ་གམ་མེད་པ་དང། ལ་གཅན་གྱིས་བ་ཙས་མེད་པ་དང། གྲུ་བཙས་མེད་པ་དང། བསེལ་རྔན་མེད་པར་རྒྱ་ མཚོ་ཆེན་པོར་འགྲོ་འདོད་པ་དེ་དག་ཟོང་སྟ་གོན་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚོང་པ་ལྔ་བརྒྱ་འདུས་ནས་དེ་དག་གིས་རྔ་མོ་དང་བ་ལང་དང་བོང་བུ་དག་གིས་ཟང་བསྐྱས་ཏེ་གྲོང་ [152A]༄༅། །དང་གྲོང་རྡལ་དང་གྲོང་ཁྱེར་དང་ནགས་ཁྲོད་ཀྱི་ཁྲོད་དང་ཡུལ་པོ་ཆེ་རྣམས་སུ་རྒྱུས་ནས་རྒྱ་མཚོ་ཆེན་པོའི་འགྲམ་དུ་ཕྱིན་ཏེ་ཀརྵ་པ་ན་ལྔ་བརྒྱས་གྲུའི་གླུ་བྱས་ནས་ ཞོ་ཤས་འཚོ་བ་རྣམ་པ་ལྔ་སྟེ། འཚོ་བ་སྦྱོར་བ་དང། ནན་ཏུར་བྱེད་པ་དང། ཞལ་ཏ་བྱེད་པ་དང། འཕྱག་པ་དང། དྲོད་པ་རྣམས་ཀྱང་ཁྲིད་དོ། །དེ་ལ་འཚོ་བ་སྦྱོར་བ་གང་ཞེ་ན། དེའི་ནང་དུ་ཟས་ དང་སྐོམ་སྦྱོར་བ་གང་ཡིན་པའོ། །ནན་ཏུར་བྱེད་པ་གང་ཞེ་ན་དེའི་ནང་དུ་རྩོད་པ་བྱུང་ངོ་ཅོག་གཞི་བར་བྱེད་པ་གང་ཡིན་པའོ། །ཞལ་ཏ་བྱེད་པ་གང་ཞེ་ན། དེའི་ནང་དུ་ནོར་རྫས་ཀྱི་ཞལ་ཏ་བྱེད་པ་གང་ཡིན་ པའོ༑ ༑འཕྱག་པ་གང་ཞེ་ན། དེའི་ནང་དུ་ཆུ་འཕྱག་པ་གང་ཡིན་པའོ། །དྲོད་པ་གང་ཞེ་ན། དེའི་ནང་དུ་རྒྱུ་སྐར་རྣམས་ལ་ལྟ་བ་གང་ཡིན་པའོ། །དེ་ནས་ཚོང་པ་དེ་དག་གིས་རྒྱ་མཚོ་ཆེན་པོ་མཐོང་ནས་ འཇིགས་ཏེ་གྲུའི་ནང་དུ་འཇུག་མི་འདོད་པར་གྱུར་ཏོ། །དེ་ནས་དེ་དཔོན་གྱིས་དྲོད་པ་ལ་སྨྲས་པ། ཀྱེ་མི། ཁྱོད་ཀྱིས་རྒྱ་མཚོ་ཆེན་པོའི་བསྔགས་པ་ཇི་ལྟ་བ་བཞིན་དུ་སྒྲོགས་ཤིག་དེ་ནས་དྲོད་བས་ བསྒྲགས་ཏེ། ཀྱེ་ཛམྦུའི་གླིང་བའི་ཚོང་པ་དག་ཉོན་ཅིག་རྒྱ་མཚོ་ཆེན་པོ་འདིའི་ནང་ན་ནོར་བུ་རིན་པོ་ཆེ་རིན་ཐང་ཆེ་བ་འདི་ལྟ་སྟེ། ནོར་བུ་དང། མུ་ཏིག་དང། བཻ་ཌཱུརྱ་དང། དུང་དང་ནོར་རྡོ་དང། བྱུ་ རུ་དང། དངུལ་དང། གསེར་དང། རྡོའི་སྙིང་པོ་དང། སྤུག་དང་པདྨ་རཱ་ག་དང། དུང་གཡས་སུ་འཁྱིལ་བ་དེ་ལྟ་བུ་དག་ཡོད་ན་ཁྱོད་ཀྱི་ནང་ནས་སུ་རིན་པོ་ཆེ་དེ་ལྟ་བུ་དག་གིས་བདག་ཉིད་དང་ [152B] བུ་དང། ཆུང་མ་དང། བྲན་ཕོ་དང། བྲན་མོ་དེང། ལས་བྱེད་པ་དང། ཞོ་ཤས་འཚོ་བ་དང། མཛའ་བོ་དང་བློན་པོ་དང། ཉེ་དུ་དང། རྒན་རབས་རྣམས་ཡང་དག་པའི་བདེ་བས་ཚིམ་པར་བྱ་བ་ དང། དུས་དུས་སུ་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་གྱེན་དུ་འགྲོ་བར་འགྱུར་བ་དང། སྐལ་བ་དང་ལྡན་པར་འགྱུར་བ་དང། རྣམ་པར་སྨིན་པ་བདེ་བར་འགྱུར་བ་དང། ཕྱི་མ་ལ་ཡང་མཐོ་རིས་སུ་སྐྱེ་བར་འགྱུར་བའི་ཡོན་ དབུལ་བར་འདོད་པ་དེ་ནི། རྒྱ་མཚོ་ཆེན་པོའི་ནང་དུ་འགྲོ་བར་གྱིས་ཤིག་ཅེས་བྱས་པ་དང། འཇིག་རྟེན་པ་དག་ནི། འབྱོར་པ་འདོད་པ་སྟེ་སྐྱེ་བོ་ཕལ་པོ་ཆེ་གྲུའི་ནང་དུ་ཞུགས་ནས་གྲུ་དེས་མི་ཐག་པར་གྱུར་ ཏེ༑ དེད་དཔོན་དེས་བསམ་པ། ད་ནི། ཕྱིར་ཕྱུང་ཞིག་ཅེས་ཀྱང་ཇི་སྐད་བྱ་སྙམ་ནས་དེས་དྲོད་པ་ལ་སྨྲས་པ། ཀྱེ་མི། ཁྱོད་ཀྱིས་རྒྱ་མཚོ་ཆེན་པོའི་བསྔགས་པ་མ་ཡིན་པ་ཇི་ལྟ་བ་བཞིན་དུ་སྒྲོགས་ཤིག་དེ་ནས་དྲོད་ པས་བསྒྲགས་ཏེ། ཀྱེ་ཛམྦུའི་གླིང་པའི་ཚོང་པ་དག་ཉོན་ཅིག་།རྒྱ་མཚོ་ཆེན་པོ་འདིའི་ནང་ན་ཤིན་ཏུ་འཇིགས་པ་ཆེན་པོ་འདི་ལྟ་བུ་དག་ཡོད་དེ། འདི་ལྟ་སྟེ། ཉའི་འཇིགས་པ་དང། ཉ་མིད་ཀྱི་འཇིགས་པ་དང། ཉ་ མིད་མིད་གྱི་འཇིགས་པ་དང། རླབས་ཀྱི་འཇིགས་པ་དང། ཀློང་གི་འཇིགས་པ་དང། ཆུ་སྲིན་ཀུམྦྷི་རའི་འཇིགས་པ་དང། ཆུ་སྲིན་ཤི་ཤུ་མ་རའི་འཇིགས་པ་དང། ཆུའི་ནང་གི་རི་རྣམས་ལ་ཐུག་པའི་འཇིགས་ པ་དང། རླུང་ནག་པོའི་འཇིགས་པ་དང། དེར་ཆོམ་རྐུན་གོས་སྔོན་པོ་དང་ནག་པོ་གྱོན་ལ་ནོར་འཕྲོག་ཅིང་འོང་སྟེ། དེ་དག་གིས་ཁྱེད་གཏན་དུ་སྲོག་དང་བྲལ་བར་བྱེད་པ་དག་ཀྱང་ཡོད་ན། ཁྱེད་ཀྱི་ནང་ན་སུ་བྡ་ [153A]༄༅། །ཉིད་ཕངས་པ་དང། ཕ་མ་གཉིས་དང། བུ་དང། ཆུང་མ་དང། ཕྲན་ཕོ་དང། བྲན་མོ་དང། ལས་བྱེད་པ་དང། ཞོ་ཤས་འཚོ་བ་དང། མཛའ་བོ་དང། བློན་པོ་དང། ཉེ་དུ་དང། རྒན་ རབས་རྣམས་འདོར་ཕོད་པ་དེ་ནི། རྒྱ་མཚོ་ཆེན་པོའི་ནང་དུ་འགྲོ་བར་གྱིས་ཤིག་ཅེས་བྱས་པ་དང། དཔའ་བོ་ནི། ཉུང། སྔར་མ་ནི་མང་སྟེ༑ སྐྱེ་བོ་ཕལ་པོ་ཆེ་ཕྱིར་ཐོན་ནས་གྲུ་དེས་ཐེག་པར་གྱུར་ཏོ། །དེ་ ནས་དྲོད་པས་ལན་གསུམ་གྱི་བར་དུ་སྒྲ་བསྒྲགས་ཏེ། དེའི་འོག་ཏུ་ཉག་ཐག་གཅིག་བཀྲོལ་ལོ། །དེ་ནས་ཉག་ཐག་གཉིས་དང། གསུམ་ཡང་བཀྲོལ་ལོ། །དེ་ནས་གྲུ་དེ་དྲོད་པ་ཆེན་པོས་ནི། བསྔམས་ རླུང་མཐུ་ཆེན་པོས་ནི། ཁྱེར་ནས་སྤྲིན་ཆེན་པོ་བཞིན་དུ་ཆས་ཏེ་རླུང་དྲང་པོར་འགྲོ་བས་རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱས་སོ་།དེ་ནས་དྲོད་པས་སྒྲ་བསྒྲགས་པ། ཀྱེ་ཛམྦུའི་གླིང་པའི་ཚོང་པ་རྣམས་ རིན་པོ་ཆེའི་གླིང་འདི་ན་མཆིང་བུ་ནོར་བུ་རིན་པོ་ཆེ་འདྲ་བ་དག་ཡོད་དེ། དེ་དག་ཁྱེད་ཀྱིས་བརྟག་ཅིང་བརྟག་ཅིང་བླང་བར་གྱིས་ཤིག་ཁྱེད་ཛམྦུའི་གླིང་དུ་སོན་པའི་འོག་ཏུ་འགྱོད་པར་གྱུར་ཏ་རེ། རིན་པོ་ཆེའི་ གླིང་འདི་ཉིད་ན་སྲིན་མོ་ཁྲུང་ཁྲུང་གཞོན་ནུ་མ་ཞེས་བྱ་བ་དག་ཀྱང་གནས་ཏེ། ཐབས་ཇི་ལྟ་བུས་ཀྱང་སྐྱེས་པ་བྲིད་ནས་འདི་ཉིད་དུ་མ་རུང་བར་བྱེད་ཅིང་སྡུག་བསྔལ་བར་བྱེད་དོ། །རིན་པོ་ཆེའི་གླིང་འདི་ཉིད་ན་ མྱོས་པར་བྱེད་པའི་ཤིང་ཏོག་དག་ཡོད་དེ། དེ་དག་སུས་ཟོས་པ་དེ་ཞག་བདུན་གྱི་བར་དུ་བརྒྱལ་ཏེ་འདུག་པར་འགྱུར་གྱི། དེ་དག་ཁྱེད་མ་ཟ་ཞིག་རིན་པོ་ཆེའི་གླིང་འདི་ཉིད་ན་མི་མ་ཡིན་པ་དག་ཀྱང་ [153B] དེ་དག་ནི། གཞན་ཞག་བདུན་གྱི་བར་དུ་འདུག་པར་ནི་བཟོད་ཀྱི། ཞག་བདུན་ལས་འདས་ནས་དོན་གང་བསྒྲུབས་པ་དེ་དག་མ་ཟིན་པར་རླུང་གང་གིས་གྲུ་ཁྱེར་བར་བྱེད་པ་དེ་ལྟ་བུའི་རླུང་ གཏོང་བར་བྱེད་དོ། །ཞེས་བསྒོས་ནས་དེ་ཐོས་པས་ཚོང་པ་རྣམས་ཀྱིས་བསྒྲིམས་ཏེ་བག་ཡོད་པར་འདུག་ནས་དེ་དག་གིས་རིན་པོ་ཆེ་རྣམས་བརྟག་ཅིང་བརྟག་ཅིང་གྲུ་དེ་བཀང་སྟེ། དཔེར་ན། ཏིལ་དང་ འབྲས་དང་བ་ད་རའི་འབྲས་བུ་དང་རྒྱ་སྲན་གྱིས་གང་བ་བཞིན་དུ་བྱས་ཏེ། དེ་དག་རླུང་དྲང་པོས་ཛམྦུའི་གླིང་དུ་ཕྱིན་པར་བྱས་སོ། །དེས་ཐབས་དེ་ལྟ་བུར་རྒྱ་མཚོའི་གྲུའི་དོན་ལན་དྲུག་གི་བར་དུ་བསྒྲུབས་ ཏེ་ཝཱ་ར་ཎཱ་སིར་འོངས་ནས་སྦྱིན་པ་དག་བྱིན་པ་དང། བསོད་ནམས་དག་བྱེད་པ་ལ་ཞུགས་སོ། །དེའི་ཚེ་དེ་མ་ཡིན་པའི་གྲོང་ཁྱེར་ལྔ་ན་དེད་དཔོན་ལྔ་གནས་ཏེ། དེ་དག་ནི། སོང་སྟེ་བོར་ཡང་གྲུ་ རྣམས་མ་རུང་བར་གྱུར་ནས་དེ་དག་གིས་བསམ་པ། སེམས་ཅན་བསོད་ནམས་ཀྱིས་ཆེ་བར་གྲགས་པ་གཅིག་གི་མཐུས་སེམས་ཅན་མང་པོ་བདེ་བར་འགྱུར་ལ། དེད་དཔོན་ཆེན་པོ་དབྱིག་དགའ་ དེ་ནི༑ བསོད་ནམས་ཀྱིས་ཆེ་བར་གྲགས་པ་ཡིན་ཏེ། དེས་རྒྱ་མཚོའི་གྲུའི་དོན་ལན་དྲུག་གི་བར་དུ་བསྒྲུབས་ཀྱི། གལ་ཏེ་བདག་ཅག་གིས་དེ་སྤྲོ་བ་བསྐྱེད་པར་ནུས་ན་ནི། དེའི་མཐུས་བདག་ཅག་གིས་ ནོར་སྒྲུབ་པར་ནུས་པར་འགྱུར་རོ་སྙམ་སྟེ། ལྷན་ཅིག་ཏུ་འདུས་ནས་ཝཱ་ར་ཎཱ་སིར་སོང་སྟེ་དེད་དཔོན་དབྱིག་དགའི་ཐད་དུ་སོང་ནས་སྨྲས་པ། དེད་དཔོན། བདག་ཅག་སོང་སྟེ་བོར་ཡང་ནོར་གྱི་གྲུ་རྣམས་ [154A]༄༅། །མ་རུང་བར་གྱུར་ཏེ། ཁྱོད་ནི། བསོད་ནམས་ཀྱིས་ཆེ་བར་གྲགས་པ་ལགས་ཀྱི། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་རྒྱ་མཚོ་ཆེན་པོའི་ནང་དུ་བཞུད་དང། ཁྱོད་ཀྱི་ མཐུས་བདག་ཅག་གིས་ནོར་སྒྲུབ་ནུས་པར་འགྱུར་རོ། །དེས་སྨྲས་པ་ཀྱེ། རྒྱ་མཚོ་ཆེན་པོའི་ཆོས་ཀྱིས་ནི། གྲུ་བདུན་པ་མ་རུང་བར་འགྱུར་ཏེ། སྔོན་ཆད་གང་གིས་ཀྱང་རྒྱ་མཚོའི་གྲུའི་དོན་ ལན་བདུན་གྲུབ་པ་སུའང་མེད་དོ། །འོན་ཀྱང་ཁྱེད་ཀྱིས་བསམ་པ་ཡོངས་སུ་བསྐང་བར་བྱ་སྟེ། ཁྱེད་ཁོ་ན་ལ་སྙིང་བརྩེ་བའི་ཕྱིར་ལན་བདུན་རྒྱ་མཚོའི་ནང་དུ་འགྲོ་བར་བྱའོ། །ཞེས་སྨྲས་ནས་ དེད་དཔོན་ཆེན་པོ་དབྱིག་དགས་དེད་དཔོན་ལྔ་པོ་དེ་དག་ཁྲིད་དེ་རྒྱ་མཚོ་ཆེན་པོའི་ནང་དུ་སོང་བ་ལས་དེ་རིན་པོ་ཆེའི་གླིང་དུ་ཕྱིན་ནས་རིན་པོ་ཆེ་བསྡུས་ཏེ་ཡང་ཛམྦུའི་གླིང་ལོགས་སུ་གྲུ་བཏང་ངོ། །དེ་ ནས་དེད་དཔོན་ཆེན་པོ་དབྱིག་དགས་རྒྱ་མཚོ་ཆེན་པོའི་ནང་ན་འདུག་བཞིན་དུ་འདི་སྙམ་དུ་སེམས་ཏེ། བདག་ཅག་རྒྱ་མཚོ་ཆན་པོའི་ནང་ན་འཁོད་པ་རྣམས་ཉེ་ཞོ་མེད་པ་དང་བདེ་བླག་ཏུ་ཕ་རོལ་ ཏུ་སོན་པར་འགྱུར་དུ་མངོན་པ་མེད་ཀྱི། མ་ལ་བདག་གིས་རིན་པོ་ཆེ་རིན་ཐང་ཆེན་པོ་རྣམས་ཀྱིས་སྒྱེའུ་བཀང་སྟེ། རྐེད་པ་ལ་བཅིང་བར་བྱའོ་སྙམ་ནས། དེས་རིན་པོ་ཆེ་རིན་ཐང་ཆེན་པོ་རྣམས་ཀྱིས་སྒྱེའུ་ བཀང་སྟེ་རྐེད་པ་ལ་བཅིངས་ནས་ཚོད་པ་དེ་དག་ལ་སྨྲས་པ། ཀྱེ་གལ་ཏེ་བརྒྱ་ལ་གྲུ་མ་རུང་བར་གྱུར་ན། ཁྱེད་ངའི་ལུས་ལ་འཇུས་ཤིག་དེ་ནས་ཕྱི་ཞིག་ན་ཆུའི་ནང་ན་འདུག་པའི་རིས་དེ་ [154B]དགའི་ལུས་ལ་འཇུས་སོ། །དེ་ནས་དེད་དཔོན་དབྱིག་དགས་བསམ་པ། བདག་གསོན་པོར་འདུག་བཞིན་དུ་ནི། འདི་རྣམས་རྒྱ་མཚོ་ ཆེན་པོ་ལས་བསྒྲལ་བར་མི་ནུས་ལ། རྒྱ་མཚོ་ཆེན་པོ་ནི། ཤི་བའི་རོ་དང་ལྷན་གཅིག་གནས་པ་མི་སྲིད་ཅིང་སྐབས་མེད་དེ། དེ་ནི། གནས་མ་ཡིན་བས་ན། བདག་ཤི་བ་དང་རྒྱ་མཚོ་ཆེན་པོ་ ལས་མྱུར་དུ་རྒལ་བར་འགྱུར་རོ་སྙམ་ནས་དེད་དཔོན་རྣམས་ལ་སྨྲས་པ། ཀྱེ། ཁྱེད་རྣམས་བརྟན་ཞིང་སྤྲོ་བ་ཆེར་སྐྱེད་ཅིག་དང་ངས་ཁྱེད་ཅི་ནས་ཀྱང་ཉེ་ཞོ་མེད་པར་བདེ་བླག་ཏུ་རྒྱ་མཚོ་ཆེན་པོ་ ལས་བརྒལ་བར་བྱའོ། །བརྒལ་ཟིན་ནས་ཀྱང་ངའི་ལུས་མ་དོར་བར་ངས་རིན་པོ་ཆེའི་རིན་ཐང་ཆེན་པོ་རྣམས་ཀྱིས་སྒྱེའུ་བཀང་སྟེ་རྐེད་པ་ལ་བཅིངས་པ་དེ་ཁྱེད་ཀྱིས་བགོ་བཤའ་གྱིས་ལ་ཁྱེར་ཅིག་དང་ དེས་ཁྱེད་ཀྱི་གཉིས་ཀའི་ཕྱོགས་ཀྱི་བདུན་རྒྱུད་འཚོ་བར་འགྱུར་རོ་ཞེས་སྨྲས་པ་དང། དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་ བདག་འཇིག་རྟེན་ལོང་བ། འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པ་དང། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་ སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་ [155A]༄༅། །སོ༑ ༑བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས་མཚོན་རྣོན་པོ་བླངས་ཏེ་མགུལ་བ་བཅད་དོ་།རྒྱ་མཚོ་ཆེན་པོ་ནི། ཤི་བའི་རོ་དང་ལྷན་ ཅིག་གནས་མི་སྲིད་ཅིང་སྐབས་མེད་དེ། འདི་ནི། གནས་མ་ཡིན་པས་ན་དེ་ཀླུ་གཙང་སྦྲ་ལ་དགའ་བ་རྣམས་ཀྱིས་འགྲམ་དུ་ཕུལ་ནས་ཐང་ལ་བོར་རོ། །དེ་ནས་དེ་དག་གིས་དེའི་རོ་ ལས་རིན་པོ་ཆེ་དེ་དག་བཀྲོལ་ཏེ་བགོ་བཤའ་བྱས་ནས་དེའི་རུས་བུ་ལ་མཆོད་པ་བྱས་ཏེ་དོང་ངོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དེད་དཔོན་དབྱིག་དགའ་ཞེས་བྱ་བ། བྱང་ཆུབ་ སེམས་དཔའི་སྤྱོད་པ་ལ་གནས་པར་གྱུར་པ་གང་ཡིན་པ་དེ་ནི། ང་ཡིན་ནོ། །དེའི་ཚེ་དེད་དཔོན་ལྔ་པོར་གྱུར་པ་གང་ཡིན་པ་དེ་དག་ནི། དགེ་སློང་ལྔ་སྡེ་པོ་འདི་རྣམས་ཡིན་ཏེ། དེའི་ཚེ་ནའང་ འདི་རྣམས་ངས་རང་གི་སྲོག་དང་བསྡོས་དེ་ཆུའི་རྒྱ་མཚོ་ལས་བསྒྲལ་ནས་རིན་པོ་ཆེ་རིན་ཐང་ཆེན་པོ་དག་གི་སྐལ་ཤས་བྱིན་ཏེ་ཉེ་ཞོ་མེད་ཅིང་བདེ་བའི་གནས་སུ་བཀོད་ལ། ད་ལྟར་ཡང་ངས་འདི་ རྣམས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ་དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེའི་སྐལ་ཤས་བྱིན་ནས་གཡུང་དྲུང་གི་མཐར་ཐུག་པའི་གྲུབ་པ་དང། བདེ་བ་མྱ་ངན་ ལས་འདས་པ་ལ་བཀོད་དོ།། །།ལས་བརྒྱ་ཐམ་པ། བམ་པོ་དགུ་པ། དོམ་གཉིས་ཞེས་བྱ་བ་དེ་ལ། དོམ་དང་པོ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། བཅོམ་ལྡན་འདས་ [155B]པོ་འཚོ་བྱེད་ཀྱིས་ལྕགས་བདའ་ཞེས་བྱ་བའི་སྨན་མར་ཕན་ཞེས་གསོལ་ནས་དེ་ཉིད་ཀྱིས་སྨན་མར་བསྐོལ་ཏེ་བཅོམ་ལྡན་འདས་ལ་ སྨན་མར་གསོལ་ཏོ། །དེ་ནས་དེ་ལས་ལྷག་པར་གྱུར་ནས་འཚོ་བྱེད་ཀྱི་གསོལ་པ། བཙུན་པ། ཆབ་མར་གྱི་ལྷག་མ་བདག་གིས་སུ་ལ་སྩལ་བར་འཚལ། དེ་ནས་དེར་བཅོམ་ལྡན་འདས་ཀྱིས་འཚོ་ བྱེད་ལ་བཀའ་སྩལ་པ། འཚོ་བྱེད། དགེ་འདུན་ལ་བྲིམས་ལ་སུ་འདོད་པ་ལ་བྱིན་ཅིག་དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་འཚལ་ལོ། །ཞེས་གསོལ་ནས་འཚོ་བྱེད་ཀྱིས་མར་ གྱི་ལྷག་མ་དེ་དགེ་འདུན་ལ་བྲིམས་ནས་དེར་དགེ་སློང་རྣམས་ཀྱི་གཅིག་གིས་ཀྱང་མ་བླངས་ཏེ་ལྷས་བྱིན་གྱིས་མཐོང་ནས་སྨྲས་པ། འཚོ་བྱེད། དེ་ཅི། འཚོ་བྱེད་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་ ལྕགས་མདའ་ཞེས་བྱ་བའི་སྨན་མར་གསོལ་བ་དེའི་ལྷག་མ་འདི་དགེ་སློང་རྣམས་ལ་བྲིམས་ན་སུས་ཀྱང་མ་བླངས་སོ། །ལྷས་བྱིན་གྱིས་སྨྲས་པ། ངས་བླང་གི་དགེ་སྦྱོང་གཽ་ཏ་མས་ཇི་ཙམ་འཐུངས་པ་དེ་ ཙམ་བྱིན་ཅིག་འཚོ་བྱེད་ཀྱིས་སྨྲས་པ། ལྷས་བྱིན། བཅོམ་ལྡན་འདས་ནི། སྐུ་ཡང་ཆེ་ལ་ཉམ་སྟོབས་ཀྱང་ཆེའོ། །ཁྱོད་ཀྱིས་ནི། དེ་སྙེད་འཇུ་བར་མི་ནུས་སོ། །དེས་སྨྲས་པ། དགེ་སྦྱོང་གཽ་ཏ་མས་ཞུ་ན་ ངས་ཅིའི་ཕྱིར་མི་ཞུ་ཞེས་སྨྲས་ནས་ལྷས་བྱིན་གྱིས་འཚོ་བྱེད་ཀྱི་ཚིག་དེ་མ་མཉན་ནས་བཅོམ་ལྡན་འདས་ཀྱིས་ཇི་ཙམ་གསོལ་པ་དེ་ཙམ་ཞིག་དེས་ཀྱང་འཐུངས་སོ། །དེ་ནས་དེར་བཅོམ་ལྡན་འདས་ [156A]༄༅། །ཀྱིས་ཕྱི་དེ་ཉིན་འབྲས་ཐུག་སླ་བའི་ཆོ་ག་མཛད་དེ་བཤོས་གསོལ་ཏོ། །དེ་ནས་ལྷས་བྱིན་གྱིས་འབྲས་ཐུག་སླ་བའི་ཆོ་ག་མཛད་དེ་བཤོས་གསོལ་ཏོ། །ཞེས་ཐོས་ནས་ འཚོ་བྱེད་ལ་སྨྲས་པ། འྖ་བྱེད། བདག་གིས་ཀྱང་འབྲས་ཐུག་སླ་བའི་ཆོ་ག་བྱའོ། །དེ་ནས་འཚོ་བྱེད་ཀྱིས་དེའི་བཞིན་མདོག་བལྟས་ནས་སྨྲས་པ། ལྷས་བྱིན། ཁྱོད་ཀྱིས་མར་ཉིད་ཀྱང་མ་ཞུ་ན་ འབྲས་ཐུག་སླ་བའི་ཆོ་ག་ཇི་ལྟར་བྱ། དེས་སྨྲས་པ། དགེ་སྦྱོང་གཽ་ཏ་མས་ཞུ་ན། ངས་ཅིའི་ཕྱིར་མི་ཞུ་ཞེས་དེ་སྐད་སྨྲས་ཏེ་དེས་ཀྱང་འབྲས་ཐུག་སླ་བའི་ཆོ་ག་བྱས་ནས་དེས་འཐུངས་མ་ཐག་ཏུ་ ལྟོ་ནད་ཀྱིས་བཏབ་སྟེ། དེ་ནད་མི་བཟོད་ནས་ས་ལ་འདྲེ་ལྡོག་པར་བྱེད་དོ། །འཇིག་རྟེན་ན་ནི། མཛའ་བོ་དང། ངག་བོ་དང། བར་མ་ཡོད་དེ། ཁ་ཅིག་དོང་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྦྲན་པ་ བཙུན་པ་ཀུན་དགའ་བོ། ལྷས་བྱིན་ནི། ལྟོ་ནད་ཀྱིས་ཤི་ལ་ཐུག་གོ་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དེ་ཐོས་ནས་སྤུན་ལ་གདུང་བས་མི་དགའ་བར་གྱུར་ཏེ་བཅོམ་ལྡན་ འདས་ཀྱི་ཐད་དུ་སོང་ནས་གསོལ་པ། བཙུན་པ། ལྷས་བྱིན་ནི། ལྟོ་ནད་ཀྱིས་གུམ་ལ་ཐུག་ན། བཅོམ་ལྡན་འདས་ཀྱིས་དེའི་སྐྱབས་མཛད་པར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ གསན་མ་ཐག་ཏུ་སྙིང་རྗེ་ཆེན་པོས་ཟིན་ནས་ལྷས་བྱིན་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་ལྷས་བྱིན་གྱི་མགོ་བོ་ལ་ཕྱག་བཞག་སྟེ་བཀའ་སྩལ་པ། ལྷས་བྱིན། བདེན་པ་དང་བདེན་པའི་ཚིག་གང་ [156B] སྒྲ་གཅན་ཟིན་ཐལ་མོ་སྦྱར་བ་གཉིས་ལ་ངའི་སེམས་སྙོམས་ན། བདེན་པ་དང་བདེན་པའི་ཚིག་དེས་ཁྱོད་ནད་མེད་པར་གྱུར་ཅིག་དེ་ནས་དེ་སྐད་ཅེས་བཀའ་སྩལ་པའི་ མོད་ལ་ལྷས་བྱིན་བདེ་བར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། ལྷས་བྱིན། བཅོམ་ལྡན་འདས་ནི། ཁྱོད་ལ་དཀའ་བ་མཛད་པ་དང། སྲོག་ཕངས་པ་སྦྱིན་པ་ཡིན་ནོ། །དེས་སྨྲས་པ་ དེ་ལ་ངོ་མཚར་ཆེ་བ་ཅི་ཡོད་དེ། གལ་ཏེ་འདིས་སྨན་དཔྱད་མ་བསླབས་སུ་ཟིན་ན། འདི་ཇི་ལྟར་ཚོགས་འདི་སྙེད་འཆོས་ནུས་ཞེས་དེ་སྐད་ཅེས་སྨྲས་ནས་དེ་བཅོམ་ལྡན་འདས་དགྲོངས་པའི་ཐབས་འབའ་ཞིག་ ཤོམ་མོ༑ ༑དེ་ནས་དགེ་སློང་རྣམས་ཀྱིས་ཚོར་ནས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ལྷས་བྱིན་གྱི་སྐྱབས་མཛད་ན། ཁོ་ནི། བཅོམ་ལྡན་འདས་དགྲོངས་པ་འབའ་ཞིག་ གི་སླད་དུ་འབད་ཅིང་དགྲོངས་པ་འབའ་ཞིག་གི་ཐབས་ཤོམ་པ་ལ་གཟིགས། བཙུན་པ། ལྷས་བྱིན་ནི། བྱས་པ་མི་ཤེས་པ་དང། བྱས་པ་མི་གཟོ་བ་དང། བྱས་པ་ཆུད་གཟོན་པ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་འདིས་ཇི་ལྟར་བྱས་པ་མི་ཤེས་པ་དང། བྱས་པ་མི་གཟོ་བ་དང། བྱས་པ་ཆུད་གཟོན་པར་གྱུར་པ་དེ་ཉོན་ཅིག་ དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན་རི་ཁྲོད་ཀྱི་གྲོང་ཞིག་ན་མི་དབུལ་པོ་ཞིག་གནས་པ་དེ་རྩྭ་དང་ཤིང་དག་འཚོང་ཞིང་འཚོ་བར་བྱེད་པ་ལས། དེ་ཕྱི་ཞིག་ན་དེ་རི་ལ་ཤིང་རྔར་སོང་བ་དང། དེ་རི་ [157A]༄༅། །ལ་སོང་བའི་བར་དུ་ཁ་བ་བབ་ནས་དེ་ལྷགས་པས་ཉེན་ཅིང་ཡུལ་ངན་གྱིས་སྤྲེབས་པས་བྲག་ཕུག་ཆེན་པོ་ཞིག་གི་ནང་དུ་སོང་བ་དང། དེའི་ཚེ་བྱང་ཆུབ་སེམས་དཔའ་དོམ་ དུ་སྐྱེས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི། ལུས་ཀྱིས་ལོག་པར་ལྟུང་བར་འགྱུར་དུ་ཟིན་ཀྱང་སེམས་ཀྱིས་ལོག་པར་ལྟུང་བར་མི་འགྱུར་ཏེ། དེའང་བདག་ཉིད་ཆེ་བ་བྱམས་པའི་ རང་བཞིན་ཅན། སྙིང་རྗེ་དང་ལྡན་པ། སེམས་ཅན་ལ་མཉེས་གཤིན་པ། མི་འཚེ་བའི་བསམ་པ་དང་ལྡན་པ་ཞིག་གོ། དེ་སུ་ལའང་འཚེ་བར་མི་འདོད་པས་རྩ་བ་དང་འབྲས་བུས་འཚོ་བར་བྱེད་དེ། དེས་ ཕུག་དེར་རྩ་བ་དང་འབྲས་བུ་བསགས་ནས་ལྷགས་པས་ཉེན་པའི་ཚེ་དེའི་ནང་དུ་ཞུགས་ཏེ་གནས་པ་དེ་མི་ཕུག་ཏུ་སོང་བ་དེས་མཐོང་ནས་མཐོང་མ་ཐག་ཏུ་འཇིགས་པ་ཆེན་པོ་སྐྱེས་ཏེ། བདག་ནི། འདིའི་ལག་ ཏུ་ཤི་ཟིན་ཏོ། །བདག་ནི། འདིའི་ལག་ནས་འབྲོས་མི་ནུས་སོ་སྙམ་མོ་།དེ་ནས་དེ་བྱང་ཆུབ་སེམས་དཔས་མཐོང་ནས་མི་འདི་ནི། ལྷགས་པས་ཀྱང་ཉེན་ལ་སྐྲག་ཅིང་ཡང་འདུག་གོ་སྙམ་དུ་རིག་ནས་ དེས་དེ་ལ་སྙིང་བརྩེ་བའི་ཕྱིར་མི་སྐད་དུ་སྨྲས་ཏེ། གྲོགས་པོ་མ་འཇིགས་ཤིག། ཁྱོད་ང་ལ་འཇིགས་མི་དགོས་སོ། །ཞེས་སྨྲས་ནས་བྱང་ཆུབ་སེམས་དཔས་མི་དེ་རང་གི་ལུས་ཀྱིས་བསྐྱབས་ ཏེ་རྩ་བ་དང་འབྲས་བུ་དག་བསྟབས་སོ། །དེ་ལྟར་ཞག་བདུན་གྱི་བར་དུ་མི་དེ་དེ་བཞིན་དུ་རང་གི་ལུས་ཀྱིས་བསྐྱབས་ཏེ་རྩ་བ་དང་འབྲས་བུ་དག་གིས་ཡོངས་སུ་བསྐྱབས་ནས་ཞག་བདུན་ལོན་ཏེ་ཡུལ་ངན་ [157B] ཀྱེ་མི། ཁྱོད་ཁྱིམ་དུ་སོང་ལ་ང་ལ་དགྲ་མང་དུ་ཡོད་པས་ཤའི་ཕྱིར་གསད་དུ་འོང་གི་ང་འདི་ན་འདུག་ཅེས་སུ་ལའང་མ་ཟེར་ཅིག་ཅེས་བྱས་ནས་ བྱང་ཆུབ་སེམས་དཔས་མི་དེ་ཕྱིར་བཏང་ངོ། །དེ་ནས་མི་དེ་ཤིང་ཁུར་ཁྱེར་ཏེ་རི་ཁྲོད་ཀྱི་གྲོང་ལོགས་སུ་ཆས་སོ། །རི་ཁྲོད་ཀྱི་གྲོང་དེ་ནས་ཀྱང་རྔོན་པ་གཉིས་རི་དྭགས་བཤོར་དུ་འགྲོ་བར་ཆས་ནས་དེ་གཉིས་ ཀྱིས་ཤིང་ཁུར་ཁྱེར་ཏེ་འོང་བའི་མི་དེ་མཐོང་ནས་དེ་གཉིས་ཀྱིས་བསམ་པ། མི་འདི་རི་ཁྲོད་འདི་ནས་ཞག་བདུན་ལོན་པའི་འོག་ཏུ་ཕྱིར་འོངས་ནས་འདི་ཞག་བདུན་གྱི་བར་དུ་གང་ན་ཅི་ཟ་ཞིག་གུ་སྙམ་ནས་དེ་ གཉིས་ཀྱིས་མི་དེ་ལ་དྲིས་སོ། །དེས་ཀྱང་དེ་གཉིས་ལ་བཏམ་དེ་རྒྱས་པར་བསྙད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་དེ་གཉིས་ཀྱིས་མི་དེ་ལ་སྨྲས་པ། ཀྱེ། མི་ཁྱོད་ཚུར་ལ་ཤོག་ལ་དོམ་ག་ལ་འདུག་པ་བདག་ ཅག་གཉིས་ལ་སྟོན་ཅིག་དང། བདག་ཅག་གཉིས་ཀྱིས་དོམ་དེ་བསད་ལ་ཁྱོད་ལའང་དོམ་ཤའི་སྐལ་ཤས་སྦྱིན་ནོ། །དེ་ནས་མི་དེས་བསམ་པ། མ་ལ་དོམ་དེས་ཞག་བདུན་གྱི་བར་དུ་བདག་ཡོངས་སུ་ བསྐྱངས་མོད་ཀྱི། དེས་ང་ལ་ཅི་བྱར་ཡང་མེད་ལ་བདག་གི་ཁྱིམ་ནའང་བཟའ་བ་མེད་ཀྱི། བདག་གིས་བསྟན་པ་དང། དེས་བདག་གི་ཁྱིམ་རྣམས་ཀྱིས་ཞག་མང་དུ་བཟར་ཡོད་པར་འགྱུར་རོ་སྙམ་ནས་ དེས་མི་དེ་གཉིས་ལ་སྨྲས་པ། ཀྱེ་མི། ཁྱེད་གཉིས་ལ་ངས་དོམ་ག་ལ་འདུག་པ་དེ་བསྟན་ཏོ་ཞེས་བྱས་ནས། དེ་ཕུག་ན་འདུག་པ་ཁོ་ན་རྔོན་པ་དེ་གཉིས་ལ་བསྟན་ནས་དེ་གཉིས་ཀྱིས་དོམ་དེ་དུག་མདས་བསྣུན་ [158A]༄༅། །ཏེ་བྱང་ཆུབ་སེམས་དཔའ་འཆི་ཁའི་ན་ཚས་ཐེབས་ནས་དེ་ཤི་ལ་ཐུག་པ་ན་ཚིགས་སུ་བཅད་པ་སྨྲས་པ། རི་སུལ་སྟུག་པོར་གནས་པ་ན། །བདག་གིས་སུ་མི་ཅི་ཞིག་འཕྲོག་ རྩྭ་དང་རྩ་བ་འབྲས་བུ་ཟ། །སུ་ལའང་འཚེ་བར་མི་བྱེད་ན་།འཆི་བའི་དུས་ལ་བབ་ཟིན་གྱི། །ད་ནི་བདག་གིས་ཅི་བྱར་མེད། །ལུས་ཅན་རྣམས་ཀྱི་སྐྱིད་སྡུག་ནི། །ལས་རྣམས་ལ་ནི་བརྟེན་པར་བྱ། །དེ་ནས་དེ་མི་ དེ་གཉིས་ཀྱིས་བསད་ནས་པགས་པ་བཤུས་ཏེ་ཤ་དེ་དག་ཆ་གསུམ་དུ་བགོས་ནས་མི་དེ་ལ་སྨྲས་པ། ཀྱེ། མི་ཁྱོད་རང་གི་སྐལ་བ་ཁྱེར་ཅིག་དེ་ནས་དེ་ཐོས་མ་ཐག་ཏུ་མི་དེས་ལག་པ་གཉིས་བརྐྱང་སྟེ་བླང་ ཞེས་བྱས་པ་དང། དེའི་ལག་པ་གཉིས་ས་ལ་ལྷུང་ངོ། །དེ་ནས་དེ་མཐོང་མ་ཐག་ཏུ་རྔོན་པ་དེ་གཉིས་ཀྱིས་མི་དེ་ལ་སྨྲས་པ། ཀྱེ་དེ་ཅི། དེས་སྨྲས་པ། འདིས་ང་ཞག་བདུན་གྱི་བར་དུ་རླུང་དང་ཡུལ་ངན་བྱུང་ བའི་ཚེ་རང་གི་ལུས་ཀྱིས་བསྐྱབས་ཏེ་རྩ་བ་དང་འབྲས་བུ་དག་གིས་ཡོངས་སུ་བསྐྱངས་པ་ལས། དེ་ལ་བདག་གིས་བྱས་པ་མི་གཟོ་བ་བྱས་པ་དེས་ན། བདག་ལ་འབྲས་བུ་འདི་འོངས་སོ་ཞེས་བྱས་སོ། །དེ་ནས་ དེ་ཐོས་མ་ཐག་ཏུ་རྔོན་པ་དེ་གཉིས་མི་དགའ་བ་ཆེན་པོ་སྐྱེས་ཏེ་དེ་གཉིས་མི་དགའ་བར་གྱུར་ནས་བསམ་པ། འདི་ནི། སེམས་ཅན་ངན་ངོན་མ་ཡིན་ཏེ། བདག་ཅག་གཉིས་ཀྱིས་དེ་ལྟ་བུའི་ཤ་བྱམས་པས་ ཡོངས་སུ་བསྒོས་པ་དག་བཟའ་བར་མི་ནུས་ཏེ། འདི་དག་ནི། མཆོད་པའི་འོས་ཡིན་ནོ་སྙམ་མོ། །དེའི་ཚེ་འཇིག་རྟེན་དུ་སངས་རྒྱས་བྱུང་བས་བརྒྱན་ཏེ། དེ་གཉིས་ཀྱིས་ཤ་དེ་དག་ཁྱེར་ཏེ་གཙུག་ལག་ [158B] །གཙུག་ལག་ཁང་དུ་སོང་ནས་ཀྱང་དགེ་འདུན་ལ་ཕུལ་ལོ། །དེ་ནས་ཤ་དེ་དག་དགྲ་བཅོམ་པ་ཞིག་གིས་མཐོང་ནས་དེས་བསམ་པ། ཤ་འདི་དག་ནི། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་ དཔའ་བྱམས་པས་ཡོངས་སུ་བསྒོས་པ་ཡིན་ནོ་སྙམ་ནས་དགེ་སློང་རྣམས་ལ་སྨྲས་པ། ཚེ་དང་ལྡན་པ་དག་ཤ་འདི་དག་ནི། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བྱམས་པས་ཡོངས་སུ་ བསྒོས་པ་ཡིན་ཏེ། མཆོད་པའི་འོས་ཡིན་གྱི། འདི་དག་ལ་བདག་ཅག་གིས་མཆོད་པར་བྱའོ། །ཞེས་བྱས་ནས་ཚིགས་སུ་བཅད་དེ་སྨྲས་པ། རི་དྭགས་སྐལ་བ་ཆེན་པོ་འདི། །བྱང་ཆུབ་སེམས་དཔའ་ གཉའ་ཤིང་འཛིན། །སྙིང་རྗེ་ཆེ་དང་ལྡན་པ་སྟེ། །འཇིག་རྟེན་གསུམ་ན་མཆོད་གནས་ཡིན། །དེ་སྐད་ཅེས་སྨྲས་ནས་དགྲ་བཅོམ་པ་དེ་དང། དགེ་སློང་དེ་རྣམས་དང། རྔོན་པའི་མི་དེ་གཉིས་ཀྱིས་ཤ་དེ་དག་ བསྲེགས་ནས་སྐུ་གདུང་གི་མཆོད་རྟེན་བྱས་ཏེ་མཆོད་པ་ཆེན་པོ་བྱས་ནས་དོང་ངོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དོམ་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ ང་ཉིད་ཡིན་ནོ། །དེའི་ཚེ་མིར་གྱུར་པ་གང་ཡིན་པ་དེ་ནི། ལྷས་བྱིན་འདི་ཉིད་ཡིན་ཏེ། འདི་ནི། དེའི་ཚེའང་བྱས་པ་མི་ཤེས་པ་དང། བྱས་པ་མི་གཟོ་བ་དང། བྱས་པ་ཆུད་གཟོན་པར་གྱུར་ཏོ།།།།དོམ་གཅིག་ནི་ གླེང་གཞི་དེ་ཉིད་དང་འདྲ་བ་ལས། བཅོམ་ལྡན་འདས་ལ་དགེ་སློང་དག་གིས་གསོལ་པ། བཙུན་པ། ལྷས་བྱིན་ནི། བྱས་པ་མི་ཤེས་པ་དང་བྱས་པ་མི་གཟོ་བ་དང། བྱས་པ་ཆུ་དག་གཟོན་པ་ལགས་སོ།། [159A]༄༅། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་འདི་ཇི་ལྟར་བྱས་པ་མི་ཤེས་པ་དང་བྱས་པ་མི་གཟོ་བ་དང། བྱས་པ་ ཆུད་གཟོན་པར་གྱུར་བ་དེ་ཉོན་ཅིག་དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན་རི་ཁྲོད་ཀྱི་གྲོང་ཞིག་ན་མི་དབུལ་པོ་ཞིག་གནས་པ་དེ། རྩྭ་དང་ཤིང་དག་འཚོང་ཞིང་འཚོ་བར་བྱེད་པ་ལས། དེ་ཕྱི་ཞིག་ ན་ནགས་ཀྱི་ནང་དུ་ཤིང་རྔར་སོང་བ་དང། སེངྒེས་གཙེས་ནས་དེ་འཇིགས་ཤིང་སྐྲག་སྟེ་ཤིང་ལ་འཛེགས་པ་དང། དོམ་ཞིག་ཀྱང་སེངྒེ་དེས་འཇིགས་ནས་སྔར་ཤིང་དེ་ལ་འཛེགས་ཏེ་འདུག་གོ་དེ་ ནས་མི་དེས་དེ་མཐོང་ནས་འཇིགས་པ་ཆེན་པོ་སྐྱེས་ཏེ། བདག་ནི་སེངྒེའི་འཇིགས་པ་ལས་ཐར་ཀྱང་འདིས་བདག་སྡུག་བསྔལ་བར་བྱེད་པར་འགྱུར་རོ་སྙམ་མོ། །དོམ་དེའང་བསྐལ་པ་བཟང་པོའི་བྱང་ ཆུབ་སེམས་དཔའ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི། ལུས་ཀྱིས་ལོག་པར་ལྷུང་དུ་ཟིན་ཀྱང་སེམས་ཀྱིས་ལོག་པར་ལྷུང་བར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔས་དེ་མཐོང་ནས་མི་འདི་ནི་ འཇིགས་ཤིང་སྐྲག་པར་གྱུར་ཏོ་སྙམ་དུ་རིག་ནས་དེ་ཉིད་ལ་སྙིང་བརྩེ་བའི་ཕྱིར་མི་སྐད་དུ་སྨྲས་ཏེ་བསྒོ་བ། གྲོགས་པོ། མ་འཇིགས་ཤིག་ཁྱོད་ང་ལ་འཇིགས་མི་དགོས་སོ། །ཞེས་སྨྲས་ནས་བྱང་ ཆུབ་སེམས་དཔས་ལག་པ་བརྐྱང་སྟེ་མི་དེའང་དྲངས་ནས་རང་གི་ལུས་ཀྱིས་བསྐྱབས་ཏེ་བཞག་ནས་བྱང་ཆུབ་སེམས་དཔའ་དེས་དེ་ལ་སྨྲས་པ། ཁྱོད་ཤེས་པར་གྱིས་ཤིག། སེངྒེ་འདི་ནི། བདག་ཅག་ [159B] རྒོལ་བ་དང་དགྲ་ཡིན་གྱི། ཁྱོད་ཀྱིས་ཀྱང་ང་ཉལ་བའི་ཚེ་སྲུངས་ཤིག་ངས་ཀྱང་ཁྱོད་ཉལ་བའི་ཚེ་བསྲུང་བར་བྱའོ། །དེ་ལྟར་བདག་ཅག་གཉིས་གཅིག་གིས་གཅིག་སྲུང་དང། བདེ་བ་ལ་རེག་ པར་གནས་པར་འགྱུར་རོ། །དེ་ནས་མི་དེས་ཀྱང་དེ་ལྟར་བྱའོ། །ཞེས་སྨྲས་ནས་མི་དེ་བྱང་ཆུབ་སེམས་དཔའི་པང་དུ་སྔས་བཅས་ཏེ་ཉལ་ལོ། །དེ་ནས་དེ་ཉལ་བ་ན་རི་དྭགས་ཀྱི་རྒྱལ་པོ་སེངྒེས་བྱང་ཆུབ་སེམས་ དཔའ་ལ་སྨྲས་པ། མི་རྣམས་ནི། བྱས་པ་མི་གཟོ་བ་ཡིན་གྱི། མི་འོ་ནི་འོར་ཅིག་དང། ངས་འོ་ནི་ཟོས་ནས་འགྲོའོ། །ང་སོང་ནས་ཁྱོད་ཀྱང་གར་དགའ་བར་འགྲོར་ཡོད་དོ། །བྱང་ཆུབ་སེམས་དཔས་སྨྲས་ པ༑ བདག་ནི། སྐྱབས་སུ་འོངས་པ་གཏོང་མི་ཕོད་དེ། བདག་ནི། རང་གི་སྲོག་འདོར་ནུས་ཀྱི་སྐྱབས་སུ་འོངས་པ་ནི། འདོར་མི་ནུས་སོ། །དེ་ནས་དེའི་སྐབས་སུ་མི་དེ་སད་ནས་བྱང་ཆུབ་སེམས་དཔས་ སྨྲས་པ༑ ཀྱེ། མི་ཁྱོད་ཉལ་བ་ན་ངས་བསྲུངས་ཀྱི། ཁྱོད་ཀྱིས་ཀྱང་ང་ཉལ་བ་ན་སྲུངས་ཤིག་ཅེས་བྱས་ནས་བྱང་ཆུབ་སེམས་དཔས་མི་དེའི་བང་དུ་སྔས་བཅས་ཏེ་ཉལ་ལོ། །བྱང་ཆུབ་སེམས་དཔའ་ཉལ་ བ་ན་མི་དེ་ལ་སེངྒེས་སྨྲས་པ། ཀྱེ། མི་ཁྱོད་ཀྱིས་དོམ་འོ་ནི་འོར་ཅིག་དང། ངས་འོ་ནི་ཟོས་ནས་འགྲོའོ། །ང་སོང་ནས་ཁྱོད་ཀྱང་གར་དགའ་བར་འགྲོར་ཡོད་དོ། །དེ་ལྟར་མ་བྱས་ན། གསོང་བའི་འོག་ཏུ་ འོ་ནིས་ཁྱོད་གསོད་པར་འོང་ངོ། །དེ་ནས་མི་དེས་བསམ་པ། སེངྒེ་འདི་ཟེར་བ་ནི། བདེན་ནོ་སྙམ་ནས་འཇིག་རྟེན་ཕ་རོལ་བཏང་བ་སྙིང་ལ་སྙིང་རྗེ་མེད་པ་དེས་དོམ་དེ་ཤིང་དེ་ལས་ཕུལ་ནས་དེ་ཤིང་ [160A]༄༅། །ལས་ལྷུང་བཞིན་དུ་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་ཏུད་འཇིག་རྟེན་འདི་དག་ན། །ཆོས་མིན་འདིས་ནི་ཤིན་ཏུ་འཇིགས། །སྡིག་ཏོའི་མི་རྣམས་ནང་དག་ན། །བསེན་ ལ་གནོད་པ་བྱེད་པའང་ཡོད། །དེ་ནས་དེ་ལྷུང་མ་ཐག་ཏུ་རི་དྭགས་ཀྱི་རྒྱལ་པོ་སེངྒེས་བསད་དེ། དེས་དེ་ཟོས་ནས་ཕྱོགས་དེ་ནས་སོང་ངོ། །དེ་ནས་མི་དེས་ཚིགས་སུ་བཅད་པ་དེ་ཐོས་ནས་འགྱོད་ པ་ཆེན་པོ་སྐྱེས་ཏེ། བདག་ཅི་དང་ཅི་བྱེད་བྱེད། བདག་ཉལ་བའི་ཚེ་དེས་ལེགས་པར་རིམ་གྲོ་བྱས་ཏེ་སྲོག་བསྐྱབས་ན། བདག་གིས་དེ་ལ་ཆུ་གང་བོར་གྱིས་མེད་དོ། །ཞེས་ཟེར་ཏེ་སྨྱོ་བླ་ཞིང་ཕན་ ཚུན་འཁྱམས་ཏེ། ཀྱེ་ཧུད་འཇིག་རྟེན་འདི་དག་ན། །ཆོས་མིན་འདིས་ནི་ཤིན་ཏུ་འཇིགས། །སྡིག་ཏོའི་མི་རྣམས་ནང་དག་ན། །བསེན་ལ་གནོད་པར་བྱེད་པའང་ཡོད། །ཅེས་ཟེར་རོ། །དེ་ནས་མི་ དེའི་ཕུ་ནུ་རྣམས་ཀྱིས་སྨན་པ་ལ་བསྟན་ཏེ། འདི་ཇི་ལྟར་གྱུར་ཅེས་བྱས་ནས་སྨན་པ་ན་རེ། འདི་ནི། འབྱུང་པོས་སེམས་འཁྲུགས་པར་བྱས་པ་མ་ཡིན་ཏེ། འདི་ནི། བདག་གིས་གསོ་མི་ནུས་སོ་ ཞེས་ཟེར་རོ། །དེ་ནས་རི་ཁྲོད་ཀྱི་གྲོང་དེ་དང། ཐག་རིང་བ་དབེན་ས་ཞིག་ན་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་ཏེ། མི་དེའི་ཕུ་ནུ་བོ་རྣམས་ཀྱིས་དྲང་ སྲོང་དེའི་ཐད་དུ་ཁྲིད་དེ་བསྟན་ནས་འདི་ཅི་ཞིག་གི་མཐུས་སྨྱོས་པར་གྱུར་ཅེས་བྱས་པ་དང། དྲང་སྲོང་དེས་དེའི་ཕུ་ནུ་བོ་རྣམས་ལ་གཏམ་དེ་རྒྱས་པར་བསྙད་དེ། ཆུ་གང་བོར་བ་དེས་ན་འདི་སྨྱོས་པར་གྱུར་ [160B] ༑ཞེས་བྱས་ནས་དྲང་སྲོང་དེས་ཅི་ནས་མི་དེའི་སེམས་ཀྱི་རང་བཞིན་ཐ་མལ་བར་འགྱུར་བ་དེ་ལྟ་བུའི་ཆོས་མི་དེ་ལ་བསྟན་ཏེ། དེའི་ཚེ་དྲང་སྲོང་དེས་མི་དེ་ལ་སྨྲས་པ། ཀྱེ། མི་ཁྱོད་ཀྱིས་ཆུ་གང་བོར་ཏེ་སེམས་ ཅན་དེ་ལྟ་བུ་ལ་དེ་ལྟ་བུས་བྱས་པ་ནི། མ་ལེགས་པ་བྱས་སོ། །ཞེས་སྨྲས་ནས་དྲང་སྲོང་དེས་མི་དེ་ལ་རྒྱ་གང་ཚིགས་སུ་བཅད་དེ་སྨྲས་པ། འདུག་པ་དང་ནི་ཉལ་བ་དང། འགྲེང་བ་དང་ནི་འགྲོ་ཡང་རུང། ། གནས་སྐབས་གང་དུ་བབ་པ་ན། །བསེན་འཁུས་བདེ་བ་ཐོབ་མི་འགྱུར་།དེ་ནི་རྦབ་ཏུ་ལྷུང་བཞིན་དུ། །སྙིང་རྗེ་བ་ཡི་ཚིག་སྨྲས་པ་།དེས་ན་བློ་ངན་ཁྱོད་བསྲེགས་ཏེ། །ཁ་ན་ད་པ་ཡི་ཚལ་བཞིན་འབར། །བདེ་ མིན་སྡུག་བསྔལ་རེག་པ་ཡི། །རབ་འཇིགས་ལས་ནི་བྱས་པས་ན། །དེ་ཕྱིར་འཇིག་རྟེན་ཕ་རོལ་ཏུ། །ན་ཚ་ཁྱོད་ཀྱིས་མྱོང་བར་འགྱུར་།ཁྱོད་ནི་དུ་འབོད་རབ་འཇིགས་པར། །ཀྱི་ཧུད་ཟེར་ཞིང་ཆོ་ངེས་ འདེབས། །དེ་ཚེ་སྡུག་བསྔལ་ཆེན་པོ་ནི། །ངན་པ་ཐམས་ཅད་མྱོང་བར་འགྱུར། །སྡིག་པའི་ལས་ནི་མི་བཟད་པ། །ཁྱོད་ལ་དེ་ཡིས་ཅི་ཞིག་བྱས། །སྡིག་ཏོའི་མི་རྣམས་ནང་དག་ན། །བསེན་ལ་གནོད་པ་ བྱེད་པའང་ཡོད། །ཆོས་དང་མི་མཐུན་འཇིགས་པ་ཡི། །སྡིག་ལ་ཁྱོད་ཀྱིས་སེམས་གནས་ཏེ། །ཁྱོད་ཀྱིས་སྡིག་པ་ཅི་བྱས་པ། །དོམ་དང་སེངྒེ་དྲན་པར་གྱིས། །བློ་ངན་ཁྱོད་ནི་བསེན་རྣམས་ལ། །ཇི་ལྟར་ བྱ་བ་མི་ཤེས་ཏེ། །གསོད་པ་གསོད་དང་ཕྲད་པར་འགྱུར། །འཁོན་པ་འཁོན་དང་ཕྲད་པར་འགྱུར། །འཇིགས་ཆེན་སེངྒེས་ཕྲད་པ་ན་།རིང་དུ་ཁྱོད་ཀྱི་རིམ་གྲོ་བྱས། །ཁྱོད་ནི་རབ་ཏུ་ལྷུང་ལས་བསྲུངས། །དེ་ནི་ [161A]༄༅། །ཁྱོད་ཀྱིས་ཡོང་མ་བསྲུངས། །བསེན་འཁུ་འཆིང་བའི་མཆོག་ཡིན་ཞེས། །ཆོས་སྨྲ་རྣམས་ནི་དེ་སྐད་སྟོན། །བློ་རུལ་ཁྱོད་ནི་ཤི་བ་ན། །དམྱལ་བ་རྣམས་སུ་སྐྱེ་བར་ འགྱུར༑ ༑ཚིགས་སུ་བཅད་པ་འདི་རྣམས་ཀྱི་སྡོམ་ནི། ཀྱི་འདུག་དེ་བདེ་ཁྱོད་སྡིག་ཆོས་བློ་འཇིགས་བསེན། དེ་ནས་མི་དེས་དྲང་སྲོང་གི་རྒྱ་གང་དེས་ཐོས་ནས་སྐྱོ་བ་སྐྱེས་ཏེ། དེ་དྲང་སྲོང་དེ་ ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་ངོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དོམ་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་མིར་གྱུར་པ་ གང་ཡིན་པ་དེ་ནི། ལྷས་བྱིན་འདི་ཉིད་ཡིན་ཏེ། དེའི་ཚེའང་འདི་བྱས་པ་མི་ཤེས་པ་དང། བྱས་པ་མི་གཟོ་བ་དང། བྱས་པ་ཆུད་གཟོན་པར་གྱུར་ཏེ།། །།སྒུར་ཆུང་ཞེས་བྱ་བ་ནི་ གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་དབུལ་པོ། །འཚོ་བ་ཕོངས་པ། སློང་མོའི་ཟས་ཀྱིས་འཚོ་བ་ཞིག་གནས་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ ཆགས་ནས་དེ་མའི་ལྟོར་ཞུགས་ཕྱིན་ཆད་བྲམ་ཟེ་དེ་ལྷག་པར་ཡང་སློང་མོའང་ཆེར་མི་རྙེད་པར་གྱུར་ཏོ། །དེ་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་མདོག་ངན་པ་དང་བྱད་ངན་པོ་རིད་ཅིང་ སྦེག་ལ་སྒུར་བ་ཞིག་བཙས་ཏེ། དེའི་བཙས་སྟོན་ཅི་འབྱོར་ཙམ་ཞིག་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་ཆུང་ལ་སྒུར་པས་ན། དེའི་ཕྱིར་ [161B] །དེ་ནས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་ཏེ། དེ་ནས་ཕྱི་ཞིག་ན་སེམས་ཅན་དེའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ མའི་ནུ་ཞོ་བསྐམས་སོ། །དེ་ནས་དེའི་མས་དེ་བ་དང་མ་ཧེའི་འོ་མས་གསོས་པ་དང་དེའང་ལེགས་པར་མི་འབྱོར་ཏེ། །སྲིད་པ་ཐ་མ་པའི་སེམས་ཅན་བར་མ་དོར་འཆི་བ་ནི། གནས་མེད་ཅིང་སྐབས་མེད་ དེ༑ དེའི་བ་དང་མ་ཧེའི་འོ་མ་རེས་འགའ་ནི། འབྱོར། རེས་འགའ་ནི་མི་འབྱོར་ནས་དེ་ངན་ངོན་ཞིག་གསོས་ཏེ་ཆེར་སྐྱེས་པ་དང་ཕས་དེ་ལ་སྨྲས་པ། བུ། བདག་ཅག་ནི། སློང་མོས་འཚོ་བ་ཁོ་ནར་ ཟད་དེ༑ ཞིང་རྨོ་བའང་མེད། ཚོང་བྱ་བའང་མེད་ཀྱི། སློང་མོ་ལ་སོང་ལ་སློང་མོའི་ཟས་ཀྱིས་འཚོ་བར་གྱིས་ཤིག་ཅེས་བྱས་སོ་།དེ་ནས་བཀའ་བཞིན་འཚལ་ཞེས་བྱས་ནས་ཁྱེའུ་དེ་སློང་མོ་ལ་ཞུགས་ ནས་དེས་ཡུན་རིང་དུ་བསྐོར་ཀྱང་སྲོག་ཟུངས་ཅུང་ཟད་ཙམ་ལས་མི་རྙེད་དོ། །དེ་ནས་ཕྱི་ཞིག་ན་ཁྱེའུ་དེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དེ་དགེ་སློང་ཞིག་གི་ཐད་དུ་སོང་ནས་སྨྲས་པ། བཙུན་པ་ བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ ལོ༑ ༑དགེ་སློང་གིས་སྨྲས་པ། ཁྱོད་ཀྱི་ཕ་མ་གསོན་ནམ། དེས་སྨྲས་པ། གསོན་ནོ། །དགེ་སློང་གིས་སྨྲས་པ། ཁྱོད་ཀྱི་ཕ་མ་ལ་བཟླུགས་སམ། བཙུན་པ། མ་བཟླུགས་སོ། །དགེ་སློང་གིས་སྨྲས་པ། བུ་ [162A]༄༅། །སངས་རྒྱས་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་ནི། ཕ་མས་མ་གནང་བར་རབ་ཏུ་འབྱིན་པ་མི་མཛད་ཀྱི། སོང་ལ་ཕ་མ་གཉིས་ལ་བཟླུགས་ལ་ཕྱིར་ཤོག་ ཅིག་དང། དེའི་འོག་ཏུ་ཁྱོད་ཀྱི་སླ་བར་འགྱུར་རོ། །དེ་ནས་ཁྱེའུ་སྒུར་ཆུང་གིས་དགེ་སློང་དེའི་ཚིག་མཉན་ནས་ཕ་མའི་ཐད་དུ་སོང་སྟེ་སྨྲས་པ། ཡབ་ཡུམ། བདག་བཅོམ་ལྡན་འདས་ཀྱི་བསྟན་ པ་ལ་རབ་ཏུ་འབྱུང་བར་གནང་བར་མཛད་དུ་གསོལ། དེ་ནས་ཕ་མ་གཉིས་ཀྱིས་བསམ་པ། ད་ལྟ་འྡིའང་མཆོག་ཏུ་སྡུག་བསྔལ་ལ། བདག་ཅག་གཉིས་ཀྱང་སྡུག་བསྔལ་ཏེ། འདི་ ཙམ་ཞིག་ཀྱང་བདེ་བར་གྱུར་ན་ལེགས་ཀྱི། རབ་ཏུ་བྱུང་ཡང་སླའམ། འོན་ཀྱང་ཚེ་འདི་དང་ཚེ་ཕྱི་མ་ལའང་བདེ་བ་འཐོབ་པར་འགྱུར་རོ་སྙམ་ནས་སྨྲས་པ། བུ། གནང་གི། གལ་ཏེ་ཁྱོད་ཀྱིས་ ཁྱད་པར་འགའ་ཞིག་ཐོབ་པར་གྱུར་ན། ངེད་གཉིས་ལའང་སྟོན་ཅིག་།དེ་ནས་བཀའ་བཞིན་འཚལ་ཞེས་བྱས་ཏེ་ཁྱེའུ་སྒུར་ཆུང་ཕ་མས་གནང་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ་དགེ་ སློང་དེའི་ཐད་དུ་ཕྱིན་ནས་སྨྲས་པ། བཙུན་པ། བདག་གིས་ཕ་མ་གཉིས་ལ་བཟླུགས་ནས་བདག་ཕ་མ་གཉིས་ཀྱིས་གནང་ལགས་ན། བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་ འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ་ཞེས་བྱས་སོ། ། [162B] གཞན་ལ་ཕན་འདོགས་པ་ལ་ཞུགས་པ་ཡིན་ཏེ། དགེ་སློང་དེས་དེ་རབ་ཏུ་ཕྱུང་ནས་བསྙེན་པར་གྱི་གྲལ་དུ་ཟན་ཟ་ན་ནི། དེ་ལ་འབྲིམ་པའི་ཚེ་དེའི་སྔོན་གྱི་ དུ་ཁ་ཟས་ཀྱིས་བཤུགས་ནས་སྨྲས་པ། པུ་རི་དྭགས་ཀྱིས་རི་དྭགས་མི་སོས་ཀྱི། ཁྱོད་ཀྱིས་ཕས་ཕོག་པའི་ཡུལ་རང་གི་སྤྱོད་ཡུལ་བསོད་སྙོམས་ལ་སོང་ཞིག་ཅེས་བསྒོའོ། །དེ་ནས་དེས་མཁན་པོའི་ ཚིག་མཉན་ཏེ་རེས་འགའ་ནི། བསོད་སྙོམས་ལ་འགྲོའོ། །རེས་འགའ་ནི་དགེ་འདུན་གྱི་གྲལ་དུ་ཟན་ཟ་བར་བྱེད་དེ། གལ་ཏེ་དགེ་འདུན་གྱི་གྲལ་དུ་ཟན་ཟ་ན་ནི། དེ་ལ་འབྲིམ་པའི་ཚེ་དེའི་སྔོན་གྱི་ ལས་ཀྱི་རྣམ་པར་སྨིན་པས་ཟས་གང་འབྲིམ་པ་དེའི་ཐད་དུ་ཕྱིན་པ་དང་ཟས་དང། སྐོམ་ཟད་པར་འགྱུར་རོ། །ཡང་ན་དེ་དག་ལ་གློ་བུར་གྱི་རྐྱེན་འབྱུང་བར་འགྱུར་རོ། །དེ་ནས་དེ་དག་ཕྱིར་འོངས་ནའང་དེ་ ལས་ཐལ་ནས་འོག་མ་ལ་བྱིན་ཏེ་འབྲིམ་པར་བྱེད་པས། དེ་དེ་ན་འདུག་ཀྱང་ཁ་ཅིག་ནི། འཐོབ། ཁ་ཅིག་ནི། མི་འཐོབ་བོ། །དེ་ནས་དགེ་སློང་རྣམས་ཀྱིས་ཚོར་ནས་བཅོམ་ལྡན་འདས་ལ་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་སློང་འོག་ན་འདུག་པའི་ནན་ཏན་དུ་བྱ་བའི་ཆོས་བཅའ་བར་བྱས་ཏེ། འོག་ན་འདུག་པའི་དགེ་སློང་གིས་ཇི་སྲིད་དུ་གོང་ན་འདུག་པས་མ་བླངས་ ཀྱི་བར་དུ་བཟའ་བ་དང། བཅའ་བ་བླང་བར་མི་བྱའོ། །ཡང་ན་ཐབས་ཅི་ཞིག་ལྟར་ཐལ་ཏེ་བླངས་པར་གྱུར་ནའང་དེས་མ་ཐོབ་ཀྱི་བར་དུ་སྒྲུབ་པ་མི་གཏང་བར་བྱའོ། །དེ་སྟེ་སྦྱིན་དུ་གཞུག་མ་ནུས་ན་ [163A]༄༅། །བདག་གི་ཟས་ལས་དེ་ལ་ཕྱེད་སྦྱིན་པར་བྱའོ། །ཕྱེད་ནི་བདག་གིས་བཟའ་བར་བྱ་སྟེ། དེ་ལྟར་བྱིན་ན་ནི། ལེགས། མ་བྱིན་ན་ཉེས་བ་དང་བཅས་པར་འགྱུར་རོ། །གལ་ ཏེ་བསོད་སྙོམས་ལ་འགྲོ་ན་ནི། དེས་བསོད་སྙོམས་བཀའ་འཁོར་དུ་རྙེད་པར་འགྱུར་རོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་སྒུར་ཆུང་གིས་བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་ཕྱག་དར་བྱས་ནས་དེས་ དེའི་ཉིན་པར་བཟའ་བ་དང། བཅའ་བ་བཟང་པོ་རྙེད་དོ། །དེ་བཞིན་དུ་ཞག་གཉིས་དང་ཞག་གསུམ་གྱི་བར་དུའང་བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་ཕྱག་དར་བྱས་ན་ཡང་དེའི་ཉིན་པར་བཟའ་ བ་དང། བཅའ་བ་བཟང་པོ་རྙེད་ནས་དེའི་ལུས་མཐུ་དང་ལྡན་པ་དང། ལས་སུ་རུང་བ་དང། སྤོང་ནུས་པར་གྱུར་ཏེ། དེས་བརྩོན་བ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་ སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུ་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་ པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་བ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེས་དགྲ་བཅོམ་པ་ཉིད་ཐོབ་ཀྱང་དེའི་སྔོན་གྱི་ [163B]གིས་བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་ཕྱག་དར་བྱས་སོ། །དེ་ནས་དེ་ཕྱགས་མ་ཐོགས་ཏེ་སོང་ནས་བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་ཕྱག་ དར་བྱའོ་སྙམ་པ་དང། དེས་དགེ་སློང་གཞན་ཞིག་གིས་ཕྱག་དར་བྱས་པར་མཐོང་ནས་དེའི་བློ་སྐྱེས་པ། གལ་ཏེ་ན་དེང་བདག་སྨྱུང་བར་འོང་སྲིད་དོ་སྙམ་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གྱོན་ ཏེ་ལྷུང་བཟད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་ངོ་།དེ་དེར་སོང་བ་ལས་ཅིའང་མ་རྙེད་དོ། །དེ་དེའི་ཉིན་པར་སྨྱུང་བར་འདུག་གོ་དེ་ནས་ཕྱི་དེ་ཉིན་པར་ཡང་དགེ་སློང་གཞན་ཞིག་ གིས་བཅོམ་ལྡན་འདས་ཀྱིས་དྲི་གཙང་ཁང་ཕྱག་དར་བྱས་སོ། །དེ་ནས་ཚེ་དང་ལྡན་པ་སྒུར་ཆུང་ཕྱག་མ་ཐོགས་ཏེ་སོང་ནས་བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་ཕྱག་དར་བྱའོ་སྙམ་པ་དང། དགེ་ སློང་གཞན་ཞིག་གིས་ཕྱག་དར་བྱས་པར་དེས་མཐོང་ནས་དེའི་བློ་སྐྱེས་པ། བདག་དེང་དུ་ལན་གཉིས་སྨྱུང་བར་འོང་སྲིད་དོ་སྙམ་ནས་རང་གི་གནས་ཁང་དུ་སོང་ངོ། །དེ་ནས་དེ་དེ་ན་འདུག་པ་ལས་ ཁྱིམ་བདག་ཅིག་གིས་བཅོམ་ལྡན་འདས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁྱིམ་དུ་བཤོས་ལ་སྤྱན་དྲངས་སོ། །ཞེས་ཐོས་ནས་དེའི་བློ་སྐྱེས་པ། བདག་དེའང་བསོད་སྙོམས་ལ་འགྲོ་ཅི་དགོས་ཀྱི་ ཁྱིམ་གང་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་བ་དེ་ཁོ་ནར་སོང་ལ་ཟན་བཟའོ་སྙམ་ནས་གནས་ཁང་དུ་ཞུགས་ཏེ་སྐྱིལ་མོ་ཀྲུང་བཅས་ནས་བསམ་གཏན་ལྷུར་བྱེད་ཅིང་ [164A]༄༅། །འདུག་གོ་དེ་ནས་ཁྱིམ་བདག་དེ་ལ་དོན་ཆེད་ཆེན་པོ་ཞིག་བྱུང་ནས་དེས་སྔ་རབ་ཏུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་ལ་བསྐུལ་ནས་དེས་ བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས་སོང་ངོ། །བཅོམ་ལྡན་འདས་ནི། ཁྱིམ་དེའི་མི་རྣམས་ལ་ཆོས་ཀྱི་གཏམ་མཛད་ནས་གཙུག་ལག་ཁང་དུ་ཆས་ཏེ་གཤེགས་ སོ༑ ༑དེ་ནས་ཚེ་དང་ལྡན་པ་སྒུར་ཆུང་གིས་དྲོ་ལ་བབ་པར་ཤེས་ནས་ལངས་ཏེ་ཆོས་གོས་བགོས་ནས་ལྷུང་བཟད་ཐོགས་ཏེ་སོང་བ་ལས་བཅོམ་ལྡན་འདས་ནི། ལམ་ལོགས་ཤིག་ནས་རྒྱལ་བུ་ རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་སོ། །དེ་ནི། ལམ་ལོགས་ཤིག་ནས་ཁྱིམ་བདག་གི་ཁྱིམ་དེར་སོང་ངོ། །དེ་ནས་དེ་དེར་སོང་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་ ཏེ་གཤེགས་པར་ཤེས་སོ། །དེ་ནས་དེ་དེའི་ཉིན་པར་དུ་ལན་གཉིས་སུ་སྨྱུང་བར་གྱུར་ཏོ། །དེའི་ཕྱི་དེ་ཉིན་པར་ཡང་དགེ་སློང་གཞན་ཞིག་གིས་བཅོམ་ལྡན་འདས་ཀྱིས་དྲི་གཙང་ཁང་ཕྱག་དར་བྱས་ སོ༑ ༑དེ་ནས་ཚེ་དང་ལྡན་པ་སྒུར་ཆུང་ཕྱགས་མ་ཐོགས་ཏེ་སོང་ནས་བཅོམ་ལྡན་འདས་ཀྱི་དྲི་གཙང་ཁང་ཕྱག་དར་བྱའོ་སྙམ་པ་དང། དེས་དགེ་སློང་གཞན་ཞིག་གིས་ཕྱགས་པར་མཐོང་ངོ། །མཐོང་ ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། བདག་དེང་དུ་ལན་གསུམ་སྨྱུང་བར་འོང་སྲིད་དོ་སྙམ་ནས་གནས་ཁང་དུ་སོང་ངོ། །དེ་དེར་སོང་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཚེ་དང་ལྡན་པ་སྒུར་ཆུང་ [164B] །ཐོས་ནས་ཀྱང་དེས་དེའི་དོན་དུ་སྦྱིན་བདག་ཅིག་ལ་བསྐུལ་ནས་ཚེ་དང་ལྡན་པ་སྒུར་ཆུང་གི་ཐད་དུ་སོང་སྟེ་སྨྲས་པ། ཚེ་དང་ལྡན་པ་སྒུར་ཆུང་ཁྱོད་དེང་ཁྱིམ་ བདག་ཆེ་གེ་མོ་ཞིག་གི་ཁྱིམ་དུ་སོང་ལ་ཟན་ཟོ་ཞིག་ཅེས་བྱས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཉིད་ནི། ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་ངོ། །ཚེ་དང་ ལྡན་པ་སྒུར་ཆུང་ཡང་ཐག་གི་ཟད་ཙམ་གྱི་བར་དུ་སྡོང་སྡོད་ནས་སྔ་དྲོ་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་ཁྱིམ་བདག་དེའི་ཁྱིམ་དུ་སོང་ན། དེའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ཁྱིམ་ བདག་དེ་ལ་དོན་ཆེད་ཆེན་པོ་ཞིག་བྱུང་ནས་དེས་བརྗེད་དེ་ཁྱིམ་མི་སུ་ལའང་མ་བྱས་པར་གྲོང་གཞན་ཞིག་ཏུ་སོང་ངོ། །དེ་ནས་ཚེ་དང་ལྡན་པ་སྒུར་ཆུང་གིས་དེར་སོང་ཡང་མ་རྙེད་ནས་དེའི་ཉིན་ བར་དུ་ལན་གསུམ་སྨྱུང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དེའི་ཉིན་བར་དུ་ཚེ་དང་ལྡན་པ་སྒུར་ཆུང་ལན་གསུམ་དུ་སྨྱུང་བར་གྱུར་ཏོ། །ཞེས་ཐོས་ནས་དེས་བསམ་པ། བདག་ ཉིད་ཀྱིས་བསོད་སྙོམས་བླངས་ལ་འདི་ལ་བསྟབ་པར་བྱའོ་སྙམ་ནས་ཚེ་དང་ལྡན་པ་སྒུར་ཆུང་ག་ལ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་སྒུར་ཆུང་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་སྒུར་ཆུང་ ཁྱོད་སྙིང་མཆུང་ཞིག་དང། བདག་གིས་ནང་པར་དེ་ལ་ཁ་ཟས་བསྟབ་པོ། །ཞེས་སྨྲས་ནས་དེ་གནས་ཁང་དུ་སོང་ངོ། །དེ་ནས་དེ་ཕྱི་དེ་ཉིན་པར་ལྷུང་བཟེད་གཉིས་ཐོགས་ཏེ་མཉན་དུ་ཡོད་པར་སོང་ནས་ [165A]༄༅། །དེས་བསོད་སྙོམས་ལྷུང་བཟེད་དོ་བསླངས་ཏེ་གཅིག་ནི། བདག་ཉིད་ཀྱིས་ཟོས་སོ། །གཅིག་ནི། དེའི་དོན་དུ་ཁྱེར་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཆས་ཏེ་སོང་བ་ལས་ དེའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ལམ་དུ་ལས་ལས་སྐྱེས་པའི་ཁྱི་དག་བྱུང་སྟེ་དེ་དག་གིས་ཁ་ཟས་དེ་འཕྲོག་ནས་ཟོས་སོ་།དེ་ནས་དེས་བསམ་པ། ད་བདག་ཕྱིར་མཉན་དུ་ཡོད་པར་ སོང་ན་ནི། དྲོ་ཡོལ་བར་འགྱུར་རོ་སྙམ་སྟེ་གཙུག་ལག་ཁང་དུ་སོང་ནས་ཚེ་དང་ལྡན་པ་སྒུར་ཆུང་དེའི་ཉིན་པར་དུ་ལན་བཞི་སྨྱུང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུས་ཚེ་དང་ ལྡན་པ་སྒུར་ཆུང་ལན་བཞི་སྨྱུང་བར་གྱུར་ཏོ། །ཞེས་ཐོས་ནས་དེས་བསམ་པ། བདག་གིས་ནང་བར་དེ་ལ་ཁ་ཟས་བསྟབ་པར་བྱའོ་སྙམ་ནས་གནས་ཁང་དུ་སོང་ངོ། །དེ་ནས་དེ་ཕྱི་དེ་ཉིན་ པར་ལྷུང་བཟེད་གཉིས་ཐོགས་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་ནས་དེས་བསོད་སྙོམས་ལྷུང་བཟེད་དོ་བསླངས་ཏེ་གཅིག་ནི། བདག་ཉིད་ཀྱིས་ཟོས་སོ། །གཅིག་ནི། དེའི་དོན་དུ་ ཁྱེར་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཆས་ཏེ་སོང་བ་ལས་དེའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ལམ་དུ་ལས་ལས་སྐྱེས་པའི་བྱ་རོག་དག་བྱུང་ནས་དེ་དག་གིས་ཁ་ཟས་དེ་འཕྲོག་ནས་ཟོས་ སོ༑ ༑དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུས་བསམ་པ། ད་བདག་མཉན་དུ་ཡོད་པར་སོང་ན་ནི། དྲོ་ཡོལ་བར་འགྱུར་རོ་སྙམ་སྟེ་གཙུག་ལག་ཁང་དུ་སོང་ནས་ཚེ་དང་ལྡན་པ་སྒུར་ཆུང་དེའི་ཉིན་ [165B] །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་སྒུར་ཆུང་ལན་ལྔ་སྨྱུང་བར་གྱུར་ཏོ། །ཞེས་ཐོས་ནས་དེས་བསམ་པ། བདག་གིས་སང་ནང་པར་དེ་ལ་ཁ་ཟས་བསྟབ་ པར་བྱའོ་སྙམ་ནས་ཚེ་དང་ལྡན་པ་སྒུར་ཆུང་གི་ཐད་དུ་སོང་སྟེ་སྨྲས་པ། ཚེ་དང་ལྡན་པ་སྒུར་ཆུང། ཁྱོད་སྙིང་མ་ཆུང་ཞིག་དང། བདག་གིས་སང་ནང་པར་ཁྱོད་ལ་ཁ་ཟས་བསྟབ་བོ་།ཞེས་སྨྲས་ནས་ དེ་གནས་ཁང་དུ་སོང་ངོ། །དེ་ནས་དེ་ཕྱི་དེ་ཉིན་པར་ལྷུང་བཟེད་གཉིས་ཐོགས་ཏེ་མཉན་དུ་ཡོད་པར་སོང་ནས་དེས་བསོད་སྙོམས་ལྷུང་བཟེད་དོ་བསླངས་ཏེ་གཅིག་ནི། བདག་ཉིད་ཀྱིས་ཟོས་སོ། ། གཅིག་ནི། དེའི་དོན་དུ་ཁྱེར་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚིལ་དུ་ཆས་ཏེ་སོང་བ་ལས། དེའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་དེ་འགྲོ་བ་ན་མི་མ་ཡིན་པ་རྣམས་ཀྱིས་ཁ་ཟས་དེ་མི་སྣང་བར་བྱས་སོ།། དེ་ནས་དེས་བསམ་པ། ད་བདག་ཕྱིར་མཉན་དུ་ཡོད་པར་སོང་ན་ནི་དྲོ་ཡོལ་བར་འགྱུར་རོ་སྙམ་སྟེ། ཅང་མི་ཟེར་བར་འདུག་ནས་ཚེ་དང་ལྡན་པ་སྒུར་ཆུང་དེའི་ཉིན་བར་དུ་ལན་དྲུག་སྨྱུང་བར་གྱུར་ཏོ་།དེ་ ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བསམ་པ། བདག་གིས་སང་ནང་པར་དེ་ལ་ཁ་ཟས་བསྟབ་པར་བྱའོ་སྙམ་ནས་ཚེ་དང་ལྡན་པ་སྒུར་ཆུང་གི་ཐད་དུ་སོང་སྟེ་སྨྲས་པ། ཚེ་དང་ལྡན་པ་སྒུར་ཆུང་ཁྱོད་ སྙིང་མཆུང་ཞིག་དང། བདག་གིས་སང་ཁྱོད་ལ་ཁ་ཟས་བསྟབ་བོ་།ཞེས་སྨྲས་ནས་དེ་གནས་ཁང་དུ་སོང་ངོ། །དེ་ནས་དེའི་ཕྱི་དེ་ཉིན་པར་ལྷུང་བཟེད་གཉིས་ཐོགས་ཏེ་མཉན་དུ་ཡོད་པར་སོང་ནས་དེས་ [166A]༄༅། །བསོད་སྙོམས་ལྷུང་བཟེད་དོ་བསླངས་ཏེ་གཅིག་ནི། བདག་ཉིད་ཀྱིས་ཟོས་སོ། །གཅིག་ནི། ཁྱེར་ཏེ་ཚེ་དང་ལྡན་པ་སྒུར་ཆུང་གི་གནས་ཁང་དུ་སོང་བ་ལས། ཚེ་དང་ལྡན་པ་ སྒུར་ཆུང་གི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་གནས་ཁང་གི་སྒོའང་མེད། སྐར་ཁུང་ཡང་མེད་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་རྫུ་འཕྲུལ་གྱིས་སྒོ་སྤྲུལ་ཏེ་ནང་དུ་སོང་ནས་དེ་ ལ་སྨྲས་པ། ཚེ་དང་ལྡན་པ་སྒུར་ཆུང། ལོངས་ལ་ཁ་གདོང་ཁྲུས་ཤིག་དེས་སྨྲས་པ། བདག་གིས་ཁ་གདོང་བཀྲུས་ཟིན་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷུང་བཟེད་ དང་ཆུ་ཚགས་ཕྱོགས་གཅིག་ཏུ་བཞག་ནས་ཚེ་དང་ལྡན་པ་བསྒུར་ཆུང་གི་ལག་ཏུ་གཏད་དེ། དེའི་མདུན་དུ་ལྷུང་བཟེད་ཀྱི་ཞབས་རྟེན་བཞག་ནས་ལྷུང་བཟེད་བླང་ཞེས་བྱས་པ་དང། ལྷུང་བཟེད་ དེ་ཐུར་དུ་གསེར་གྱི་ས་གཞིའི་སྟེང་དུ་སོང་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལག་པ་གླང་པོ་ཆེའི་སྣ་ལྟ་བུ་བརྐྱང་སྟེ་ལྷུང་བཟེད་དེ་ཕྱུང་ནས་ལག་པ་གཡོན་པའི་སྟེང་དུ་བཞག་སྟེ་ལག་པ་གཡས་ པས་ལེགས་པར་བྱིན་གྱིས་བརླབས་ནས་སྨྲས་པ། ཚེ་དང་ལྡན་པ་སྒུར་ཆུང། ད་ཟོ་ཞིག། དེ་ནས་དེས་ལྷུང་བཟེད་དེའི་ནང་ནས་ཁམ་གཅིག་བླངས་ཏེ་བཟའ་ཞེས་བྱས་ན། དེའི་ཁམ་གཅིག་ པོ་དེའང་མི་སྣང་བར་གྱུར་ཏོ། །དེ་བཞིན་དུ་ཁམ་བླངས་སོ་ཅོག་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བདག་ཉིད་ཀྱི་ལག་པ་གཡས་པས་ཁམ་གཅིག་བླངས་ཏེ་ཁར་ [166B] དེའི་ཁ་མེད་པར་བྱིལ་པོར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྫུ་འཕྲུལ་གྱི་སྟོབས་ཅི་ཡོད་པ་བྱས་ཀྱང་དེའི་ཁ་གདོད་མ་ཞུས་ཏེ། དེའི་སྐབས་སུ་དྲོ་ཡོལ་བར་གྱུར་ཏོ། །དྲོ་ ཡོལ་བའི་འོག་ཏུ་ནི། དེའི་ཁ་དོད་པར་གྱུར་ཏེ། སྔ་མ་ཁོ་བཞིན་དུ་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དྲིས་པ། ཚེ་དང་ལྡན་པ་སྒུར་ཆུང། ཁྱོད་ལ་ནང་ན་ཅི་མི་བཟོད་པར་གནོད་དེས་སྨྲས་པ་ བཙུན་པ་ཤཱ་རིའི་བུ། བདག་སྐོམ་གྱིས་གདུངས་ཀྱི། ཆུ་བྱིན་ཅིག་དང་བཏུང་ངོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ལྷུང་བཟེད་ཆུས་བཀང་སྟེ་བྱིན་ནས་ཚེ་དང་ལྡན་པ་སྒུར་ཆུང་གིས་བླངས་ཏེ་ཁར་ གཏུགས་ནས་བཏུང་ཞེས་བྱས་ནས་དེའི་ལས་སྐྱེས་པའི་མི་དག་བྱུང་ནས་ལྷུང་བཟེད་དེའི་ནང་དུ་ཐལ་བ་བླུགས་སོ། །དེ་ནས་དེས་མཐོང་ནས་བདག་གིས་མྱོང་བར་འགྱུར་བར་ངེས་པའི་ལས་ འདི་དག་བྱས་ཤིང་བསགས་ཏེ། དེ་དག་ནི་གདོན་མི་ཟ་བར་འོང་བ་དང། རྐྱེན་གྲུབ་པ་དང་ལྡན་པ་དང། ཚོགས་བསགས་པ་ཡིན་པས་ལས་དེ་དག་ནི། གཞན་དག་གི་ཕུང་པོ་དང། ཁམས་དང། སྐྱེ་ མཆེད་རྣམས་ལ་རྣམ་པར་སྨིན་ཅིང་མྱོང་བར་མི་འགྱུར་རོ་སྙམ་ནས་ཐལ་སྐྱོ་དེ་ཉིད་འཐུངས་ཏེ། གཞི་དེ་ཉིད་ཀྱིས་འབར་བ་དང་ལམ་མེར་འདུག་པ་དང་ཆར་འབབ་པ་དང་གློག་འགྱུ་བའི་ཆོ་འཕྲུལ་ རྣམས་བསྟན་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་དེའི་སྐུ་གདུང་ལ་མཆོད་པ་བྱས་ཏེ། སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་བདུག་པ་དང་ཕྱེ་ [167A]༄༅། །མ་དང་སྤོས་དང་མེ་ཏོག་གིས་མཆོད་པ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཚེ་དང་ལྡན་པ་སྒུར་ཆུང་གིས་ལས་ཅི་བགྱིས་ ན༑ ལས་དེའི་རྣམ་པར་སྨིན་པས་ལྟོགས་ཏེ་ཤིན་ཏུ་ཕོངས་ནས་དགུང་བདུན་གྱི་བར་དུ་སྨྱུང་བར་གྱུར་ལ་ཐལ་སྐྱོ་འཚལ་ནས་ཡོངས་སུ་མྱ་ངན་ལས་འདས་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་ བྱས་ཤིང་བསགས་པས་ན། དེ་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི་ ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་ བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ ཟ༑ ༑ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན་རི་ཁྲོད་ཀྱི་གྲོང་ཞིག་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་ [167B] རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ ཞིང་དགའ་ལ་མགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་ཞིག་བཙས་ཏེ་དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་མཐུན་ བར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་སོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་དང་ལག་རྩིས་དང་ དབྱུང་བ་དང་སྦ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་སྤོས་བརྟག་པ་དང་སྨན་བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་གོ་མཚོན་བརྟག་ པ་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་དང་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །ཁྱིམ་བདག་དེ་ནི། སྦྱིན་པ་ལ་ དགའ་བ་ཞིག་སྟེ། ཁྱིམ་དེ་ན་དགེ་སྦྱོང་དང་བྲམ་ཟེ་དང་སྤྱོད་པ་པ་དང་ཀུན་ཏུ་རྒྱུ་དང་སྡུག་ཅིང་ཕོངས་པ་དང་བཀྲེན་པ་རྣམས་ལ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཁྱིམ་ བདག་དེ་ཤི་ནས་དེ་ཤི་བའི་འོག་ཏུའང་བུད་མེད་དེ་ཁྱིམ་ཐབ་ལ་གདུང་བས་སྔ་མའི་ལུགས་བཞིན་དུ་སྦྱིན་པ་བྱེད་པའི་རྒྱུན་མ་བཅད་དོ། །དེ་ནས་བུ་དེས་སྨྲས་པ། ཡུམ། ཁྱིམ་འདི་མ་གཞིག་ཅིག་ [168A]༄༅། །ཁྱིམ་འདི་ཇི་ལྟར་བདག་གི་ཕས་བཙུགས་པ་བཞིན་དུ་བདག་གིས་གཟུང་མི་ནུས་སོ་ཞེས་བྱས་ཏེ། དེ་ལྟར་དེ་ལན་མང་དུ་བཀག་ཀྱང་མ་ཕན་ཏོ། །དེ་ནས་ཁྱེའུ་ བསམ་པ། འདི་ནི། བདག་གིས་ཇི་ལྟར་བྱས་ཀྱང་མི་ཕན་གྱི། བདག་གིས་འདི་གསད་དོ་སྙམ་ནས་དེ་ནས་མ་དེ་ཁང་ཕུགས་སུ་བཅུག་སྟེ་སྒོ་བཅད་ནས་ཟན་དང། སྐོམ་བཅད་དོ། །དེ་ནས་ དེས་སྨྲས་པ། བུ། བདག་ཐོང་ཞིག་དང་ཕྱིན་ཆད་སུ་ལའང་སྦྱིན་པ་མི་བྱེད་ལ། ཕྱིན་ཆད་ཁྱིམ་འདིར་ཡང་མི་འདུག་གོ་ཁྱེའུ་སྨྲས་པ། བདག་གིས་ཁྱོད་གསོན་བཞིན་དུ་གཏོང་མི་ནུས་སོ། ། ཞེས་སྨྲས་ནས་དེས་མ་ཁང་ཕུགས་དེ་ཉིད་དུ་ཞག་བདུན་གྱི་བར་དུ་ཟན་བཅད་དེ་བསྲུངས་སོ། །དེ་ནས་དེའི་ཁྱིམ་མིས་ཉ་དུ་གཞན་དག་ལ་བསྙད་ནས་ཉེ་དུ་རྣམས་ལྷགས་ཏེ་ངེ་བཏང་ངོ། །དེ་ཁང་ཕུགས་ དེ་ནས་སྲོག་རྒྱུ་ཙམ་སྟེ་བྱུང་ནས་དེས་བུ་ལ་ཆུ་བསླངས་ན་ཁྱེའུ་དེས་དེ་ལ་ཐལ་སྐྱོ་བྱིན་ཏེ། ཐབས་འདིས་ན་འདི་འཆི་བར་འགྱུར་གྲང་སྙམ་མོ། །དེ་ནས་དེ་ལུས་ཉམ་ཆུང་བས་ཐལ་སྐྱོ་དེ་ འཐུངས་པ་དང། གཞི་དེ་ཉིད་ཀྱིས་ཤིའོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱིའུ་གྱུར་པ་གང་ཡིན་པ་དེ་ནི། སྒུར་ཆུང་འདི་ཉིད་ཡིན་ཏེ། དེས་མ་ལྟོགས་སུ་བོར་ནས་ཐལ་སྐྱོས་ བསད་པའི་ལས་དེའི་རྣམ་པར་སྨིན་པས་ལོ་སྟོང་ཕྲག་དུ་མའི་བར་དུ་སེམས་ཅན་དམྱལ་བ་རྣམས་སུ་བཙོས་སོ། །དེ་དེ་ནས་ཐར་ནས་ཀྱང་གང་དང་གང་དུ་སྐྱེས་པ་དེ་དང་དེར་ལྟོགས་ནས་ཐལ་ [168B] །ད་ལྟ་སྲིད་པ་ཐ་མ་དང། ལུས་ཐ་མ་དང། གནས་ཐ་མར་གྱུར་ཏེ་དགྲ་བཅོམ་པ་ཉིད་ཐོབ་པའི་བར་དུའང་ལྟོགས་ནས་ཐལ་སྐྱོ་འཐུངས་ཏེ་དེ་ཁོ་ནའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་ འདས་སོ། །འདི་ཉིད་ཀྱིས་ལས་གཞན་ཡང་བྱས་པ་ཡོད་དེ། ལས་དེའི་རྣམ་པར་སྨིན་པས་ལྟོགས་ནས་སྡུག་བསྔལ་ཆེན་པོ་རྙེད་དེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་ པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་ མེད་པ༑ ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཝཱ་ར་ཎཱ་སི་ན་ཁྱིམ་བདག་གཅིག་གནས་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་ བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་བུ་གཉིས་མཚེ་མར་བྱུང་སྟེ། དེ་གཉིས་ཀྱི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་མཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་ མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་ནས་གང་གི་ཚེ་དེ་གཉིས་ཆེར་སྐྱེས་པ་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་དེ་གཉིས་ཀྱིས་མ་ལ་གསོལ་ ཏེ་རབ་ཏུ་བྱུང་ནས་དེ་གཉིས་ཀྱིས་སྡེ་སྣོད་གསུམ་བསླབས་ཏེ་རིག་པ་དྲང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ཏེ། དེ་གཉིས་གང་དང་གང་དུ་གནས་པ་དེ་དང་དེར་ལྷན་ཅིག་ན་གནས་ [169A]༄༅། །སོ༑ ༑དེ་གཉིས་ལས་གཅིག་ནི། གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་རྙེད་པ་དང་ལྡན་པར་གྱུར་ཏེ། དེས་བསམ་པ། མ་ལ་བདག་ནི་ ཚེགས་ཆུང་དུས་ཡོ་བྱད་ཐམས་ཅད་འབྱོར་ལ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ནི། ཡོ་བྱད་མེད་པས་ཕོངས་ཀྱི། བདག་གིས་ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏ་བྱ་གོར་མ་ཆག་སྙམ་ནས་ ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏེ་ཕྱེད་པ་ལ་ཞུགས་ཏེ། གོས་དང་ཟས་དང་མ་ལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་དང་ཡོ་བྱད་ཐམས་ཅད་སྦྱོར་བར་བྱེད་དོ། །དེ་ནས་དེའི་ཕུ་ནུ་ ཟླ་བོ་དེས་བསམ་པ། བདག་གི་ཕུ་ནུ་འདི་ནི། བདག་གི་གྲོགས་ཡིན་ཏེ་འདི་ནི། བདག་དང་དགེ་བའི་ཕྱོགས་ཀྱིས་འབྲེལ་བ་ཡིན་ན། འདི་ནི་དགེ་འདུན་གྱི་ཞལ་ཏའི་ལས་བྱེད་འདོད་པས་ འདི་ནི༑ བདག་གི་དགེ་བའི་ཕྱོགས་ཀྱི་བར་ཆད་བྱེད་དོ་སྙམ་ནས་དེ་ལ་སྨྲས་པ། ཕུ་ནུ། ཁྱོད་དགེ་བའི་ཕྱོགས་སྤངས་ཏེ་དགེ་འདུན་གྱི་ཞལ་ཏའི་ལས་འདོད་པར་མ་བྱེད་ཅིག་དེ་ནས་དྲེས་ ཕུ་ནུ་ཟླ་བོ་དེ་ལ་སྨྲས་པ། བདག་ནི། ཚེགས་ཆུང་ངུས་ཡོ་བྱད་ཐམས་ཅད་འབྱོར་བ་དང་ལྡན་ལ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ནི། ཡོ་བྱད་མེད་པས་ཕོངས་ནས་ངས་འདི་དག་གི་ དོན་བྱ་བར་ཅི་སྟེ་མི་འདོད་ཅེས་ཟེར་ནས་དེ་དེས་ལན་དུ་མ་བཀག་ཀྱང་མ་ཕན་ནས་དེའི་བློ་སྐྱེས་པ། འདི་ནི། ཇི་སྲིད་དུ་འདུག་པའི་བར་དུ་བདག་གིས་མི་ཟློག་གི། མ་ལ་བདག་གིས་ཐབས་དང་ [169B]ནས་ཕུ་ནུ་ཟླ་བོ་དེས་ཐབས་དང་སྦྱར་ཏེ་ཡུལ་གཞན་དུ་ཁྲིད་ནས་དེ་ཉིད་ན་འཁོད་དོ། །དེ་ནས་དེ་དེ་ན་འདུག་པས་དགེ་སློང་རྣམས་ཀྱི་ རྙེད་པའི་བར་ཆད་དུ་གྱུར་ཏོ། །དེས་ཀྱང་དེ་ན་འདུག་བཞིན་དུ་དགེ་སློང་རྣམས་ཇི་ལྟར་ཡོ་བྱད་ཀྱིས་ཕོངས་པར་གྱུར་བ་ཐོས་ནས་ཐོས་མ་ཐག་ཏུ་ཕུ་ནུ་ཟླ་བོ་ལ་བཟླུགས་ཏེ་བདག་དེར་སོང་ལ་དགེ་ སློང་རྣམས་ཡོ་བྱད་ཀྱིས་མི་ཕོངས་པར་བྱའོ་ཞེས་བྱས་སོ། །དེ་ནས་དེའི་ཕུ་ནུ་ཟླ་བོས་སྨྲས་པ། ཕུ་ནུ། དགེ་སློང་དེ་དག་ནི་རྟག་པར་ཡི་དྭགས་བཞིན་དུ་གཞན་འབའ་ཞིག་ལ་རེ་ཞིང་འཁོད་ན་ ཁྱོད་དགེ་བའི་ཕྱོགས་སྤངས་ཏེ་ཡང་དེར་འྒྲོའམ། ཕུ་ནུ་ཟླ་བོས་སྨྲས་པ། ཁྱོད་ཀྱིས་ངག་རྩུབ་པོ་སྨྲས་ཀྱི། ཉེས་པ་ལ་ཉེས་སོ་།ཞེས་བཤགས་པར་གྱིས་ཤིག་ལས་འདིའི་འབྲས་བུ་མི་སྡུག་ པ་རྙེད་པར་གྱུར་ཏ་རེ་ཞེས་བྱས་ནས་དེ་ཡང་འགྱོད་པ་ཆེན་པོ་སྐྱེས་ཏེ། དེའི་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། དེ་ལྟར་བདག་གིས་ཚངས་པ་མཚུངས་པར་ སྤྱོད་པ་རྣམས་ལ་ཚིག་རྩུབ་པོའང་སྨྲས། རྙེད་པའི་བར་ཆད་ཀྱང་བྱས་པའི་ལས་དེ་བདག་གིས་མྱོང་བར་མ་གྱུར་ཅིག་འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ གི་བསྟན་པ་ལ་ཆངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་ཅིའང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ [170A]༄༅། །ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་ སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི། སྒུར་ཆུང་འདི་ཉིད་ཡིན་ཏེ་ དེས་དེ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཚིག་རྩུབ་པོ་སྨྲས་པ་དང། རྙེད་པའི་བར་ཆད་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ཚེ་རབས་ལྔ་བརྒྱར་ཡི་དྭགས་སུ་སྐྱེས་སོ། །དེ་ནས་ ཤི་འཕོས་ནས་ཀྱང་ལས་དེ་ཁོ་ནའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ལྟོགས་ཏེ་ཤིའོ། །ད་ལྟར་དགྲ་བཅོམ་པ་ཉིད་ཐོབ་པའི་བར་ཡངས་ལས་དེ་ཁོ་ནའི་རྣམ་པར་སྨིན་པས་ལྟོགས་ཏེ་ ཡོངས་སུ་མྱ་ངན་ལས་འདས་སོ། །དེས་དེར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་།ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་ [170B] ཐབས་མཉམ་པ་བརྙེས་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་ སུམ་དུ་བྱས་སོ། །སྲིན་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཕྱི་སའི་འདམ་ཞིག་ཏུ་སྲིན་མགོ་བོ་དགེ་སློང་གི་མགོ་བོ་འདྲ་བ་ཞིག་བྱུང་སྟེ། དེའི་ལུས་ ཐམས་ཅད་སྲིན་བུ་ཁབ་ཀྱི་རྩེ་མོ་འདྲ་བ་ཤ་སྟག་གིས་གང་སྟེ་དེ་ལ་བའི་སྤུ་བཞིན་དུ་དེའི་ལུས་ལས་སྲིན་བུ་དེ་དག་བྱུང་ངོ་།དེ་དག་དེ་ལ་ཟ་བས་ན་ཚ་མི་གཟོད་ནས་ཕྱི་སའི་འདམ་དེའི་ནང་ན་ཕན་ ཚུན་རྒྱུག་ལ་མི་བཟོད་པར་བཀྲེས་ཏེ་ཕྱི་ས་ཟའོ། །དེ་ན་ཚ་མི་བཟོད་དེ་ཕན་ཚུན་འཁོར་བས་ཕྱི་སའི་འདམ་དེའི་ནང་ཐམས་ཅད་དཀྲུགས་གློངས་སོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་ གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་ [171A]༄༅། །དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར་སུ་ནི། ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་གྱུར། སུ་ནི། གནོད་པ་ དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་བབ། སུ་ནི་ངན་སོང་དུ་བབ། སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་མཐོ་ རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་ གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ་ སུ་ནི༑ དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་པར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་ དུ་ཡེ་ཤེས་གཟིགས་པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས་།དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་ མེད༑ ༑དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། སྲིན་ལུང་བསྟན་པའི་དུས་ལ་བབ་སྟེ། དེ་ལ་བརྟེན་ནས་བདག་གིས་གདུལ་བྱ་ཕལ་པོ་ཆེ་དྲང་དགོས་སོ་སྙམ་དུ་དགོངས་ནས་བཅོམ་ལྡན་ [171B]ནས་ཕྱི་སའི་འདམ་དེའི་དྲི་མནམས་པས་མཉན་དུ་ཡོད་པ་ཐམས་ཅད་གང་བར་འགྱུར་བདེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་དེར་སྐྱེ་བོ་ཕལ་ པོ་ཆེ་སྔོན་གྱི་དགེ་བའི་རྩ་བས་བསྐུལ་བ་དེ་དག་ངོ་མཚར་དུ་གྱུར་ཏེ་དྲི་མནམ་པ་འདི་གང་ནས་བྱུང་སྙམ་ནས་སྐྱེ་བོ་སྟོང་ཕྲག་དུ་མ་ལྟད་མོ་ལྟ་འདོད་པར་གྱུར་ཏེ། དྲི་མནམ་པའི་ཕྱོགས་སུ་ཕྱི་སའི་ འདམ་ག་ལ་བ་དེར་དོང་བ་དང། སྐྱེ་བོ་ཕལ་པོ་ཆེ་དེ་དག་གི་ཕྱི་སའི་འདམ་དེ་ན་སྲིན་དེ་འདྲ་བ་ཕན་ཚུན་འཁོར་ཞིང་འདུག་པ་དེ་མཐོང་ངོ། །མཐོང་ནས་དེ་དག་གིས་བསམ་པ། སེམས་ཅན་འདི་ལྟ་བུ་སྡུག་ བསྔལ་འདི་འདྲ་བ་མྱོང་བ་ཅི་ཡིན་ཞིག་གུ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། བདག་གི་གདུལ་བྱ་མཉན་དུ་ཡོད་པ་ན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ད་ལྟར་ཚོགས་སོ་སྙམ་དུ་དགོངས་ ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ་མཉན་དུ་ཡོད་པར་གཤེགས་ནས་ཕྱི་སའི་འདམ་དེ་ག་ལ་པ་དེར་བྱོན་པ་དང་ སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ཐག་རིང་པོ་ཞིག་ནས་མཐོང་ངོ། །མཐོང་ནས་ཀྱང་གང་མ་དད་པ་དེ་དག་ན་རེ། དགེ་སྦྱོང་གཽ་ཏ་མ་ལྟད་མོ་འདོད་པ་དང་བྲལ་ལོ་ཞེས་གྲགས་ ན༑ དེ་ཡང་ལྟད་མོ་ལ་གནན་པར་གྱུར་ཏེ་འདིར་འོངས་སོ་ཞེས་ཟེར་ཏོ། །གང་དད་པ་དང་ལྡན་པ་དག་ན་རེ། བཅོམ་ལྡན་འདས་ནི། སྲིན་འདི་ལ་བརྟེན་ཏེ་ངོ་མཚར་རྨད་དུ་བྱུང་བའི་ཆོས་འགའ་ཞིག་ལུང་སྟོན་ [172A]༄༅། །པར་བཞེད་པའི་ཕྱིར་འདིར་གཤེགས་གོར་མ་ཆག་སྙམ་ནས་བཅོམ་ལྡན་འདས་ཀྱི་གདན་བཤམས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས་གཤེགས་པ་ལེགས་སོ། །བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སུ་གསོལ་ཞེས་བྱས་ནས་བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། མ་ལ་བདག་ཅི་ནས་སྲིན་འདིས་སྔོན་གྱི་ཚེ་རབས་དྲན་པར་འགྱུར་ལ་མི་སྐད་དུ་སྨྲ་ཞིང་བཅོམ་ལྡན་འདས་དང་གཏམ་ཟེར་ཤེས་པར་འགྱུར་བ་དེ་ ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱའོ་སྙམ་དུ་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ཅི་ནས་སྲིན་དེས་སྔོན་གྱི་ཚེ་རབས་དྲན་པར་འགྱུར་ལ་མི་སྐད་དུ་སྨྲ་ཞིང་བཅོམ་ལྡན་ འདས་དང་གཏམ་ཟེར་ཤེས་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེར་བཅོམ་ལྡན་འདས་ཀྱིས་སྲིན་དེ་ལ་བཀའ་སྩལ་པ། བཞིན་བཟང། ཁྱོད་སྡེ་སྣོད་ གསུམ་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། བདག་སྡེ་སྣོད་གསུམ་པ་ལགས་སོ། །བཞིན་བཟང། ཁྱོད་སྡེ་སྣོད་གསུམ་པ་ཡིན་ནམ། བདེ་བར་གཤེགས་པ། བདག་སྡེ་ སྣོད་གསུམ་པ་ལགས་སོ། །བཀའ་སྩལ་པ། ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་རྣམས་ཀྱི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བར་འགྱུར་བ་ཡོད་དམ། བཅོམ་ལྡན་འདས། ལུས་ [172B]འབྲས་བུ་རྣམ་པར་སྨིན་པ་མི་སྡུག་པ་མྱོང་བ་མཆིས་ལགས་སོ། །བདེ་བར་གཤེགས་པ། མི་སྡུད་པ་མྱོང་བ་མཆིས་ལགས་སོ། ། བཀའ་སྩལ་པ། ཁྱོད་ཀྱི་མི་དགེ་བའི་བཤེས་གཉེན་སུ་ཡིན། གསོལ་པ་བདག་གི་སེམས་ལགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་དེ་དག་ངོ་མཚར་དུ་གྱུར་ཏེ། སེམས་ཅན་འདི་ལྟ་ བུ་སྔོན་གྱི་ཚེ་རབས་དྲན་ལ་མི་སྐད་དུའང་སྨྲ་ཞིང་བཅོམ་ལྡན་འདས་དང་གཏམ་ཟེར་ཡང་ཤེས་པ་དེ་སུ་ཞིག་གུ་སྙམ་མོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། སྙན་སླེབས་པར་དཀའ་སྟེ་ དེ་དག་གིས་བཅོམ་ལྡན་འདས་ལ་ཞུ་བའི་ཐུགས་མ་ཐུབ་ནས་དེ་དག་ཚེ་དང་ལྡན་པ་ཀུན་དགའ་བོའི་ཐད་དུ་སོང་སྟེ་དྲིས་པ། བཙུན་པ། སེམས་ཅན་འདི་ལྟ་བུ་སྔོན་གྱི་ཚེ་རབས་དྲན་ལ་མི་སྐད་ དུ་སྨྲ་ཞིང་བཅོམ་ལྡན་འདས་དང་གཏམ་ཟེར་ཤེས་པ་དེ་སུ་ཞིག་ལགས། ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། བཅོམ་ལྡན་འདས་ལ་ཞུས་ཤིག་དེ་དག་གིས་སྨྲས་པ། སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི། སྙན་སླེབས་པར་དཀའ་སྟེ། བདག་ཅག་གིས་ཞུ་བའི་ཐུགས་མི་ཐུབ་བོ། །ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ བདག་གིས་ཀྱང་སྙན་སླེབས་པར་དཀའ་མོད་ཀྱི། འོན་ཀྱང་ཁྱེད་ལ་སྙིང་བརྩེ་བའི་ཕྱིར་ཞུ་བར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་ [173A]༄༅། །ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། སེམས་ཅན་འདི་ལྟ་བུ་སྔོན་གྱི་ཚེ་རབས་དྲན་ལ་མི་སྐད་དུའང་སྨྲ་ ཞིང་བཅོམ་ལྡན་འདས་ལ་བཀའ་མཆིད་གསོལ་འཚལ་བ་དང། འདི་ལྟ་བུའི་གནོད་པའི་སྡུག་བསྔལ་དག་ཀྱང་མྱོང་ཞིང་མཆིས་པ་འདི་སུ་ཞིག་ལགས། དེ་ནས་དེར་བཅོམ་ལྡན་འདས་ཀྱིས་ ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སེམས་ཅན་འདི་ནི། སྡིག་པའི་ལས་བྱེད་བྱེད་པ་ཡིན་ཏེ། འདིས་སྡིག་པའི་ལས་མང་དུ་བྱས་སོ། །ཀུན་དགའ་བོ། སྔོན་ བྱུང་བ་འདས་པའི་དུས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་ མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཆོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཁྱིམ་ བདག་ཅིག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཆོག་གི་བསྟན་པ་ལ་དད་པ་རྙེད་དེ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་ནས་དེས་བསམ་པ་ བདག་གིས་ཁྱིམ་ན་གནས་པ་བཏང་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཆོག་གི་བསྟན་པ་ལ་རབ་ཏུ་འབྱུང་ངོ་སྙམ་དུ་བསམ་ནས་ཁྱིམ་གྱི་འཁོར་བཏང་སྟེ་ཡང་དག་ [173B]རབ་ཏུ་བྱུང་ངོ། །དེ་དེར་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་བསླབས་ཏེ་རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ། ཆོས་སྨྲ་བ། ཟས་ དང་སྐོམ་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་རྙེད་པར་གྱུར་ནས་དེས་བསམ་པ། མ་ལ་བདག་གིས་རྙེད་པ་དང་བཀུར་སྟིའི་སྒོ་ནས་རྙེད་པར་བྱ་བ་རྙེད་པ་དེས་བདག་གིས་ ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཕན་གདགས་གོར་མ་ཆག་སྙམ་ནས་སྦྱིན་བདག་དང། སྦྱིན་པ་པོ་རྣམས་ལ་བསྐུལ་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བསྙེན་བཀུར་བྱེད་ པ་ལ་ཞུགས་སོ། །དེའི་ཚེ་ནོག་རི་ཞེས་བྱ་བའི་སྟེང་དུ་སློབ་པ་དང་མི་སློབ་པའི་དགེ་འདུན་བདུན་ཁྲི་བདུན་སྟོང་དབྱར་གནས་པར་དམ་བཅའ་བར་འདོད་དེ། དེ་དག་གིས་བསམ་པ། བདག་ ཅག་གིས་ཞལ་ཏ་བྱེད་པ་བསྐོས་ཏེ་གདོད་དབྱར་གནས་པར་དམ་བཅའོ་སྙམ་སྟེ། བདག་ཅག་དགེ་འདུན་གྱི་བསྙེན་བཀུར་བྱེད་ནུས་པ་སུ་ཡོད་སྙམ་ནས་དེ་དག་གིས་བསམ་པ། སྡེ་སྣོད་ གསུམ་པ་འདི་ནི། ཀུན་ལ་གྲགས་པ། བསོད་ནམས་ཆེན་པོ་དང་ལྡན་པ་ཟས་དང་སྐོམ་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨོན་ཟོང་རྣམས་རྙེད་པ་ཡིན་གྱི། བདག་ཅག་གིས་འདི་ སྤྲོ་བ་བསྐྱེད་ལ་འདི་ཁོ་ནས་བདག་ཅག་གི་ཞལ་ཏ་བྱས་ཏེ་དབྱར་གནས་པར་དམ་བཅའོ་སྙམ་ནས་དེའི་ཐད་དུ་སོང་སྟེ་སྨྲས་པ་བཙུན་པ། བདག་ཅག་དགེ་སློང་བདུན་ཁྲི་བདུན་སྟོང་ནོག་རིའི་ [174A]༄༅། །སྟེང་དུ་དབྱར་གནས་པར་དམ་བཅའ་བར་འདོད་ལ། ཁྱོད་ཀྱིས་ནི། ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏ་བྱ་ནུས་ན། ཁྱོད་སྤྲོ་བར་གྱིས་ཤིག་དང། ཁྱེད་ལ་ བརྟེན་ཏེ་བདག་ཅག་དབྱར་གནས་པར་དམ་བཅའོ། །སྡེ་སྣོད་གསུམ་པས་སྨྲས་པ། ཁྱེད་ཐུགས་མ་བསེར་ཅིག་དང། བདག་གིས་ཁྱེད་ཀྱི་ཡོ་བྱད་ཐམས་ཅད་སྦྱར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་ དགེ་སློང་དེ་དག་རི་དེའི་སྟེང་དུ་སོང་ནས་སྡེ་སྣོད་གསུམ་པ་དེ་ཁོ་ན་ལ་བརྟེན་ཏེ་དབྱར་གནས་པར་དམ་བཅའོ། །དེ་ནས་སྡེ་སྣོད་གསུམ་པས་བསམ་པ། བདག་གིས་དགེ་སློང་འདི་སྙེད་ལ་ ཐུགས་མ་བསེར་ཅིག་ཅས་བྱས་ནས་གྱི་ནར་འདུག་པས་མི་ནུས་ཀྱི། བདག་སོང་ལ་སྦྱིན་བདག་དང། སྦྱིན་པ་པོ་རྣམས་ལ་བསྐུལ་ཏེ། དགེ་འདུན་གྱི་ཡོ་བྱད་ཐམས་ཅད་སྦྱར་རོ་སྙམ་དུ་ བསམ་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་སྤྱོད་ཡུལ་གྱི་གྲོང་དུ་ཆས་སོ། །དེའི་ཚེ་རྒྱ་མཚོ་ཆེན་པོའི་ནང་ནས་ཚོང་པ་ལྔ་བརྒྱ་ཙམ་གྲུའི་དོན་གྲུབ་སྟེ་ལྷགས་ ནས་རི་དེ་དང་ཐག་མི་རིང་བ་ཞིག་ཏུ་རྫས་ཕོག་སྟེ་གནས་བཅས་ནས་ཚོང་བ་རྣམས་ཀྱིས་རི་དེའི་སྟེང་ན་དགེ་སློང་ཕལ་པོ་ཆེ་འཁོད་པ་མཐོང་ངོ། །མཐོང་ནས་ཀྱང་དེ་དག་ལ་མཆོག་ཏུ་དགའ་བར་ གྱུར་ཏོ༑ ༑དགེ་སློང་ཞལ་ཏ་བྱེད་པ་དེའང་དེ་དག་གི་ཐད་དུ་སོང་སྟེ། དེ་དེ་དག་གིས་མཐོང་ནས་སྨྲས་པ། བཙུན་པ། གར་གཤེགས། སྡེ་སྣོད་གསུམ་པས་སྨྲས་པ། རི་འདིའི་སྟེང་ན་དགེ་སློང་ [174B]གནས་པར་དམ་བཅས་པས་ན། དེ་དག་གི་ཕྱིར་སྦྱིན་བདག་དང། སྦྱིན་པ་པོ་རྣམས་ལ་བསྐུལ་དུ་འགྲོའོ། །ཚོང་པ་རྣམས་ཀྱིས་ སྨྲས་པ༑ བཙུན་པ། ཐུགས་མ་བསེར་བར་ཅིའང་བགྱི་མི་འཚལ་གྱི་བདག་ཅག་གིས་དེ་དག་གི་ཡོ་བྱད་ཐམས་ཅད་སྦྱོར་བར་འཚལ་ལོ་།ཞེས་བྱས་ནས་དེ་དག་གིས་དེ་ལ་གསེར་དངུལ་མང་ དུ་ཕུལ་ནས་སྨྲས་པ། བཙུན་པ། ཁྱོད་ཀྱིས་དེང་སླན་ཆད་དགེ་སློང་དེ་དག་གི་ཡོ་བྱད་ཐམས་ཅད་སྦྱོར་ལ་གལ་ཏེ་གསེར་དངུལ་འདི་དག་གིས་འཚལ་ན་ནི། ལེགས། གལ་ཏེ་མ་འཚལ་ན་ནི། ཡང་གསེར་ དངུལ་གཞན་ཡང་ཇི་ཙམ་འཚལ་བ་དེ་ཙམ་བདག་ཅག་འབུལ་ལོ་།དབྱར་གནས་པ་ལགས་པའི་མཇུག་ཏུ་ཡང་ན་བཟའ་དག་དབུལ་བར་འཚལ་ལོ་ཞེས་བྱས་སོ། །དེར་ཞལ་ཏ་བྱེད་པ་དེས་དེ་ལྟར་ བགྱིའོ༑ ༑ཞེས་བྱས་ནས་གསེར་དངུལ་རྣམས་ཁྱེར་ཏེ་གཙུག་ལག་ཁང་དུ་སོང་ནས་དེས་གསེར་དངུལ་རྣམས་བལྟས་པ་དང་ཆགས་པ་སྐྱེས་ནས་དེས་གསེར་དངུལ་རྣམས་བསྐུངས་ཏེ་དགེ་སློང་རྣམས་ ལ་ནི༑ ཟས་དང་སྐོམ་ངན་པ་སྟོབ་པར་བྱེད་དོ། །དེ་ནས་ཕྱིས་དགེ་སློང་དེ་དག་གིས་ཞལ་ཏ་བྱེད་པ་དེ་ལ་བཤད་དེ། བཙུན་པ། བདག་ཅག་ཟས་དང། སྐོམ་ངན་པ་འདི་ལྟ་བུས་འཚོ་མི་ནུས་སོ། ། དེས་སྨྲས་པ། བདག་གི་མཐུ་ནི། དེ་ཁོ་ནར་ཟད་དེ། དེ་ལས་མི་ནུས་ཀྱི། གལ་ཏེ་ཁྱེད་དེས་འཚོ་མི་ནུས་ན། ཁྱེད་བདག་ཅག་གིས་སྦྱིན་བདག་དག་ལ་བསྐུལ་ལ་འཚོ་བར་གྱིས་ཤིག་ཅེས་བྱས་སོ། ། [175A]༄༅། །དེ་ནས་དེ་ཐོས་མ་ཐག་ཏུ་དགེ་སློང་དེ་དག་གིས་ཚོང་པ་དེ་དག་ལ་ཁྱེད་ཀྱིས་དགེ་སློང་བདུན་ཁྲི་བདུན་སྟོང་གི་ཟས་དང་སྐོམ་སྦྱོར་བར་ནུས་སམ་ཞེས་སྨྲས་པ་དང། ཚོང་ པ་རྣམས་ཀྱིས་སྨྲས་པ། བཙུན་པ་དག་བདག་ཅག་གིས་འཕགས་པ་ཞལ་ཏ་བགྱིད་པ་ལ་གསེར་དངུལ་མང་པོ་ཕུལ་ཏེ། གལ་ཏེ་འདི་ཙམ་གྱིས་འཚལ་ན་ཡང་ལེགས། གལ་ཏེ་མ་འཚལ་ ན་ཡང་གསེར་དངུལ་གཞན་འབུལ་བར་འཚལ་ལོ། །ཞེས་བགྱིས་ནས་ཅིའི་སླད་དུ་དེས་ཁྱེད་ལ་ཟས་དང། སྐོམ་ངན་པ་གསོལ་ཅེས་བྱས་ནས་ཚོང་པ་དེ་དག་སྡེ་སྣོད་གསུམ་པའི་ཐད་དུ་དོང་ནས་ སྨྲས་པ༑ བཙུན་པ། བདག་ཅག་གིས་གལ་ཏེ་གསེར་དངུལ་འདི་རྣམས་ཀྱིས་འཚལ་ན་ནི། ལེགས། གལ་ཏེ་མ་འཚལ་ནའང་གསེར་དངུལ་གཞན་དབུལ་ལོ་ཞེས་མ་བགྱིས་སམ། དེ་ཅིའི་ སླད་དུ་ཁྱོད་ཀྱིས་དགེ་སློང་རྣམས་ལ་ཟས་དང། སྐོམ་ངན་པ་གསོལ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཞལ་ཏ་བྱེད་པ་དེ་སྐྱེངས་ནས་ཁྲོས་ཏེ་ཕྱིན་ཆད་དགེ་སློང་དེ་དག་གི་ཞལ་ཏ་བྱེད་དུ་ མ་བཏུབ་བོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་ལ་སྨྲས་པ། བཙུན་པ། བདག་ཅག་ཁྱོད་ལ་བརྟེན་ཏེ་དབྱར་གནས་པར་དམ་བཅས་ན། ཅིའི་ཕྱིར་ཁྱོད་ཅང་མི་བྱེད་པར་འདུག་ད་ཕྱིན་ཆད་དགེ་སློང་ རྣམས་ཀྱི་ཡོ་བྱད་སྦྱར་བར་མ་དད་དམ་ཞེས་བྱས་པ་དང། དེ་ཁྲོས་ནས་སྨྲས་པ། ཁྱོད་ཀྱིས་ད་ཁོ་ནའི་དད་པས་བྱིན་པ་ལོངས་སྤྱད་ལ། ང་ཉིད་དམའ་འབེབས་པར་བྱེད་པས་ནི། ཁྱེད་ཕྱི་ [175B]ཞེས་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བསམ་པ། ཉོན་མོངས་པ་འདི་ནི། དམས་ཤིང་ཉམས་པར་གྱུར་ཏེ། འདི་ལྟར་སློབ་པ་དང་མི་ སློབ་པ་བདུན་ཁྲི་བདུན་སྟོང་ལ་ཚིག་རྩུབ་པོས་སྨྲས་ཀྱིས་མེད་ན་དའང་དེ་བས་ཆེས་དམས་ཤིང་ཉམས་པར་འགྱུར་ན་མ་ལེགས་ཀྱི། ད་ནི། བདག་ཅག་གིས་འདི་ལ་ཅིའང་སྨྲ་བར་མི་བྱའོ་ སྙམ་ནས་ཅང་མི་ཟེར་བར་འདུག་གོ་དེ་ནས་ཕྱི་ཞིག་སྡེ་སྣོད་གསུམ་པ་དེ་འགྱོད་པ་སྐྱེས་ཏེ་དེས་དགེ་སློང་དེ་དག་ལ་བཟོད་པ་གསོལ་ནས་དེ་དག་གིས་སྨྲས་པ། བདག་ཅག་གིས་ནི་ བཟོད་ན། ཁྱོད་ཀྱི་ལས་རྣམས་ཀྱིས་མི་བཟོད་པར་འགྱུར་རོ་ཞེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཆོག་གི་ བསྟན་པ་ལ་རབ་ཏུ་བྱུང་བའི་སྡེ་སྣོད་གསུམ་པར་གྱུར་པ་གང་ཡིན་པ་དེ་ནི། སྲིན་འདི་ཉིད་ཡིན་ཏེ། དེས་དེ་ལྟར་སློབ་པ་དང་མི་སློབ་པ་བདུན་ཁྲི་བདུན་སྟོང་ལ་ཚིག་རྩུབ་པོ་སྨྲས་པའི་ལས་དེའི་རྣམ་པར་ སྨིན་པ་དེས་ནི། འདི་དུད་འགྲོར་སྐྱེས་ཏེ། དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཆོག་གི་རིང་ཕན་ཆད། ད་ལྟར་ངའི་རིང་ཚུན་ཆད་ཀྱི་བར་དུ་འདི་དུད་འགྲོ་ལས་ཤི་འཕོས་ ཤིང་དུད་འགྲོ་འབའ་ཞིག་ཏུ་སྐྱེས་ཏེ། ཐམས་ཅད་དུའང་འདིས་ལུས་འདི་ལྟ་བུ་ཐོབ་པར་གྱུར་ལ་ཐམས་ཅད་དུའང་ཕྱི་སའི་འདམ་དུ་བྱིང་ནས་བཤང་གཅི་ཟ་བར་གྱུར་ཏོ། །དགེ་སློང་དག་གིས་ [176A]༄༅། །ཞུས་པ༑ བཙུན་པ། སེམས་ཅན་འདི་སྡུག་བསྔལ་འདི་ལས་ནམ་ཐར་པར་འགྱུར་ལགས། བཀའ་སྩལ་པ། དགེ་སློང་དག་བསྐལ་པ་བཟང་པོ་འདི་ལ་ སངས་རྒྱས་ལྔ་བརྒྱ་འབྱུང་བར་འགྱུར་ཏེ། དེ་རྣམས་ཀྱི་འོག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་མཛད་ཅེས་བྱ་བ་འཇིག་རྟེན་དུ་འབྱུང་སྟེ། དེའི་གསུང་རབ་ལ་འདི་དུད་འགྲོ་ལས་ ཐར་ཏེ་མི་ལུས་ཐོབ་ནས་དེའི་བསྟན་པ་ལ་རབ་ཏུ་བྱུང་ནས་མཚམས་མེད་པའི་ལས་བྱེད་པར་འགྱུར་རོ། །དེ་དེ་ནས་ཤི་འཕོས་ཏེ་དུས་ལས་འདས་ནས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་ བར་འགྱུར་ཏེ། དེས་སེམས་ཅན་དམྱལ་བ་དེ་དག་ཏུ་ལོ་འབུམ་ཕྲག་དུ་མར་སྡུག་བསྔལ་མྱོང་བར་འགྱུར་རོ། །དེས་དེའི་ལས་མི་བཟད་པ་ཟད་ནས་ཡང་མི་ལུས་ཐོབ་པར་འགྱུར་ཏེ། དེའི་ཚེ་ ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་མཛད་ཅེས་བྱ་བ་ཞིག་འཇིག་རྟེན་དུ་འབྱུང་སྟེ། དེའི་གསུང་རབ་ལ་འདི་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་ པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ལ། དེ་ཀུན་ལ་གྲགས་ཤིང་བསོད་ནམས་ཆེན་པོ་དང་ལྡན་ཏེ་གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོད་རྣམས་རྙེད་པར་ འགྱུར་ལ་དེ་དེར་ལུང་འབོག་པ་རྣམས་ཀྱི་མཆོག་ཏུ་འགྱུར་ཏེ། དེས་དེར་སྐྱེ་བོ་མང་པོ་ལ་ཕན་བཏགས་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་ [176B] དེར་འདིའི་སྡུག་བསྔལ་གྱི་མཐའ་ཟད་པར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་དག་སྐྱོ་བ་ཆེན་པོ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ དེ་དག་གིས་ཡིད་སྐྱོ་བར་གྱུར་པར་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ནས་སྐྱེ་བོ་མང་པོ་དེ་དག་གིས་སྟན་དེ་ལ་འཁོད་བཞིན་དུ་ཁ་ཅིག་གིས་ནི། དྲོ་བར་གྱུར་པ་བསྐྱེད་དོ། ། ཁ་ཅིག་གིས་ནི། རྩེ་མོ་དང། བདེན་པ་དང་མཐུན་པའི་བཟོད་པ་དང། འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང། མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་ འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ ཅིག་གིས་ནི། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། ཁ་ཅིག་གིས་ནི། སྟོབས་ཀྱིས་ འཁོར་ལོས་བསྒྱུར་བར་འགྱུར་བ་དང། ཁ་ཅིག་གིས་ནི། བརྒྱ་བྱིན་དུ་འགྱུར་བ་དང། ཁ་ཅིག་གིས་ནི། ཚངས་པར་འགྱུར་བ་དང། ཁ་ཅིག་གིས་ནི། ཉན་ཐོས་ཀྱི་བྱང་ཆུབ་དང། ཁ་ཅིག་གིས་ ནི༑ རང་སངས་རྒྱས་ཀྱི་བྱང་ཆུབ་དང། ཁ་ཅིག་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ་།འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི། སངས་རྒྱས་ལ་གཞོལ་ [177A]༄༅། །ཆོས་ལ་འབབ། དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་སོ། །ལས་བརྒྱ་ཐ་མ་པ་ལས་སྡོམ་གྱི་ཚིགས་སུ་ བཅད་པ་གཉིས་པ་རྫོགས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་བཅུ་པ་སྔོམ་ནི། ཀ་ཙངྐ་ལ་ཀཻ་ནེ་ཡ། །བག་མ་གཏོང་གཉིས་གཅོད་པ་གཉིས། །ཟེ་བ་དགའ་བྱེད་སྣག་བུ་ དང། །བུར་འདུ་ཤེས་དང་ཞིང་བ་དང། །ཤི་དང་ཀོ་ཀ་ལི་ཀ་དང། །ཐང་བཅད་ཐ་མ་ཁམ་ཞེས་བྱ། །ཀ་ཙངྐ་ལ་ཞེས་བྱ་བ་ནི། །བཅོམ་ལྡན་འདས་ཡུལ་ཨོ་ཏ་ལ་ན་ཨོ་ཏ་ལའི་ནགས་ཁྲོད་ན་ བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་ཡུལ་ཨོ་ཏ་ལར་བསོད་སྙོམས་ལ་གཤེགས་སོ། །དེའི་ཚེ་བུད་མེད་གཅིག་ བུམ་པ་ཁྱེར་ཏེ་ཆུ་འཆུར་སོང་བ་ལས། བུད་མེད་དེས་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་མཛེས་པ། དད་པ་སྐྱེ་བར་འགྱུར་བ། དབང་པོ་ཞི་བ། ཐུགས་ཞི་བ། ཐུགས་མཆོག་ ཏུ་ཞི་བ་དང་ལྡན་པ། གསེར་གྱི་མཆོད་སྡོང་བཞིན་དུ་དཔལ་དང་གཟི་བྱིན་འབར་བ་མཐོང་ངོ། །མཐོང་ནས་ཀྱང་དེ་བཅོམ་ལྡན་འདས་ལ་བུའི་འདུ་ཤེས་སྐྱེས་ནས་དེས་བུམ་པ་དེ་ ཕྱོགས་གཅིག་ཏུ་བཞག་སྟེ་ལག་པ་གཉིས་བརྐྱངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་སྨྲས་པ། བུ་དང་ཕྲད་དོ། །བུ་དང་ཕྲད་དོ་ཞེས་ཟེར་ཞིང། བཅོམ་ [177B]རྣམས་ཀྱིས་མཐོང་ནས་བཀག་གོ་དེ་ནས་དེས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ དགེ་སློང་དག། བུད་མེད་འདི་མ་དགག་ཅིག་གལ་ཏེ་བུད་མེད་འདི་དེ་བཞིན་གཤེགས་པའི་མགུལ་ནས་འཁྱུད་དུ་མ་བཅུག་ན། ཁ་ནས་ཁྲག་དྲོན་མོ་སྐྱུགས་ཏེ་འཆི་བར་འགྱུར་རོ། །དེ་ནས་དགེ་ སློང་རྣམས་ཀྱིས་དེ་ཐོས་ནས་མ་བཀག་པར་བཞག་གོ་དེ་ནས་དེས་བཅོམ་ལྡན་འདས་ཀྱི་མགུལ་ནས་འཁྱུད་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་ དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ནས་བུད་མེད་དེས་སྟན་དེ་ཁོ་ན་ལ་འདུག་བཞིན་དུ་འཇིག་ཚོགས་ ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་ གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་ བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་མའི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ [178A]༄༅། །སྐྱེ་རྒུའི་བདག་མོ་ཆེན་མོ་གཽ་ཏ་མ་ལ་གཏད་ནས་དེས་དེ་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ལུང་ཡང་ཕོག་གོ་དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་པོང་པར་མཉམ་པ། ནམ་ མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་ རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དེ་ བཅོམ་ལྡན་འདས་ཀྱིས་མཆོག་ཏུ་ལུང་བསྟན་ཏེ། དགེ་སློང་དག། ངའི་ཉན་ཐོས་ཀྱི་དགེ་སློང་མ་མདོ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ནི། འདི་ལྟ་སྟེ། དགེ་སློང་མ་ཀ་ཙངྐ་ལ་འདི་ཡིན་ནོ། །ཞེས་ལུང་ བསྟན་ཏོ། །དེ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། གཟིགས་ལགས་སམ་བུད་མེད་སྟོང་ཕྲག་དུ་མས་བཅོམ་ལྡན་འདས་མཐོང་ན། སུས་ཀྱང་བཅོམ་ལྡན་ འདས་མཐོང་བ་ན་འདི་ལྟར་མ་བརྒྱུགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཀ་ཙངྐ་ལ་འདི་ནི། ངའི་འདས་མ་ཐག་པའི་ཚེ་རབས་ལྔ་བརྒྱར་མར་གྱུར་ [178B] འདི་ནི། སྔོན་གྱི་བག་ཆགས་ཀྱི་གཞི་ཡོད་པའི་ཕྱིར་པ་མཐོང་ན་རྒྱུག་གོ་དགེ་སློང་དག་གིས་གསོལ་པ། བཙུན་པ། གལ་ཏེ་འདི་བཅོམ་ལྡན་འདས་ཀྱིས་འདས་མ་ཐག་པའི་ཚེ་རབས་ ལྔ་བརྒྱར་ཡུམ་དུ་གྱུར་པ་ལགས་ན། བཅིའི་སླད་དུ་ད་ལྟར་གྱི་ཡུམ་དུ་མ་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།རྒྱུ་གཉིས་དང། རྐྱེན་གཉིས་ཀྱིས་ན་འདི་ངའི་ ད་ལྟར་གྱི་མར་མ་གྱུར་ཏེ། ལྷ་མོ་སྒྱུ་འཕྲུལ་ཆེན་མོས་སྨོན་ལམ་བཏབ་སྟེ། ཀྱེ་མ་བདག་སངས་རྒྱས་ཀྱི་ཡུམ་དུ་གྱུར་ཅིག་ཅེས་བྱས་པ་དེ་དང། ང་ཡང་འདིས་ཡིད་ཕྱུང་བར་བྱས་ནས་ངས་ ཀྱང་སྨོན་ལམ་བཏབ་སྟེ། ཕྱིན་ཆད་འདི་བདག་གི་མར་མ་གྱུར་ཅིག་ཅེས་བྱས་པའི་ཕྱིར་རོ། །གསོལ་པ། འདིས་ཇི་ལྟར་བཅོམ་ལྡན་འདས་ཐུགས་ཕྱུང་བར་བགྱིས་ལགས། བཀའ་སྩལ་ པ༑ དགེ་སློང་དག་བྱང་ཆུབ་སེམས་དཔའ་རྣམས་ནི། ངེས་པར་འབྱུང་བ་ལ་དགའ་བ་དང། སྦྱིན་པ་ལ་དགའ་བ་ཡིན་ན། འདིས་ཐམས་ཅད་དུ་ངའི་ངེས་པར་འབྱུང་བ་དང། སྦྱིན་པའི་ བར་ཆད་བྱས་ཏེ། གཞི་དེས་ན་འདིས་ང་ཡིད་ཕྱུང་བར་བྱས་སོ་།དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་དགེ་སློང་མ་ཀ་ཙངྐ་ལས་ལས་ཅི་བགྱིས་ན། ལས་ དེའི་རྣམ་པར་སྨིན་པས་དབུལ་མོར་གྱུར་ལ་རྒས་ནས་འདོད་རབ་ཏུ་བྱུང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།བྱང་ཆུབ་སེམས་དཔའ་རྣམས་ནི། ངེས་པར་འབྱུང་བ་ལ་ [179A]༄༅། །དགའ་བ་དང། སྦྱིན་པ་ལ་དགའ་བ་ཡིན་ན། འདིས་ངའི་ཚེ་རབས་བགྲངས་བར་ངེས་པར་འབྱུང་བ་དང། སྦྱིན་པའི་བར་ཆད་བྱས་པས་ན། ལས་དེའི་རྣམ་པར་སྨིན་པས་ད་ལྟར་དབུལ་མོ་ གྱུར་ལ་རྒས་ནས་གདོད་རབ་ཏུ་བྱུང་ངོ། །བཙུན་པ། དགེ་སློང་མ་ཀ་ཙངྐ་ལས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ད་ལྟར་བཅོམ་ལྡན་འདས་ཀྱིས་མདོ་རྣམ་པར་འབྱེད་པ་རྣམས་ཀྱི་ མཆོག་ཏུ་བསྟན་ལ། འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཡང་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ། འདིས་གང་དུ་སྨོན་ལམ་བཏབ་ལགས། དགེ་ སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་ གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་ བྱུང་སྟེ། དེའི་གསུང་རབ་ལ་འདི་རབ་ཏུ་བྱུང་ནས་གང་ལས་རབ་ཏུ་བྱུང་བའི་མཁན་མོ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་མདོ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ཏུ་ [179B] དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅིའང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱེད་པར་གྱུར་ཅིག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བདག་གི་མཁན་མོ་ཇི་ལྟར་མདོ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ ཀྱང་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོའི་མཆོག་དེས་མདོ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་ཤོག་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་ སློང་མར་གྱུར་པ་གང་ཡིན་པ་དེ་ནི། ཀ་ཙངྐ་ལ་འདི་ཉིད་ཡིན་ཏེ། དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་ [180A]༄༅། །མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཡང་དག་ པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བདག་གི་མཁན་མོ་ཇི་ལྟར་མདོ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོའི་ མཆོག་དེས་མདོ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་ཤོག་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག། ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་ རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་ངས་འདི་མདོ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ཏུའང་བསྟན་ཏོ།། །།ཀཻ་ན་ཡ་ཞེས་བྱ་བ་ ནི༑ བཅོམ་ལྡན་འདས་ཡུལ་ཨ་དུ་མ་ན་འབྱུང་པོའི་ཁྱིམ་ཞེས་བྱ་བའི་གནས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་ བསྣམས་ནས་ཡུལ་ཨ་དུ་མའི་གྲོང་དུ་བསོད་སྙོམས་ལ་གཤེགས་སོ། །ཨ་དུ་མའི་གྲོང་དུ་བསོད་སྙོམས་མཛད་ནས་བཤོས་གསོལ་ཏེ། ཟས་ཕྱིས་ལེན་པ་སྤངས་ནས་འབྱུང་པོའི་ [180B]དག་འཇོག་གི་ཕྱིར་འབྱུང་པོའི་ཁྱིམ་གྱི་གནས་ཀྱི་ནང་དུ་གཤེགས་སོ། །དེའི་ཚེ་ཡུལ་ཨ་དུ་མར་འབྲུག་སྒྲའང་བྱུང། ཐོག་ཀྱང་ བབ་སྟེ་གླང་བཞི་དང། ཁྱིམ་བདག་ཞིང་བ་སྤུན་གཉིས་བསད་ནས་དེར་སྐྱེ་བོ་ཕལ་པོ་ཆེས་སྒྲ་བོ་ཆེ་དང། ཅ་ཅོ་ཆེན་པོའི་སྐད་ཕྱུང་ངོ། །དེ་ནས་བཅོམ་ལྡན་འདས་ཕྱེ་མ་རེད་ཀྱི་དུས་སུ་ནང་དུ་ཡང་དག་པར་ འཇོག་ལས་བཞེངས་ནས་འབྱུང་པོའི་ཁྱིམ་གྱི་གནས་ནས་བྱུང་སྟེ་འབྱུང་པོའི་ཁྱིམ་གྱི་གནས་ཀྱི་གྲིབ་མའི་ཐང་གི་གནས་ཀྱི་འཆག་ས་ན་འཆག་ཅིང་བཞུགས་སོ། །དེ་ནས་དེར་མི་ཞིག་ཀྱང་སྐྱེ་བོ་ཕལ་ པོ་ཆེ་དག་གིས་ནང་ནས་བྱུང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་འཆག་པའི་སླད་བཞིན་དུ་འབྲང་ ཞིང་འཆག་གོ་དེ་ནས་དེར་བཅོམ་ལྡན་འདས་ཀྱིས་མི་དེ་ལ་བཀའ་སྩལ་པ། ཀྭའི་མི། ཨ་དུ་མའི་གྲོང་ཁྱེར་དུ་སྐྱེ་བོ་ཕལ་པོ་ཆེའི་སྒྲ་བོ་ཆེ་དང། ཅ་ཅོ་ཆེན་པོའི་སྐད་གྲགས་པ་དེ་ཅི་ཞིག་།མི་དེས་ གསོལ་པ། བཙུན་པ། ད་གདོད་ཨ་དུ་མའི་གྲོང་དུ་འབྲུག་སྒྲའང་བྱུང། ཐོག་ཀྱང་བབ་སྟེ་གླང་བཞི་དང། ཁྱིམ་བདག་ཞིང་བ་སྤུན་གཉིས་བཀུམ་ནས་དེར་སྐྱེ་བོ་ཕལ་པོ་ཆེས་སྒྲ་བོ་ཆེ་དང། ཅ་ཅོ་ ཆེན་པོའི་སྐད་ཕྱུང་ན། ཅི་བཅོམ་ལྡན་འདས་ཀྱིས་འབྲུག་སྒྲ་དང་ཐོག་བབ་པའི་སྒྲ་མ་གསན་ཏམ། བཀའ་སྩལ་པ། ངས་མ་ཐོས་སོ་།གསོལ་པ། བཅོམ་ལྡན་འདས་གཟིམས་ [181A]༄༅། །གཟིམས་སམ། བཀའ་སྩལ་པ། ང་ཅང་མ་ཉལ་ལོ། །གསོལ་པ། ཅི་བཅོམ་ལྡན་འདས་འདུ་ཤེས་དང་ལྡན་བཞིན་ལམ་གཟིམས་བཞིན་དུ་འབྲུག་སྒྲ་དང། ཐོག་ བབ་པའི་སྒྲ་མ་གསན་ཏམ། བཀའ་སྩལ་པ། འདུ་ཤེས་དང་ལྡན་བཞིན་ལ་མ་ཉལ་བཞིན་དུ་ངས་འབྲུག་སྒྲ་དང། ཐོག་བབ་པའི་སྒྲ་མ་ཐོས་སོ། །དེ་ནས་མི་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་ འདི་ལྟར་འདུ་ཤེས་དང་ཡང་ལྡན་པ་ཞིག་ལ་གཟིམས་ཀྱང་མ་གཟིམས་པར་འབྲུག་སྒྲ་དང། ཐོག་བབ་པའི་སྒྲའང་མ་གསན་པ་ལས་ན་བཅོམ་ལྡན་འདས་གནས་པའི་བསམ་གཏན་དེ་ དེ་ཙམ་དུ་ཞི་པ་ནི། ངོ་མཚར་ཏོ་སྙམ་ནས་མི་དེ་དགའ་བར་གྱུར་ཏེ་དགའ་བར་གྱུར་པའི་ཡོན་ཡང་ཕུལ་ལོ། །དེའི་ཚེ་ཡུལ་ཨ་དུ་མའི་ནགས་ཁྲོད་ཅིག་ན་དྲང་སྲོང་ཀཻ་ནེ་ཡ་ཞེས་བྱ་བ་འཁོར་ ལྔ་བརྒྱ་ཡོད་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་གནས་སོ། །དེ་དང་ཐག་མི་རིང་བ་གུད་ཀྱི་ནགས་ཁྲོད་ཅིག་ན་ནི། དེ་ཉིད་ཀྱི་སྲིང་མོའི་བུ་དྲང་སྲོང་རི་བོ་ཞེས་བྱ་བ་འཁོར་ལྔ་བརྒྱ་ ཡོད་པ་ཞིག་གནས་སོ། །དྲང་སྲོང་དེ་གཉིས་ཀའང་མཚོ་དལ་གྱིས་འབབ་ཀྱི་འགྲམ་ན་གནས་ཏེ། དེ་གཉིས་དེར་དུས་དུས་སུ་འགྲོ་ཞིང་ཉིན་པར་གནས་པར་བྱེད་དེ། སངས་རྒྱས་བཅོམ་ལྡན་ འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་ [181B] འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ་སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པར་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་ མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི་ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་གྱུར། སུ་ནི་ གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ་སུ་ནི། ངན་སོང་དུ་བབ། སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་ མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི་དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་ པར་བ༑ སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ [182A]༄༅། །ཡེ་ཤེས་གཟིགས་པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་ དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། ངས་རྒྱལ་པོ་ཆེན་པོ་བཞི་ལ་གང་དུ་ཆོས་བཤད་ན། དེར་དྲང་སྲོང་ཀཻ་ན་ཡ་དང། རི་བོའང་ཞར་ལ་བདག་གི་ ཐུལ་བར་འགྱུར་ཞིག་གུ་མ་ལ་བདག་གིས་མཚོ་དལ་གྱིས་འབབ་ཀྱི་འགྲམ་དུ་རྒྱལ་པོ་ཆེན་པོ་བཞི་ལ་ཆོས་བཤད་དང། དེར་དྲང་སྲོང་ཀཻ་ན་ཡ་དང་རི་བོའང་ཚིགས་ཆུང་དུས་ཞར་ལ་ བདག་གིས་ཐུལ་བར་འགྱུར་རོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་དེ། ཀྱེ་མ་རྒྱལ་པོ་ཆེན་པོ་བཞིས་བདག་གི་སེམས་ཤེས་ཏེ། བཅོམ་ལྡན་འདས་ ནི༑ བདག་ཅག་ལ་མཚོ་དལ་གྱིས་འབབ་ཀྱི་འགྲམ་དུ་ཆོས་བཤད་པར་བཞེད་དོ་སྙམ་དུ་རྟོགས་ན་ལེགས་སོ་སྙམ་དུ་དགོངས་སོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཀྱི་ དགོངས་པ་ཁོང་དུ་ཆུད་ནས་གཡོག་རྣམས་བཏང་སྟེ། ཁྱེད་དེང་ལ་མཚོ་དལ་གྱིས་འབབ་ཀྱི་འགྲམ་དུ་སོང་སྟེ་གདན་དག་ཤོམས་ཤིག་ས་གྮིའང་མེ་ཏོག་སྣ་ཚོགས་ཀྱིས་གཏོར་ཅིག་ སྤོས་ཆུས་ཆག་ཆག་ཀྱང་ཐོབ་ཅིག་དྲང་སྲོང་ཀཻ་ནེ་ཡ་དང་རི་བོ་ལ་ཡང་མིའམ། མི་མ་ཡིན་པའམ། སྲིན་པོ་ལ་ལ་དག་གནོད་པ་བྱེད་ན་མི་རུང་གི་སྲུང་བར་གྱིས་ཤིག་ཅེས་བསྒོའོ། །དེ་ [182B]འཚལ་ཞེས་བྱས་ཏེ་མཚོ་དལ་གྱིས་འབབ་ཀྱི་འགྲམ་དུ་སོང་ནས་གདན་ཡང་བཤམས། ས་གྮིའང་མེ་ཏོག་སྣ་ཚོགས་ཀྱིས་གཏོར་ཏེ་ སྤོས་ཆུས་ཆག་ཆག་བཏབ་བོ། །དེ་ནས་དྲང་སྲོང་ཀཻ་ནེ་ཡས་རྒྱལ་པོ་ཆེན་པོ་བཞིའི་གཡོག་རྣམས་ཀྱིས་མཚོ་དལ་གྱིས་འབབ་ཀྱི་འགྲམ་དུ་གདན་བཤམས་ནས་ས་གྮིའང་མེ་ཏོག་སྣ་ཚོགས་ ཀྱིས་གཏོར་ཏེ་སྤོས་ཆུས་ཆག་ཆག་བཏབ་པ་མཐོང་ངོ། །མཐོང་ནས་ཀྱང་དྲང་སྲོང་ཀཻ་ན་ཡས་ཁྱེད་ཅི་ཤོམ་ཞིང་འདུག་ཅེས་དྲིས་སོ། །དེ་དག་གིས་སྨྲས་པ། རྒྱལ་པོ་ཆེན་པོ་བཞི་ལ་བཅོམ་ལྡན་འདས་ ཆོས་སྟོན་པར་བཞེད་དེ། དེའི་ཕྱིར་གདན་ཤོམ་མོ། །དྲང་སྲོང་ཀཻ་ནེ་ཡས་སྨྲས་པ། ཅི་ངས་དེ་དག་ལ་ཆོས་བཤད་དམ། རྒྱལ་པོ་ཆེན་པོ་བཞིའི་གཡོག་རྣམས་ཀྱིས་སྨྲས་པ། དགེ་སྦྱོང་གཽ་ཏ་མ་ དེ་དག་ལ་ཆོས་སྟོན་པར་མཛད་ཀྱི། ཁྱོད་མ་ཡིན་ནོ། །དེས་སྨྲས་པ། འོ་ན་ཁྱེད་ངའི་ཕྱི་བཞིན་དུ་ཅིའི་ཕྱིར་འབྲང། དེ་དག་གིས་སྨྲས་པ། དེ་དག་གི་ཕྱི་བཞིན་དུ་གཡོག་འཁོར་མང་པོ་འོང་བར་འགྱུར་ ཏེ༑ དེ་དག་གིས་ཁྱེད་ལ་གནོད་པ་བྱེད་དུ་དོགས་པའི་ཕྱིར་བདག་ཅག་ཁྱོད་ལ་སྲུང་བར་བྱེད་དོ། །དྲང་སྲོང་ཀཻ་ནེ་ཡས་སྨྲས་པ། ཅི་ཁྱེད་ང་འབའ་ཞིག་ལ་སྲུང་བར་བྱེད་དམ། འོན་ཏེ་དགེ་སྦྱོང་གཽ་ཏ་མ་ལའང་ སྲུང་བར་བྱེད། རྒྱལ་པོ་ཆེན་པོ་བཞིའི་གཡོག་རྣམས་ཀྱིས་སྨྲས་པ། བདག་ཅག་ནི། དགེ་སྦྱོང་གཽ་ཏ་མ་ལ་སྲུང་བར་མི་བྱེད་དེ། དེ་ཉིད་ལྷ་དང་བཅས་པའི་འཇིག་རྟེན་ལ་སྲུང་བར་མཛད་དོ། །དེ་ནས་ [183A]༄༅། །ཀཻ་ནེ་ཡས་སྨྲས་པ། འདི་ལྟར་ལྷ་རྣམས་ཀྱང་དེ་ལ་མཆོད་པའི་ཕྱིར་ལས་བྱ་བ་ལ་བརྩོན་པར་བྱེད་པ་ལས་ན། དགེ་སྦྱོང་གཽ་ཏ་མ་ནི། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ ཞིག་གོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཡུལ་ཨ་དུ་མ་ནས་མི་སྣང་བར་གྱུར་ཏེ་མཚོད་ལ་གྱིས་འབབ་ཀྱི་འགྲམ་དུ་གཤེགས་ནས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཆེན་པོ་ ཡུལ་འཁོར་སྲུང་དྲི་ཟ་སྟོང་ཕྲག་དུ་མས་གཡོག་བྱས་པ། ལྷའི་མེ་ཏོག་ཨུཏྤལ་དང་པདྨ་དང་ཀུ་མུ་ད་དང་པདྨ་དཀར་པོ་རྣམས་ཀྱིས་ཐུ་བ་བཀང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་པདྨ་དཀར་པོ་རྣམས་ཀྱིས་གཏོར་ནས་ཤར་ཕྱོགས་ལོགས་ སུ་བརྟེན་ཏེ་བཅོམ་ལྡན་འདས་ལ་མདུན་གྱིས་ཕྱོགས་ཤིང་ནུབ་ཕྱོགས་སུ་ཁ་བལྟས་ཏེ་འདུག་གོ་དེ་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་གྲུལ་བུམ་སྟོང་ཕྲག་དུ་མས་གཡོག་བྱས་པ་ རིན་པོ་ཆེས་ཐུ་བ་བཀང་ནས་བཅོམ་ལྡན་འདས་ག་ལ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་རིན་པོ་ཆེས་གཏོར་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ལྷོ་ཕྱོགས་ ལོགས་སུ་བརྟེན་ཏེ་བཅོམ་ལྡན་འདས་ལ་མདུན་གྱིས་ཕྱོགས་ཤིང་བྱང་ཕྱོགས་སུ་ཁ་བལྟས་ཏེ་འདུག་གོ་དེ་ནས་རྒྱལ་པོ་ཆེན་པོ་མིག་མི་བཟང་ཀླུ་སྟོང་ཕྲག་དུ་མས་གཡོག་བྱས་པ། མུ་ཏིག་ [183B]ཕྱིན་ནས་བཅོམ་ལྡན་འདས་ལ་མུ་ཏིག་གིས་གཏོར་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ནུབ་ཕྱོགས་ལོགས་ སུ་བརྟེན་ཏེ་བཅོམ་ལྡན་འདས་ལ་མདུན་གྱིས་ཕྱོགས་ཤིང་ཤར་ཕྱོགས་སུ་ཁ་བལྟས་ཏེ་འདུག་གོ་དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་སྟོང་ཕྲག་དུ་མས་གཡོག་བྱས་པ། གསེར་ དངུལ་གྱིས་ཐུ་བ་བཀང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་གསེར་དངུལ་གྱིས་གཏོར་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་བྱང་ ཕྱོགས་སུ་བརྟེན་ཏེ་བཅོམ་ལྡན་འདས་ལ་མདུན་གྱིས་ཕྱོགས་ཤིང་ལྷོ་ཕྱོགས་སུ་ཁ་བལྟས་ཏེ་འདུག་གོ་དེ་དག་གི་ནང་ན་གཉིས་ནི། ཡུལ་མཐའ་འཁོབ་པ་ཡིན་ལ། གཉིས་ནི། ཡུལ་དབུས་པ་ཡིན་ ནོ༑ ༑དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། གལ་ཏེ་བདག་གིས་ཡུལ་དབུས་ཀྱི་སྐད་ཀྱིས་ཆོས་བཤད་ན་ནི། གཉིས་ཀྱིས་ནི། བརྡ་ཕྲད་ལ་གཉིས་ཀྱིས་ནི། ཕྲད་པར་མི་འགྱུར། དེ་སྟེ་ཡུལ་མཐའ་ འཁོབ་ཀྱི་སྐད་ཀྱིས་ཆོས་བཤད་ན་འང་གཉིས་ཀྱིས་ནི། བརྡ་ཕྲད་ལ་གཉིས་ཀྱིས་ནི། བརྡ་ཕྲད་པར་མི་འགྱུར་གྱི། མ་ལ་བདག་གིས་འདི་དག་ལ་སོ་སོར་ཆོས་བཤད་པར་བྱའོ་སྙམ་དུ་དགོངས་ནས་དེར་བཅོམ་ ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ལ་བཀའ་སྩལ་པ་རྒྱལ་པོ་ཆེན་པོ། འདི་ལྟར་ལུས་དང་བྲལ་བ་དང། ཚོར་བ་བསིལ་བར་གྱུར་པ་དང། འདུ་ཤེས་འགགས་པ་དང། འདུ་བྱེད་ཉེ་ [184A]༄༅། །བར་ཞི་བ་དང། རྣམ་པར་ཤེས་པ་ནུབ་པར་གྱུར་པ་འདི་ཉིད་སྡུག་བསྔལ་གྱི་མཐར་ཐུག་པ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་རྒྱལ་པོ་ཆེན་པོ་ཡུལ་ འཁོར་སྲུང་དང། དེ་དང་སྐལ་པ་མཉམ་པའི་ལྷ་སྟོང་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་འཕགས་ སྐྱེས་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། །འདི་ལ་ཁྱོད་ཀྱིས་མཐོང་བ་ལ་ནི། མཐོང་བ་ཙམ་གྱི་བློ་དང་ལྡན་པར་གྱིས་ཤིག་།ཐོས་པ་ལ་ནི། ཐོས་པ་ཙམ་གྱི་བློ་དང་ལྡན་པར་གྱིས་ཤིག་ བྱེ་བྲག་ཕྱེད་པ་ལ་ནི། བྱེ་བྲག་ཕྱེད་པ་ཙམ་གྱི་བློ་དང་ལྡན་པར་གྱིས་ཤིག་རྣམ་པར་ཤེས་པ་ལ་ནི། རྣམ་པར་ཤེས་པ་ཙམ་གྱི་བློ་དང་ལྡན་པར་གྱིས་ཤིག་དང། འདི་ཉིད་སྡུག་བསྔལ་གྱི་ མཐར་ཐུག་པ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང། དེ་དང་སྐལ་པ་མཉམ་པའི་ལྷ་སྟོང་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་མིག་མི་བཟང་ལ་བཀའ་སྩལ་པ། ཨེ་ནེ་མེ་ནེ་དབ་ཕུ། ད་དབ་ཕུ་ཞེས་བྱ་བ་འདི་ཉིད་སྡུག་བསྔལ་གྱི་མཐར་ ཐུག་པ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་རྒྱལ་པོ་ཆེན་པོ་མིག་མི་བཟང་དང། དེ་དང་སྐལ་པ་མཉམ་པའི་ལྷ་སྟོང་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་ [184B] །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་བཀའ་སྩལ་པ། མཱ་ཤཱ་ཏུ་ཤཱ། ཤཱ་མཱ་སརྦ་དང་ཏྲ་བིར་ཏྲཱི་ཞེས་བྱ་བ་འདི་ཉིད་སྡུག་བསྔལ་གྱི་མཐར་ཐུག་པ་ཡིན་ནོ། ། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང། དེ་དང་སྐལ་པ་མཉམ་པའི་ལྷ་སྟོང་ཕྲག་དུ་མ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་ནས་རྒྱལ་ པོ་ཆེན་པོ་བཞིས་ཆོས་མཐོང། ཆོས་རྙེད། ཆོས་རྟོགས། ཆོས་ཀྱི་གཏིང་སླེབས། སོམ་ཉི་ལས་རྒལ། ཐེ་ཚོམ་ལས་བརྒལ་ཏེ་གཞན་གྱི་དྲིང་མི་འཇོག་ཅིང་གཞན་གྱིས་བཀྲི་བ་མེད་ལ། སྟོན་པས་བསྟན་ པའི་ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །བཙུན་པ། བདག་ཅག་ནི། ཞུགས་པ་ལགས་སོ། །ཞུགས་པ་ལགས་སོ། །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ་།སྐྱབས་སུ་མཆི་བ་དང་བསླབ་པའི་གཞི་གཟུང་ བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་གྲོགས་པོ་དག་ཁྱེད་ཟེར་བ་ནི། ལེགས་པ་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་བཅོམ་ལྡན་འདས་ཀྱིས་གསུངས་པ་ ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ཀྱི་ཐད་ནས་དོང་ངོ། །དེ་རྣམས་དོང་བའི་འོག་ཏུ་དགེ་སློང་དག་གིས་སངས་རྒྱས་ [185A]༄༅། །བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། རྒྱལ་པོ་ཆེན་པོ་བཞིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་གཙོ་བོར་སྨོས་པར་གྱུར་ལ་གཉིས་ནི། ཡུལ་དབུས་ པར་གྱུར། གཉིས་ནི། ཡུལ་མཐའ་འཁོབ་ཏུ་གྱུར་ཏེ། འདི་རྣམས་ཀྱིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་ སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་རི་རབ་ཀྱི་བང་རིམ་ལ་ཀླུའི་རྒྱལ་ པོ་དབུགས་དང། དབུགས་ཆེན་པོ་ཞེས་བྱ་བ་གཉིས་ཀྱང་གནས་ལ་བྱའི་རྒྱལ་པོ་ནམ་མཁའ་ལྡིང་སྒྲ་སྙན་དང། སྒྲ་ཆུང་ཞེས་བྱ་བ་གཉིས་ཀྱང་དེ་ལ་གནས་པ་ལས། ཀླུ་དེ་གཉིས་ནམ་མཁའ་ ལྡིང་དེ་གཉིས་ཀྱིས་འཇིགས་ནས་ཐུར་དུ་གསེར་གྱི་ས་གཞིའི་སྟེང་དུ་སོང་སྟེ་གནས་སོ། །དེ་ནས་ཕྱི་ཞིག་ན་ཀླུའི་རྒྱལ་པོ་དབུགས་དང་དབུགས་ཆེན་སྤུན་གཉིས་ཡང་དག་པར་རྫོགས་པའི་སངས་ རྒྱས་འོད་སྲུང་གི་བསྟན་པ་ལ་དགའ་བར་གྱུར་ཏེ། དེ་གཉིས་ཀྱིས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་སོ། །དེར་གང་གི་ཚེ་དེ་གཉིས་ཀྱིས་སྐྱབས་སུ་འགྲོ་བ་དང། བསླབ་པའི་ [185B]ནམ་མཁའ་ལྡིང་གིས་མི་ཚུགས་པར་གྱུར་ནས་དེ་གཉིས་རྒྱ་མཚོ་ཆེན་པོའི་ནང་ནས་བྱུང་སྟེ་བག་ཡངས་སུ་འཁོད་དོ། །དེ་ནས་ནམ་མཁའ་ ལྡིང་སྒྲ་སྙན་དང། སྒྲ་ཆུང་གཉིས་ཀྱིས་ཀླུའི་རྒྱལ་པོ་དེ་གཉིས་རྒྱ་མཚོ་ཆེན་པོའི་ནང་ནས་བྱུང་ནས་བག་ཡངས་སུ་འཁོད་པ་མཐོང་ངོ། །མཐོང་ནས་ཀྱང་བརྟུལ་ཏེ་ཤུགས་བཅུམ་པ་ལས་དེ་ གཉིས་ལ་གནོད་པ་བྱེད་མ་ནུས་ཏེ། རི་རབ་ལ་བབ་པ་བཞིན་དུ་རྡུགས་ནས་དེ་གཉིས་ཀྱིས་དེ་གཉིས་ལ་དྲིས་པ། སྔོན་ཁྱེད་གཉིས་ངེད་གཉིས་ཀྱིས་འཇིགས་ནས་ཐུར་དུ་གསེར་གྱི་ས་གཞི་ ལ་སོང་སྟེ་གནས་ན། ད་ཅིའི་ཕྱིར་ཁྱེད་གཉིས་བག་ཡངས་སུ་འཁོད་ལ་ངེད་གཉིས་ཀྱིས་ཁྱེད་གཉིས་ལེ་གནོད་པ་བྱེད་ཀྱང་མི་ནུས་པར་གྱུར། ཀླུ་གཉིས་ཀྱིས་སྨྲས་པ། ཡང་དག་པར་རྫོགས་པའི་སངས་ རྒྱས་འོད་སྲུང་ལས་བདག་ཅག་གཉིས་ཀྱང་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་པས་ན། དེའི་ཕྱིར་ད་ནི་བདག་ཅག་གཉིས་ལ་ཁྱེད་གཉིས་ཀྱིས་མི་ཚུགས་པར་གྱུར་ཏོ། །ནམ་མཁའ་ ལྡིང་གཉིས་ཀྱིས་སྨྲས་པ། སངས་རྒྱས་ཞེས་བྱ་བ་དེ་སུ་ཞིག་དེ་ནས་ཀླུ་གཉིས་ཀྱིས་དེ་གཉིས་ལ་སངས་རྒྱས་ཀྱི་བསྔགས་པ་རྒྱས་པར་བཤད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་དེ་གཉིས་ཀྱང་ཡང་དག་ པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་ཤས་ཆེར་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་དེ་གཉིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཐད་དུ་སོང་སྟེ་སྐྱབས་སུ་འགྲོ་བ་དང་ [186A]༄༅། །བསླབ་པའི་གཞི་རྣམས་བླངས་ནས་དེ་རྣམས་མཐུན་པར་གྱུར་ཏེ་ལྷན་ཅིག་འགྲོགས་ཤིང་འཁོད་ནས་དེ་རྣམས་ཀྱིས་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང། བསླབ་ པའི་གཞི་རྣམས་བསྲུངས་ཏེ་འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་ཅག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང་ བསླབ་པའི་གཞི་རྣམས་བསྲུངས་པའི་དགེ་བའི་རྩ་བ་འདིས་ན་བདག་ཅག་གང་དང་གང་དུ་སྐྱེ་བ་དེ་དང་དེར་གཙོ་བོར་སྨོས་པར་གྱུར་ཅིག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག། མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་ སོ༑ ༑དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཀླུའི་རྒྱལ་པོ་དབུགས་དང། དབུགས་ཆེན་ཞེས་བྱ་བར་གྱུར་བ་གང་ཡིན་པ་དེ་གཉིས་ནི། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང། འཕགས་ སྐྱེས་པོ་ཡུལ་དབུས་པར་གྱུར་བ་འདི་གཉིས་ཁོ་ན་ཡིན་ནོ། །དེའི་ཚེ་ནམ་མཁའ་ལྡིང་གི་རྒྱལ་པོ་སྒྲ་སྙན་དང། སྒྲ་ཆུང་ཞེས་བྱ་བར་གྱུར་པ་གང་ཡིན་བ་དེ་གཉིས་ནི། རྒྱལ་པོ་ཆེན་པོ་མིག་མི་ བཟང་དང། རྣམ་ཐོས་ཀྱི་བུ་ཞེས་བྱ་བ་ཡུལ་མཐའ་འཁོབ་པར་གྱུར་པ་འདི་གཉིས་ཁོ་ན་ཡིན་ནོ། །དེ་རྣམས་ཀྱིས་དེར་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བསྲུངས་ [186B] ཀྱེ་མ་དགེ་བའི་རྩ་བ་འདིས་བདག་ཅག་གང་དང་གང་དུ་སྐྱེ་བ་དེ་དང་དེར་གཙོ་བོར་སྨོས་པར་གྱུར་ཅིག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་ པར་སྨིན་པས་ད་ལྟར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་ན་གཙོ་བོར་སྨོས་པར་གྱུར་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ། །དེར་གང་གི་ཚེ་བཅོམ་ལྡན་ འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་ཆོས་བསྟན་ཏེ་དེ་དག་གི་ལས་ཀྱི་རྣམ་པའང་ལུང་བསྟན་པ་དེའི་ཚེ་དྲང་སྲོང་ཀཻ་ནེ་ཡ་འང་ཐག་མི་རིང་བཞིག་ན་འདུག་སྟེ། དེས་ཀྱང་ཐམས་ཅད་ཐོས་ཏེ་ ཐོས་མ་ཐག་ཏུ་དེ་བཅོམ་ལྡན་འདས་ལ་དགའ་བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་[?] སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་ [187A]༄༅། །དྲང་སྲོང་ཀཻ་ནེ་ཡས་བདེན་པ་མངོན་པར་རྟོགས་པའི་མོད་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ ཐབས་ཅིག་ཏུ་དེང་གི་གདུགས་ལ་ཕྱོགས་འདི་ཉིད་དུ་ཞུགས་ཏེ་དུས་མ་ལགས་པར་གསོལ་དུ་རུང་བའི་གུང་སྐྱེམས་བདག་གིས་སྦྱར་བ་གསོལ་དུ་ཅི་གནང་ཞེས་བྱས་ནས་བཅོམ་ལྡན་ ཀྱིས་དྲང་སྲོང་ཀཻ་ནེ་ཡ་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་དྲང་སྲོང་ཀཻ་ནེ་ཡས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཏུང་བའི་རྣམ་གངས་བརྒྱད་སྦྱར་ ཏེ༑ ཀུ་ཤུ་དང་ཆུ་ཤིང་གི་འབྲས་བུ་དང་རྒྱ་ཤུག་གི་འབྲས་བུ་དང་ཨ་ཤྭ་རྩྭའི་འབྲས་བུ་དང་ཨུ་དུམ་ཝ་རའི་འབྲས་བུ་དང་བ་རུ་ཤ་ཀའི་འབྲས་བུ་དང་འབྲ་གོ་དང་རྒུན་འབྲུམ་རྣམས་ཀྱི་ ཁུ་བའི་བཏུང་བ་ཁྱེར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་བྱོན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བཏུང་བའི་རྣམ་གྲངས་བརྒྱད་པོ་འདི་དག་ནི། སྔོན་ གྱི་དྲང་སྲོང་རྣམས་ཀྱིས་བསྟོད་པ་དང། རིགས་པར་བརྗོད་པ་དང་བསྔགས་པ་དང། སྙན་པར་བརྗོད་པ་ལགས་ཀྱི། ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བཞེས་པར་གསོལ་ [187B] །དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་ཕྱིར་དྲང་སྲོང་ཀཻ་ནེ་ཡའི་བཏུང་བའི་རྣམ་གྲངས་བརྒྱད་པོ་རྣམས་བཞེས་སོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ བཀའ་སྩལ་པ། དགེ་སློང་དག་བཏུང་བའི་རྣམ་གྲངས་བརྒྱད་པོ་འདི་དག་རས་ཀྱིས་བཙགས་ཀྱང་རུང། མ་བཙགས་ཀྱང་རུང། དང་བའང་རུང། དང་བ་མ་ཡིན་པའང་རུང། རྙོག་པའང་རུང་ རྙོག་པ་མ་ཡིན་པའང་རུང། མདོག་བཟང་བའང་རུང། མདོག་མི་བཟང་བའང་རུང་བ་རྣམས་ནི། དགེ་སློང་དང་དགེ་སློང་མ་དང་དགེ་ཚུལ་ཕ་དང་དགེ་ཚུལ་མ་རྣམས་ལ་དུས་སུ་བཏུང་བར་ངས་ གནང་གི་དུས་མ་ཡིན་པར་མི་གནང་ངོ། །དགེ་སློང་དག་བཏུང་བའི་རྣམ་གྲངས་བརྒྱད་པོ་འདི་དག་ཉིད་ལས་རས་ཀྱིས་བཙགས་པ་དང་དང་བ་དང། མདངས་བཟང་བ་དང། རྙོག་པ་མ་ཡིན་པ་ དང། སྙིགས་མ་མེད་པ་རྣམས་ནི། དུས་མ་ཡིན་པར་བཏུང་བར་བྱ་བ་མ་ཡིན་ནོ། །དེ་ནས་དྲང་སྲོང་ཀཻ་ནེ་ཡས་བཅོམ་ལྡན་འདས་ག་ལ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཙུན་པ། སང་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བདག་གི་དེར་བཤོས་གསོལ་བར་ཅི་གནང་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཀཻ་ནེ་ཡ་ལ་ཅང་མི་ གསུང་བས་གནང་ངོ། །དེ་ནས་དྲང་སྲོང་ཀཻ་ནེ་ཡས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། འོ་ན་བདག་ཅག་ [188A]༄༅། །མཆིས་པའི་གནས་ནགས་ཁྲོད་འདི་ཉིད་དུ་དོ་ནུབ་བཞུགས་པར་གསོལ། དེ་ནས་དྲང་སྲོང་ཁྱོད་ཇི་ལྟར་དགའ་བ་དེ་བཞིན་དུ་བྱའོ། །ཞེས་བཀའ་སྩལ་ནས་ བཅོམ་ལྡན་འདས་མཚོ་དལ་གྱིས་འབབ་ཀྱི་འགྲམ་ནས་མི་སྣང་བར་གྱུར་ཏེ་དྲང་སྲོང་ཀཻ་ནེ་ཡ་འདུག་པའི་གནས་ནས་ཐག་མི་རིང་བའི་ནགས་ཁྲོད་དེ་ཉིད་དུ་དགེ་སློང་གི་དགེ་འདུན་དང་ཐབས་ ཅིག་ཏུ་བཞུགས་སོ། །དེ་ནས་དྲང་སྲོང་ཀཻ་ནེ་ཡ་ནམ་མ་ལངས་པར་ལངས་ནས་བྲམ་ཟེའི་ཁྱེའུ་རྣམས་ལ་བོས་ཏེ་འཕགས་པ་དག་ལོངས་བཞིན་བཟང་དག་ལོངས། ཤིང་དག་གཤོགས། མེ་ དག་བུས། འབྲས་ཅན་ཚོས། སྐྱུ་རུམ་སྒྲོལ། ཁུར་བ་དག་གྱིས། བཀད་སའི་ཞལ་ཏ་གྱིས་ཞེས་ཟེར་རོ། །དེའི་ནུབ་མོ་དྲང་སྲོང་རི་བོའང་དྲང་སྲོང་ཀཻ་ནེ་ཡ་འདུག་པའི་གནས་ན་འདུག་པར་ གྱུར་ཏེ། དྲང་སྲོང་རི་བོས་དྲང་སྲོང་ཀཻ་ན་ཡ་ནམ་མ་ལངས་པར་ལངས་ནས་བྲམ་ཟེའི་ཁྱེའུ་རྣམས་ལ་བོས་ཏེ་འཕགས་པ་དག་ལོངས། བཞིན་བཟང་དག་ལོངས། ཤིང་དག་གཤོགས་ མེ་དག་བུས། འབྲས་ཅན་ཚོས། སྐྱུ་རུམ་དག་སྒྲོལ། ཁུར་བ་དག་གྱིས་བཀད་སའི་ཞལ་ཏ་གྱིས་ཞེས་ཟེར་བ་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། ཅི་དྲང་སྲོང་འདི་བག་ མ་གཏོང་ངམ། བག་མ་ལེན་ཏམ། འོན་ཏེ་འདིས་ཡུལ་འཁོར་གྱི་མིའམ་ལག་བཟོ་འམ། ཕ་ཚན་ནམ། འཁོར་རམ། རྒྱལ་པོ་སྤྱན་འདྲེན་ནམ་སྙམ་ནས་དྲང་སྲོང་རི་བོས་དྲང་སྲོང་ཀཻ་ནེ་ [188B] ཅི་དྲང་སྲོང་ཁྱོད་བག་མ་གཏོང་ངམ། བག་མ་ལེན་ཏ་མ། འོན་ཏེ་ཁྱོད་ཡུལ་འཁོར་གྱི་མིའམ་ལག་བྯོའམ། ཕ་ཚན་ནམ། འཁོར་རམ། རྒྱལ་པོ་བཤོས་ལ་སྤྱན་ འདྲེན་ནམ། དྲང་སྲོང་ཀཻ་ནེ་ཡས་སྨྲས་པ། བདག་ནི། བག་མ་གཏོང་བའམ། བག་མ་ལེན་པའང་མི་བྱེད་ལ། ཡུལ་འཁོར་གྱི་མིའམ། ལག་བྯོའམ། ཕ་ཚན་ནམ། འཁོར་རམ། རྒྱལ་པོའང་ སྤྱན་མི་འདྲེན་གྱི། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སང་བཤོས་ལ་སྤྱན་འདྲེན་ནོ། །དེ་ནས་དྲང་སྲོང་རི་བོས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་མཐོས་པ་ཐོས་ནས་སྤུ་ཐམས་ཅད་ ཟིང་ཞེས་བྱེད་དེ་དགའ་བ་སྐྱེས་སོ། །དེ་ནས་དྲང་སྲོང་རི་བོས་དྲང་སྲོང་ཀཻ་ནེ་ཡ་ལ་སྨྲས་པ། དྲང་སྲོང། སངས་རྒྱས་ཞེས་བྱ་བ་དེ་སུ་ཞིག་དྲང་སྲོང་ཀཻ་ནེ་ཡས་སྨྲས་པ། དྲང་སྲོང་གངས་རིའི་འདབས་ ན་ཆུ་ཀླུང་གངྒཱའི་འགྲམ་ན་དྲང་སྲོང་སེར་སྐྱ་འདུག་པའི་གནས་ནས་ཐག་མི་རིང་བ་ཞིག་ན་ཤཱཀྱ་རྣམས་ཀྱི་ནང་དུ་བུ་ཞིག་སྐྱེས་པ་ཡོད་དོ། །དེ་བྲམ་ཟེ་མཚན་མཁན་བྱེ་བྲག་ཕྱེད་པ་རྣམས་ ཀྱི་ལུང་བསྟན་ཏེ། གལ་ཏེ་ཁྱིམ་གྱི་ནང་ན་གནས་ན་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །དེ་སྟེ་སྐྲ་དང་ཁ་སྤུ་དག་བྲེགས་ནས་ཆོས་གོས་ཚོན་ཅན་དག་བགོས་ཏེ་ཡང་དག་པའི་དད་པ་ ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་ལས། དེ་སྐྲ་དང་ཁ་སྤུ་ [189A]༄༅། །བྲེགས་ནས་ཆོས་གོས་ཚོན་ཅན་དག་བགོས་ཏེ་ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་སངས་རྒྱས་ཏེ། དྲང་སྲོང། སངས་རྒྱས་ཞེས་བྱ་བ་ནི། དེ་ཡིན་ནོ། །དྲང་སྲོང། དགེ་འདུན་ཞེས་བྱ་བ་སུ་ཞིག་དྲང་སྲོང། རྒྱལ་རིགས་མཁས་པ་དག་ཀྱང་ཡོད། བྲམ་ ཟེ་མཁས་པ་དང། ཁྱིམ་བདག་མཁས་པ་དང། དགེ་སློང་མཁས་པ་དག་ཀྱང་ཡོད་དེ། དེ་དག་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་ བྱུང་བ་དེའི་རྗེས་སུ་རབ་ཏུ་བྱུང་བ་དེ་དག་ནི། དྲང་སྲོང། དགེ་འདུན་ཞེས་བྱ་བ་ཡིན་ཏེ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དེ་དག་བདག་གིས་སང་བཤོས་ལ་སྤྱན་འདྲེན་ནོ། །དེ་ནས་དྲང་ སྲོང་རི་བོས་དྲང་སྲོང་ཀཻ་ནེ་ཡ་ལ་སྨྲས་པ། དྲང་སྲོང། བཅོམ་ལྡན་འདས་དེ་ད་ལྟ་གང་ན་བཞུགས། དྲང་སྲོང་ཀཻ་ནེ་ཡས་སྨྲས་པ། དྲང་སྲོང། ཡུལ་ཨ་དུ་མ་འདི་ཉིད་ན་ནགས་ཁྲོད་འདི་ཁོ་ན་ན་ བཞུགས་ཀྱི། གལ་ཏེ་བལྟ་བར་འདོད་པ་ལྟ་ན། བྲམ་ཟེ་ནགས་ཁྲོད་ཉམས་དགའ་བ། །ག་ལ་འདུག་པ་དེར་སོང་དང། །དྲི་ཟའི་རྒྱལ་པོ་འདྲ་བ་ཡི། །འདྲེན་པ་སངས་རྒྱས་མཐོང་བར་འགྱུར། ། དེ་ནས་དྲང་སྲོང་རི་བོས་དྲང་སྲོང་ཀཻ་ནེ་ཡའི་ཚིག་མཉན་ཏེ་ནགས་ཁྲོད་དེ་ག་ལ་འདུག་པ་དེར་སོང་ནས་དྲང་སྲོང་རི་བོས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་ [189B]པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་ རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ་དགེ་བའི་ རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི། ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ ལའང་ཉམས་བདེ་བ་དེ་ལྟ་བུར་སྐྱེ་བར་མི་འགྱུར་རོ། །དེ་ལྟར་མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཆོས་མཉན་པའི་ ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ ཆོས་བསྟན་ཏེ། དེས་ན་དྲང་སྲོང་རི་བོས་སྟན་དེ་ཁོ་ན་ལ་འདུག་བཞིན་དུ་བདེན་པ་མངོན་པར་རྟོགས་པའི་མོད་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེས་བདེན་པ་མཐོང་ནས་སྟན་ལས་ ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལེགས་པར་གསུངས་ [190A]༄༅། །པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་ པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཁྱོད་ཀྱིས་འཁོར་རྣམས་ལ་བཟླུགས་སམ། དྲང་སྲོང་རི་བོས་གསོལ་པ་བཙུན་པ། མ་བླུགས་ལགས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། དྲང་སྲོང། འོ་ན་འཁོར་རྣམས་ལ་ཇེ་ཟླུགས་ཤིག་དང། འཁོར་ལ་བཟླུགས་པ་ནི། འདི་ལྟ་སྟེ། ཁྱེད་ལྟ་བུ་གྲགས་པ་དང་ལྡན་པ། ཀུན་གྱིས་ཤེས་པ། བསོད་ནམས་ ཆེན་པོ་དང་ལྡན་པ་དག་ལ་ལེགས་པ་ཁོ་ན་ཡིན་ནོ། །དེ་ནས་དྲང་སྲོང་རི་བོ་བྲམ་ཟེའི་ཁྱེའུ་རྣམས་ག་ལ་འཁོད་པ་དེར་སོང་སྟེ་ཕྱིན་ནས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ ཤེས་པར་གྱིས་ཤིག་བདག་ནི། བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འདོད་ན། ཁྱེད་ཇི་ལྟར་བྱེད། དེ་དག་གིས་སྨྲས་པ། བདག་ཅག་ཅི་འཚལ་བ་དེ་དག་ཐམས་ཅད་ཀྱང་ མཁན་པོ་ལ་བརྟེན་པར་བས་ཀྱི། གལ་ཏེ་མཁན་པོ་དགེ་སྦྱོང་གཽ་ཏ་མའི་ཐད་དུ་རབ་ཏུ་འབྱུང་བ་ལྟ་ན། བདག་ཅག་ཀྱང་མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་འཚལ་ལོ། །དྲང་སྲོང་རི་ བོས་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ད་དེའི་དུས་ལ་བབ་པར་ཤེས་ན་དེ་ལྟར་གྱིས་ཤིག་དེ་ནས་དྲང་སྲོང་རི་བོ་གཡོག་འཁོར་ལྔ་བརྒྱ་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས་བཅོམ་ [190B]འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་གིས་འཁོར་རྣམས་ལ་བཟླུགས་ལགས་ན། བཙུན་པ། བདག་ལེགས་པར་ གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བ་བཀའ་སྩལ་ཏེ། དགེ་སློང་དག་ཚུར་ཤོག་ཚངས་པར་སྤྱོད་ཅིག་།ཅེས་བཀའ་སྩལ་ནས་ཚིག་དེ་སྐད་ཅེས་བཀའ་སྩལ་བའི་མོད་ ལ་སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར་སྤྱོད་ལམ་ནི། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་གྱུར་ལག་ན་ནི། ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ། །འདིར་ སྨྲས་པ༑ དེ་བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པས། །དེ་དག་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱི་ནི་དགོངས་པས་གོས་བགོས་ནས། །མོད་ལ་དབང་པོ་རབ་ཏུ་ཞི་བར་ གནས༑ ༑དེ་ནས་དྲང་སྲོང་ཀཻ་ནེ་ཡས་དེའི་ནུབ་མོ་ཉིད་དུ་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོ་སྟ་གོན་བྱས་ནས་ནད་པར་སྔར་ལངས་ནས་གདན་བཤམས་ནས་ཕྱག་ཆབ་ཀྱི་ཆུ་ར་བཀང་ སྟེ་བཅོམ་ལྡན་འདས་ལ་འཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ [191A]༄༅། །ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ་དགེ་སློང་ གི་དགེ་འདུན་གྱིས་མདུན་དུ་བདར་ནས་དྲང་སྲོང་ཀཻ་ནེ་ཡའི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་དྲང་སྲོང་ཀཻ་ནེ་ཡས་སངས་རྒྱས་ལ་སོགས་པ་དགེ་ སློང་གི་དགེ་འདུན་རྣམས་རང་གི་ལག་ནས་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་སོ། །དེ་ནས་དྲང་སྲོང་ཀེ་ནེ་ཡས་དྲང་སྲོང་རི་བོ་གཡོག་འཁོར་ ལྔ་བརྒྱ་དང་རབ་ཏུ་བྱུང་སྟེ་གྲལ་དེ་ཉིད་ན་འཁོད་པ་མཐོང་ངོ། །མཐོང་ནས་ཀྱང་དྲང་སྲོང་རི་བོ་ལ་སྨྲས་པ། དྲང་སྲོང། ཁྱེད་རབ་ཏུ་བྱུང་ངམ། དྲང་སྲོང་རི་བོས་སྨྲས་པ་གྲོགས་པོ། །བདག་རབ་ཏུ་ བྱུང་ངོ། །དྲང་སྲོང་ཀཻ་ནེ་ཡས་སྨྲས་པ། ལེགས་སོ། །ཤིན་ཏུ་ལེགས་སོ། །བདག་ཀྱང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་ཟིན་ནས་རབ་ཏུ་འབྱུང་ངོ། །ཞེས་སྨྲས་ནས་དྲང་ སྲོང་ཀཻ་ནེ་ཡས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་རང་གི་ལག་ནས་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་ བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ། གསང་སྡེར་ནི། གྱུ། ཕྱག་ནི་བཅབས་པར་རིག་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་ [191B] །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་ རུང་ན༑ བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང། ཁྱེད་ཀྱིས་འཁོར་རྣམས་ལ་བཟླུགས་སམ། དྲང་ སྲོང་ཀཻ་ནེ་ཡས་གསོལ་པ། བཙུན་པ། མ་བཟླུགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང། འོ་ན་འཁོར་རྣམས་ལ་ཇེ་ཟླུགས་ཤིག་དང། འཁོར་ལ་བཟླུགས་པ་ནི་ འདི་ལྟ་སྟེ། ཁྱོད་ལྟ་བུ་གྲགས་པ་དང་ལྡན་པ། ཀུན་གྱིས་ཤེས་པ། བསོད་ནམས་ཆེན་པོ་དང་ལྡན་པ་དག་ལ་ལེགས་པ་ཁོ་ན་ཡིན་ནོ་།དེ་ནས་དྲང་སྲོང་ཀཻ་ནེ་ཡས་བྲམ་ཟེའི་ཁྱེའུ་རྣམས་ག་ལ་ འཁོད་པ་དེར་སོང་སྟེ་ཕྱིན་ནས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ཤེས་པར་གྱིས་ཤིག་བདག་ནི། བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འདོད་ ན༑ ཁྱེད་ཇི་ལྟར་བྱེད། དེ་དག་གིས་སྨྲས་པ། བདག་ཅག་ཅི་འཚལ་བ་དེ་དག་ཐམས་ཅད་ཀྱང་མཁན་པོ་ལ་བརྟེན་པར་པས་ཀྱི། གལ་ཏེ་མཁན་པོ་དགེ་སྦྱོང་གཽ་ཏ་མའི་ཐད་དུ་རབ་ཏུ་འབྱུང་བ་ ལྟ་ན༑ བདག་ཅག་ཀྱང་མཁན་པོ་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་འཚལ་ལོ། །དྲང་སྲོང་ཀཻ་ནེ་ཡས་སྨྲས་པ། བྲམ་ཟེའི་ཁྱེའུ་དག་ད་དེའི་དུས་ལ་བབ་པར་ཤེས་ན་དེ་ལྟར་གྱིས་ཤིག་ [192A]༄༅། །དེ་ནས་དྲང་སྲོང་ཀཻ་ནེ་ཡས་གཡོག་འཁོར་ལྔ་བརྒྱ་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་གིས་འཁོར་རྣམས་ལ་བཟླུགས་ལགས་ན། བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་པ་རབ་ཏུ་བྱུང་ བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་ སློང་ཚུར་ཤོག་ཅེས་བྱ་བ་བཀའ་སྩལ་ཏེ། དགེ་སློང་དག་ཚུར་ཤོག་ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་ནས་ཚིག་འདི་སྐད་ཅེས་བཀའ་སྩལ་པའི་མོད་ལ་སྐྲ་དང་ཁ་སྤུ་ནི། བྲེགས་ནས་ ཞག་བདུན་ལོན་པ་ཙམ་དུ་གྱུར། སྤྱོད་ལམ་ནི། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་གྱུར། ལག་ན་ནི། ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ། །འདིར་སྨྲས་པ། དེ་བཞིན་ གཤེགས་པས་ཚུར་ཞེས་བཀའ་སྩལ་པས། །དེ་དག་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱིས་ནི་དགོངས་པས་གོས་བགོས་ནས་།མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །དེ་ ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་རི་བོ་དང། ཀཻ་ན་ཡ་ལ་གདམས་ངག་བྱིན་ནས་དེ་གཉིས་ཀྱིས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་ [192B] །དགེ་སློང་ལྷག་མ་དེ་དག་ལས་ཀྱང་དགེ་སློང་ལྔ་བརྒྱ་ནི། ཚེ་དང་ལྡན་པ་བྲམ་ཟེ་ཀ་པི་ན་ཆེན་པོ་ལ་གཏད་དེ། །ཉིས་བརྒྱ་ལྔ་བཅུ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་གཏད་དོ། ། ཉིས་བརྒྱ་ལྔ་བཅུ་ནི། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ལ་གཏད་དེ། ཁྱེད་ཀྱིས་འདི་རྣམས་ལ་གདམས་ངག་སྟོན་ཅིག་འདི་རྣམས་ལ་ཡིད་ལ་བྱེད་པའི་ལུང་ཡང་ཕོག་ཅིག་དེ་ནས་བཅོམ་ལྡན་འདས་ ཀྱིས་བཀའ་ཇི་སྐད་སྩལ་པ་དེ་བཞིན་དུ་འཚལ་ལོ། །ཞེས་གསོལ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། ཚེ་དང་ལྡན་པ་མཽངྒལ་གྱི་བུ་དང། ཚེ་དང་ལྡན་པ་བྲམ་ཟེ་ཀ་པི་ན་ཆེན་པོ་རྣམས་ཀྱིས་དགེ་སློང་དེ་ དག་ཁྲིད་དེ་ཆུ་ཀླུང་གསེར་ལྡན་གྱི་འགྲམ་དུ་དབྱར་གནས་པར་དམ་བཅས་སོ། །དེ་རྣམས་ཀྱིས་དབྱར་གནས་པར་དམ་བཅས་ནས་དེ་དག་ལ་ཡིད་ལ་བྱེད་པའི་ལུང་ཕོག་སྟེ། དེར་ཚེ་དང་ལྡན་པ་ བྲམ་ཟེ་ཀ་པི་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་དགྲ་བཅོམ་པ་ཉིད་ལ་བཀོད་དོ། །ཚེ་དང་ལྡན་པ་མཽངྒལ་གྱི་བུས་ནི། ཉིས་བརྒྱ་ལྔ་བཅུ་པོ་དེ་དག་ཕྱིར་མི་འོད་པའི་འབྲས་བུ་ལ་བཀོད་དོ་།ཚེ་དང་ལྡན་པ་ ཤཱ་རིའི་བུས་ནི། ཉིས་བརྒྱ་ལྔ་བཅུ་བོ་དེ་དག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉན་ཐོས་རྣམས་ནི། ཆོས་ཉིད་ཀྱིས་དུས་གཉིས་སུ་ཕལ་པོ་ཆེ་ འདུ་བར་འགྱུར་ཏེ། དབྱར་ཟླ་འབྲིང་པོ་ལ་དབྱར་གནས་པའི་དུས་ལ་བབ་པ་དང། སྟོན་ཟླ་ཐ་ཆུང་ཉ་ལ་འདུ་བར་འགྱུར་ཏེ། དབྱར་ཟླ་འབྲིང་པོ་ལ་དབྱར་གནས་པའི་དུས་ལ་བབ་པ་དེའི་ཚེ་ནི། དགེ་སློང་ [193A]༄༅། །དག་གི་ཡིད་ལ་བྱེད་པའི་ལུང་མནོས་ནས་རིའི་སུལ་དང་རིའི་ཕུག་དང། སོག་མའི་ཕུག་དང། ཐང་དང། དུར་ཁྲོད་དང་ནགས་ཁྲོད་ཀྱི་གནས་དེ་དག་ཏུ་དབྱར་ གནས་པར་དམ་འཆའ་བར་བྱེད་དོ། །སྟོན་ཟླ་ཐ་ཆུང་ཉ་ལ་ནི། དེ་ནས་སོང་སྟེ། རྟོགས་པ་ནི། རྗོད་པར་བྱེད་ལ། མ་རྟོགས་པ་ནི། གོང་དུ་འདྲི་བར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ ཚེ་དང་ལྡན་པ་མཽངྒལ་གྱི་བུ་གཉིས་ཀྱི་འཁོར་ལྔ་བརྒྱ་དང་ཚེ་དང་ལྡན་པ་བྲམ་ཟེ་ཀ་པི་ན་ཆེན་པོའི་འཁོར་ལྔ་བརྒྱ་པོ་དག་དབྱར་གནས་པར་བྱས་ཏེ། དབྱར་གནས་ཟིན་ནས་དབྱར་ཟླ་གསུམ་ འདས་པའི་འོག་ཏུ་ཆོས་གོས་བྱས་ཏེ་ཆོས་གོས་ཟིན་ནས་ཆོས་གོས་གྱོན་ཏེ་ལྷུང་བཟེད་ཐོགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རྟོགས་པ་ནི། རྗོད་པར་བྱེད། མ་རྟོགས་པ་ཡན་ཆད་ནི། ཞུ་བར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་གོང་མའི་ཡིད་ལ་བྱེད་པའི་ལུང་ཕོག་ནས་དེ་དག་གིས་ཀྱང་བརྩོན་པ་དང། སྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་ པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། ཚེ་དང་ལྡན་པ་བྲམ་ཟ་ཀ་པི་ན་ཆེན་པོས་ནི། དགེ་སློང་ལྔ་བརྒྱ་པོ་འདི་རྣམས་ [193B] ཚེ་དང་ལྡན་པ་མཽངྒལ་གྱི་བུས་ནི། ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སྡེ་ཚན་དང་ལྡན་པ་གཉིས་པར་གྱུར་པས་ནི། རྒྱུན་དུ་ཞུགས་ པའི་འབྲས་བུ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་དགེ་སློང་ཀ་པི་ནས་དགེ་སློང་ལྔ་བརྒྱ་པོ་འདི་དག་ཉིད་ བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་ཇི་ལྟར་བཀོད་པ་དང། མཽངྒལ་གྱི་བུས་གཟུགས་མེད་པའི་ཁམས་སུ་ཇི་ལྟར་བཀོད་པ་དང། ཤཱ་རིའི་བུས་གཟུགས་ཀྱི་ཁམས་སུ་ཇི་ལྟར་ བཀོད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་ཞིག་ལ་དྲང་སྲོང་གཡོག་འཁོར་ལྔ་བརྒྱ་དང་ལྡན་པ་གཉིས་བརྟེན་ཅིང་འདུག་སྟེ། རི་ངོས་གཅིག་ན་ནི། དྲང་སྲོང་གཡོག་ འཁོར་ལྔ་བརྒྱ་དང་ལྡན་པ་གཅིག་འདུག་གོ་ཕ་རོལ་གྱི་ངོས་ན་ནི། དྲང་སྲོང་གཡོག་འཁོར་ལྔ་བརྒྱ་དང་ལྡན་པ་གཅིག་འདུག་གོ་།དེ་ནས་ཕྱི་ཞིག་ན་དེ་གཉིས་ལས་དྲང་སྲོང་གཅིག་ཤི་ནས་བྲམ་ ཟེའི་ཁྱེའུ་དེ་དག་གིས་དེའི་རུས་བུ་ལ་རུས་བུའི་མཆོད་པ་བྱས་ནས་དྲང་སྲོང་གཅིག་ཤོས་ཀྱི་ཐད་དུ་དོང་ངོ། །དྲང་སྲོང་དེས་ཀྱང་དེ་དག་འཁོར་དུ་བྱས་ནས་དྲང་སྲོང་དེས་བསམ་པ། མ་ལ་བདག་ཀྱང་ ཤིན་ནི༑ བྲམ་ཟེའི་ཁྱེའུ་འདི་རྣམས་མགོན་མེད་པར་འགྱུར་གྱི། བདག་གསོན་པའི་ཚེ་ན་འདི་རྣམས་བསྐྱང་བར་བྱ་དགོས་སོ་སྙམ་ནས་དྲང་སྲོང་དེ་ལ་སློབ་མའི་མཆོག་གསུམ་ཡོད་པ་དེ་ལས་ [194A]༄༅། །གཅིག་ལ་ནི། དྲང་སྲོང་དེས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་གཏད་དོ། །གཉིས་ལ་ནི། ཉིས་བརྒྱ་ལྔ་བཅུ་ཉིས་བརྒྱ་ལྔ་བཅུ་གཏད་དོ། །འདི་སྐད་ཅེས་ཀྱང་བསྒོ་སྟེ། བདག་གསོན་ པའི་ཚེའང་རུང། ཤི་བའི་འོག་ཏུའང་རུང་སྟེ་ཁྱེད་ཀྱིས་འདི་རྣམས་ལ་སློབས་ཤིག་ཡིད་ལ་བྱེད་པ་ལའང་ཡང་དག་པར་གཟུང་བར་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དེ་དག་གི་ནང་ ནས་གཅིག་གིས་ནི། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་ཡང་དག་པར་བཀོད་དོ། །གཅིག་གིས་ནི་གཟུགས་མེད་པའི་ཁམས་སུ་བཀོད་དོ། ། གཅིག་གིས་ནི། གཟུགས་ཀྱི་ཁམས་སུ་བཀོད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་གང་གིས་བྲམ་ཟེའི་ཁྱེའུ་དེ་དག་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་བཀོད་ པ་དེ་ནི༑ བྲམ་ཟེ་ཀ་པི་ན་འདི་ཉིད་ཡིན་ནོ། །གང་གིས་དེ་དག་གཟུགས་མེད་པའི་ཁམས་སུ་བཀོད་པ་དེ་ནི། མཽངྒལ་གྱི་བུ་འདི་ཉིད་ཡིན་ནོ། །དེའི་ཚེ་གང་གིས་དེ་དག་གཟུགས་ཀྱི་ཁམས་ སུ་བཀོད་པ་དེ་ནི། ཤཱ་རིའི་བུ་འདི་ཉིད་ཡིན་ཏེ། དེའི་ཚེའང་དེ་རྣམས་ལས་འདི་དག་ཉིད་ལས་གཅིག་གིས་ནི། བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་བཀོད་དོ། །གཅིག་ གིས་ནི༑ གཟུགས་མེད་པའི་ཁམས་སུ་བཀོད་དོ། །གཅིག་གིས་ནི། གཟུགས་ཀྱི་ཁམས་སུ་བཀོད་དོ། །ད་ལྟར་ཡང་འདི་རྣམས་ལས་གཅིག་གིས་ནི། དགྲ་བཅོམ་པ་ཉིད་ལ་བཀོད་དོ། །གཅིག་ [194B] ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་དོ། །གཅིག་གིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་དོ། །གཞན་ཡང་དགེ་སློང་དག་བྲམ་ཟེ་ཀ་བི་ནའི་སློབ་མ་གང་ཡིན་པ་དེ་དག་ནི་དབང་ པོ་རྣོན་པོ་ཡིན་ནོ། །མཽངྒལ་གྱི་བུའི་སློབ་མ་གང་ཡིན་པ་དེ་དག་ནི། དབང་པོ་འབྲིང་ངོ། །ཤཱ་རིའི་བུའི་སློབ་མ་གང་ཡིན་པ་དེ་དག་ནི། དབང་པོ་རྟུལ་པོ་ཡིན་ཏེ། དགེ་སློང་དག་གལ་ཏེ་ཤཱ་རིའི་བུའི་ སློབ་མ་གང་ཡིན་པ་དེ་དག་བྲམ་ཟེ་ཀ་པི་ན་ལ་གཏད་དུ་ཟིན་ན་དྲོ་བར་གྱུར་པའང་དེ་དག་གིས་བསྐྱེད་མི་ནུས་ན། གོང་མའི་ཁྱད་པར་རྟོགས་པ་ལྟ་ག་ལ་འགྱུར། དེ་ནས་དགེ་སློང་དེ་དག་ གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། དྲང་སྲོང་ཀཻ་ནེ་ཡ་དང་རི་བོ་གཡོག་འཁོར་དང་བཅས་པ་གཉིས་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་འདི་གཉིས་ ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་ སུམ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །འདི་གཉིས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་ [195A]༄༅། །གཤེགས་པ༑ འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་ བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཝཱ་ར་ཎཱ་སི་ན་ཁྱིམ་བདག་མཛའ་ཞིང་བཤེས་ལ་གཅུགས་པ་གཉིས་ཤིག་འཁོད་པ་ལས། ཕྱི་ཞིག་ན་དེ་གཉིས་ཀྱིས་ཡང་དག་པར་རྫོགས་པའི་སངས་ རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་དེ་གཉིས་ཀྱིས་ཁྱིམ་གྱི་འཁོར་བཏང་སྟེ་གཉིས་ཀ་རབ་ཏུ་བྱུང་ངོ། །རབ་ཏུ་བྱུང་ནས་དེ་གཉིས་ཀྱིས་སྡེ་སྣོད་གསུམ་བསླབས་ཏེ། དེ་གཉིས་ཀ་ རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བར་གྱུར་ཏེ། དེ་གཉིས་ཀ་གོས་དང་ཟས་དང་མལ་ཆ་དང་སྟན་དང་སྙུན་གསོས་དང་སྨན་ཟོང་རྣམས་རྙེད་པར་གྱུར་ཏོ། །འདི་གཉིས་ ཀས་ཀྱང་སློབ་མ་ལྔ་བརྒྱ་ལྔ་བརྒྱ་བསྡུས་ནས་གཉིས་ཀའང་འཁོར་གྱི་སློབ་དཔོན་དུ་གྱུར་ཏོ། །དེར་དེ་གཉིས་ཀྱིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་ བཏབ་པ༑ ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གཉིས་ཀྱིས་མཉེས་པར་ བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ [195B] །དེ་ནས་དེ་གཉིས་ལ་སློབ་མ་རྣམས་ཀྱིས་དྲིས་པ། ཁྱེད་གཉིས་ཀྱིས་སྨོན་ལམ་ཅི་ལྟ་བུ་ཞིག་བཏབ་ཅེས་བྱས་ནས་དེ་གཉིས་ཀྱིས་དེ་དག་ལ་རྒྱས་པར་བསྙད་དོ། །དེ་ནས་དེ་དག་གིས་སྨྲས་ པ༑ བདག་ཅག་གིས་ཀྱང་ཁྱེད་གཉིས་ལ་བརྟེན་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་ མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་འཁོར་གྱི་སློབ་དཔོན་དུ་གྱུར་པ་གང་ཡིན་པ་དེ་གཉིས་ནི་ ཀཻ་ནེ་ཡ་དང། རི་བོ་འདི་གཉིས་ཁོ་ན་ཡིན་ནོ། །དེའི་ཚེ་སློབ་མར་གྱུར་པ་གང་ཡིན་པ་དེ་དག་ནི། དགེ་སློང་སྟོང་པོ་འདི་དག་ཉིད་ཡིན་ཏེ། དེ་དག་གིས་དེར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ [196A]༄༅། །ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།།།།ལས་བརྒྱ་ཐམ་པ། བམ་པོ་བཅུ་གཅིག་ པ༑ བག་མ་གཏོང་བ་ཞེས་བྱ་བ་གཉིས་ལ། བག་མ་གཏོང་བ་དང་པོ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་མཛའ་ཞིང་བཤེས་ལ་གཅུགས་པ་ གཉིས་ཤིག་འདུག་གོ་དེ་ནས་ཕྱི་ཞིག་ན་དེ་གཉིས་གཅིག་ལ་གཅིག་སྨྲས་ཏེ། གྲོགས་པོ། བདག་ཅག་གཉིས་ཀྱིས་ཅི་ནས་མཛའ་བ་ལས་ཅུང་ཟད་ཀྱང་འབྱེ་བར་མི་འགྱུར་བར་བྱའོ། །ཁྱིམ་ བདག་གཅིག་ཤོས་ཀྱིས་སྨྲས་པ། འོ་ན་བདག་ཅག་གཉིས་ཀྱིས་ཇི་ལྟར་བྱ། ཁྱིམ་བདག་གཅིག་གིས་སྨྲས་པ། གཉེན་དུ་བྱའོ། །ཁྱིམ་བདག་གཅིག་གིས་སྨྲས་པ། ཁྱེད་ལ་བུ་ཁྱེའུ། བུ་མོ་ ཡོད་དམ། ཁྱིམ་བདག་གཅིག་གིས་སྨྲས་པ། མེད་དོ། །ཁྱིམ་བདག་གཅིག་གིས་སྨྲས་པ། འོ་ན་བདག་ལའང་བུ་ཁྱེའུ་ཡང་མེད། བུ་མོའང་མེད་ལ། ཁྱོད་ལའང་བུ་ཁྱེའུ་ཡང་མེད། བུ་མོའང་ མེད་ན༑ བདག་ཅག་གཉིས་ཀྱིས་གཉེན་དུ་ཇི་ལྟར་བྱ། ཁྱིམ་བདག་གཅིག་གིས་སྨྲས་པ། གཉེན་དུ་བྱ་བ་ལ་རྣམ་པ་འདི་གཉིས་ཡིན་ཏེ། སྐྱེས་ཟིན་པའི་གཉེན་དང། ད་དུང་མ་སྐྱེས་པའི་ གཉེན་ནོ། །བདག་ཅག་གཉིས་ལ་བུ་ཁྱེའུ་ཡང་མེད། བུ་མོའང་མེད་མོད་ཀྱི། ད་དུང་མ་སྐྱེས་པའི་གཉེན་བྱར་རུང་སྟེ། གལ་ཏེ་བདག་གི་བུ་ཁྱེའུ་བཙས་ལ་ཁྱོད་ཀྱི་བུ་མོ་བཙས་ན་ནི། དེ་བདག་གི་བུ་ [196B]དེ་སྟེ་ཁྱོད་ཀྱི་བུ་ཁྱེའུ་བཅས་ལ་བདག་གི་བུ་མོ་བཙས་ན་ནི། བདག་གི་དེ་ཁྱོད་ཀྱི་བུ་ལ་སྦྱིན་པར་བྱའོ། །ཞེས་བྱས་ནས་དེ་གཉིས་ཀྱིས་ད་དུང་མ་སྐྱེས་པའི་གཉེན་བྱས་ཏེ་སོང་ངོ། །དེ་ནས་ ཕྱི་ཞིག་ན་གཅིག་གི་ཆུང་མ་ལ་བུ་ཆགས་པར་གྱུར་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་དེའི་བཙས་སྟོན་རྒྱས་ པར་བྱས་ཏེ་རིགས་དང་མཐུན་པར་མིང་བཏགས་ནས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་སོ་།དེ་ནས་ཕྱི་ཞིག་ན་ཁྱིམ་བདག་གཅིག་ཤོས་ཀྱང་ཆུང་མ་དང་རྩེ་ ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང། བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་ པར་བྱས་ནས་རིགས་དང་མཐུན་པར་མིང་བཏགས་ཏེ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་ནས་དེ་གང་གི་ཚེ་ཆེན་མོར་གྱུར་པ་དང། དེས་བཅོམ་ལྡན་འདས་ ཀྱི་བསྟན་པ་ལ་དད་པ་རྙེད་ནས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ཀྱང་བླངས་སོ། །དེ་ནས་ཕྱི་ཞིག་ན་དེས་ཕ་མ་གཉིས་ལ་སྨྲས་པ། ཡབ་ཡུམ། བདག་ནི། འདོད་པ་རྣམས་ ལ་ལོངས་སྤྱོད་པའི་རྔོ་མི་ཐོགས་ཀྱི། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་གནང་བར་མཛད་དུ་གསོལ། ཕ་མ་གཉིས་ཀྱིས་སྨྲས་པ། བུ་མོ། ཁྱོད་མ་སྐྱེས་པའི་སྔ་རོལ་ [197A]༄༅། །ནས་བདག་ཅག་གཉིས་ཀྱིས་ཁྱིམ་ཐབ་ལ་བྱིན་ཟིན་གྱི་བདག་ཅག་གཉིས་ཀྱིས་གནང་བར་བྱར་མི་རུང་ངོ་ཞེས་བྱས་པ་དང་བུ་མོ་དེས་ཕ་མ་གཉིས་ལ་ཡང་དང་ ཡང་དུ་དུས་ཀྱིས་གསོལ་ནས་དེའི་ཕ་མ་གཉིས་ཀྱིས་བསམ་པ། མ་ལ་བུ་མོ་འདི་ཉིད་ཀྱིས་བདག་ཅག་གི་ཚིག་མ་མཉན་ཏེ་རབ་ཏུ་འབྱུང་སྲིད་ཀྱི། བདག་ཅག་གིས་གྱོས་སྒྱུག་ལ་སྦྲན་ཏོ་ སྙམ་ནས་དེ་གཉིས་ཀྱིས་དེའི་ཕ་མ་གཉིས་ལ་སྨྲས་པ། བུ་མོ་འདི་ནི། རབ་ཏུ་འབྱུང་བར་འདོད་དེ་བདག་ཅག་གཉིས་ཀྱིས་མ་མཐོང་བར་རབ་ཏུ་འབྱུང་སྲིད་ཀྱི། མ་ཐོགས་པ་ཁོ་ནར་བག་མ་ལོངས་ ལོངས་ལ་ཁྱེད་ཅག་གི་ཁྱིམ་དུ་ཁྲིད་ཅིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་དེས་བུ་ཆས་སུ་བཅུག་སྟེ་ཁྱེའུ་དེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་འབྱོར་པ་ཆེན་པོ་དང་ ལྡན་པས་གྱོས་པོའི་ཁྱིམ་དུ་བཏང་ངོ། །དེ་ནས་ཁྱིམ་བདག་དེས་ཀྱང་ཁྱིམ་ན་གནས་པ་རྣམས་ཀྱི་ཁྱིམ་བའི་ཆོས་བཞིན་དུ་བྱས་ནས་བུ་མོ་ཁྱིམ་ཐབ་ལ་བཏང་ངོ། །དེ་ནས་བག་མ་བླངས་ ཟིན་པའི་འོག་ཏུ་བུ་མོ་དེ་བྲོས་ཏེ་དགེ་སློང་མའི་གཙུག་ལག་ཁང་དུ་སོང་ནས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་སོ། །མཁན་མོས་ཀྱང་དེ་ལ་ལུང་ཕོག་ནས་དེས་བརྩོན་པ་དང། སྒྲུབ་པ་ དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་རྫུ་འཕྲུལ་ཡང་བསྒྲུབས་ཏེ། དབང་པོ་དང་ཉེ་དབང་དང་བཅས་པའི་འཇིག་རྟེན་གྱིས་ [197B]།ཁྱེའུ་དེས་ཀྱང་ཆུང་མ་བྲོས་པ་ཐོས་ནས་ཐོས་མ་ཐག་ཏུ་གཡོག་འཁོར་མང་པོ་དག་དང་བཅས་ཏེ་ཚོལ་ཞིང་དགེ་སློང་མའི་གཙུག་ ལག་ཁང་དུ་སོང་བ་ལས། ཁྱེའུ་དེས་བདག་གི་ཆུང་མ་སྐྲ་བྲེགས་ཏེ་ཆོས་གོས་ཚོན་ཅན་བགོས་ཏེ་སྐྱིལ་མོ་ཀྲུང་བཅས་ནས་བསམ་གཏན་བྱེད་པ་མཐོང་སྟེ། མཐོང་མ་ཐག་ཏུ་དེའི་ཐད་དུ་ སོང་ནས་དེས་ལག་པ་ནས་བཟུང་བར་བྱས་པ་དང། དེ་སྟེང་གི་ནམ་མཁའ་ལ་འཕགས་ནས་འབར་བ་དང། ལམ་མེར་འདུག་པ་དང། ཆར་འབབ་པ་དང། གློག་འགྱུར་བའི་ཆོ་འཕྲུལ་ རྣམས་བསྟན་ནས་དེ་མཐོང་མ་ཐག་ཏུ་ཁྱེའུ་དེ་དང། སྐྱེ་བོ་མང་པོ་དེ་དག་ཤས་ཆེར་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་རྐང་པ་ལ་ཕྱག་བཙལ་ཏེ་སྨྲས་པ། སྐལ་པ་ཆེན་མོ་མར་སྤྱོན་ མར་སྤྱོན། བདག་ཅག་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་དུ་གསོལ་ཞེས་བྱས་སོ། །དེ་ནས་དེ་ས་ལ་བབས་ནས་ཁྱེའུ་དེས་རྐང་པ་ལ་ཕྱག་བཙལ་ཏེ་བཟོད་པ་གསོལ་ ནས་ཡོ་བྱད་ཐམས་ཅད་ཀྱང་བསྟབས་ཏེ་ཆོས་མཉན་པའི་ཕྱིར་དེའི་མདུན་དུ་འདུག་གོ་དེས་ཀྱང་དེ་རྣམས་ཀྱི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང། རང་བཞིན་ རྟོགས་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ནས་ཁྱེའུ་དེ་དང། སྐྱེ་བོ་མང་པོ་དེ་དག་གིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ [198A]༄༅། །ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་བདེན་པ་མཐོང་ནས་ཁྱེའུ་དེས་བསམ་པ། བུད་མེད་ཀྱིས་ཀྱང་བཅོམ་ལྡན་ འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་དག་ཐོབ་པར་གྱུར་གྱི། བདག་གིས་ཀྱང་ཁྱིམ་ན་གནས་པ་བཏང་ལ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་ བྱུང་ནས་ཆུ་བོ་རྣམས་ལས་བརྒལ་བར་བྱ་བ་དང། སྦྱོར་བ་རྣམས་ལས་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང། སྒྲུབ་པ་དང། འབད་པར་བྱའོ་སྙམ་ནས་ཕ་མ་ལ་གསོལ་ཏེ་བཅོམ་ ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་རྫུ་འཕྲུལ་ཡང་ བསྒྲུབས་ཏེ། དབང་པོ་དང་ཉེ་དབང་དང་བཅས་པའི་འཇིག་རྟེན་གྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་ འདས་ལ་ཞུས་པ། བཙུན་པ། དགེ་སློང་མ་འདིས་ལས་གང་དག་བགྱིས་ན། བག་མར་མཆིས་པའི་འོག་ཏུ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་ བགྱིས་ལ། དགེ་སློང་འདིས་ཀྱང་འདི་ཁོ་ན་ལ་བརྟེན་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ [198B] །བཙུན་པ། འདི་གཉིས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་ པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་ བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཝཱ་ར་ཎཱ་སི་ན་ཁྱིམ་བདག་གཅིག་གི་བུ་མོ་ ཐབས་སྔ་མ་ཁོ་ན་ལྟར་རབ་ཏུ་བྱུང་ནས་དེའི་ཁྱིམ་ཐབ་ཀྱིས་ཀྱང་དེ་ཁོ་ན་ལ་བརྟེན་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་དགེ་སློང་མ་དེས་ཚེ་གཅིག་ ཏུ་ཚངས་པར་སྤྱད་དེ་འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ ཅིའང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེའི་བསྟན་པ་ལ་ཐབས་འདི་ཁོ་ན་བཞིན་ དུ་བག་མར་སོང་བའི་འོག་ཏུ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་དེ་སྔོན་གྱི་ཁྱིམ་ཐབ་ཀྱིས་མཐོང་ནས་ [199A]༄༅། །དྲིས་པ༑ བཟང་མོ། ཁྱོད་ཀྱིས་སྨོན་ལམ་ཇི་ལྟ་བུ་ཞིག་བཏབ། དེ་ནས་དེས་དེ་ལ་ཐམས་ཅད་རྒྱས་པར་བསྙད་དོ། །དེ་ནས་དགེ་སློང་དེས་ཀྱང་སྨོན་ལམ་བཏབ་སྟེ་ བཟང་མོ། །ཇི་ལྟར་ཁྱོད་ལ་བརྟེན་ནས་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་པ་དེ་བཞིན་དུ་དེ་ཁོ་ནའི་ཚེའང་ང་ཉིད་ཁྱོད་ཀྱི་ཁྱིམ་ཐབ་ཏུ་གྱུར་ ཏེ་ཁྱོད་ཁོ་ན་ལ་བརྟེན་ནས་བདག་གིས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་དེ་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་མར་གྱུར་པ་གང་ཡིན་པ་དེ་ནི། དགེ་སློང་མ་འདི་ ཉིད་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། འདི་ལྟར་བདག་བག་མར་སོང་བའི་འོག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་ པ་ལ་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་ཀྱང་ཡོན་ཏན་གྱི་ཚོགས་ཅིའང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་ གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེའི་བསྟན་པ་ལ་བདག་ད་ལྟ་བཞིན་དུ་བག་མར་སོང་བའི་འོག་ཏུ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་ [199B] དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། བཤུགས་མ་ཉམ་པ་དང། མཛད་པ་མཉམ་པ་དང་ ཐབས་མཉམ་པ་བརྙེས་པར་གྱུར་ནས་ད་ལྟར་འདི་བག་མར་སོང་བའི་འོག་ཏུ་རབ་ཏུ་བྱུང་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་ བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེའི་ཚེ་ཁྱིམ་ཐབ་ཏུ་གྱུར་པ་གང་ཡིན་པ་དེ་ནི། དགེ་སློང་འདི་ཉིད་ཡིན་ཏེ། དེས་དེར་སྨོན་ལམ་བཏབ་སྟེ། དེའི་ཚེ་ང་ཉིད་ཁྱོད་ཀྱི་ཁྱིམ་ཐབ་ཏུ་གྱུར་ནས་ ཁྱོད་ཁོ་ན་ལ་བརྟེན་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། ད་ལྟར་འདིས་འདི་ཁོ་ན་ལ་བརྟེན་ནས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།བག་མ་གཏོང་བ་ཕྱི་མ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ ཚེ་རྒྱལ་པོ་གསལ་རྒྱལ་གྱི་བློན་པོའི་གཙོ་བོ་གཉིས་ཡོད་པ་ལ་གཅིག་གི་མིང་ནི། རི་དྭགས་འཛིན་ཅེས་བྱ། གཅིག་གི་མིང་ནི། བྱིན་པ་ཞེས་བྱའོ། །དེ་གཉིས་མཛའ་ཞིང་བཤེས་ལ་གཅུགས་ [200A]༄༅། །པར་གྱུར་ཏེ། དེ་གཉིས་ཀྱིས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་གཉིས་ཆུང་མ་དང་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་དེ་ གཉིས་ལྷན་ཅིག་ཏུ་ཚོགས་ཏེ་སྨྲས་པ། གྲོགས་པོ། བདག་ཅག་གཉིས་ཀྱིས་ཅི་ནས་མཛའ་བ་འདི་ལས་ཇི་སྲིད་འཚོའི་བར་དུ་ཅུང་ཟད་ཀྱང་འབྱེ་བར་མི་བྱའོ་ཞེས་སྨྲས་སོ། །དེ་ ནས་རི་དྭགས་འཛིན་གྱིས་སྨྲས་པ། འོ་ན་བདག་ཅག་གཉིས་ཀྱིས་ཇི་ལྟར་བྱ། བྱིན་པས་སྨྲས་པ། གཉེན་དུ་བྱའོ། །རི་དྭགས་འཛིན་གྱིས་སྨྲས་པ། ཁྱེད་ལ་བུ་ཁྱེའུ་བུ་མོ་ལྟ་ཡོད་ དམ༑ བྱིན་གྱིས་སྨྲས་པ། མེད་དོ། །རི་དྭགས་འཛིན་གྱིས་སྨྲས་པ་འོ་ན་བདག་ལ་བུ་ཁྱེའུ་ཡང་མེད། བུ་མོའང་མེད་ལ། ཁྱོད་ལའང་བུ་ཁྱེའུ་ཡང་མེད། བུ་མོའང་མེད་ན། བདག་ ཅག་གཉིས་གཉེན་དུ་ཇི་ལྟར་བྱ། བྱིན་པས་སྨྲས་པ། གཉེན་དུ་བྱ་བ་ལ་རྣམ་པ་གཉིས་ཡོད་དེ། སྐྱེས་ཟིན་པའི་གཉེན་དང། ད་དུང་མ་སྐྱེས་པའི་གཉེན་ནོ། །བདག་ཅག་གཉིས་ལ་ བུ་ཁྱེའུ་ཡང་མེད། བུ་མོའང་མེད་མོད་ཀྱི། ད་དུང་མ་སྐྱེས་པའི་གཉེན་བྱར་རུང་སྟེ། གལ་ཏེ་བདག་གི་བུ་ཁྱེའུ་བཙས་ལ་ཁྱོད་ཀྱི་བུ་མོ་བཙས་ན་ནི། དེ་བདག་གི་བུ་ལ་བྱིན་ཅིག་དེ་ སྟེ་ཁྱོད་ཀྱི་བུ་ཁྱེའུ་བཙས་ལ་བདག་གི་བུ་མོ་བཙས་ན་ནི། བདག་གི་དེ་ཁྱོད་ཀྱི་བུ་ལ་སྦྱིན་པར་བྱའོ་ཞེས་བྱས་སོ། །དེ་ནས་དེ་ལྟར་བྱའོ། །ཞེས་སྨྲས་ནས་དེ་གཉིས་སོང་ངོ། །དེ་ནས་ [200B]གྱུར་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་བུ་ཁྱེའུ་ཞིག་བཙས་ཏེ། དེའི་མིང་ས་ག་ཞེས་བཏགས་སོ། །འདོད་པ་རྣམས་ནི། ཚྭ་ཆུ་དང་འདྲ་ སྟེ༑ ཇི་ཙམ་དུ་བསྟན་པ་དེ་ཙམ་དུ་ཕྱིར་ཞིང་སྐྱེ་བར་འགྱུར་ཏེ། སྔ་ཕྱིར་དེའི་བུ་བདུན་བྱུང་ནས་དེ་རྣམས་ཀྱི་བཙས་སྟོན་རྒྱས་པར་བྱས་ཏེ་རིགས་དང་མཐུན་པར་མིང་བཏགས་ནས་བསྐྱེད་བསྲིངས་ སོ༑ ༑དེ་ནས་ཕྱི་ཞིག་ན་བྱིན་པའི་ཆུང་མ་ལའང་བུ་ཆགས་པར་གྱུར་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ན། བུ་མོ་དེ་རང་ བཞིན་གྱིས་དུ་བར་གྱུར་ནས་ཕ་མ་གཉིས་ཀྱིས་དེ་ཐབས་ཅིས་ཀྱང་དགག་པར་མ་ནུས་སོ། །དེ་ནས་ཕྱི་ཞིག་ན་སྐྱེ་རྒུའི་བདག་མོ་ཆེན་མོ་གཽ་ཏ་མའི་ཁྱིམ་དེར་སོང་ནས་ཁྱིམ་བདག་དེ་ལ་ཆོས་བཤད་ པ་དང། བུ་མོ་དེའང་ཆོས་ཐོས་ནས་ཁ་རོག་སྟེ་འདུག་གོ་དེ་ནས་གང་གི་ཚེ་སྐྱེ་རྒུའི་བདག་མོ་ཆེན་མོ་གཽ་ཏ་མའིས་ཁྱིམ་བདག་དེ་ལ་ཆོས་བཤད་ནས་ཕྱིར་སོང་བ་དེའི་ཚེའང་བུ་མོ་དེ་ངུ་བ་ལ་ ཞུགས་པ་དང། ཁྱིམ་བདག་དེས་འཁྲིགས་ཏེ་བསམ་པ། བུ་མོ་འདི་ནི་ཆོས་ཉན་པ་འདོད་པ་ཞིག་ཡིན་གོར་མ་ཆག་སྙམ་མོ། །དེ་ནས་དེའི་ཚེ་བཙས་སྟོན་བྱས་ནས་བུ་མོ་འདིའི་མིང་ཇི་ སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། བུ་མོ་འདི་ཆོས་འདོད་པ་བྱིན་པའི་བུ་མོ་ཡིན་པས་ན། བུ་མོ་འདིའི་མིང་ཆོས་བྱིན་མ་ཞེས་བྱ་བར་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་ [201A]༄༅། །ཆོས་བྱིན་མ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་ནས་དེ་གང་གི་ཚེ་ཆེན་མོར་གྱུར་པ་དེའི་ཚེ་དེས་བཅོམ་ལྡན་འདས་ཀྱི་བསྟན་ པ་ལ་དད་པ་རྙེད་ནས་དེས་ཕ་མ་གཉིས་ལ་གསོལ་ཏེ་དུས་དུས་སུ་དགེ་སློང་རྣམས་དང། དགེ་སློང་མ་རྣམས་ལ་བཤོས་གསོལ་ནས་དེ་རྣམས་ཀྱི་མདུན་དུ་འདུག་སྟེ་ཆོས་ཉན་པར་ བྱེད་དོ༑ ༑དེ་ནས་དེས་ཆོས་ཐོས་ནས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་ནས་དེས་ཁྱིམ་ན་གནས་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་ རྫུ་འཕྲུལ་ཡང་བསྒྲུབས་སོ། །དེས་བདེན་པ་མཐོང་ནས་ཕ་མ་གཉིས་ལ་སྨྲས་པ། ཡབ་ཡུམ། བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་གནང་བར་མཛད་དུ་ གསོལ༑ ཕ་མ་གཉིས་ཀྱིས་སྨྲས་པ། བུ་མོ། ཁྱོད་མ་སྐྱེས་པའི་སྔ་རོལ་ནས་བདག་ཅག་གཉིས་ཀྱིས་ཁྱིམ་ཐབ་ལ་བྱིན་ཟིན་གྱི། བདག་ཅག་གཉིས་ཀྱིས་གནང་བར་བྱར་མི་རུང་ངོ།། བུ་མོ་དེས་སྨྲས་པ། བདག་ནི། འདོད་པ་རྣམས་དོན་དུ་གཉེར་བ་མ་ལགས་ན། བདག་ལ་ཁྱིམ་ཐབ་ཅི་འཚལ། ཕ་མ་གཉིས་ཀྱིས་སྨྲས་པ་བདག་ཅག་གཉིས་ཀྱིས་ཁྱོད་ལ་གནང་ བར་བྱར་མི་རུང་གི་འོན་ཀྱང་ཁྱོད་ཉིད་ལ་བརྟེན་ཏེ་བདག་ཅག་གཉིས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲང་བར་བྱའོ། །རི་དྭགས་འཛིན་ལའང་བཟླུགས་ [201B]བར་གྱིས་ཤིག་ཅེས་བྱས་ནས་ཁྱིམ་བདག་བྱིན་པས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ནས་དེ་ཉིད་ ཀྱི་མཚན་མོ་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོ་བཤམས་ཏེ་ནང་པར་སྔར་ལངས་ནས་གདན་བཤམས་ཏེ་ཆུ་ར་བཀང་སྟེ་བཞག་ནས་བཅོམ་ལྡན་འདས་ལ་འཕྲིན་གྱིས་ གདུགས་ཚོད་བསྐུལ་བ། བཙུན་པ། གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་ བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་བས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་ མདུན་དུ་བདར་ནས་ཁྱིམ་བདག་བྱིན་པའི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱིན་ནས་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་བྱིན་པས་སངས་རྒྱས་ལ་སོགས་པ་དགེ་ སློང་གི་དགེ་འདུན་བདེ་བར་བཞུགས་པར་རིག་ནས་རང་གི་ལག་ནས་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་སོ། །དེ་ནས་བཅོམ་ ལྡན་འདས་བཤོས་གསོལ་ཟིན་ཏེ་གསང་སྡེར་ནི། གྱུ། ཕྱག་ནི། བཅབས་པར་རིག་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ་དེ་ནས་དེས་བུ་མོ་ཆོས་བྱིན་མ་རབ་ཏུ་འབྱུང་བར་འདོད་པ་ [202A]༄༅། །ལས་བཟློག་མ་ནུས་ནས་ཁྱིམ་བདག་རི་དྭགས་འཛིན་ལ་སྦྲན་ཏེ་ཁྱོད་ཉིད་འདིར་ཤོག་ལ་ཟློག་ཅིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རི་དྭགས་འཛིན་གཡོག་ འཁོར་དང་བཅས་པ་ལྷགས་ནས་ཁྱིམ་བདག་བྱིན་པའི་ཁྱིམ་ཕྱི་བསྐོར་ཏེ་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་བྱིན་པ་གཡོག་འཁོར་དང་བཅས་པ་ཆོས་ཀྱི་གཏམ་གྱིས་ ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་གདན་ལས་གཞེངས་ཏེ་གཤེགས་སོ། །སངས་རྒྱས་ལ་སོགས་ པ་དགེ་སློང་གི་དགེ་འདུན་གཤེགས་ནས་དགེ་སློང་མའི་དགེ་འདུན་ཡང་དོང་ངོ། །བུ་མོ་ཆོས་བྱིན་མའང་དེ་དག་དང་ཐབས་ཅིག་ཏུ་སོང་ངོ། །ཁྱེའུ་ས་ག་དང་རི་དྭགས་འཛིན་གཡོག་འཁོར་ དང་བཅས་པས་ཀྱང་བུ་མོ་ཆོས་བྱིན་མ་ཁྱིམ་དེ་ནས་བྱུང་བ་མཐོང་ངོ། །མཐོང་ནས་ཀྱང་ཁྱེའུ་ས་གས་བུ་མོ་ཆོས་བྱིན་མ་གཟུང་ཞེས་བྱས་ན། དེ་སྟེང་གི་ནམ་མཁའ་ལ་འཕགས་ནས་འབར་ བ་དང། ལམ་མེར་འདུག་པ་དང། ཆར་འབབ་པ་དང། གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ཏེ། དེ་མཐོང་ནས་ཁྱེའུ་ས་གས་བསམ་པ་འདིས་ཆོས་འདི་ལྟ་བུ་ཐོབ་པ་ལས་ན། འདི་བདག་ དང་ལྷན་ཅིག་ཏུ་འདོད་པ་རྣམས་ལོངས་སྤྱོད་པར་ག་ལ་འགྱུར་སྙམ་མོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་གྱིས་མྱུར་དུ་དད་པར་འགྱུར་ཏེ། དེ་མཐོང་མ་ཐག་ཏུ་རྐང་པ་ལ་ཕྱག་བཙལ་ནས་སྨྲས་པ་ [202B] བདག་ཅག་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་གསོལ་ཞེས་བྱས་སོ། །དེ་ནས་དེ་ནམ་མཁའ་ལས་བབས་ནས་ཁྱེའུ་ས་གས་ཀྱང་རྐང་ པ་ལ་ཕྱག་བཙལ་ཏེ་བཟོད་པ་གསོལ་ནས་སྨྲས་པ། བདག་གིས་ཁྱོད་དེ་བཞིན་དུ་གནང་ངོ། །ཡོ་བྱད་ཐམས་ཅད་ཀྱང་སྦྱར་བར་བྱ་སྟེ་ཁྱོད་ལ་ཅི་དགོས་པ་དེ་དག་ཐམས་ཅད་བདག་གིས་སྦྱིན་ནོ། ། ཞེས་བྱས་ནས་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ་དེ་ནས་ཆོས་བྱིན་མས་དེ་དག་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད་ ཡང་དག་པར་དགའ་བར་བྱས་ནས་སོང་ངོ། །དེ་ནས་དགེ་སློང་མའི་གཙུག་ལག་ཁང་དུ་སོང་སྟེ་རབ་ཏུ་བྱུང་ནས་དགེ་སློང་མ་རྣམས་ཀྱིས་དེ་ལ་དགེ་ཚུལ་མའི་བསླབ་པའི་གཞི་རྣམས་ཀྱང་ཕོག་ ཆོས་དྲུག་གི་བསླབ་པའི་སྡོམ་པའང་ཕོག་ནས་དེ་གང་གི་ཚེ་ལོ་གཉིས་ཀྱི་བར་དུ་ཆོས་དྲུག་ལ་བསླབས་ནས་བསྙེན་པར་རྫོགས་པར་འདོད་པ་དེའི་ཚེ་དགེ་སློང་མ་རྣམས་ཀྱིས་དེ་ལ་ཚངས་པར་སྤྱོད་ པའི་གནས་ཀྱི་སྡོམ་པ་ཕོག་སྟེ་བསྙེན་པར་རྫོགས་པར་བྱ་བའི་ཕྱིར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་དོ། །དེའང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཁ་དོག་རྒྱས་པ་མཆོག་དང་ ལྡན་པ༑ ཡུལ་ན་བཟང་བ། བྱད་གཟུགས་དཔེ་མེད་པ་ཞིག་སྟེ། བཙས་མ་ཐག་ཏུ་སྐྱེ་བོ་མང་པོས་བསླངས་ནའང་ཁྱིམ་བདག་བྱིན་པས་སྔོན་གཞན་ལ་བྱིན་ཟིན་པའི་ཕྱིར་སུ་ལའང་མ་བྱིན་ནོ།། [203A]༄༅། །དེ་གང་གི་ཚེ་རབ་ཏུ་བྱུང་བ་དེའི་ཚེ་གཞན་དག་གི་སེམས་སྐྱེས་པ། འདི་ཁྱིམ་ན་གནས་པའི་ཚེ་ནི། བདག་ཅག་གིས་མ་ཐོབ་ན། ད་ནི། འདི་རབ་ཏུ་བྱུང་ཟིན་གྱི། བདག་ ཅག་གིས་ཅི་དགའ་མགུར་བྱར་ཡོད་དོ་སྙམ་ནས་བསྐོར་བར་ཆད་དེ་ཐབས་ཇི་ལྟར་བྱས་ན་འདི་བདག་ཅག་གིས་དབྲོག་ནུས་པར་འགྱུར་སྙམ་པ་དང། ཁ་ཅིག་སོང་སྟེ་དགེ་སློང་མ་རྣམས་ ལ་སྦྲིན་ནས་དགེ་སློང་མ་རྣམས་ཀྱིས་བསམ་པ། ང་ནི། འདི་བདག་ཅག་གིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་དེ་བསྙེན་པར་རྫོགས་པར་བྱེད་ཀྱང་མི་ནུས་ལ། དགེ་སློང་མའི་ གཙུག་ལག་ཁང་འདིར་ཡང་གཞག་པར་མི་ནུས་སོ་སྙམ་སྟེ་ཕའི་ཁྱིམ་དུ་ཁྲིད་ནས་དེར་བཞག་གོ་དེ་ནས་དགེ་སློང་མ་རྣམས་ཀྱིས་དེའི་གཏམ་རྒྱས་པར་བཅོམ་ལྡན་འདས་ ལ་གསོལ་ཏེ། བཙུན་པ། བདག་ཅག་གིས་དགེ་སློང་མ་ཆོས་བྱིན་མ་ཇི་ལྟར་བསྙེན་པར་རྫོགས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་དགེ་སློང་མ་ཆོས་བྱིན་ མ་འཕྲིན་གྱིས་བསྙེན་པར་རྫོགས་པར་གནང་གི་ཕྱིན་ཆད་གཞན་ཞིག་ཕྱི་རོལ་ཏུ་འབྱུང་བ་ལ་འདི་ཁོ་ན་དང་འདྲ་བའི་ཉེས་དམིགས་འབྱུང་བར་འགྱུར་ན། དེའང་འཕྲིན་གྱིས་བསྙེན་ པར་རྫོགས་པར་གྱིས་ཤིག་ཅེས་བཀའ་སྩལ་ནས་དེ་ཐོས་མ་ཐག་ཏུ་དགེ་སློང་མ་རྣམས་ཀྱིས་དེ་འཕྲིན་གྱིས་བསྙེན་པར་རྫོགས་པར་བྱས་ཏེ། གཞུང་ལས་ཇི་སྐད་འབྱུང་བ་བཞིན་ [203B] །དེ་ནས་འཕྲིན་གྱིས་ཟླུག་པའི་དགེ་སློང་མ་ཆོས་བྱིན་མའི་ཐད་དུ་སོང་ནས་བསྒོ་བ། ཆོས་བྱིན་མ། ཁྱོད་བསྙེན་པར་རྫོགས་ཟིན་གྱི། བག་ཡོད་པར་ནན་ཏན་གྱིས་ ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཆོས་བྱིན་མས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་མ་ཁམས་གསུམ་པའི་འདོད་ཆགས་ དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་ བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་ པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཆོས་བྱིན་མས་ལས་ ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་ བགྱིས༑ བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ནས་འདི་ཁོ་ན་ལ་བརྟེན་ཏེ་བཅོམ་ལྡན་འདས་ [204A]༄༅། །ཀྱིས་དགེ་སློང་མ་རྣམས་ལ་འཕྲིན་གྱིས་བསྙེན་པར་རྫོགས་པར་གནང་བར་མཛད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ ཏོ༑ ༑བཙུན་པ། འདིས་སྨོན་ལམ་གང་དུ་བཏབ་ལགས། དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་ རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་ སྟོན་པ༑ སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཝཱ་ར་ཎཱ་སི་ན་ཁྱིམ་བདག་ཅིག་གནས་པ་ལས། ཕྱི་ཞིག་ན་དེའི་བུ་མོ་གཟུགས་བཟང་ཞིང་ བལྟ་ན་སྡུག་ལ་མཛེས་པ། ཡུལ་ན་བཟང་བ། བྱད་གཟུགས་དཔེ་མེད་པ་ཞིག་བཙས་ནས་དེ་གང་གི་ཚེ་ཆེན་མོར་གྱུར་པ། དེའི་ཚེ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་དེས་ཕ་མ་ལ་གསོལ་ཏེ་རབ་ཏུ་བྱུང་ནས་དེ་བསྙེན་པར་རྫོགས་པར་བྱ་བའི་ཕྱིར་ཕྱི་རོལ་ཏུ་བྱུང་བ་ལས་ཉེས་དམིགས་སུ་གྱུར་ནས་བཅོམ་ལྡན་འདས་ འོད་སྲུང་གིས་དེ་འཕྲིན་གྱིས་བསྙེན་པར་རྫོགས་པར་གནང་སྟེ་གང་གི་ཚེ་འཕྲིན་གྱིས་བསྙེན་པར་རྫོགས་པར་གྱུར་བ་དེའི་ཚེ་འཕྲིན་གྱིས་ཟླུག་པའི་དགེ་སློང་མ་དེའི་ཐད་དུ་སོང་ནས་བསྒོ་ [204B] མིང་འདི་ཞེས་བྱ་བ་ཁྱོད་བསྙེན་པར་རྫོགས་ཟིན་གྱི་བག་ཡོད་པར་ནན་ཏན་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དེའི་ཚེ་དེས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་ སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཉིད་ཐོབ་ནས་འབར་བ་དང། ལམ་མེར་འདུག་པ་དང། ཆར་འབབ་པ་དང། གློག་འགྱུར་བའི་ཆོ་འཕྲུལ་བསྟན་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་ འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ནས་མཁན་མོས་དེའི་སྐུ་གདུང་ལ་སྐུ་གདུང་གི་མཆོད་པ་བྱས་ཏེ་སྐུ་གདུང་གི་མཆོད་རྟེན་བརྩིགས་ནས་བདུག་པ་དང་ཕྱེ་མ་དང་སྤོས་ དང་མེ་ཏོག་གིས་བཀུར་སྟི་བྱས་ཏེ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་ཅིའང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་ པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཇི་ལྟར་བདག་གི་སློབ་མ་ལ་བརྟེན་ནས་ཡང་དག་རྫོགས་པའི་སངས་ རྒྱས་འོད་སྲུང་གིས་འཕྲིན་གྱིས་བསྙེན་པར་རྫོགས་པར་གནང་བ་དེ་བཞིན་དུ་བདག་ཀྱང་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོའི་མཆོག་དེས་འཕྲིན་གྱིས་བསྙེན་པར་རྫོགས་པ་གནང་ནས་དེའི་ [205A]༄༅། །བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག། ཇི་སྙམ་དུ་ སེམས༑ དེའི་ཚེ་དགེ་སློང་མར་གྱུར་པ་གང་ཡིན་པ་དེ་ནི། དགེ་སློང་མ་ཆོས་བྱིན་མ་འདི་ཉིད་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ་ ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་ མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག། ཇི་ལྟར་བདག་ གི་སློབ་མ་ལ་བརྟེན་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་འཕྲིན་གྱིས་བསྙེན་པར་རྫོགས་པར་གནང་བ་དེ་བཞིན་དུ་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོའི་མཆོག་དེས་ ཀྱང་བདག་ལ་བརྟེན་ཏེ་འཕྲིན་གྱིས་བསྙེན་པར་རྫོགས་པར་གནང་བར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་ མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་བ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ [205B]ཉིད་མངོན་སུམ་དུ་བྱས་ནས་འདི་ཉིད་ལ་བརྟེན་ཏེ་ངས་དགེ་སློང་མ་རྣམས་ལ་འཕྲིན་གྱིས་བསྙེན་པར་རྫོགས་པར་གནང་བ་ཡིན་ནོ།། དེ་ནས་ཡང་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། དགེ་སློང་མ་ཆོས་བྱིན་མ་འདི་སྐྱེ་བོ་མང་པོས་བསྟོད་ནས་ཚེགས་ཆེན་པོས་ཚངས་པར་སྤྱོད་པའི་གནས་ ཇི་ལྟར་བསྲུངས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་འདི་སྐྱེ་བོ་མང་པོས་བསྟོད་ནས་ཚེགས་ཆེན་པོས་ ཚངས་པར་སྤྱད་པའི་གནས་ཇི་ལྟར་བསྲུངས་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ་དེའི་ ཚེ་ཝཱ་ར་ཎཱ་སི་ན་ཁྱིམ་བདག་གཅིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་བུ་བྱུང་སྟེ། ཁྱེའུ་ གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་དེའི་བཙས་སྟོན་རྒྱས་པར་བྱས་ཏེ་རིགས་དང་མཐུན་པར་མིང་བཏགས་ནས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་ བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་དང་ལག་རྩིས་དང་འབྱུང་བ་དང་སྤ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ [206A]༄༅། །ཆེ་བརྟག་པ་དང་སྤོས་བརྟག་པ་དང་སྨན་བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་མཁས་པ་ དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་དང་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་དེའི་ཕས་ཐབས་ཟླར་བབ་པ་ལས་དེའི་ཆུང་མ་བླངས་ནས་དེའང་དེ་དང་ལྷན་ ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ། ཁྱེའུ་དེ་བུ་མོ་དེ་ལ་ཤས་ཆེར་ཆགས་ནས་དེ་མེད་ཀྱི་བར་དུ་འདུག་མི་འདོད་དེ། དེས་ཟོང་བཞག་པ་དང་ཚོང་ཁང་བོར་ནས་དེ་འབའ་ཞིག་དང་ལྷན་ ཅིག་འདུག་གོ་དེ་ནས་ཁྱིམ་བདག་དེས་བསམ་པ། འདི་འདི་ལ་ཆགས་ན་ནོར་ཟས་ཐམས་ཅད་ཟད་པར་འོང་གི་འདི་ནོར་འདི་དང་དབྲལ་དགོས་སོ་སྙམ་ནས་སྨྲས་པ། བུ་གཅིག་ནོར་ འདི་ཅི་དགོས། གལ་ཏེ་ཁྱོད་འདི་བཞིན་དུ་འདུག་སྟེ་ལས་མི་བྱེད་ན་རྒས་པའི་ཚེ་ཕོངས་པར་འགྱུར་གྱི། བུ། ཇི་སྲིད་ཀྱི་བར་དུ་ཁྱོད་ཀྱི་འབྱུང་བ་ཆེན་པོ་རྣམས་ལ་མཐུ་ཡོད་ཀྱི་བར་དུ་ནོར་ སྒྲུབ་པར་གྱིས་ཤིག་ཕྱིས་ཆུང་མ་དང་སྡུག་པར་གྱུར་ཏ་རེ་ཞེས་སྨྲས་ནས་ཁྱིམ་བདག་དེས་ལེའུ་གློན་པའི་ཟོང་སྟ་གོན་བྱས་ནས་ཁྱེའུ་དེ་ཡུལ་གཞན་དུ་བཏང་ངོ། །ཁྱེའུ་དེས་ཀྱང་རྔ་མོ་དང་བོང་བུ་ ལ་སོགས་པ་ལ་ཟོང་བཀལ་ནས་གྲོང་དང་གྲོང་ཁྱེར་དང་ནགས་ཁྲོད་ཀྱི་གྲོང་དང་ཡུལ་ཆེན་པོ་རྣམས་བགྲོད་དེ་རྒྱད་ཆད་པ་ཞིག་ཏུ་ཕྱིན་ནས་དེ་ཆུང་མའི་ཕྱིར་རྩ་སྔོན་པོ་བརྡས་པ་བསྐམས་པ་ [206B] བདག་དེ་དང་མྱུར་དུ་ཕྲད་པར་འགྱུར་བའི་ཐབས་ཅི་ཡོད་སྙམ་སྟེ་དེའི་ཐབས་སེམས་ཤིང་འདུག་གོ་དེ་ནས་དེའི་ཚེ་རི་ཁྲོད་ཀྱི་གྲོང་དེ་ན་ཤིང་མཁན་བཟོ་ ཐབས་མཁན། ཤིང་གི་བཟོ་ཐབས་ཀྱི་ནམ་མཁའ་ལྡིང་ནམ་མཁའ་ལ་འགྲོ་བར་བྱེད་ཤེས་པ་ཞིག་འདུག་གོ་དེ་ནས་ཁྱེའུ་དེས་ཀྱང་ཐོས་ནས་ཐོས་མ་ཐག་ཏུ་བསམ་པ། དེར་འགྲོ་བའི་ཐབས་ བདག་གིས་རྙེད་དོ་སྙམ་སྟེ་བཟོ་ཐབས་མཁན་གྱི་ཐད་དུ་སོང་ནས་སྨྲས་པ། ཀྱེ། མི་ཁྱོད་ཀྱིས་བཟོ་ཐབས་ཀྱི་ནམ་མཁའ་ལྡིང་འདི་བདག་ལ་བྱིན་ཅིག་དང་བདག་གིས་ཁྱོད་ལ་ཀརྵ་པ་ན་ལྔ་བརྒྱ་ སྦྱིན་ནོ་ཞེས་བྱས་པ་དང། དེ་ན་རེ། བདག་གིས་ཁྱོད་ལ་གཏན་སྦྱིན་དུ་ནི། མི་རུང་ངོ། །ཉི་མ་རེ་རེ་བདག་གི་ཐད་ནས་ལོངས་ལ་དོན་གཉེར་དུ་སོང་ནས་ཕྱིར་ཁྱེར་ཏེ་འོངས་ནས་བདག་ལ་ཕུལ་ཅིག་ཅེས་ ཟེར་རོ༑ ༑དེ་ནས་ཁྱེའུ་སྨྲས་པ། ཁྱོད་ཇི་ལྟར་དགའ་བ་བཞིན་དུ་བགྱིའོ། །ཞེས་བྱས་ནས་མི་དེས་ནམ་མཁའ་ལྡིང་དེ་བཅོས་ཏེ་འགྲོ་བ་དང། ཕྱིར་ལྡོག་པའང་བསླབས་ནས་བྱིན་ནོ། །དེ་ནས་དེ་དེ་ལ་ཞོན་ ནས་རང་གི་ཁྱིམ་དུ་སོང་སྟེ་ཆུང་མ་དང་ལྷན་དུ་དགའ་བ་ཉམས་སུ་མྱོང་ནས་ཕྱིར་ཡང་རི་ཁྲོད་ཀྱི་གྲོང་དེ་ཉིད་དུ་འགྲོའོ། །དེ་ནས་ཕྱི་ཞིག་ན་དེའི་ཆུད་མ་དེ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་ཏེ་བུ་ བཙས་ལ་ཐུག་པ་དང་བཟོ་ཐབས་ཀྱི་སློབ་དཔོན་དེ་དོན་ཞིག་ལ་ཡུལ་གཞན་དུ་སོང་ནས་ཕྱིན་ཆད་ཁྱེའུ་དེ་རང་གི་ཁྱིམ་དུ་འགྲོ་མི་ནུས་པར་གྱུར་ཏོ། །བུ་མོ་དེའང་གྱོ་སྒྱུག་གཉིས་ཀྱིས་སྨྲས་ཏེ་ཉེས་དམིགས་ [207A]༄༅། །འདི་ལྟ་བུ་ཁྱོད་ཀྱིས་ཇི་ལྟར་བྱས་ཞེས་བྱས་པ་དང་དེ་ན་རེ། ཇོ་བོ་ཉིད་ཀྱིས་བྱས་སོ། །ཞེས་ཟེར་རོ། །ཁྱིམ་བདག་གིས་སྨྲས་པ། ངའི་བུ་སོང་ནས་ལོ་དུ་མ་ལོན་ན་ དེས་འདི་ཇི་ལྟར་བྱས། དེ་ནས་བུ་མོ་དེས་དེ་གཉིས་ལ་གཏམ་དེ་རྒྱས་པར་བསྙད་པ་དང། དེ་གཉིས་ན་རེ། ཁྱོད་ཇི་སྐད་ཟེར་བ་དེ་ལྟ་ནི། མ་ཡིན་ནོ། །དེ་ནས་འཁང་བཞིན་དུ་ཉེས་པ་བྱས་ སོ་སྙམ་སྟེ་ཁྱིམ་ནས་བསྐྲད་དོ། །དེ་ནས་དེ་ཝཱ་ར་ཎཱ་སི་ནས་བྱུང་སྟེ་ཕའི་ཁྱིམ་ལོགས་སུ་ཆས་ཏེ་དེ་སོང་སོང་བ་ལས་རི་ཁྲོད་ཀྱི་གྲོང་ཞིག་ཏུ་ཕྱིན་ནས་དེ་དེར་སོང་སྟེ་ལམ་པོ་ཆེར་བཞག་པ་ དང། དེའི་ནུབ་མོ་བུ་བྱུང་ནས་དེ་ན་ཚ་མི་བཟོད་དེ་མྱོས་ཤིང་འདུག་པ་ལ་ཐག་ཉེ་བ་ཞིག་ན་ཁྱིམ་བདག་ཅིག་གནས་ཏེ། དེའི་ཁྱིམ་ན་ཁྱིའི་མིང་འབྱུང་པོ་ཞེས་བྱ་བ་ཞིག་ཡོད་དེ། ཁྱི་དེ་ལམ་པོ་ ཆེར་སོང་ནས་ཁྱེའུ་དེ་མཐོང་སྟེ་དེས་བུད་མེད་དེ་མྱོས་ཤིང་འདུག་པའི་བར་དུ་ཁྱེའུ་དེ་སོས་བཟུང་ནས་རང་གི་ཁྱིམ་དུ་སོང་བ་དང། ཁྱིམ་བདག་དེས་ཀྱང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ ལ་མཛེས་པ་དེ་མཐོང་ནས་མཐོང་མ་ཐག་ཏུ་བསམ་པ། བུ་མ་རུངས་པ་བས་ནི། གཞན་གྱི་བུའང་བུར་བྱར་རུང་ལ། བདག་ལ་བུའང་མེད་བུ་མོའང་མེད་པས་ན། ཁྱེའུ་འདི་ཁོ་ན་བླངས་ ཏེ་གསོས་དང། འདི་བདག་གི་བུར་འགྱུར་རོ་སྙམ་དུ་བསམ་ནས་ཆུང་མ་ལ་སྨྲས་པ། བཟང་མོ། ཤེས་པར་གྱིས་ཤིག་བུ་མ་རུངས་པ་བས་ནི་གཞན་གྱི་བུའང་བུར་བྱར་རུང་ལ་ [207B] བུ་མོའང་མེད་པས་ཁྱེའུ་འདི་བདག་ཅག་གིས་གསོས་དང། འདི་བདག་ཅག་གི་བུར་འགྱུར་གྱི། ཁྱོད་ནི་པང་དུ་ཞུགས་ཤིག། ངས་ནི། བཙས་སྟོན་བྱའོ། ། ཞེས་བྱས་ནས་བུད་མེད་དེའི་པང་དུ་ཞུགས་ཏེ་འདུག་གོ་ཁྱིམ་བདག་དེས་ནི། རྔ་བརྡུངས་ནས་ཁྱེའུ་དེའི་བཙས་སྟོན་བྱེད་པ་ལ་ཞུགས་སོ། །དེ་ནས་བུ་མེད་སྔ་མ་དེ་གང་གི་ཚེ་ན་ཚ་ཞི་བར་གྱུར་པ་དེའི་ ཚེ་ལངས་ཏེ་བུ་བླང་ཞེས་བྱས་ན། བུ་མི་སྣང་ནས་དེས་ནང་པར་སྐྱེ་བོ་མང་པོ་ཉེ་འཁོར་ན་གནས་པ་རྣམས་ལ་ཁྱེད་ཀྱིས་བྱིས་པ་ལྟ་ཅི་མཐོང་ཞེས་དྲིས་པ་དང། དེར་སུས་མཐོང་བ་དེ་དག་གིས་དེ་ལ་ སྨྲས་པ༑ ཁྱིམ་བདག་ཆེ་གེ་མོ་ཞིག་གི་ཁྱི་འབྱུང་པོ་ཞེས་བྱ་བ་དེས་ཁྱེའུ་ཞིག་ཁྱེར་ཏེ་ཁྱིམ་དེར་སོང་ངོ་ཞེས་བྱས་སོ། །དེ་ནས་བུད་མེད་དེས་བུད་མེད་གཞན་ཞིག་ལ་བརྩད་དེ་ཁྱིམ་དེར་བཏང་ནས་ ཁྱོད་སོང་ལ་ཁྱེའུ་དེ་ཤིའམ་མ་ཤི་ལྟོས་ཤིག་ཅེས་བྱས་སོ། །དེ་ནས་བུད་མེད་དེ་དེར་སོང་ནས་བལྟས་ནས། ཁྱེའུ་ཁྱིམ་བདག་དེས་བླངས་ཏེ་བུར་བྱས་པ་མཐོང་ནས་བུད་མེད་དེ་ཕྱིར་ལོག་སྟེ་བསྙད་དོ། ། དེ་ནས་མས་བསམ་པ། ཁྱེའུ་དེ་དང་བདག་ཅག་གཉིས་ཀ་སྡུག་པར་འགྱུར་ན་མི་རུང་གི་རེ་ཞིག་ཁྱེའུ་དེ་འདི་ཉིད་ན་འདུག་ཀྱང་རུང་ངོ་སྙམ་དུ་བསམ་ནས་སོང་བ་དང། དེ་འགྲོན་པོ་དག་ཅིག་དང་ཕྲད་ ནས་དེ་འགྲོན་པོ་རྣམས་ཀྱི་ནང་དུ་ཞུགས་པ་ལས་འགྲོན་པོ་དེ་དག་མི་རྒོད་ཀྱིས་བཅོམ་ནས་བུད་མེད་དེ་མི་རྒོད་ཀྱི་སྡེ་དཔོན་གྱིས་རང་གི་ཁྱིམ་དུ་ཁྲིད་དེ་ཆུང་མར་བྱ་བར་བྱས་ནས་དེ་ཉིད་ཀྱི་མཚན་མོ་ [208A]༄༅། །དེ་དང་ལྷན་ཅིག་ཏུ་ཉལ་བར་བྱས་པ་ལས། བུད་མེད་དེས་བསམ་པ། ཇི་ལྟར་བྱས་ན་འདིས་བདག་གི་ལག་ནས་གཟུང་བར་མི་ནུས་པའི་ཐབས་ཤིག་བདག་གིས་བྱའོ་ སྙམ་ནས་སྐྲ་ནི། བཤིག་གོས་སྔོན་པོ་ནི། བགོས། ཁ་དང་སོ་ནི་རྒྱ་སྐེགས་ཀྱིས་བསྐུས། རལ་གྲི་ནི། ཐོགས་ནས་ཁང་ཕུགས་སུ་ཞུགས་ཏེ་འདུག་པ་དང། མི་དེའང་ཁང་ཕུགས་དེར་ སོང་སྟེ་བུད་མེད་དེ་དང་ལྷན་ཅིག་ཏུ་དགའ་བ་ཉམས་སུ་མྱོང་བར་བྱའོ་སྙམ་པ་དང། བུད་མེད་དེས་རལ་གྲི་ཐོགས་བཞིན་དུ་དེའི་སྟེང་དུ་བརྒྱུགས་ནས་ཁྱོད་དགར་ཡང་ཐར་དུ་མ་རེ་ཞིག་ཅེས་ བྱས་པ་དང། མི་དེ་འཇིགས་ཤིང་སྐྲག་ནས་རྐང་པ་ལ་ཕྱག་བཙལ་ཏེ། བཟང་མོ། བདག་ལ་སྲོག་གི་སྦྱིན་པ་མཛད་དུ་གསོལ་ཞེས་གསོལ་བ་བཏབ་བོ། །དེ་ནས་བུད་མེད་དེ་ན་རེ། ཁྱོད་གསོན་ པོར་འདུག་ཏུ་རུང་བའི་ཐབས་གཅིག་ཅིག་ཡོད་དེ། གལ་ཏེ་ཁྱོད་ཀྱིས་དེང་ཕྱིན་ཆད་ང་ལ་འདོད་པ་དང་ལྡན་པས་སྒྲུབ་པར་མི་བྱེད་ལ་ང་སུ་ལའང་སྒྲོག་པར་མི་བྱེད་ན། ཁྱོད་གསོན་པོར་འདུག་ ཏུ་རུང་ངོ་ཞེས་ཟེར་རོ། །མི་རྒོད་ཀྱི་སྡེ་དཔོན་གྱིས་སྨྲས་པ་ཁྱོད་ཇི་ལྟར་དགའ་བ་དེ་བཞིན་དུ་བྱའོ། །ཞེས་བྱས་ནས་ཡིད་ཆེས་པའི་མནས་བསྒགས་ཏེ་བུད་མེད་དེ་ཁྱིམ་དེ་ཉིད་དུ་འདུག་གོ་ དེ་ནས་མི་རྒོད་ཀྱི་སྡེ་དཔོན་གྱིས་བསམ་པ། བདག་གིས་འདི་ནམ་དུ་གསོ་ཞིང་འདུག་བདག་གིས་འདི་ཐབས་ཀྱིས་བཙོང་བར་བྱའོ་སྙམ་ནས་དེ་དེས་སྨད་འཚོང་མ་ཞིག་ལ་བཙོངས་པ་དང་ [208B] བཟང་མོ། དེང་ཕྱིན་ཆད་འདིར་འདུག་ལ་སྨད་ཚོང་མ་གྱིས་ཤིག་ཅེས་བྱས་སོ། །དེ་ནས་བུད་མེད་དེ་ན་རེ། བདག་ལ་སྨད་ཚོང་མ་ཅི་དགོས། བདག་ནི། སྐྱེས་པ་གཞན་ ལ་རེག་མི་ཕོད་དོ། །སྨད་ཚོང་མས་སྨྲས་པ། བདག་གིས་དེའི་ཕྱིར་ནོར་ཡོངས་སུ་བཏང་སྟེ་ཁྱོད་ཉོས་པ་ཡིན་ནོ། །དེ་མ་ཡིན་ན། ཁྱོད་ང་ལ་ཅི་དགོས། དེ་ནས་བུད་མེད་དེས་བསམ་པ། འདིར་ཡང་ཐབས་ དེ་ཉིད་བྱ་དགོས་སོ་སྙམ་ནས་དེ་ཁོ་ན་བཞིན་དུ་སྲིན་མོའི་ཆ་ལུགས་སུ་ཞུགས་ནས་སྨད་ཚོང་མའི་ཐོག་ཏུ་བརྒྱུགས་ཏེ་ནགས་ཁུང་གི་སྲིན་མོ་མིང་འདི་ཞེས་བྱ་བ་ཁྱོད་ཀྱི་ཁྱིམ་དུ་ཞུགས་ན་ཁྱོད་ད་དུང་ གསོན་ཞིང་འདུག་གམ་ཞེས་བྱས་པ་དང། བུད་མེད་དེ་འཇིགས་ཤིང་སྐྲག་ནས་རྐང་པ་ལ་ཕྱག་བཙལ་ཏེ་བདག་ལ་སྲོག་གི་སྦྱིན་པ་མཛད་དུ་གསོལ་ཞེས་བྱས་སོ། །དེ་ནས་བུད་མེད་དེ་ན་རེ། ཁྱོད་གསོན་ པོར་འདུག་ཏུ་རུང་བའི་ཐབས་གཅིག་ཅིག་ཡོད་དེ། གལ་ཏེ་ཁྱོད་ཀྱིས་ང་འདི་ཉིད་ན་འདུག་ན་ལས་འདི་ལྟ་བུ་བྱེད་དུ་མ་བཅུག་ལང་སུ་ལའང་སྒྲོག་པར་མི་བྱེད་ན། ཁྱོད་གསོན་པོར་འདུག་ཏུ་རུང་ངོ་ཞེས་ ཟེར་རོ༑ ༑སྨད་ཚོང་མས་སྨྲས་པ། ཁྱོད་ཇི་ལྟར་དགའ་བ་དེ་བཞིན་དུ་བྱའོ། །ཞེས་བྱས་ནས་ཡིད་ཆེས་པའི་མནས་བསྒགས་ཏེ་བཏང་ངོ་།དེ་ནས་སྨད་ཚོང་མ་ཆེ་གེ་མོའི་ཁྱིམ་ན་ནགས་ཁུང་གི་སྲིན་ མོ་གནས་སོ་ཞེས་ཀུན་ཏུ་གཏམ་གྲགས་ཏེ། དེས་འཇིགས་ནས་ཕྱིན་ཆད་སུའང་ཁྱིམ་དེར་མི་འགྲོའོ། །དེ་ནས་སྨད་ཚོང་མས་བསམ་པ། བདག་གིས་འདི་ཁྱིམ་ནས་བསྐྲད་པའི་ཐབས་ལྟ་ཅི་ཡོད་ [209A]༄༅། །སྙམ་མོ༑ ༑དེ་ནས་དེའི་བུ་དེའང་ཆེར་སྐྱེས་ནས་དེའི་མིང་ཡང་ཁྱིམ་བདག་དེས་འབྱུང་པོ་ཞེས་བཏགས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་ཤོད་ དགོད་པ་དང་ལག་རྩིས་དང་དབྱུང་བ་དང་སྦ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་སྤོས་བརྟག་པ་དང་སྨན་བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་རྟ་ བརྟག་པ་དང་གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་དང་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ།། དེ་ནས་ཕྱི་ཞིག་ན་ཁྱེའུ་དེ་གསོས་པའི་ཕ་དེ་ཤི་ནས་ཁྱེའུ་དེས་བསམ་པ། ད་ནི། ཕ་ཤི་བས་ན་ཁྱིམ་འདིའི་འཚོ་ཚིས་བདག་གིས་བྱ་དགོས་སོ་སྙམ་ནས་ཟོང་ཁྱེར་ཏེ་ཡུལ་གཞན་དུ་སོང་བ་ལས་ དེ་མཐར་གྱིས་གང་ན་དེའི་མ་དེ་འདུག་པའི་གནས་དེར་ཕྱིན་ནས་དེ་གྲོང་ཁྱེར་དེར་སོང་བ་ལས་སྨད་ཚོང་མ་དེའི་ཁྱིམ་དང་ཐག་ཉེ་བ་ཞིག་ཏུ་ཟོང་གཞག་པའི་སར་ཟོང་རྣམས་བཞག་ནས་འདུག་ གོ་བུད་མེད་དེའང་གར་སོང་བར་ཚོང་བ་རྣམས་ལ་འདྲི་བར་བྱེད་དེ། ཁྱེད་ཀྱིས་གནས་ག་གེ་མོ་ཞིག་ན་ཚོང་དཔོན་ཆེ་གེ་མོ་ཞིག་འདུག་པའི་བུ་ཤེས་སམ་ཞེས་དྲི་བར་བྱེད་དོ། །དེ་ནས་དེ་དག་ན་རེ་དེད་ དཔོན་འབྱུང་པོ་ཞེས་བྱ་བ་ཡོད་དོ། །དེའི་ཕ་ནི། ཤིའོ་ཞེས་ཟེར་རོ། །དེ་ནས་ཕྱི་ཞིག་ན་ཁྱེའུ་དེ་ཉིད་ཀྱི་གཡོག་འཁོར་རྣམས་ལ་དྲིས་ན། དེ་དག་ན་རེ། དེད་དཔོན་འབྱུང་པོ་ཞེས་བྱ་བ་དེ་ནི། འདི་ཡིན་ [209B] །དེ་ནས་བུད་མེད་དེས་སྨྲས་པ། ཅིའི་ཕྱིར་ཕས་འདིའི་མིང་འབྱུང་པོ་ཞེས་བཏགས། བྱས་པ་རྣམས་ཀྱིས་སྨྲས་པ། ཁྱིམ་[?]བདག་དེ་ལ་ཁྱི་འབྱུང་པོ་ཞེས་བྱ་བ་ཞིག་ཡོད་དེ། དེས་འདི་ལམ་ པོ་ཆེ་ནས་ཁྱེར་ཏེ་འོངས་ནས་དེ་ལ་བྱིན་པས་ན། འདིའི་མིང་ཡང་འབྱུང་པོ་ཞེས་བཏགས་སོ། །དེ་ནས་བུད་མེད་དེས་བསམ་པ། བདག་གི་བུ་ནི། འདི་ཁོ་ན་ཡིན་ནོ་སྙམ་སྟེ། དེ་ཁྱེའུ་དེའི་ཐད་དུ་སོང་ནས་ ཁྱེའུ་དེ་ལ་གཏམ་དེ་དག་ཐམས་ཅད་བསྙད་དེ། དེ་ལྟ་བས་ན་བུ་ཁྱོད་ནི། ངའི་བུ་ཡིན་ནོ། །ང་ནི། ཁྱོད་ཀྱི་མ་ཡིན་ནོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེས་མ་དེ་སྨད་ཚོང་མ་ལས་ནོར་ གྱིས་བླུས་ནས་བདག་གི་ཁྱིམ་དུ་ཁྲིད་དེ་ཁྱིམ་དུ་བཞག་གོ་ཁྱེའུ་དེའི་ཕ་ཡང་རྒྱ་མཚོའི་གྲུའི་དོན་གྲུབ་ནས་རང་གི་ཁྱིམ་དུ་འོངས་ཏེ་ཕ་མ་གཉིས་ཀྱི་མགུལ་ནས་འཇུས་ནས་རྫས་རྣམས་ནང་དུ་བཞག་ པའི་འོག་ཏུ་རང་གི་གནས་སུ་སོང་ན། ཆུང་མ་དེ་མི་སྣང་ནས་དེས་ཕ་མ་གཉིས་ལ་དྲིས་སོ། །བུ་མོ་དེའི་ཕའི་མིང་ནི། རླངས་པ་ཞེས་བྱ་སྟེ། དེས་དེའི་མིང་ལས་ཆུང་མ་སྨོས་ཏེ། ཡབ་ཡུམ། རླངས་པའི་བུ་ མོ་དེ་མི་གདའ་ན། གར་མཆིས་ཞེས་བྱས་པ་དང། དེ་གཉིས་ན་རེ། བུ་མོ་དེས་ནི། ཁྱོད་ལ་ཆུ་གང་མ་བྱས་ཏེ། དེས་ཉེས་པ་བྱས་པས་ངེད་ཀྱིས་ཁྱིམ་ནས་བསྐྲད་དེ་བཏང་ངོ་ཞེས་ཟེར་རོ། །དེ་ནས་ ཁྱེའུ་སྨྲས་པ། དེ་ལྟོ་ན་བུ་འདུག་པ་དེ་ནི། བདག་གི་བུ་ཁོ་ན་ལགས་ན། ཁྱོད་ཀྱིས་དེ་བསྐྲད་པ་ནོངས་སོ། །ཞེས་བྱས་ནས་དེ་དེ་དང་བྲལ་བས་སྨྱོས་ཏེ་རླངས་པའི་བུ་མོ་གར་སོང་ཞིག་གུ་ཞེས་བླ་ཞིང་ [210A]༄༅། །སོང་སྟེ་སུ་ལའང་འདྲི་ཞིང་ཁྱེད་ཀྱིས་རླངས་པའི་བུ་མོ་ལྟ་མཐོང་ངམ་ཞེས་ཟེར་ནས་དེ་ཕ་མ་གཉིས་ཀྱིས་ཐབས་ཇི་ལྟར་བྱས་ཀྱང་ཞི་བར་བྱེད་མ་ནུས་ཏེ། དེ་སྒྲེན་མོར་ བྱུང་ནས་བླ་ཞིང་གང་ན་དེའི་ཆུང་མ་དང། བུ་དེ་འདུག་པའི་གནས་དེར་ཕྱིན་ཏོ། །དེ་ནས་དེ་སྒྲེན་མོར་བྱུང་ལ་བླ་ཞིང་ཕན་ཚུན་འཁྱམས་པ་ལས་ཁྱེའུ་དེའི་ཁྱིམ་གྱི་སྒོར་བྱིན་ཏེ། ཁྱེའུ་མཐོང་ ནས་མ་ལ་བསྙད་པ། ཡུམ། མི་ཞིག་སྨྱོས་ཏེ་རླངས་པའི་བུ་མོ་གར་སོང་ཞེས་བླ་ཞིང་འཁྱམས་སོ། །ཞེས་བྱས་ནས་དེ་ཐོས་མ་ཐག་ཏུ་བུད་མེད་དེ་དོགས་པ་སྐྱེས་ཏེ་མ་ལ་དེ་ཉིད་ཇོ་བོ་མ་ཡིན་ ནམ་སྙམ་ནས་བདག་ཉིད་དེའི་ཐད་དུ་སོང་བ་དང། མཐོང་མ་ཐག་ཏུ་དེས་མི་དེ་ངོ་ཤེས་ནས་དེས་དེ་རང་གི་ཁྱིམ་དུ་ཁྲིད་དེ་སྨྲས་པ། ཇོ་བོ། བདག་ནི། རླངས་པའི་བུ་མོ་དེ་ལགས་སོ། །ཞེས་ བྱས་ནས་དེ་ཐོས་མ་ཐག་ཏུ་མི་དེས་དྲན་པ་རྙེད་དོ། །དེ་ནས་བུད་མེད་དེས་མི་དེ་ལ་སྨྲས་པ། ཇོ་བོ། བདག་ནི། ཁྱོད་ཀྱི་བཙུན་མོ་ལགས། འདི་ནི། ཁྱོད་ཀྱི་སྲས་ལགས་ཀྱི། ཚུར་སྤྱོན། བདག་ ཅག་གི་ཁྱིམ་དུ་བཞུད་དོ། །ཞེས་བྱས་ནས་བུད་མེད་དེས་མི་དེ་ཁྲུས་བྱེད་དུ་བཅུག་ནས་ཁ་སྦུ་དག་བཅོས་ཏེ་གོས་བསྐོན་ནས་མཐར་གྱིས་རང་གི་ཁྱིམ་དུ་དོང་ངོ། །དགེ་སློང་དག། ཇི་སྙམ་དུ་སེམས་ དེའི་ཚེ་བུད་མེད་དུ་གྱུར་པ་གང་ཡིན་པ་དེ་ནི། ཆོས་བྱིན་མ་འདི་ཉིད་ཡིན་ཏེ། དེའི་ཚེའང་འདི་སྐྱེ་བོ་མང་པོས་བསྟོད་ནས་ཚེགས་ཆེན་པོས་ཚངས་པར་སྤྱོད་པའི་གནས་བསྲུངས་ལ། ད་ལྟར་ཡང་ [210B]སྤྱོད་པའི་གནས་བསྲུངས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་བཅུ་གཉིས་པ། གཅོད་པ་རྣམ་པ་གཉིས་ལ། གཅོད་པ་ དང་པོ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ནི། ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བྱེད། ཡི་དྭགས་ཀྱི་ནང་དུ་རྒྱུ་བར་བྱེད། དུད་ འགྲོའི་ནང་དུ་རྒྱུ་བར་བྱེད། མིའི་ནང་དུ་རྒྱུ་བར་བྱེད། ལྷའི་ནང་དུ་རྒྱུ་བར་བྱེད་དེ་ཕྱིར་འོང་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་བཅད་པ་དང། གཏུབ་པ་དང། བརྡེག་པ་དང། བཙོ་བ་ལ་སོགས་ བའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དོ་།ཕྱིར་འོངས་ནས་ཡི་དྭགས་རྣམས་ཀྱི་བཀྲེས་པ་དང། སྐོམ་པ་དང་འབར་བ་དང། བསྲེག་པ་དང། བཙོ་བ་ལ་སོགས་པའི་ སྡུག་བསྔལ་རྣམས་དང། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང། ལྷ་རྣམས་ཀྱི་ འཆི་འཕོ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དེ་དེ་དག་གིས་དེ་ཐོས་ནས་སྐྱོ་བར་འགྱུར་ལ། སྐྱོ་བར་གྱུར་ནས་ ཀྱང་གོང་དུ་ཁྱད་པར་འཐོབ་པར་འགྱུར་རོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་དུད་འགྲོའི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། དེ་རྒྱ་མཚོའི་འགྲམ་ [211A]༄༅། །དུ་འགྲེང་བ་དང། དེ་ན་རྒྱ་མཚོ་ཆེན་པོ་ལ་བྱིངས་རིམ་པ་གསུམ་ཡོད་དེ། ཆུའི་བྱིངས་དང་པོ་ལ་ནི། དཔག་ཚད་ཉི་ཁྲི་བརྒྱད་སྟོང་ཡོད་དེ། དེའི་ནང་ན་ནི། ཆུ་སྲིན་ཉ་ ཞེས་བྱ་བ་རྣམས་གནས་ཏེ། དེ་དག་གི་ལུས་ལ་ནི། དཔག་ཚད་བདུན་བརྒྱ་ཡོད་དེ། གང་གི་ཚེ་དེ་དག་བཀྲེས་པ་ན་དེ་དག་ཆུའི་བྱིངས་དང་པོ་ནས་གྱེན་དུ་ཐོན་ཅིང་ཁ་གདངས་ཏེ་འཁོད་ནས་དེའི་ ནང་ན་དེ་དག་པས་ཆེས་ཆུང་བའི་སྲོག་ཆགས་གང་ཡིན་པ་དེ་དག་ཆུ་དང་བཅས་པར་དེ་རྣམས་ཀྱི་ཁའི་ནང་དུ་འབབ་བོ། །དེ་ནས་གང་གི་ཚེ་དེ་རྣམས་ཀྱི་ལྟོ་གང་བར་གྱུར་པ་དེའི་ཚེ་ཆུ་དེ་དག་སོས་ བཙགས་ནས་ཕྱིར་ཕོའོ། །ལྟོན་སྲོག་ཆགས་འཁོད་པ་དེ་དག་གིས་ནི་ཟས་ཀྱི་བྱ་བ་བྱེད་དོ། །ཆུའི་བྱིངས་གཉིས་པ་ལ་ནི། དཔག་ཚད་ཉི་ཁྲི་ལྔ་སྟོང་ཡོད་དེ། དེའི་ནང་ན་ནི། ཆུ་སྲིན་ཉ་མིད་ཅེས་ བྱ་བ་རྣམས་གནས་ཏེ། དེ་དག་གི་ལུས་ལ་ནི། དཔག་ཚད་སྟོང་བཞི་བརྒྱ་ཡོད་དེ། དེ་རྣམས་གང་གི་ཚེ་བཀྲེས་པ་ན་དེ་དག་ཆུའི་བྱིངས་དང་པོ་དང་གཉིས་པའི་ནང་ནས་གྱེན་དུ་ཐོན་ཏེ་ཟས་ཀྱི་བྱ་བ་བྱེད་ དོ༑ ༑ཆུའི་བྱིངས་གསུམ་པ་ལ་ནི། དཔག་ཚད་ཉི་ཁྲི་ལྔ་སྟོང་ཡོད་དོ། །དེའི་ནང་ན་ནི། ཆུ་སྲིན་ཉ་མིད་མིད་ཅེས་བྱ་བ་རྣམས་གནས་ཏེ། དེ་དག་གི་ལུས་ལ་ནི། དཔག་ཚད་ཉིས་སྟོང་ཆིག་བརྒྱ་ཡོད་དེ་ གང་གི་ཚེ་དེ་རྣམས་བཀྲེས་པ་ན་ཆུའི་བྱིངས་དང་པོ་དང་གཉིས་པ་དང་གསུམ་པའི་བར་ནས་ཐོན་ཏེ་ཁ་ཟས་ཀྱི་བྱ་བ་བྱེད་དོ་།དེའི་ཚེ་རྒྱ་མཚོ་ཆེན་པོར་ཆུ་སྲིན་ཉ་མིད་ཅེས་བྱ་བ་ཞིག་སྐྱེས་ནས་དེ་བས་ [211B]ཏེ། དེའི་ལུས་ལ་དུམ་བུ་དུམ་བུ་རྒྱང་གྲགས་གཅིག་ཙམ་དང། རྒྱང་གྲགས་གཉིས་ཙམ་དང། རྒྱང་གྲགས་གསུམ་ཙམ་དང། དཔག་ཚད་བརྒྱ་ ཙམ་གྱི་བར་དུ་བཅད་ཅིང་བཅད་ཅིང་ཟ་བར་བྱེད་དོ། །རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང། མི་བཟད་པ་དང། ཚ་བ་དང། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་འགྱུར་རོ། །དེ་སྡུག་བསྔལ་གྱིས་ཉམ་ ཐག་ནས་སྐྱབས་འདོད་པའི་ཕྱིར་ཐང་ལ་བྱུང་སྟེ། དེ་ཐང་ལ་བྱུང་བ་དང། དེའི་ལས་ལས་སྐྱེས་པའི་གནོད་སྦྱིན་ལྔ་བརྒྱ་བྱུང་ནས་དེ་དག་གིས་ཞག་ལྔ་བརྒྱའི་བར་དུ་སྟ་རེ་ལྔ་བརྒྱས་རྩིབ་མ་ཞེ་གཅིག་ གཅོད་པར་བྱེད་དོ། །དེ་ནས་གང་གི་ཚེ་དེ་དག་གིས་ཐབས་དེ་ལྟ་བུས་དེའི་རྩིབ་མ་ཐམས་ཅད་བཅད་པ་དང། དེ་ན་ཚ་མི་བཟོད་པས་སྐད་པོ་ཆེ་ཕྱུང་སྟེ་ཕྱིར་ཡང་རྒྱ་མཚོ་ཆེན་པོའི་ནང་དུ་འགྲེས་ནས་འགྲེས་པའི་ ཁྲག་གིས་རྒྱ་མཚོ་ཆེན་པོ་འཁྲུགས་ཤིང་འདྲེས་ལ་ཁྲག་གི་མཚོ་བཞིན་དུ་སྣང་ངོ། །དེ་དེའི་ནང་དུ་སོང་ནས་ཡང་སྲོག་ཆགས་དེ་དག་གིས་བཟའ་བར་བྱེད་དེ། དེ་ཐང་ལ་བྱུང་ཡང་རུང། ཆུའི་ནང་ན་འདུག་ཀྱང་ རུང་སྟེ་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་ངོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་སེམས་ཅན་འདི་ལས་ཅི་ཞིག་བྱས་ན། ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་འདི་ལྟ་བུ་ཉམས་སུ་མྱོང་ ཞིག་གུ་སྙམ་སྟེ་སེམས་པ་ལ་ཞུགས་ནས་དེར་བ་གྱི་མཐའ་ལས་བྱུང་བའི་བསམ་གཏན་གྱི་བར་དུ་སྙོམས་པར་ཞུགས་ཀྱང་དེའི་ཚེ་རབས་ཀྱི་མཐའ་མ་རྟོགས་ཏེ། དུད་འགྲོའི་ནང་ནས་ཤིན་འཕོས་ནས་ [212A]༄༅། །དུད་འགྲོ་འབའ་ཞིག་ཏུ་སྐྱེས་ཤིང་དེ་ལྟ་བུའི་སྡུག་བསྔལ་རྣམས་རྙེད་པ་ཙམ་ཞིག་ཤེས་པར་ཟད་ནས་དེས་བསམ་པ་བཅོམ་ལྡན་འདས་མ་གཏོགས་པར་འདིའི་ལས་ བདག་ལ་ལུང་སྟོན་པར་ནུས་པ་གཞན་སུ་ཞིག་ཡོད་དེ། དེ་ནི། ཡེ་ཤེས་གཟིགས་པ་ཐོགས་པ་མེད་པ་དང། ཡེ་ཤེས་གཟིགས་པ་མཐའ་ཡས་པ་དང་ལྡན་པ་ཡིན་ནོ་སྙམ་ནས་རྒྱ་མཚོའི་འགྲམ་ནས་ མི་སྣང་བར་གྱུར་ཏེ་མཉན་དུ་ཡོད་པར་སོང་བ་དང། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུས་བསམ་པ། འདི་ནི་བདག་ གིས་སྐྱེ་བོ་མང་པོ་སྐྱོ་བ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ལ་ཞུ་བའི་དུས་ཡིན་ནོ་སྙམ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་།བཙུན་པ། འདི་ན་བདག་གི་ལུགས་ཀྱིས་དུས་དུས་ སུ་སེམས་ཅན་དམྱལ་བར་རྒྱུ་བར་བགྱིད། ཡི་དྭགས་ཀྱི་ནང་དུ་རྒྱུ་བར་བགྱིད། དུད་འགྲོའི་ནང་དུ་རྒྱུ་བར་བགྱིད། མིའི་ནང་དུ་རྒྱུ་བར་བགྱིད། ལྷའི་ནང་དུ་རྒྱུ་བར་བགྱིད་དེ། སླར་མཆིས་ནས་ སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང། གཏུབ་པ་དང། བརྡེག་པ་དང། བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་ལགས་སོ། །སླར་ [212B] སྐོམ་པ་དང་འབར་བ་དང། བསྲེག་པ་དང། བརྩོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་ པའི་སྡུག་བསྔལ་རྣམས་དང། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང། ལྷ་རྣམས་ཀྱི་འཆི་འཕོ་དང། ལྟུང་བ་དང། རྣམ་པར་འཐོར་བ་དང། རྣམ་པར་འཇིག་པའི་སྡུག་བསྔལ་ གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་དེ། རྒྱུ་དེས་ན་དེ་དག་སྐྱོ་བར་འགྱུར་ལ་དེ་དག་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་འཐོབ་པར་འགྱུར་ལགས་སོ། །བཙུན་པ། བདག་དུད་འགྲོའི་ནང་ དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ་རྒྱ་མཚོའི་འགྲམ་དུ་མཆིས་པ་ལས། བཙུན་པ། བདག་དེ་ན་མཆིས་པ་ནས་སེམས་ཅན་ལུས་དཔག་ཚད་ཉིས་སྟོང་ཆིག་བརྒྱ་མཆིས་པ་དེ་ ལྟ་བུ་ཞིག་མཐོང་སྟེ། དེ་བས་ཆེས་ཆུང་བའི་ཆུ་སྲིན་གཞན་རྣམས་དེའི་དྲུང་དུ་ལྷགས་ནས་དེའི་ལུས་དུམ་བུ་རྒྱང་གྲགས་གཅིག་ཙམ་དང། རྒྱང་གྲགས་གཉིས་ཙམ་དང། རྒྱང་གྲགས་གསུམ་དང་ དཔག་ཚད་བརྒྱ་ཙམ་གྱི་བར་དུ་བཅད་ཅིང་བཅད་ཅིང་ཟ་བར་བགྱིད་དེ། རྒྱུ་དེས་ན། དེས་སྡུག་བསྔལ་དྲག་པ་དང། མི་བཟད་པ་དང་ཚ་བ་དང། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་འགྱུར་ལགས་སོ་།དེ་ན་ ཚས་ཉམ་ཐག་ནས་སྐྱབས་འཚལ་བའི་སླད་དུ་ཐང་ལ་བྱུང་སྟེ་དེ་ཐང་ལ་བྱུང་བ་དང་དེའི་ལས་ལས་སྐྱེས་པའི་གནོད་སྦྱིན་ལྔ་བརྒྱ་བྱུང་ནས་དེ་དག་གིས་ཞག་ལྔ་བརྒྱའི་བར་དུ་སྟ་རེ་ལྔ་བརྒྱས་རྩིབ་ [213A]༄༅། །མ་ཞེ་གཅིག་གཅོད་པར་བགྱིད་དོ། །དེ་ནས་གང་གི་ཚེ་དེ་དག་གིས་ཐབས་དེ་ལྟ་བུས་དེའི་རྩིབ་མ་ཐམས་ཅད་བཅད་པ་དང། དེ་ན་ཚ་མི་བཟོད་པས་སྐད་པོ་ཆེ་ཕྱུང་སྟེ་ཕྱིར་ ཡང་རྒྱ་མཚོ་ཆེན་པོའི་ནང་དུ་འགྲེས་ནས་དེ་འགྲེས་པའི་ཁྲག་གིས་རྒྱ་མཚོ་ཆེན་པོ་འཁྲུགས་ཤིང་འདྲེས་ལ་ཁྲག་གི་མཚོ་བཞིན་དུ་གདའོ། །དེ་དེའི་ནང་དུ་མཆིས་ནས་ཡང་སྲོག་ཆགས་དེ་ དག་གིས་ཟ་བར་བགྱིད་དེ། དེ་སྐམ་ལ་མཆིས་ཀྱང་རུང། ཆབ་ཀྱི་ནང་ན་མཆིས་ཀྱང་རུང་སྟེ་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་ལགས་ན། བཙུན་པ། སེམས་ཅན་དེས་ལས་ཅི་ཞིག་བགྱིས་ ན༑ ལས་དེའི་རྣམ་པར་སྨིན་པས་དུད་འགྲོའི་ནང་དུ་སྐྱེས་ལ། དེ་ལྟ་བུའི་སྡུག་བསྔལ་རྙེད་པར་གྱུར་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ལ་བཀའ་སྩལ་པ་ མཽངྒལ་གྱི་བུ། སེམས་ཅན་དེ་ནི། སྡིག་པའི་ལས་བྱེད་བྱེད་པ་ཡིན་ཏེ། དེས་སྡིག་པའི་ལས་མང་དུ་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ ལས་འདས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རི་བོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཁྱིམ་བདག་ཅིག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་རི་བོའི་བསྟན་པ་ལ་དད་པ་ རྙེད་ནས་དེས་དེ་ཉིད་ལས་ཆོས་ཐོས་ཏེ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེའི་ཆུང་མ་ནི། གཟུགས་བཟང་བལྟ་ན་སྡུག་ལ་མཛེས་པ་ཞིག་སྟེ། ཁྱིམ་ཐབས་ཀྱིས་དེ་ལ་སྨྲས་ [213B] བཟང་མོ། བདག་གིས་ནི། བཅོམ་ལྡན་འདས་ལས་ཚངས་པར་སྤྱོད་པའི་གཞི་ལྔ་མནོས་ཟིན་གྱི། གལ་ཏེ་ཁྱོད་འདི་ཉིད་ན་འདུག་ནའང་ངས་ཁྱོད་ལ་ཟས་དང་གོས་སྦྱིན་པར་བྱའོ། །འོན་ཏེ་སྐྱེས་ པ་གཞན་འདོད་ནའང་བདག་གིས་ཁྱོད་དེ་ལ་སྦྱིན་པར་བྱའོ། །དེས་སྨྲས་པ། ཇོ་བོ། བདག་ལ་སྐྱེས་པ་གཞན་ཅང་མི་འཚལ་གྱི། བདག་ནི། ཇོ་བོ་ཉིད་ཀྱི་བསྙེན་བཀུར་བགྱིད་དོ་ཞེས་བྱས་སོ། །བུད་ མེད་དེ་ནི། བྱད་གཟུགས་བཟང་བའི་ཕྱིར་སྐྱེ་བོ་མང་པོས་ཡིད་སྨོན་དུ་བྱ་བ་ཞིག་སྟེ། གནས་དེ་ཉིད་ན་སྣ་ལ་གཏོགས་པ་ཞིག་འདུག་པ་དེས་བསམ་པ། མ་ལ་བདག་བུད་མེད་དེ་དང་ཕྲད་པར་བྱ་བའི་ ཐབས་ལྟ་ཅི་ཡོད་སྙམ་ནས་ཕྱི་ཞིག་ན་དེས་གསེར་དངུལ་མང་པོ་ཁྱེར་ཏེ་དབང་པོ་དག་དང་ཆས་ཏེ་དགེ་བསྙེན་དེའི་ཐད་དུ་སོང་ནས་སྨྲས་པ། ཁྱིམ་བདག། ཁོ་བོ་རྒྱལ་པོའི་སྐུ་དོན་ཞིག་ལ་ གཞིག་ཏུ་འགྲོ་དགོས་ཏེ། རྫས་འདི་དག་བདག་གིས་དེར་བསྐུར་མི་ནུས་ཀྱི། བདག་དེ་ནས་ཕྱིར་མ་ལོག་གི་བར་དུ་རེ་ཞིག་ཁྱོད་ལ་གཏམས་སོ་ཞེས་བྱས་སོ། །ཁྱིམ་བདག་དེ་ནི། རང་བཞིན་ གྱིས་དྲང་པོ་ཞིག་སྟེ། དེས་རྫས་དེ་དག་དབང་པོའི་མདུན་དུ་བླངས་སོ། །དེ་ནས་སྣ་ལ་གཏོགས་པ་དེས་དེའི་ལག་ཏུ་རྫས་དེ་དག་གཏད་དེ་རང་གི་ཁྱིམ་དུ་སོང་ནས་ཐང་གཅིག་ཙམ་ལོན་པ་དང་དགེ་ བསྙེན་དེའི་ཐད་དུ་སོང་སྟེ་སྨྲས་པ། ཁྱིམ་བདག། ངས་ཁྱོད་ལ་རྫས་གཏམས་པ་དེ་དག་ཕྱིར་བྱིན་ཅིག་ཅེས་བྱས་པ་དང། དགེ་བསྙེན་དེས་དེའི་རྫས་དབང་པོ་མེད་བཞིན་དུ་ཕྱིར་བྱིན་ནོ། །དེ་ནས་དེས་ [214A]༄༅། །རྫས་དེ་དག་རང་གི་ཁྱིམ་དུ་བཞག་ནས་ཕྱིར་ཡང་དཔང་པོ་རྣམས་ཁྲིད་དེ་དགེ་བསྙེན་དེའི་ཐད་དུ་སོང་ནས་སྨྲས་པ། ཁྱིམ་བདག། ཁོ་བོས་རྒྱལ་པོའི་དཀོར་[?]ཁྱོད་ལ་གཏམས་ པ་དེ་དག་ཕྱིར་བྱིན་ཅིག་ཅེས་བྱས་པ་དང། དེས་སྨྲས་པ། དེ་ནི་བདག་གིས་ཁྱོད་ལ་ཕྱིར་བྱིན་ཟིན་ཏོ། །སྣ་ལ་གཏོགས་པ་དེས་སྨྲས་པ། ངས་ཁྱོད་ལས་ཅུང་ཟད་ཀྱང་བླངས་པ་མེད་དོ། །ཞེས་ བྱས་ནས་སྣ་ལ་གཏོགས་པ་དེས་དཔང་པོ་དེ་རྣམས་ལ་སྨྲས་པ། ཁྱེད་དགེ་བསྙེན་འདིའི་བྱེད་སྟངས་ལ་ལྟོས་ཤིག། བདག་གིས་དཔང་པོ་རྣམས་ཀྱི་མདུན་དུ་འདི་ལ་རྫས་གཏད་ནས་འདིས་ བདག་གཅིག་པོའི་ལག་ཏུ་ག་ལ་སྦྱིན་ཞེས་སྨྲས་ནས་དེས་དེ་རྒྱལ་པོའི་ཕོ་བྲང་དུ་ཁྲིད་དེ་ཤགས་ཀྱིས་ཕམ་པར་བྱས་ནས་རང་གི་ཁྱིམ་དུ་ཁྲིད་དེ་འབྲེང་རློན་གྱིས་བཞུས་ནས་དམ་རབ་ཏུ་བྱས་ ནས་དེའི་རྩིབ་མ་ཐམས་ཅད་བཅོམ་ནས་དེ་དེ་ཁོ་ནའི་རྐྱེན་གྱིས་ཤིའོ། །དེ་ནས་སྣ་ལ་གཏོགས་པ་དེས་མི་དེ་བུའང་མེད་པས་ཁྱིམ་རྫས་ཐམས་ཅད་ཀྱང་བསྡུས། ཆུང་མ་དེའང་རང་གི་ཁྱིམ་དུ་ཁྲིད་ ནས་སྨྲས་པ། བཟང་མོ། ཁྱོད་ཀྱི་ཕྱིར་བདག་གིས་བྱ་བ་མ་ཡིན་པ་འདི་ལྟ་བུ་བྱས་པ་ཡིན་གྱི། ད་ནི། ཁྱིམ་འདིར་ང་ནི། ཁྱོད་ཀྱི་ཁྱིམ་ཐབ་ཡིན་ནོ། །ཁྱོད་ནི། ངའི་ཆུང་མ་ཡིན་ནོ་ཞེས་བྱས་སོ། ། དེ་ནས་དགེ་བསྙེན་གྱི་ཆུང་མས་སྨྲས་པ། བདག་གིས་འདིའི་རུས་བུའི་མཆོད་པའང་མ་བགྱིས་པར་ཁྱོད་དང་ལྷན་ཅིག་ཏུ་ཇི་ལྟར་འདུ་བར་བགྱི། རེ་ཞིག་བདག་གིས་སྔར་འདིའི་རུས་བུ་ལ་མཆོད་ [214B]དུ་བགྱིའོ། །ཞེས་བྱས་ནས་དེ་ཐོས་མ་ཐག་ཏུ་སྣ་ལ་གཏོགས་པ་དེས་དགེ་བསྙེན་དེའི་རུས་བུ་དུར་ཁྲོད་དུ་ཁྱེར་ཏེ་རུས་བུ་བསྲེགས་ནས་ཕྱོགས་ གཅིག་ཏུ་འདུག་པ་དང། བུད་མེད་དེས་མེ་འབར་བའི་ནང་དུ་མཆོངས་ནས་དེའང་དེ་ཉིད་དུ་ཤིའོ། །དེ་ནས་སྣ་ལ་གཏོགས་པ་དེ་རྒྱུ་དེས་སེམས་ཁོང་དུ་ཆུད་དེ་བདག་གིས་བྱ་བ་མ་ཡིན་པ་འདི་ལྟ་ བུ་ཅི་དང་ཅི་བྱ་བྱ། བདག་བུད་མེད་དང་ཕྲད་པ་ལའང་མ་ཕན་ལ། འདི་ལའང་བདག་གིས་མི་རིགས་པ་འདི་ལྟ་བུ་བྱས་ཀྱིས་མེད་དོ་སྙམ་མོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་སྣ་ལ་ གཏོགས་པར་གྱུར་པ་གང་ཡིན་པ་དེ་ནི། ཆུ་སྲིན་དེ་ཉིད་ཡིན་ཏེ། དེས་དགེ་བསྙེན་དེ་འབྲེང་རློན་གྱིས་བཞུས་ཏེ་རྩིབ་མ་རྣམས་བཅོམ་ནས་དེའང་དེའི་རྐྱེན་གྱིས་ཤི་བར་གྱུར་པའི་ལས་དེའི་རྣམ་ པར་སྨིན་པས་སྣ་ལ་གཏོགས་པ་དེ་སེམས་ཅན་དམྱལ་བའི་ནང་དུ་སྐྱེས་ཏེ། དེ་དེར་ལོ་མང་པོ། ལོ་སྟོང་ཕྲག་མང་པོར་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་ནས་ཤི་འཕོས་ཏེ་དུས་ལས་ འདས་ནས་དུད་འགྲོའི་ནང་དུ་སྐྱེས་ཏེ། དུད་འགྲོའི་ནང་ནས་ཤི་འཕོས་ཤིང་དུད་འགྲོའི་ནང་འབའ་ཞིག་ཏུ་སྐྱེས་ནས་སྡུག་བསྔལ་དེ་ལྟ་བུ་ཤ་སྟག་རྙེད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ ལྡན་པ་མཽངྒལ་གྱི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། སེམས་ཅན་དེ་སྡུག་བསྔལ་དེ་ལས་ནམ་ཐར་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽངྒལ་གྱི་བུ། མ་ [215A]༄༅། །འོངས་པའི་དུས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཡིད་བཟང་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་ འགྱུར་ཏེ། དེའི་རིང་ལ་སེམས་ཅན་འདིའི་ལས་དེ་ཟད་དེ་མིར་སྐྱེས་ནས་དེའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ ཏེ༑ དེར་འདིའི་སྡུག་བསྔལ་མཐར་ཐུག་པར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་མང་པོ་དེ་དག་སྐྱོ་བ་ཆེན་པོ་སྐྱེས་ཏེ་བཅོམ་ལྡན་འདས་ཀྱིས་དེ་དག་གི་ཡིད་སྐྱོ་བར་གྱུར་བར་ཐུགས་ སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་སྟན་དེ་ཉིད་ལ་འཁོད་བཞིན་དུ་ཁ་ཅིག་གིས་ནི། དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི། རྩེ་མོ་དང། བདེན་པ་དང་མཐུན་པའི་ བཟོད་པ་དང། འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང། མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། །ཁ་ཅིག་གིས་ནི། སྟོབས་ཀྱི་འཁོར་ལོས་བསྒྱུར་བར་འགྱུར་བ་དང། ཁ་ཅིག་ [215B] བརྒྱ་བྱིན་དུ་འགྱུར་བ་དང། ཁ་ཅིག་གིས་ནི། ཚངས་པར་འགྱུར་བ་དང། ཁ་ཅིག་གིས་ནི། ཉན་ཐོས་ཀྱི་བྱང་ཆུབ་དང་ཁ་ཅིག་གིས་ནི། རང་སངས་རྒྱས་ཀྱི་བྱང་ཆུབ་དང། ཁ་ཅིག་གིས་ནི་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི། སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་བབ་བར་བྱས་ཏེ་བཀོད་དོ།། །། གཅོད་པ་ཕྱི་མ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ནི། ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བྱེད། ཡི་དྭགས་ཀྱི་ནང་དུ་རྒྱུ་བར་བྱེད་ དུད་འགྲོའི་ནང་དུ་རྒྱུ་བར་བྱེད། མིའི་ནང་དུ་རྒྱུ་བར་བྱེད་ལྷའི་ནང་དུ་རྒྱུ་བར་བྱེད་དེ། ཕྱིར་འོངས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང། གཏུབ་པ་དང། བརྡེག་པ་དང། བཙོ་བ་ལ་ སོགས་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དོ། །ཕྱིར་འོངས་ནས་ཡི་དྭགས་རྣམས་ཀྱི་བཀྲེས་པ་དང། སྐོམ་པ་དང། འབར་བ་དང། བསྲེག་པ་དང། བཙོ་བ་ ལ་སོགས་པའི་སྡུག་བསྔལ་རྣམས་དང། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང། ལྷ་ རྣམས་ཀྱི་འཆི་འཕོ་དང། ལྟུང་བ་དང། རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དེ། དེ་དག་གིས་དེ་ཐོས་ནས་སྐྱོ་བར་འགྱུར་ལ་ [216A]༄༅། །སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་འཐོབ་པར་འགྱུར་རོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ཡི་དྭགས་ཀྱི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ ནས་མི་སྣང་བར་གྱུར་ཏེ། དེ་རྒྱ་མཚོའི་འགྲམ་དུ་འགྲེང་བ་དང་དེས་དེར་ཡི་དྭགས་ལུས་ཆེ་བ་ལ་རོ་སྨད་ནི། ཐ་མལ་པར་འདུག་རྐེད་པ་ཡན་ཆད་ནི། ལུས་གཉིས་སུ་འདུག་སྟེ། དེའང་ འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་ཕན་ཚུན་དུ་རྒྱུ་ལ། དེའི་ལས་ལས་སྐྱེས་པའི་ལྕགས་ཀྱི་མཆེ་བ་ཅན་གྱི་སེངྒེ་དང། སྟག་དང། གཟིག་དང། དྲེད་ལ་སོགས་པ་ དེའི་དྲུང་དུ་ལྷགས་ནས་དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ཟ་བར་བྱེད་པ་དང། ལས་ལས་སྐྱེས་པའི་མི་དག་ཀྱང་ལྷགས་ནས་རལ་གྲི་རྣོན་པོ་དག་གིས་རོ་སྟོད་གཅོད་པར་བྱེད་དེ། དེའི་རོ་ སྟོད་གཅིག་བཅད་ན་གཅིག་ཤོས་འབྱུང་བར་འགྱུར་ལ། གཅིག་ཤོས་བཅད་ནའང་གཅིག་འབྱུང་བར་འགྱུར་ཏེ། རྒྱུ་དེས་ན་སྡུག་བསྔལ་དྲག་པ་དང། མི་བཟད་པ་དང། ཚ་བ་དང་ ཡིད་དུ་མི་འོང་བའི་ཚོར་བ་མྱོང་ལ་སྐད་པོ་ཆེ་འདོན་ཅིང་ཕན་ཚུན་དུ་འབྲོས་ཏེ། ལས་ལས་སྐྱེས་པའི་མི་དེ་དག་ཀྱང་དེའི་ཕྱི་བཞིན་འབྲང་བ་ཞིག་མཐོང་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་ པོས་བསམ་པ། སེམས་ཅན་འདིས་ལས་ཅི་ཞིག་བྱས་ན། ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་འདི་ལྟ་བུ་མྱོང་ཞིག་གུ་སྙམ་ནས་དེས་བལྟས་ན། ཡང་དག་པར་རྫོགས་པའི་སངས་ [216B]ཞལ་ཏ་བྱེད་པར་གྱུར་ནས་དེས་དགེ་སློང་དབྱར་གནས་བཅས་པ་རྣམས་ཀྱི་གོས་དང་རྙེད་པ་རྣམས་བཅད་དེ་དགུན་གནས་བཅས་པ་རྣམས་ལ་ཕུལ་ དགུན་གནས་བཅས་པ་རྣམས་ཀྱི་གོས་དང་རྙེད་པ་རྣམས་བཅད་དེ་དབྱར་གནས་བཅས་པ་རྣམས་ལ་ཕུལ། གཉིས་ཀ་ལས་བཅད་དེ་ཁ་ཅིག་ནི། བདག་ཉིད་ཀྱིས་སྤྱད། ཁ་ཅིག་ནི། གཞན་དག་ལ་ཕུལ་ བ་མཐོང་ངོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བསམ་པ། འདིའི་ལས་ནི། བདག་གིས་ཀྱང་ཡང་དག་པར་མངོན་སུམ་དུ་མཐོང་མོད་ཀྱི། འོན་ཀྱང་སྐྱེ་བོ་ཕལ་པོ་ཆེ་སྐྱེ་བ་བསྐྱེད་པའི་ཕྱིར་ བདག་གིས་བཅོམ་ལྡན་འདས་ལ་ཞུའོ་སྙམ་ནས་རྒྱ་མཚོའི་འགྲམ་ནས་མི་སྣང་བར་གྱུར་ཏེ་མཉན་དུ་ཡོད་པར་སོང་བ་དང། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ ཆོས་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མ་ལ་ཆོས་སྟོན་པ་མཐོང་ངོ། །མཐོང་ནས་ཀྱང་དེས་བསམ་པ། འདི་ནི། བདག་གིས་བཅོམ་ལྡན་ འདས་ལ་ཡི་དྭགས་ཀྱི་ལུང་བསྟན་པ་ཞུ་བའི་དུས་ཡིན་ནོ་སྙམ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་ གོ། །ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། འདི་ན་བདག་གི་ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་ [217A]༄༅། །བར་རྒྱུ་བར་བགྱིད། ཡི་དྭགས་ཀྱི་ནང་དུ་རྒྱུ་བར་བགྱིད། དུད་འགྲོའི་ནང་དུ་རྒྱུ་བར་བགྱིད། མིའི་ནང་དུ་རྒྱུ་བར་བགྱིད། ལྷའི་ནང་དུ་རྒྱུ་བར་བགྱིད་དེ། སླར་མཆིས་ནས་ སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང། གཏུབ་པ་དང། བརྡེག་པ་དང། བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་པ་ལགས་སོ། ། སླར་མཆིས་ནས་ཡི་དྭགས་རྣམས་ཀྱི་བཀྲེས་པ་དང། སྐོམ་པ་དང་འབར་བ་དང། བསྲེག་པ་དང། བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང། དུད་འགྲོ་རྣམས་ཀྱི་གཅིག་ལ་ གཅིག་ཟ་བ་ལས་གྱུར་བའི་སྡུག་བསྔལ་རྣམས་དང། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང། ལྷ་རྣམས་ཀྱི་འཆི་འཕོ་དང། ལྟུང་བ་དང། རྣམ་པར་འཐོར་བ་ དང། རྣམ་པར་འཇིག་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་དེ། རྒྱུ་དེས་ན་དེ་དག་སྐྱོ་བར་འགྱུར་ལ་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་འཐོབ་པར་ འགྱུར་ལགས་སོ། །བཙུན་པ། བདག་ཡི་དྭགས་ཀྱི་ནང་དུ་རྒྱུ་ཞིང་མཆི་བ་ལས། ཡི་དྭགས་ལུས་ཆེ་ལ་རོ་སྨད་ནི། ཐ་མལ་པར་མཆིས་རྐེད་པ་ཡན་ཆད་ནི། ལུས་གཉིས་སུ་མཆིས་ ཏེ༑ དེའང་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་འབར་ཏེ་ཕན་ཚུན་དུ་རྒྱུ་ལ་དེའི་ལས་ལས་སྐྱེས་པའི་ལྕགས་ཀྱི་མཆེ་བ་ཅན་གྱི་སེངྒེ་དང། སྟག་དང། གཟིག་དང། དྲེད་ལ་སོགས་པ་དེའི་ [217B]བར་བགྱིད་པ་དང། ལས་ལས་སྐྱེས་པའི་མི་དག་ཀྱང་ལྷགས་ནས་རལ་གྲི་རྣོན་པོ་དག་གིས་རོ་སྟོད་གཅོད་པར་བགྱིད་དེ། དེའི་རོ་སྟོད་ གཅིག་བཅད་ན་གཅིག་ཤོས་འབྱུང་བར་འགྱུར་ལ། གཅིག་ཤོས་བཅད་ནའང་གཅིག་འབྱུང་བར་འགྱུར་ཏེ། རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང། མི་བཟད་པ་དང། ཚ་བ་དང་ ཡིད་དུ་མི་འོང་བའི་ཚོར་བ་མྱོང་ལ་སྐད་པོ་ཆེ་འདོན་ཅིང་ཕན་ཚུན་དུ་འབྲོས་ཏེ། ལས་ལས་སྐྱེས་པའི་མི་དེ་དག་ཀྱང་དེའི་ཕྱི་བཞིན་འབྲང་བ་ཞིག་མཐོང་ལགས་ན། བཙུན་པ། ཡི་དྭགས་དེས་ ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་དེ་ལྟ་བུ་རྙེད་པར་གྱུར་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མཽངྒལ་ གྱི་བུ༑ སེམས་ཅན་དེ་ནི། སྡིག་པ་བྱེད་བྱེད་པ་ཡིན་ཏེ། དེས་སྡིག་པ་མང་དུ་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་ སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་བསྟན་པ་ལ་སེམས་ཅན་འདི་རབ་ཏུ་བྱུང་ནས་ཞལ་ཏ་བྱེད་པར་གྱུར་ཏེ། དེས་དེར་དགེ་སློང་དབྱར་ [218A]༄༅། །གནས་བཅས་པ་རྣམས་ཀྱི་གོས་དང་རྙེད་པ་རྣམས་བཅད་དེ་དགུན་གནས་པ་རྣམས་ལ་ཕུལ། དགུན་གནས་བཅས་པ་རྣམས་ཀྱི་གོས་དང་རྙེད་པ་རྣམས་བཅད་དེ་དབྱར་ གནས་བཅས་པ་རྣམས་ལ་ཕུལ། གཉིས་ཀ་ལས་བཅད་དེ་ཁ་ཅིག་ནི། བདག་ཉིད་ཀྱིས་སྤྱད། ཁ་ཅིག་ནི། གཞན་དག་ལ་ཕུལ་ལོ། །མཽངྒལ་གྱི་བུ། ཇི་སྙམ་དུ་སེམས། དེའི་ཚེ་ཞལ་ཏ་བྱེད་ པར་གྱུར་པ་གང་ཡིན་པ་དེ་ནི། ཡི་དྭགས་འདི་ཁོ་ན་ཡིན་ཏེ། དེས་དེར་དབྱར་གནས་བཅས་པ་རྣམས་ཀྱི་གོས་དང་རྙེད་པ་རྣམས་བཅད་དེ་དགུན་གནས་པ་རྣམས་ལ་ཕུལ། དགུན་གནས་ བཅས་པ་རྣམས་ཀྱི་གོས་དང་རྙེད་པ་རྣམས་བཅད་དེ་དབྱར་གནས་པ་རྣམས་ལ་ཕུལ་བའི་ལས་དེའི་རྣམ་པར་སྨིན་པས་ནི། རྐེད་པ་ཡན་ཆད་ལུས་གཉིས་སུ་འདུག་པར་གྱུར་ཏེ། ལས་ ལས་སྐྱེས་པའི་མི་རྣམས་དེའི་དྲུང་དུ་ལྷགས་ནས་དེ་དག་གིས་རལ་གྲི་རྣོན་པོས་དེའི་རོ་སྟོད་གཅོད་པར་བྱེད་དེ། དེའི་རོ་སྟོང་གཅིག་བཅད་ན་གཅིག་ཤོས་འབྱུང་བར་གྱུར་ལ། གཅིག་ ཤོས་བཅད་ན་ཡང་གཅིག་འབྱུང་བར་འགྱུར་རོ། །དེས་གཉིས་ཀ་ལས་བཅད་དེ་ཁ་ཅིག་ནི། བདག་ཉིད་ཀྱིས་སྤྱད། ཁ་ཅིག་ནི། གཞན་དག་ལ་ཕུལ་བའི་ལས་དེའི་རྣམ་པར་སྨིན་པས་ ནི༑ ལྕགས་ཀྱི་མཆེ་བ་ཅན་གྱི་སེངྒེ་དང། སྟག་དང། གཟིག་དང་དྲེད་ལ་སོགས་པ་བྱུང་ནས་དེ་དག་གིས་དེའི་ཤ་རྣམས་བཅད་ཅིང་བཅད་ཅིང་ཟ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་ [218B]ཅེས་གསོལ་ཏོ། །བཙུན་པ། སེམས་ཅན་དེ་སྡུག་བསྔལ་དེ་ལས་ནམ་ཐར་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ མཽངྒལ་གྱི་བུ། མ་འོངས་པའི་དུས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་འདས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་ བར་འགྱུར་ཏེ། དེའི་རིང་ལ་སེམས་ཅན་དེའི་ལས་ཟད་ནས་མིར་སྐྱེ་བར་འགྱུར་ལ། དེ་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་ སུམ་དུ་བྱེད་པར་འགྱུར་ཏེ། དེར་དེའི་སྡུག་བསྔལ་མཐར་ཐུག་པར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་དེ་དག་སྐྱོ་བ་ཆེན་པོ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ཡིད་སྐྱོ་ བར་གྱུར་པ་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ་དེ་ནས་འཁོར་དེ་དག་གི་ནང་ནས་ཁ་ཅིག་གིས་ནི། དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི། རྩེ་མོ་དང། བདེན་པ་དང་མཐུན་ པའི་བཟོད་པ་དང། འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང། མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། །ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ ནི༑ ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་ [219A]༄༅། །མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། ཁ་ཅིག་གིས་ནི། སྟོབས་ཀྱི་འཁོར་ལོས་བསྒྱུར་བར་འགྱུར་ བ་དང། ཁ་ཅིག་གིས་ནི། བརྒྱ་བྱིན་དུ་འགྱུར་བ་དང། ཁ་ཅིག་གིས་ནི། ཚངས་པར་འགྱུར་བ་དང། ཁ་ཅིག་གིས་ནི། ཉན་ཐོས་ཀྱི་བྱང་ཆུབ་དང། ཁ་ཅིག་གིས་ནི། རང་སངས་རྒྱས་ཀྱི་བྱང་ ཆུབ་དང། ཁ་ཅིག་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི། སངས་རྒྱས་ལ་གཞོལ། ཆོས་ལ་འབབ་ དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་དོ།། །།ཟབ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ནི། ལུགས་ཀྱི་དུས་དུས་སུ་ སེམས་ཅན་དམྱལ་བ་རྣམས་སུ་རྒྱུ་བར་བྱེད། ཡི་དྭགས་ཀྱི་ནང་དུ་རྒྱུ་བར་བྱེད། དུད་འགྲོའི་ནང་དུ་རྒྱུ་བར་བྱེད། མིའི་ནང་དུ་རྒྱུ་བར་བྱེད། ལྷའི་ནང་དུ་རྒྱུ་བར་བྱེད་དེ། ཕྱིར་འོངས་ ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང། གཏུབ་པ་དང། བརྡེག་པ་དང། བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དོ། །ཕྱིར་འོངས་ ནས་ཡི་དྭགས་ཀྱི་བཀྲེས་པ་དང། སྐོམ་པ་དང། འབར་བ་དང། བསྲེག་པ་དང། བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟབ་ལས་གྱུར་ [219B] མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང། ལྷ་རྣམས་ཀྱི་འཆི་འཕོ་དང་ལྟུང་བ་དང། རྣམ་པར་འཐོར་བ་དང། རྣམ་པར་འཇིག་པའི་སྡུག་བསྔལ་ གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དེ། དེ་དག་གིས་དེ་ཐོས་ནས་སྐྱོ་བར་འགྱུར་ལ་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་འཐོབ་པར་འགྱུར་རོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ཡི་དྭགས་ཀྱི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། རི་བྱིན་ཏའི་ནགས་ཁུང་དུ་ཕྱིན་པ་དང། དེས་དེར་ཡི་དྭགས་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་ རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་ལ། དེ་གལ་ཏེ་ཐང་ལ་འགྲོ་ན་ནི། དེའི་ལས་ལས་སྐྱེས་པའི་ལྕགས་ཀྱི་མཆེ་བ་ཅན་གྱི་སེངྒེ་དང། སྟག་དང། གཟིག་དང། དྲེད་ལ་སོགས་པ་འབྱུང་བར་འགྱུར་ཏེ་དེ་དག་ གིས་དེའི་ཤ་བཅད་ཅིང་བཅད་ཅིང་ཟ་བར་བྱེད་དེ། རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང། མི་བཟད་པ་དང། ཚ་བ་དང། ཡིད་དུ་མི་འོང་བའི་ཚོར་བ་མྱོང་ལ་ཕན་ཚུན་དུ་རྒྱུག་པ་ཞིག་མཐོང་ངོ་།མཐོང་ནས་ཀྱང་སེམས་ པ་ལ་ཞུགས་ཏེ། སེམས་ཅན་འདིས་ལས་ཅི་ཞིག་བྱས་ན། ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་འདི་ལྟ་བུ་ཉམས་སུ་མྱོང་བར་འགྱུར་ཞིག་གུ་སྙམ་ནས་དེས་བལྟས་ན། ཡང་དག་པར་རྫོགས་པའི་སངས་ རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་སྟེ་དགེ་སློང་ཞལ་ཏ་བྱེད་པར་གྱུར་ནས་དེ་དགེ་འདུན་གྱི་ཞལ་ཏ་བྱེད་པ་ན་དགེ་འདུན་གྱི་དཀོར་དང། མཆོད་རྟེན་གྱི་དཀོར་དང། འཚོ་བ་ནར་མ་དང་ཕྱོགས་བཞིའི་ [220A]༄༅། །དགེ་འདུན་གྱི་དཀོར་ལ་ཅི་དགའ་མགུར་སྤྱད་ལ་གཞན་དག་ལའང་བྱིན་བ་མཐོང་ངོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བསམ་པ། འདིའི་ལས་ནི། བདག་གིས་ཀྱང་ ཡང་དག་པར་མངོན་སུམ་དུ་མཐོང་མོད་ཀྱི། འོན་ཀྱང་སྐྱེ་བོ་ཕལ་པོ་ཆེ་སྐྱོ་བ་བསྐྱེད་པའི་ཕྱིར་བདག་གིས་བཅོམ་ལྡན་འདས་ལ་ཞུའོ་སྙམ་མོ། །རི་བྱིན་ཏྱའི་ནགས་ཁུང་ནས་མི་སྣང་བར་གྱུར་ཏེ་ མཉན་དུ་ཡོད་པར་སོང་བ་དང། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་འཁོར་བརྒྱ་ ཕྲག་དུ་མ་ལ་ཆོས་སྟོན་པ་མཐོང་ངོ། །མཐོང་ནས་ཀྱང་དེས་བསམ་པ། འདི་ནི། བདག་གིས་བཅོམ་ལྡན་འདས་ལ་ཡི་དྭགས་ཀྱི་ལུང་བསྟན་པ་ཞུ་བའི་དུས་ཡིན་ནོ་སྙམ་ནས་བཅོམ་ལྡན་འདས་ག་ ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བཙུན་པ། འདི་ན་བདག་གི་ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བགྱིད། ཡི་དྭགས་ཀྱི་ནང་དུ་རྒྱུ་བར་བགྱིད། དུད་འགྲོའི་ནང་དུ་རྒྱུ་བར་བགྱིད། མིའི་ནང་དུ་རྒྱུ་ བར་བགྱིད། ལྷའི་ནང་དུ་རྒྱུ་བར་བགྱིད་དེ། སླར་མཆིས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང། གཏུབ་པ་དང། བརྡེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ལགས་པ་དེ་ [220B] །སླར་མཆིས་ནས་ཡི་དྭགས་རྣམས་ཀྱི་བཀྲེས་པ་དང། སྐོམ་པ་དང། འབར་བ་དང། བསྲེག་པ་དང། བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང་ དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐབ་པའི་སྡུག་བསྔལ་རྣམས་དང། ལྷ་རྣམས་ཀྱི་འཆི་འཕོ་དང། ལྟུང་བ་དང། རྣམ་ པར་འཐོར་བ་དང། རྣམ་པར་འཇིག་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་དེ། རྒྱུ་དེས་ན་དེ་དག་སྐྱོ་བར་འགྱུར་ལ། དེ་ལྟར་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་ འཐོབ་པར་འགྱུར་ལགས་སོ། །བཙུན་པ། བདག་ཡི་དྭགས་ཀྱི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། རི་བྱིན་ཏྱའི་ནགས་ཁུང་དུ་མཆིས་པ་ལས། བཙུན་པ། བདག་ གིས་དེར་ཡི་དྭགས་ལུས་ཆེ་ལ་འབར་ཞིང་ཀུན་ཏུ་འབར་ཏེ་ཀུན་ཏུ་རབ་ཏུ་འབར་ལ་མེ་ལྕེ་གཅིག་ཏུ་འབར་ཞིང་ཚིག་པ་དང། དེ་ཐང་ལ་མཆི་བ་ན་དེའི་ལས་ལས་སྐྱེས་པའི་ལྕགས་ཀྱི་མཆེ་བ་ ཅན་གྱི་སེངྒེ་དང། སྟག་དང། གཟིག་དང། དྲེད་ལ་སོགས་པ་འབྱུང་བར་འགྱུར་ཏེ། དེ་དག་གལ་ཏེ་ཆབ་ཀྱི་ནང་དུ་མཆིས་ན་ནི། ལྕགས་ཀྱི་མཆེ་བ་ཅན་གྱི་ཆུ་སྲིན་རྣམས་འབྱུང་བར་འགྱུར་ གལ་ཏེ་དེ་ནམ་མཁའ་ལ་མཆིས་ན་ནི། ལྕགས་ཀྱི་མཆུ་ཅན་གྱི་བྱ་རོག་རྣམས་དང། ཆུན་ལག་རྣམས་འབྱུང་བར་འགྱུར་ཏེ། དེ་དག་གིས་དེའི་ཤ་བཅད་ཅིང་བཅད་ཅིང་ཟ་བར་བགྱིད་དེ། རྒྱུ་ [221A]༄༅། །དེས་ན་དེས་སྡུག་བསྔལ་དྲག་པ་དང། མི་བཟད་པ་དང་ཚ་བ་དང། ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ་མྱོང་ནས་ཕན་ཚུན་དུ་རྒྱུག་པ་ཞིག་མཐོང་ལགས་ན། བཙུན་པ་ སེམས་ཅན་དེས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་དེ་ལྟ་བུ་རྙེད་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཽངྒལ་གྱི་བུ། སེམས་ ཅན་དེ་ནི། སྡིག་པ་བྱེད་བྱེད་པ་ཡིན་ཏེ། དེས་སྡིག་པའི་ལས་མང་དུ་བྱས་སོ། །མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་སེམས་དད་དེ་རབ་ཏུ་བྱུང་ནས་དགེ་སློང་ཞལ་ཏེ་བྱེད་པར་གྱུར་ཏེ། དེས་དེར་སྦྱིན་པ་བདག་ དང་སྦྱིན་པ་པོ་མང་པོ་དག་ལ་བསྐུལ་ནས་དགེ་འདུན་དང་མཆོད་རྟེན་གྱི་ཕྱིར་བསླངས་ཏེ། དེས་དགེ་འདུན་གྱི་དཀོར་དང། མཆོད་རྟེན་གྱི་དཀོར་དང། འཚོ་བ་ནར་མ་དང། ཕྱོགས་བཞིའི་ དགེ་འདུན་གྱི་དཀོར་མ་ཐུབ་ནས་ཐམས་ཅད་ཅི་དགའ་མགུར་སྤྱད་ལ་གཞན་དག་ལའང་བྱིན་ཏེ། དེས་དེར་དགེ་འདུན་ལས་བཅད་ནས་བདག་ཉིད་ཀྱིས་ཀྱང་ཅི་དགའ་མགུར་སྤྱད་ལ། གཞན་ [221B]ཀྱི་ནང་དུ་སྐྱེས་ནས་དེར་ནམ་མཁའ་ལ་གནས་པ་དང། ཆུ་ན་གནས་པ་དང། ཐང་ལ་གནས་པའི་སྲོག་ཆགས་རྣམས་ཀྱིས་བཟའ་བར་ གྱུར་ཏོ༑ ༑དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་མང་པོ་དེ་དག་སྐྱོ་བ་ཆེན་པོ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་གི་ཡིད་སྐྱོ་བར་གྱུར་པ་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ ན་དེར་ཁ་ཅིག་གིས་ནི། དྲོ་བར་གྱུར་པ་བསྐྱེད་དོ། ཁ་ཅིག་གིས་ནི་རྩེ་མོ་དང། བདེན་པ་དང་མཐུན་པའི་བཟོད་པ་དང། འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང། མཐོང་བའི་སྙོམས་པར་འཇུག་པ་ བསྐྱེད་དོ། ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། ཕྱིར་མི་ འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བའི་ས་ བོན་བསྐྱེད་དོ། །ཁ་ཅིག་གིས་ནི། སྟོབས་ཀྱིས་འཁོར་ལོས་བསྒྱུར་བར་འགྱུར་བ་དང། ཁ་ཅིག་གིས་ནི། བརྒྱ་བྱིན་དུ་འགྱུར་བ་དང། ཁ་ཅིག་གིས་ནི། ཚངས་པར་འགྱུར་བ་དང། ཁ་ཅིག་གིས་ ནི༑ ཉན་ཐོས་ཀྱི་བྱང་ཆུབ་དང། ཁ་ཅིག་གིས་ནི། རང་སངས་རྒྱས་ཀྱི་བྱང་ཆུབ་དང། ཁ་ཅིག་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ [222A]༄༅། །ནས་ཕལ་ཆེར་ནི། སངས་རྒྱས་ལ་གཞོལ། ཆོས་ལ་འབབ་དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་དོ།། །།དགའ་བྱེད་ཅེས་བྱ་བ་ནི་གླེང་གཞི་ མཉན་དུ་ཡོད་པ་ན་བཞུགས་ཏེ། ཚེ་དང་ལྡན་པ་དགའ་བྱེད་ནི། ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བྱེད། ཡི་དྭགས་ཀྱི་ནང་དུ་རྒྱུ་བར་བྱེད། དུད་འགྲོའི་ནང་དུ་རྒྱུ་བར་ བྱེད༑ མིའི་ནང་དུ་རྒྱུ་བར་བྱེད། ལྷའི་ནང་དུ་རྒྱུ་བར་བྱེད་དེ་ཕྱིར་འོངས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང། གཏུབ་པ་དང། བརྡེག་པ་དང། བཙེ་བ་ལ་སོགས་པའི་སྡུག་ བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དོ། །ཕྱིར་འོངས་ནས་ཡི་དྭགས་རྣམས་ཀྱི་བཀྲེས་པ་དང། སྐོམ་པ་དང། འབར་བ་དང། བསྲེག་པ་དང། བཙོ་བ་ལ་སོགས་ པའི་སྡུག་བསྔལ་རྣམས་དང། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང། ལྷ་ རྣམས་ཀྱི་འཆི་འཕོ་དང། ལྟུང་བ་དང། རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དེ། དེ་དག་གིས་དེ་ཐོས་ནས་སྐྱོ་བར་ འགྱུར་ལ་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་ཐོབ་པར་འགྱུར་རོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་དགའ་བྱེད་ཡི་དྭགས་ཀྱི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་ [222B] དེས་དེར་ཡི་དྭགས་མོ་སྒྲེན་མོར་འདུག་ལ་རང་གི་སྐྲས་ཡོག་པ། སྡོང་པོ་མེ་རེག་མ་འདྲ་ལ་དམུས་ལོང་དུ་འདུག་པ། དེའི་ཁ་སྣ་ནས་སྲིན་བུ་མང་པོ་ བྱུང་བ་དང། དེས་དཔག་ཚད་དུ་མར་དྲི་མནམ་པས་གང་བར་བྱེད་དེ། ཕན་ཚུན་དུ་རྒྱུག་ལ་དེ་གང་དང་གང་དུ་འགྲོ་བ་དེ་དང་དེར་ཁྱི་སྡོ་བཀྲ་ཅན་དག་གིས་བཅད་ནས་རྒྱུ་དེས་ན། དེས་སྡུག་བསྔལ་ དྲག་པ་དང། མི་བཟད་པ་དང། ཚ་བ་དང། ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ་སྐད་པོ་ཆེ་འདོན་པ་ཕན་ཚུན་དུ་རྒྱུག་པ་ཞིག་མཐོང་ངོ། །མཐོང་ནས་ཀྱང་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་བསམ་པ་ སེམས་ཅན་འདིས་ལས་ཅི་ཞིག་བྱས་ཤིག་གུ་སྙམ་སྟེ་དེས་བལྟས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ་དགེ་སློང་མ་འཐབ་ཀྲོལ་ཅན་ཁ་ཚས་ ངན་པ་ཞིག་ཏུ་གྱུར་ནས་དེས་དེར་དགེ་སློང་མ་མང་པོ་ཞིག་ལ་ཡང་དག་པ་མ་ཡིན་པའི་སྐུར་པ་བཏབ་སྟེ། དེ་དག་གི་རྙེད་པའི་བར་ཆད་བྱས་པ་མཐོང་ངོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་ བསམ་པ། འདིའི་ལས་ཀྱི་འབྲས་བུ་ནི། བདག་གིས་ཀྱང་མངོན་སུམ་དུ་མཐོང་མེད་ཀྱི། འོན་ཀྱང་སྐྱེ་བོ་མང་པོ་སྐྱོ་བ་བསྐྱེད་པའི་ཕྱིར་བདག་གིས་བཅོམ་ལྡན་འདས་ལ་ཞུའོ་སྙམ་ནས་དེ་རྒྱ་ མཚོའི་འགྲམ་ནས་མི་སྣང་བར་གྱུར་ཏེ་མཉན་དུ་ཡོད་པར་སོང་བ་དང། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་དགའ་བྱེད་ [223A]༄༅། །ཀྱིས་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མ་ལ་ཆོས་སྟོན་པ་མཐོང་ངོ། །མཐོང་ནས་ཀྱང་དེས་བསམ་པ། འདི་ནི། བདག་གིས་བཅོམ་ལྡན་འདས་ལ་ཡི་དྭགས་ཀྱི་ ལུང་བསྟན་པ་ཞུ་བའི་དུས་ཡིན་ནོ་སྙམ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་ གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། འདི་ན་བདག་གི་ལུགས་ཀྱི་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་ བགྱིད༑ ཡི་དྭགས་ཀྱི་ནང་དུ་རྒྱུ་བར་བགྱིད། དུད་འགྲོའི་ནང་དུ་རྒྱུ་བར་བགྱིད། མིའི་ནང་དུ་རྒྱུ་བར་བགྱིད། ལྷའི་ནང་དུ་རྒྱུ་བར་བགྱིད་དེ། སླར་མཆིས་ནས་སེམས་ཅན་དམྱལ་བ་རྣམས་ ཀྱི་གཅད་པ་དང། གཏུབ་པ་དང། བརྡེག་པ་དང། བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་ལགས་སོ། །སླར་མཆིས་ནས་ཡི་དྭགས་རྣམས་ ཀྱི་བཀྲེས་པ་དང། སྐོམ་པ་དང། འབར་བ་དང། བསྲེག་པ་དང། བཅོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་ བསྔལ་རྣམས་དང། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང། ལྷ་རྣམས་ཀྱི་འཆི་འཕོ་དང། ལྟུང་བ་དང་རྣམ་པར་འཐོར་བ་དང། རྣམ་པར་འཇིག་པའི་སྡུག་བསྔལ་ [223B] རྒྱུ་དེས་ན་དེ་དག་སྐྱོ་བར་འགྱུར་ལ་དེ་ལྟར་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་འཐོབ་པར་འགྱུར་ལགས་སོ། །བཙུན་པ། བདག་ཡི་དྭགས་ ཀྱི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ་རྒྱ་མཚོའི་འགྲམ་དུ་མཆིས་ན། བཙུན་པ། བདག་གིས་དེར་ཡི་དྭགས་མོ་སྒྲེན་མོར་མཆིས་ལ་རང་གི་སྐྲས་ཡོག་པ། སྡོང་པོ་ མེ་རེག་མ་འདྲ་ལ་དམུས་ལོང་དུ་མཆིས་པ། དེའི་ཁ་སྣ་ནས་སྲིན་བུ་མང་པོ་བྱུང་བ་དང། དེས་དཔག་ཚད་དུ་མར་དྲི་མནམ་པས་གང་བར་བགྱིད་དེ་ཕན་ཚུན་དུ་རྒྱུག་ལ། དེ་གང་དང་གང་དུ་མཆིས་པ་དེ་དང་ དེར་ཁྱི་སྔོ་བཀྲ་དག་གིས་བཅད་ནས་རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང། མི་བཟད་པ་དང། ཚ་བ་དང། ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ་སྐད་པོ་ཆེ་འདོན་ལ་ཕན་ཚུན་དུ་རྒྱུག་པ་ཞིག་མཐོང་ལགས་ ན༑ བཙུན་པ། ཡི་དྭགས་མོ་དེས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་དེ་ལྟ་བུ་རྙེད་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བྱེད། ཡི་དྭགས་མོ་དེ་ ནི༑ སྡིག་པའི་ལས་བྱེད་བྱེད་པ་ཡིན་ཏེ། དེས་སྡིག་པའི་ལས་མང་དུ་བྱས་སོ། །དགའ་བྱེད། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་ རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་ [224A]༄༅། །འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཝཱ་ར་ཎཱ་སིར་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་ བཅུ་ལོན་པ་དང། བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་མཐུན་པའི་མིང་བཏགས་ཏེ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་ བསྐྱེད་བསྲིངས་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་ནས་དེས་ཕ་མ་ལ་གསོལ་ཏེ་རབ་ཏུ་བྱུང་ནས་དེས་སྡེ་སྣོད་གསུམ་བསླབས་ཏེ་ རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བ། གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་རྙེད་པར་གྱུར་ནས་དེས་སྦྱིན་བདག་དང་སྦྱིན་པ་པོ་རྣམས་ལ་བསྐུལ་ཏེ་གཙུག་ ལག་ཁང་མཆོད་རྟེན་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་བྱེད་དུ་བཅུག་ནས་སངས་རྒྱས་ལ་སོགས་པ་དགེ་སློང་མའི་དགེ་འདུན་ལ་ཕུལ་ཏེ་དགེ་སློང་མ་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་ བཀུར་བྱས་པ་ལས། དེ་བྱད་གཟུགས་དང་ལང་ཚོ་དང་ཆོ་རིགས་ཀྱི་རྒྱགས་པས་དྲེགས་ནས་ཚུལ་ཁྲིམས་སྲུང་མ་ནུས་ཏེ། དེས་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་འཚོ་བ་ནར་མ་དང་ཕྱོགས་བཞིའི་ [224B]ཀྱིས་ཚོར་ཏེ། དེ་དག་སློང་མའི་གཙུག་ལག་ཁང་ནས་བསྐྲད་ནས་དེ་ཁྲོ་བའི་ཀུན་ནས་དཀྲིས་པ་ཆེན་པོ་སྐྱེས་ཏེ་ཁྲོ་བའི་དབང་དུ་གྱུར་ནས་ སློབ་པ་དང་མི་སློབ་པའི་དགེ་སློང་མ་མང་པོ་ཞིག་ལ་ཚིག་རྩུབ་ཅིང་བརླང་བའི་ཟུག་རྡུ་དག་གིས་སྤྱོས་ཏེ། ཁྱིམ་ཁྱིམ་དུ་ཡང་འདི་དག་ནི། ཚུལ་ཁྲིམས་འཆལ་བ་དང། སྡིག་པའི་ཆོས་ཅན་ཡིན་ནོ་།ཞེས་དེ་ དག་གི་བསྡགས་པ་མ་ཡིན་པ་བརྗོད་ལ། དེ་དག་གི་རྙེད་པ་དང་བཀུར་སྟི་ཡོད་པའི་བར་ཆད་ཀྱང་བྱས། སྡང་མིག་གིས་ཀྱང་བལྟས་སོ་།དགའ་བྱེད། ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་མར་གྱུར་པ་གང་ཡིན་པ་དེ་ནི། ད་ ལྟར་ཡི་དྭགས་མོ་དེ་ཡིན་ཏེ། དེས་དེར་སློབ་པ་དང་མི་སློབ་པའི་དགེ་སློང་མ་རྣམས་ཀྱི་རྙེད་པ་དང་བཀུར་སྟིའི་བར་ཆད་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ཡི་དྭགས་སུ་སྐྱེས་སོ། །དེས་དགེ་སློང་མ་དེ་རྣམས་ལ་ཚིག་ རྩུབ་ཅིང་བརླང་བའི་ཟུག་རྡུས་སྤྱོས་པའི་ལས་དེའི་རྣམ་པར་སྨིན་པས་ནི། ཁ་སྣ་ནས་སྲིན་བུ་མང་པོ་བྱུང་བར་གྱུར་ཏོ། །དེས་ཁྱིམ་ཁྱིམ་དུ་དེ་དག་གི་བསྔགས་པ་མ་ཡིན་པ་བརྗོད་པའི་ལས་དེའི་རྣམ་པར་སྨིན་པས་ནི་ དཔག་ཚད་དུ་མར་དྲི་མནམ་པས་གང་བར་གྱུར་ཏོ། །དེས་དགེ་སློང་མ་རྣམས་ལ་སྡང་མིག་གིས་བལྟས་པའི་ལས་དེའི་རྣམ་པར་སྨིན་པས་ནི་དམུས་ལོང་དུ་གྱུར་ཏོ། །དེས་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་ འཚོ་བ་ནར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་ཅི་དགའ་མགུར་སྤྱད་པའི་ལས་དེའི་རྣམ་པར་སྨིན་པས་ནི། ཁྱི་སྔོ་བཀྲ་དག་གིས་བཟའ་བར་གྱུར་ཏེ། དེས་ནི། ལས་དེ་ལྟ་བུ་བྱས་སོ། །དེ་ནས་དེ་ཐོས་མཐག་ཏུ་སྐྱེ་བོ་མང་པོ་དེ་ [225A]༄༅། །དག་སྐྱོ་བ་ཆེན་པོ་སྐྱེས་ཏེ་བཅོམ་ལྡན་འདས་ཀྱིས་དེ་དག་གི་ཡིད་སྐྱོ་བར་གྱུར་པར་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་དེར་ཁ་ཅིག་ གིས་ནི༑ དྲོ་བར་གྱུར་པ་བསྐྱེད་དོ། །ཁ་ཅིག་གིས་ནི། རྩེ་མོ་དང་བདེན་པ་དང་མཐུན་པའི་བཟོད་པ་དང། འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང། མཐོང་བའི་སྙོམས་པར་འཇུག་པ་ བསྐྱེད་དོ། །ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། ཕྱིར་མི་ འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས། ཁ་ཅིག་གིས་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་ བསྐྱེད་དོ། །ཁ་ཅིག་གིས་ནི། བརྒྱ་བྱིན་དུ་འགྱུར་བ་དང། ཁ་ཅིག་གིས་ནི། ཚངས་པར་འགྱུར་བ་དང། ཁ་ཅིག་གིས་ནི། ཉན་ཐོས་ཀྱི་བྱང་ཆུབ་དང། ཁ་ཅིག་གིས་ནི། རང་སངས་རྒྱས་ཀྱི་བྱང་ ཆུབ་དང། ཁ་ཅིག་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི། སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ ལ་བབ་པར་བྱས་ཏེ་བཀོད་དོ།། །།ལས་བརྒྱ་ཐམ་པ། བམ་པོ་བཅུ་གསུམ་པ། སྣག་བུ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ནི་ [225B] ཡི་དྭགས་ཀྱི་ནང་དུ་རྒྱུ་བར་བྱེད། དུད་འགྲོའི་ནང་དུ་རྒྱུ་བར་བྱེད། མིའི་ནང་དུ་རྒྱུ་བར་བྱེད། ལྷའི་ནང་དུ་རྒྱུ་བར་བྱེད་དེ་ཕྱིར་འོངས་ ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང། གཏུབ་པ་དང། བརྡེག་པ་དང། བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དོ། །ཕྱིར་འོངས་ནས་ ཡི་དྭགས་རྣམས་ཀྱི་བཀྲེས་པ་དང། སྐོམ་པ་དང། འབར་བ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་ རྣམས་དང། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང། ལྷ་རྣམས་ཀྱི་འཆི་འཕོ་དང། ལྟུང་བ་དང། རྣམ་པར་འཐོར་བ་དང། རྣམ་པར་འཇིག་པའི་སྡུག་བསྔལ་གང་ཡིན་པ་དེ་ དག་མི་རྣམས་ལ་རྗོད་པར་བྱེད་དེ། དྲེ་དག་གིས་དེ་ཐོས་ནས་སྐྱོ་བར་འགྱུར་ལ་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་འཐོབ་པར་འགྱུར་རོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་ པོས་ཡི་དྭགས་ཀྱི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ་རྒྱ་མཚོའི་འགྲམ་དུ་ཕྱིན་པ་དང། དེས་དེར་ཤའི་སྣག་བུ་འདྲ་བ་ལ་གཙང་ཁང་ཕྱུར་པོ་ཙམ་ཞིག་འདུག་སྟེ་ དེ་ས་ལ་འདུག་ན་ནི། དེ་ལ་ཐོག་ཐག་ནས་སྲོག་ཆགས་ཁབ་ཀྱི་མཆུ་ཅན་ཤ་སྟག་ཟ་ཞིང་འདུག་ལ། སྲོག་ཆགས་དེ་དག་ཟ་ཆེས་པས་དེ་གལ་ཏེ་ནམ་མཁའ་ལ་འཕགས་ནའང་དེའི་ [226A]༄༅། །ལུས་ཐམས་ཅད་མེར་འབར་ཏེ། རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང། མི་བཟད་པ་དང། ཚ་བ་དང། ཡིད་དུ་མི་འོང་བ་མྱོང་ཞིང་འདུག་པ་ཞིག་མཐོང་ནས་ཚེ་དང་ ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བསམ་པ། སེམས་ཅན་འདིས་ལས་ཅི་ཞིག་བྱས་ན། ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་འདི་ལྟ་བུ་མྱོང་བར་གྱུར་ཞིག་གུ་སྙམ་སྟེ་དེས་བལྟས་ ན༑ ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་དགེ་སློང་ཞལ་ཏ་བྱེད་པར་གྱུར་ཏེ། དེས་དེར་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་འཚོ་ བ་ནར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་གང་ཟག་གཅིག་པུས་སྤྱད་པ་དང། ཁ་ཅིག་ནི། ཉེ་དུ་རྣམས་ལའང་བྱིན། ཁ་ཅིག་ནི་ཁྲོས་ནས་མེས་བསྲེགས་པའི་ལས་དེའི་ རྣམ་པར་སྨིན་པ་དེས་ན་སྡུག་བསྔལ་དེ་ལྟ་བུ་དག་རྙེད་པར་གྱུར་པར་མཐོང་ངོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བསམ་པ། འདིའི་ལས་ནི། བདག་གིས་ཀྱང་ཡང་ དག་པར་མངོན་སུམ་དུ་མཐོང་མོད་ཀྱི། འོན་ཀྱང་སྐྱེ་བོ་ཕལ་པོ་ཆེ་སྐྱོ་བ་བསྐྱེད་པའི་ཕྱིར་བདག་གིས་བཅོམ་ལྡན་འདས་ལ་ཞུའོ་སྙམ་ནས་རྒྱ་མཚོའི་འགྲམ་ནས་མི་སྣང་བར་གྱུར་ཏེ་ མཉན་དུ་ཡོད་པར་སོང་བ་དང། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བསམ་པ། འདི་ནི་ [226B]ལྡན་འདས་ལ་ཞུ་བའི་དུས་ཡིན་ནོ་སྙམ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདི་ན་བདག་གི་ ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བགྱིད། ཡི་དྭགས་ཀྱི་ནང་དུ་རྒྱུ་བར་བགྱིད། དུད་འགྲོའི་ནང་དུ་རྒྱུ་བར་བགྱིད་མིའི་ནང་དུ་རྒྱུ་བར་བགྱིད། ལྷའི་ནང་དུ་རྒྱུ་པེར་ བགྱིད་དེ། སླར་མཆིས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང། གཏུབ་པ་དང། བརྡེག་པ་དང། བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་ བགྱིད་ལགས་སོ། །སླར་མཆིས་ནས་ཡི་དྭགས་རྣམས་ཀྱི་བཀྲེས་པ་དང་སྐོམ་པ་དང། འབར་བ་དང། བསྲེག་པ་དང། བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང། དུད་འགྲོ་རྣམས་ཀྱི་ གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང། ལྷ་རྣམས་ཀྱི་འཆི་འཕོ་དང། ལྟུང་བ་དང། རྣམ་པར་འཐོར་བ་ དང། རྣམ་པར་འཇིག་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་དེ། རྒྱུ་དེས་ན་དེ་དག་སྐྱོ་བར་འགྱུར་ལ་དེ་ལྟར་སྐྱོ་བར་གྱུར་ནས་ཀྱང་གང་དུ་ཁྱད་པར་འཐོབ་པར་འགྱུར་ [227A]༄༅། །ལགས་སོ། །བཙུན་པ། བདག་ཡི་དྭགས་ཀྱི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ་རྒྱ་མཚོའི་འགྲམ་དུ་མཆིས་ན། བཙུན་པ། བདག་ གིས་དེར་སེམས་ཅན་ཤའི་སྣག་བུ་འདྲ་བ་ལ་གཙང་ཁང་ཕྱུར་པོ་ཙམ་ཞིག་མཆིས་ཏེ། དེ་ས་ལ་མཆིས་ན་ནི། དེ་ལ་ཐོག་ཐག་ནས་སྲོག་ཆགས་ཁབ་ཀྱི་མཆུ་ཅན་ཤ་སྟག་འཚལ་ ཞིང་མཆིས་ལ། སྲོག་ཆགས་དེ་དྲག་འཚལ་ཆེས་པས་དེ་གལ་ཏེ་ནམ་མཁའ་ལ་འཕགས་ནའང་དེའི་ལུས་ཐམས་ཅད་ཞུགས་སུ་འབར་ཏེ། རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང། མི་ བཟད་པ་དང། ཚ་བ་དང། ཡིད་དུ་མ་འོང་བ་མྱོང་ཞིང་མཆིས་པ་ཞིག་མཐོང་ལགས་ན། བཙུན་པ། སེམས་ཅན་དེས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་དེ་ ལྟ་བུ་རྙེད་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མཽངྒལ་གྱི་བུ། སེམས་ཅན་དེ་ནི། སྡིག་པའི་ལས་བྱེད་བྱེད་པ་ཡིན་ཏེ། དེས་སྡིག་པའི་ལས་མང་དུ་བྱས་སོ། ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན་སེམས་ཅན་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ་སྡེ་སློང་ཞལ་ཏ་བྱེད་པར་གྱུར་ནས་དེས་དེར་ དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་འཚོ་བ་ནར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་གང་ཟག་གཅིག་བུས་སྤྱད་ལ་ཁ་ཅིག་ནི། བསགས་ཏེ་བཞག་པ་ལས་དེ་ཕྱི་ [227B]སྦྱིན་པར་བྱས་པ་དང། དེ་དགེ་སློང་དག་གིས་མཐོང་ནས་བཀག་པ་ལས་དེ་འདི་སྙམ་དུ་སེམས་ཏེ། གལ་ཏེ་འདི་དག་གིས་ བཀག་པ་ལྟ་ན། བདག་གིས་ཅི་ནས་དེ་དག་ལའང་མི་ཕན་ལ་བདག་ལའང་མི་ཕན་པར་བྱའོ་སྙམ་མོ། །དེ་ནས་དེ་ཁྲོས་བས་ནོར་དེ་དག་ཐམས་ཅད་མེས་བསྲེགས་སོ། །དེའི་འོག་ཏུ་དེ་དེ་ནས་ཤི་ འཕོས་ཏེ་ཤི་ནས་ཡི་དྭགས་སུ་སྐྱེས་ཏེ། དེས་དེར་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་དང་འཚོ་བ་ནར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་གང་ཟག་གཅིག་པུས་སྤྱད་པའི་ལས་ དེའི་རྣམ་པར་སྨིན་པས་ནི། ལུས་ཤའི་སྣག་བུ་འདྲ་ལ་གཙང་ཁང་ཕྱུར་པོ་ཙམ་དུ་གྱུར་ནས་སྲོག་ཆགས་ཁབ་ཀྱི་མཆུ་ཅན་དག་གིས་བཟའ་བར་གྱུར་ཏོ། །དེས་དེར་དགེ་འདུན་གྱི་དཀོར་ དང་མཆོད་རྟེན་གྱི་དཀོར་དང་འཚོ་བ་ནར་མ་དང་ཕྱོགས་བཞིའི་དགེ་འདུན་གྱི་དཀོར་མེས་བསྲེགས་པའི་ལས་དེའི་རྣམ་པར་སྨིན་པས་ནི་གལ་ཏེ་སྟེང་གི་ནམ་མཁའ་ལ་འཕགས་ནའང་ ལུས་མེར་འབར་བར་འགྱུར་ཏེ། སེམས་ཅན་དེས་ལས་དེ་ལྟ་བུ་བྱས་པས་ན་ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་དེ་ལྟ་བུ་ཉམས་སུ་མྱོང་ངོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་ དེ་དག་སྐྱོ་བ་ཆེན་པོ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་གི་ཡིད་སྐྱོ་བར་གྱུར་པ་ཐུགས་སུ་ཆུང་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་དེར་ཁ་ཅིག་གིས་ནི། དྲོ་བར་གྱུར་པ་ [228A]༄༅། །བསྐྱེད་དོ། །ཁ་ཅིག་གིས་ནི། རྩེ་མོ་དང། བདེན་པ་དང་མཐུན་པའི་བཟོད་པ་དང། འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང་མཐོང་བ་ལ་སྙོམས་པར་འཇུག་པ་བསྐྱེད་ དོ༑ ༑ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི། འཁོར་ལོས་བསྒྱུར་བའི་ རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། །ཁ་ཅིག་གིས་ནི། སྟོབས་ཀྱི་འཁོར་ལོས་བསྒྱུར་བར་འགྱུར་བ་དང། ཁ་ཅིག་གིས་ནི། བརྒྱ་བྱིན་དུ་འགྱུར་བ་དང། ཁ་ཅིག་གིས་ནི། ཚངས་པར་ འགྱུར་བ་དང། ཁ་ཅིག་གིས་ནི། ཉན་ཐོས་ཀྱི་བྱང་ཆུབ་དང། ཁ་ཅིག་གིས་ནི། རང་སངས་རྒྱས་ཀྱི་བྱང་ཆུབ་དང། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི་སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་དོ།། །།བུར་འདུ་ཤེས་ཞེས་བྱ་ བ་ནི༑ གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་རྒས་ཤིང་འཁོགས་ལ་གཏུགས་པ་ཞིག་འདུག་པ་ལས་དེ་དོན་ཞིག་ལ་རྒྱལ་བུ་རྒྱལ་བྱེད་ཀྱི་ [228B] བྲམ་ཟེ་དེས་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་པ་མཐོང་ངོ་།མཐོང་ནས་ཀྱང་བྲམ་ཟེ་དེ་བཅོམ་ལྡན་འདས་ལ་བུའི་འདུ་ཤེས་སྐྱེས་ ཏེ༑ དེ་བུའི་འདུ་ཤེས་ཀྱིས་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་བཅོམ་ལྡན་འདས་ཀྱི་མགུལ་ནས་འཇུས་སོ། །དེ་ནས་དགེ་སློང་དག་གིས་བྲམ་ཟེ་དེས་བཅོམ་ལྡན་འདས་ཀྱི་མགུལ་ནས་འཇུས་ བ་མཐོང་ནས་བཀག་གོ་དེ་ནས་དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་འདི་ནི། བུ་ལ་བྱམས་པའི་ཕྱིར་ངའི་མགུལ་ནས་འཇུས་པ་ཡིན་ གྱི། མ་དགག་ཅིག་གལ་ཏེ་བྲམ་ཟེ་འདི་ངའི་མགུལ་ནས་འཇུར་མ་བཅུག་ན། ཁ་ནས་ཁྲག་དྲོན་པོ་བྱུང་སྟེ་འཆི་བར་འགྱུར་རོ། །དེ་ནས་བྲམ་ཟེ་དེས་བཅོམ་ལྡན་འདས་ཀྱི་མགུལ་ ནས་འཁྱུད་ཟིན་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་ དང། ཤེས་པ་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ་དེས་ན་བྲམ་ཟེ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་ རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་ [229A]༄༅། །བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་དེ་ལ་བཅོམ་ལྡན་ འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་དགེ་སློང་ཚུར་ཤོག་ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་ནས་ཚིག་དེ་སྐད་ཅེས་བཀའ་སྩལ་བའི་མོད་ལ་སྐྲ་དང་ཁ་སྤུ་བྲེགས་ ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། སྤྱོད་ལམ་ནི། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་འདུག་པར་གྱུར། ལག་ན་ནི་ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ། ། འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པ། །དེས་ན་སྐྲ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱི་ནི་དགོངས་པས་གོས་བགོས་ནས། །མོད་ལ་དབང་ པོ་རབ་ཏུ་ཞི་བར་གནས། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ལུང་ཕོག་ནས་དེས་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་ [229B] ཙནྡན་ན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་ སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། གཟིགས་ལགས། མི་སྟོང་ཕྲག་དུ་མས་བཅོམ་ལྡན་འདས་མཐོང་ཡང་སུས་ཀྱང་བུ་ལ་བྱམས་པའི་ཚུལ་གྱིས་བཅོམ་ལྡན་འདས་ལ་ བུ་དང་ཕྲད་དོ། །ཞེས་མཆི་ཞིང་བརྒྱུགས་ཏེ་མགུལ་ནས་འཇུ་བ་མ་བགྱིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་འདི་ནི། ང་འདས་མ་ཐག་པའི་ཚེ་རབས་ལྔ་བརྒྱར་ཕར་ གྱུར་པས་ན། སྔོན་གྱི་བག་ཆགས་དེ་ཁོ་ནས་འདི་ང་ལ་བུ་ལ་བྱམས་པའི་ཚུལ་གྱིས་བུ་དང་ཕྲད་དོ། །ཞེས་ཟེར་ཞིང་ངའི་མགུལ་ནས་འཇུས་པ་ཡིན་ནོ། །དགེ་སློང་དག་གིས་གསོལ་པ། བཙུན་ པ༑ གལ་ཏེ་བྲམ་ཟེ་འདི་བཅོམ་ལྡན་འདས་ཀྱི་འདས་མ་ཐག་པའི་ཚེ་རབས་ལྔ་བརྒྱར་ཡབ་ཏུ་གྱུར་པ་ལགས་ན། ཅིའི་སླད་དུ་ད་ལྟར་ཡང་ཡབ་ཏུ་མ་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ༑ བྱང་ཆུབ་སེམས་དཔའ་རྣམས་ནི། སྦྱིན་པ་ལ་སྲེད་པ་དང། ངེས་པར་འབྱུང་བ་ལ་སྲེད་པ་ཡིན་ན། ཚེ་རབས་ཐམས་ཅད་དུ་འདིས་ངའི་སྦྱིན་པའི་བར་ཆད་བྱས་ནས་དེར་ངས་སྨོན་ [230A]༄༅། །ལམ་བཏབ་པ། ཕྱིན་ཆད་འདི་ངའི་ཕར་མ་གྱུར་ཅིག་ཅེས་བྱས་པ་དང། གཞན་ཡང་ཟས་གཙང་གིས་ཀྱང་ཀྱེ་མ་བདག་སངས་རྒྱས་ཀྱི་ཡབ་ཏུ་གྱུར་ཅིག་ཅེས་སྨོན་ ལམ་བཏབ་པའི་ཕྱིར་རོ། །དགེ་སློང་དག་གིས་གསོལ་པ། བཙུན་པ། ཟས་གཙང་གིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེར་ཚོང་དཔོན་ཞིག་ གིས་བཤོས་གསོལ་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་སྐྱེས་ བུ་རིན་པོ་ཆེ་འདི་ལྟ་བུའང་བདག་གི་བུར་གྱུར་ནས་བདག་གིས་དེ་ཁོ་ན་མཉེས་པར་བྱས་ཏེ་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་དེས་དེར་སྨོན་ལམ་བཏབ་བོ། །ཞེས་བཀའ་ སྩལ་ནས་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བྲམ་ཟེ་འདིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་དབུལ་པོར་ཡང་གྱུར་ ལ་རྒས་ནས་གདོད་རབ་ཏུ་བྱུང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་རྣམས་ནི། སྦྱིན་པ་ལ་སྲེད་པ་དང། ངེས་པར་འབྱུང་བ་ལ་སྲེད་པ་ཡིན་ [230B] འདིས་དུས་ཐམས་ཅད་དུ་ངའི་སྦྱིན་པའི་བར་ཆད་དང་རབ་ཏུ་འབྱུང་བའི་བར་ཆད་བྱས་ཏེ། འདིས་དུས་ཐམས་ཅད་དུ་ངའི་སྦྱིན་པའི་བར་ཆད་དང། རབ་ཏུ་འབྱུང་བའི་བར་ཆད་བྱས་པའི་ ལས་དེའི་རྣམ་པར་སྨིན་པས་འདི་དབུལ་པོར་གྱུར་ལ་རྒས་ནས་གདོད་རབ་ཏུ་བྱུང་ངོ། །གསོལ་པ། བཙུན་པ། བྲམ་ཟེ་འདིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་ སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེར་འདིས་ཚེ་གཅིག་ཏུ་ཚངས་ པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་ འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ [231A]༄༅། །ཏུ་བྱུང་བར་གྱུར་པ་གང་ཡིན་པ་དེ་ནི། བྲམ་ཟེ་འདི་ཉིད་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་ པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་ སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །། ཞིང་པ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ་དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་དབུལ་པོ་ཞིང་ལས་ཀྱིས་འཚོ་བ་ཞིག་གནས་ཏེ། བྲམ་ཟེ་དེའི་ཞིང་རྒྱལ་བུ་རྒྱལ་ བྱེད་ཀྱི་ཚལ་ནས་ཐག་མི་རིང་བ་ཞིག་ན་འདུག་ལ། བྲམ་ཟེ་དེའང་སྒྲུབ་ཕོད་པ་ཞིག་སྟེ། དེ་ནང་པར་སྔར་ཐོང་གཤོལ་ཐོགས་ནས་ཞིང་གི་སྟེང་དུ་སོང་ངོ། །དེའི་ཆུང་མ་བྲམ་ཟེ་མོ་ [231B]ཞིང་གི་སྟེང་དུ་སོང་ནས་དེ་གཉིས་ཀ་ཟན་ཟོས་ཏེ་བྲམ་ཟེ་མོ་ནི་ཁྱིམ་དུ་སོང་ངོ། །བྲམ་ཟེ་དེ་ནི། ཞིང་དེ་ཉིད་ན་ཞིང་ལས་བྱེད་ཅིང་ འདུག་པ་ལས། དེ་ཕྱེ་མ་རེད་ཁྱིམ་དུ་འགྲོ་བ་ན་བྲམ་ཟེ་དང་བྲམ་ཟེ་མོ་དེ་གཉིས་ཀྱིས་བཅོམ་ལྡན་འདས་དང། ཉན་ཐོས་ཆེན་པོ་རྣམས་མཉན་དུ་ཡོད་པ་ནས་ཡང་དང་ཡང་དུ་ཕྱི་ནང་དུ་ གཤེགས་པ་མཐོང་ངོ། །མཐོང་ནས་ཀྱང་དེ་གཉིས་བཅོམ་ལྡན་འདས་དང། ཉན་ཐོས་ཆེན་པོ་རྣམས་ལ་ཤིན་ཏུ་དགའ་བ་སྐྱེས་ཏེ། དེ་གཉིས་དགའ་བར་གྱུར་ནས་ཕན་ཚུན་གཅིག་ལ་ གཅིག་སྨྲས་པ། བདག་ཅག་གཉིས་ད་ལྟར་སྡུག་བསྔལ་བར་གྱུར་བ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི། སྔོན་བསོད་ནམས་མ་བྱས་པའི་ཕྱིར་ཏེ། གལ་ཏེ་ད་ལྟར་ཡང་བདག་ཅག་གཉིས་ ཀྱིས་དགེ་བའི་ལས་ཅིའང་མ་བྱས་ན་ནི། བདག་ཅག་གཉིས་འདི་ནས་ཤི་འཕོས་ནས་ཀྱང་དབུལ་པོ་འབའ་ཞིག་ཏུ་འགྱུར་རོ། །ཞེས་ཟེར་རོ་།དེ་ནས་བྲམ་ཟེས་སྨྲས་པ། བཟང་མོ། །བདག་ ཅག་གཉིས་ནོར་གང་གིས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱེད་པར་འགྱུར་བའི་ནོར་དེ་ལྟ་བུ་བདག་ཅག་གཉིས་ལ་ཅིང་བར་ཡོད་དམ་ཆུང་མས་སྨྲས་པ། ཇོ་བོ། དེ་སྐད་མ་ གསུང་ཞིག། དགེ་སྦྱོང་གཽ་ཏ་མ་འདི་ནི། རྐང་གཉིས་ཀྱི་ནང་ན་བསོད་ནམས་ཀྱི་ཞིང་ཡིན་ཏེ། འདི་ལ་ནི། བཀུར་སྟི་ཆུང་དུ་བྱས་པ་ཙམ་གྱིས་ཀྱང་འབྲས་བུ་ཤིན་ཏུ་ཆེ་བར་འགྱུར་གྱི་ [232A]༄༅། །དགེ་སྦྱོང་གཽ་ཏ་མ་འདི་ལ་བདག་ཅག་གཉིས་ཀྱིས་བཤོས་དབུལ་བར་བྱའོ། །འདི་ལ་ཕུལ་བ་བདག་ཅག་གཉིས་དབུལ་བའི་རྒྱུན་ཆད་པར་འགྱུར་རོ། །བྲམ་ཟེས་ སྨྲས་པ༑ ཁྱོད་ཅི་དགའ་བ་བཞིན་དུ་བྱའི། སོང་ལ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་དག་བཤམས་ཏེ་ནང་པར་ཕྱིར་བྱུང་ནས་གང་གི་ཚེ་དགེ་སྦྱོང་གཽ་ཏ་མ་ མཉན་དུ་ཡོད་པར་བསོད་སྙོམས་ལ་གཤེགས་པ་དེའི་ཚེ་བདག་ཅག་གཉིས་ཀྱིས་ཞིང་གི་སྟེང་ན་འདུག་བཞིན་དུ་བཤོས་དབུལ་ལོ། །བྲམ་ཟེ་མོས་སྨྲས་པ། ཇོ་བོ། །ཇི་ལྟར་དགྱེས་པ་ བཞིན་དུ་བགྱིའོ། །ཞེས་བྱས་ནས་བྲམ་ཟེ་མོ་དེ་རང་གི་ཁྱིམ་དུ་སོང་སྟེ་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོ་བཤམས་ཏེ་ནང་པར་སྔར་ལངས་ནས་ཞིང་གི་སྟེང་དུ་སོང་ སྟེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལོགས་སུ་ཁ་བ་ལྟས་ནས་བཅོམ་ལྡན་འདས་གཤེགས་པ་ལ་སྡོད་ཅིང་འདུག་གོ་སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ་ རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་ འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་ [232B] སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་ གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི། ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན་སུ་ནི། ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི། འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་ དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ ཤེས་གཟིགས་པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ་།སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ [233A]༄༅། །ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། བྲམ་ཟེ་དེ་དང་བྲམ་ཟེའི་ཆུང་མ་གཉིས་གདུལ་བའི་དུས་ལ་བབ་བོ་སྙམ་དུ་དགོངས་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་ གསོལ་ཏེ་ལྷུང་བཟེད་བསྣམས་ནས་མཉན་དུ་ཡོད་པ་ལོགས་སུ་ཆས་ཏེ་གཤེགས་པ་དང། བྲམ་ཟེ་དང། བྲམ་ཟེ་མོ་དེ་གཉིས་ཀྱིས་བཅོམ་ལྡན་འདས་ཐག་རིང་པོ་ཞིག་ནས་མཐོང་ངོ། །མཐོང་ ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་ཞིང་འདི་ཉིད་དུ་བདག་ཅག་གཉིས་ཀྱིས་ཕུལ་བའི་བཤོས་ཞལ་གཅིག་གསོལ་དུ་ཅི་གནང་ཞེས་བྱས་ནས་བཅོམ་ལྡན་འདས་ཀྱིས་དེ་གཟའ་བྲན་གཉིས་ལ་ཅང་མི་གསུང་བས་ གནང་ངོ། །དེ་ནས་བྲམ་ཟེ་དེས་བཅོམ་ལྡན་འདས་ཅད་མི་གསུང་པས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་གདན་བཤམས་ཏེ་བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་ སུ་གསོལ་ཞེས་བྱས་སོ། །དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་ཏེ་བྲམ་ཟེ་དེ་དང། བྲམ་ཟེ་མོ་དེ་གཉིས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་བདེ་བར་བཞུགས་པར་ རིག་ནས་རང་གི་ལག་ནས་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས་ཅི་བཞེད་པ་བསྟབས་སོ། །རང་གི་ལག་ནས་བཟའ་བ་དང། བཅའ་བ་གཙང་མ་ [233B]བཞེད་པ་བསྟབས་ནས་བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ་གསང་སྡེར་ནི། གྱུ། ཕྱག་ནི། བཅབས་པར་རིག་ནས་ཆོས་མཉན་པའི་ ཕྱིར་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེ་གཉིས་ཀྱི་རྐྱེན་དུ་འཚམ་པའི་ཆོས་བསྟན་ནས་གཤེགས་སོ། །བཅོམ་ལྡན་འདས་གཤེགས་ནས་རིང་པོ་མ་ལོན་པར་བྲམ་ཟེ་དེ་དང་ བྲམ་ཟེ་མོ་དེ་གཉིས་ཀྱིས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་ཅག་གཉིས་ཀྱི་དབུལ་བའི་རྒྱུན་ཆད་པར་གྱུར་ཅིག་།བདག་ཅག་གཉིས་ཀྱི་ཞིང་འདི་ལས་ནས་ཀྱི་མྱུ་གུ་ སྐྱེས་པ་ཐམས་ཅད་ཀྱང་གསེར་གྱི་མྱུ་གུ་བཟང་བར་གྱུར་ལ་དེ་དག་ཀྱང་དེ་ཁོ་ན་བཞིན་དུ་གྱུར་ཅིག་གཞན་དུ་མ་གྱུར་ཅིག་ཅེས་བྱས་ནས་བྲམ་ཟེ་དང་བྲམ་ཟེ་མོ་དེ་གཉིས་ཀྱིས་དེ་སྐད་ཅེས་ བརྗོད་པའི་མོད་ལ་ཞིང་དེ་ལས་སྐྱེས་པའི་ནས་ཀྱི་མྱུ་གུ་ཐམས་ཅད་གསེར་དུ་མཐོང་ངོ། །མཐོང་ནས་ཀྱང་བྲམ་ཟེ་མོ་དེས་སྨྲས་པ། ཇོ་བོ། བདག་ཅག་གཉིས་ཀྱི་སྨོན་ལམ་ནི། གྲུབ་ན། རྒྱལ་པོ་ལ་ མ་གསོལ་བར་བདག་ཅག་གཉེས་ཀྱིས་ལོངས་སྤྱད་པར་མི་ནུས་སོ། །ཞེས་བྱས་སོ། །དེ་ནས་བྲམ་ཟེ་དེས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རྒྱལ་པོ་ལ་གསོལ་ པ༑ ལྷ། བདག་ཅག་གི་ནས་ཞིང་ལས་གསེར་གྱི་མྱུ་གུ་སྐྱེས་ཀྱི་ལྷས་སྐུ་སྐལ་བཞེས་པར་རིགས་སོ། །ཞེས་བྱས་ནས་རྒྱལ་པོ་གསལ་རྒྱལ་གྱིས་བསམ་པ། མ་ལ་བྲམ་ཟེ་འདི་མ་སྨྲོས་སམ་ [234A]༄༅། །སྙམ་པ་དང། རྒྱལ་པོས་བལྟས་ན་བློ་གསལ་ཞིང་དབང་པོ་ཞི་བར་འདུག་པ་མཐོང་ངོ། །མཐོང་ནས་ཀྱང་ཡང་བསམ་པ། མ་ལ་དེ་ལྟར་གྱུར་ཀྱང་སྲིད་དམ་སྙམ་ནས་དེས་ རྒྱལ་པོའི་ཞབས་འབྲིང་བ་རྣམས་བཏང་སྟེ་དེ་དག་དེར་དོང་ན་གསེར་གྱི་མྱུ་གུ་མ་མཐོང་ནས་དེ་དག་ཕྱིར་ལོག་སྟེ་རྒྱལ་པོ་ལ་གསོལ་པ། ལྷ༑ བྲམ་ཟེ་དེ་ནི། སེམས་ལ་དབང་མ་མཆིས་ ཏེ༑ དེ་ན་གསེར་གྱི་མྱུ་གུ་ག་ལ་མཆིས་བྱས་སོ། །དེ་ནས་བྲམ་ཟེ་དེས་ཡང་ལན་གཅིག་སོང་ནས་རྒྱལ་པོ་གསལ་རྒྱལ་ལ་གསོལ་པ། ལྷ་བདག་གིས་ནི། གསེར་གྱི་མྱུ་གུ་དེ་དག་ངེས་ པར་མཐོང་གི་ལྷས་སྐུ་སྐལ་བཞེས་པར་གསོལ་ཞེས་བྱས་སོ། །དེ་ནས་རྒྱལ་པོས་བསམ་པ། ཡང་ན་ནི། བྲམ་ཟེ་འདི་སྔོན་བསོད་ནམས་བྱས་པ་ཞིག་ཡིན་ནོ། །ཡང་ན་ནི། འདིས་ད་ ལྟར་ཞིང་བཟང་པོ་ཞིག་ལས་ས་བོན་བཏབ་བོ་སྙམ་ནས་རྒྱལ་པོ་དེ་ཉིད་བྲམ་ཟེ་དེའི་ཞིང་གི་སྟེང་དུ་སོང་ནས་དེས་ཀྱང་དེ་ན་ཡོད་པའི་གསེར་གྱི་མྱུ་གུ་མ་མཐོང་ནས་དེ་ནས་བྲམ་ཟེ་དེ་ལ་ སྨྲས་པ༑ བྲམ་ཟེ། གལ་ཏེ་ཁྱོད་ཀྱིས་གསེར་གྱི་མྱུ་གུ་རྣམས་མཐོང་ན། ཁྱོད་ཀྱིས་ཇི་ཙམ་ཡོངས་སུ་བཏང་བ་ང་ལ་བྱིན་ཅིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེ་དེས་ཞིང་ ཐོག་གི་སྐལ་བ་བཅད་དེ་འདི་ནི། ལྷའི་བགྱིའོ། །འདི་ནི། བདག་གི་བགྱིའོ། །ཞེས་བྱས་པ་དང། དེ་སྐད་བརྗོད་པའི་མོད་ལ་རྒྱལ་པོ་དེས་ཀྱང་གསེར་གྱི་མྱུ་གུ་མཐོང་ནས་མཐོང་མ་ཐག་ [234B] དེ་ཡ་མཚན་དུ་གྱུར་ནས་བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ། ཁྱོད་ཀྱིས་ལས་ཅི་ཞིག་བྱས་ན་དེས་ཁྱོད་ཀྱིས་དཔལ་འདི་ལྟ་བུ་ཐོབ་པར་གྱུར། བྲམ་ཟེས་ གསོལ་པ། ལྷ། བདག་གིས་དགེ་སྦྱོང་གཽ་ཏ་མ་ལ་བཤོས་གསོལ་ཏོ་།རྒྱལ་པོས་སྨྲས་པ། བྲམ་ཟེ། ཁྱོད་ཀྱིས་ནི། ཞིང་བཟང་པོ་ལ་ས་བོན་བཏབ་ཀྱི། སོང་ལ་འཇིགས་ཤིང་བག་ཚ་བ་མེད་ པར་སྤྱོད་ཅིག་སྦྱིན་པ་དག་ཀྱང་བྱིན་ཅིག་བསོད་ནམས་དག་ཀྱང་གྱིས་ཤིག་ཅེས་སྨྲས་ནས་རྒྱལ་པོ་སོང་ངོ། །དེ་ནས་བྲམ་ཟེ་དེས་བསམ་པ། བདག་གིས་དཔལ་འདི་ལྟ་བུ་ཐོབ་པ་ཅི་ ཡང་རུང་བ་དེ་དག་ཐམས་ཅད་ནི། བཅོམ་ལྡན་འདས་ལ་བརྟེན་ཏེ་ཐོབ་པ་ཡིན་གྱི། བདག་གིས་དེ་ཁོ་ནའི་བཀའ་དྲིན་བསབ་དགོས་སོ་སྙམ་ནས་དེས་ཁྱིམ་གྱི་འབྱོར་པ་རྒྱ་ཆེན་པོ་བཤམས་ ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཟླ་བ་གསུམ་གྱི་བར་དུ་སྤྱན་དྲངས་ཏེ་ཡོ་བྱད་ཐམས་ཅད་སྦྱར་ནས་མཇུག་ཏུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་ གསོལ་ཏེ་རེ་རེ་ལ་རས་ཟུང་རེ་ཕུལ་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང་ རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ་དེས་ན་བྲམ་ཟེ་འཁོར་དང་བཅས་པས་སྟན་དེ་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ [235A]༄༅། །ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་བདེན་པ་མཐོང་ནས་བྲམ་ཟེ་དེས་བསམ་པ་བདག་ཁྱིམ་ན་འདུག་པ་བཏང་ལ་བཅོམ་ལྡན་ འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཆུ་བོ་རྣམས་ལས་བརྒལ་བར་བྱ་བ་དང། སྦྱོར་བ་རྣམས་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང། སྒྲུབ་པ་དང། འབད་པར་བྱའོ་སྙམ་ ནས་སྦྱིན་པ་དག་བྱིན་ཞིང། བསོད་ནམས་དག་བྱས་ཏེ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ། །དེ་ནས་དེས་བརྩོན་པ་དང་སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་ སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་ མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་ རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་ གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བྲམ་ཟེ་འདིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཞིང་ལས་སྐྱེས་ [235B] འདིས་བཅོམ་ལྡན་འདས་ཀྱང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བགྱིས་ལ་བཅོམ་ལྡན་འདས་ཀྱི་བསྟན་པ་ལའང་རབ་ཏུ་བྱུང་ནས་ཉོན་ མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདས་པའི་ལས་ཀྱི་ཤས་ཀྱང་ཡོད་ལ། ད་ལྟར་གྱི་ལས་ ཀྱི་ཤས་ཀྱང་ཡོད་དེ། འདས་པའི་ལས་གང་ཞེ་ན། དགེ་སློང་དག་།སྔོན་བྱུང་པ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་ སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་བྲམ་ཟེ་འདི་རབ་ཏུ་བྱུང་ནས་དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་འཆི་ཁར་སྨོན་ལམ་བཏབ་པ། འདི་ ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅིའང་མ་ཐོབ་གྱི་ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་ [236A]༄༅། །གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་ དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི། བྲམ་ཟེ་འདི་ཁོ་ན་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་ བཏབ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་ གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་ བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང། ཐབས་མཉམ་པ་ བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་ དུ་བྱས་པ་འདི་ནི། སྔོན་གྱི་ལས་ཡིན་ནོ། །ད་ལྟར་གྱི་ལས་གང་ཞེ་ན། འདིས་ང་ལ་ཞལ་ཟས་ཕུལ་ནས་སྨོན་ལམ་བཏབ་སྟེ། འཕྲལ་ཁོ་ནར་བདག་གི་དབུལ་བའི་རྒྱུན་ཆད་པར་གྱུར་ [236B]བདག་གི་ནས་ཀྱི་མྱུ་གུ་འདི་རྣམས་ཀྱང་གསེར་གྱི་མྱུ་གུར་སྣང་བར་གྱུར་ལ་དེ་དག་ཀྱང་དེ་ཁོ་ན་བཞིན་དུ་གྱུར་ཅིག་།གཞན་དུ་མ་གྱུར་ཅིག་ཅེས་བྱས་པ་འདི་ནི། ད་ལྟར་གྱི་ལས་ཡིན་ནོ།། ཤི་བ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ་དེའི་ཚེ་རྒྱལ་པོའི་ཁབ་ན་བྲམ་ཟེ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་ དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་དེའི་བཙས་ སྟོན་རྒྱས་པར་བྱས་ཏེ་རིགས་དང་མཐུན་པར་མིང་བཏགས་ནས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིད་ཁུས་བསྐྱེད་བསྲིངས་སོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང། བྲམ་ ཟེའི་སྤྱོད་ལམ་དང། སྤྱོད་པ་དང། ཨོཾ་ཞེས་བྱ་བ་དང། བཧོ་ཞེས་བྱ་བ་དང། གཙང་སྦྲ་དང། ཆོ་ག་དང། ཐལ་བ་བླང་བ་དང། རིལ་བ་ཐོགས་པ་དང། ངེས་བརྗོད་ཀྱི་རིག་བྱེད་དང། མཆོད་སྦྱིན་གྱི་ རིག་བྱེད་དང། སྙན་ཚིག་གི་རིག་བྱེད་དང། སྲིད་སྲུང་གི་རིག་བྱེད་དང། མཆོད་སྦྱིན་བྱ་བ་དང། མཆོད་སྦྱིན་བྱེད་དུ་གཞུག་པ་དང། སྦྱིན་པ་དང། བླང་བ་དང། ཁ་ཏོན་བྱ་བ་དང། ཁ་ཏོན་སློབ་ ཏུ་གཞུག་པའི་ཐབས་བསླབས་ནས་ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་གནས་བཅོ་བརྒྱད་ལ་བྱང་བར་གྱུར་ཏོ། །བྲམ་ཟེ་དེའང་ཕྱི་ཞིག་ན་སངས་རྒྱས་ [237A]༄༅། །ལ་དད་པ་དང། ཆོས་དང། དགེ་འདུན་ལ་དད་པར་གྱུར་ཏེ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་སོ། །དེ་ནས་ཕྱི་ཞིག་ན་དེས་སངས་རྒྱས་ལ་སོགས་ པ་དགེ་སློང་གི་དགེ་འདུན་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ་བཅོམ་ལྡན་འདས་ཀྱིས་ཀྱང་དེ་དང་ འཚམ་པའི་ཆོས་བསྟན་ནས་གཤེགས་སོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་དེ་ནད་ཀྱིས་ཐེབས་ནས་དེ་རྩ་བ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུའི་སྨན་དག་གིས་རིམ་གྲོར་བྱས་ ཀྱང་སོས་པར་བྱེད་མ་ནུས་ནས་ཤིའོ། །དེ་ཤི་འཕོས་ཏེ་དུས་ལས་འདས་ནས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་སྐྱེས་སོ། །དེ་ནས་བུ་དེས་ཀྱང་ཕའི་རུས་བུ་དེ་བྱ་རྒོད་ཀྱི་ཕུང་པོའི་རི་ལས་ ཐག་མི་རིང་བཞིག་ཏུ་ཕྱུང་སྟེ་བསྲེགས་ནས་དེ་དུར་ཁྲོད་དེ་ཉིད་ན་འདུག་ཅིང་མྱ་ངན་བྱེད་ལ་སྡུག་བསྔལ་ཞིང་སྨྲེ་སྔགས་འདོན་ཏེ་བྲང་རྡུང་ཞིང་ཕ་གཅིག་ཕ་གཅིག་ཅེས་ཆོ་ངེས་འདེབས་ ཏེ་ཕན་ཚུན་དུ་འཁྱམས་ཤིང་འདུག་གོ་ལྷའི་བུའམ་ལྷའི་བུ་མོ་སྐྱེས་མ་ཐག་པ་ནི། ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། གང་ནས་ཤི་འཕོས། གང་དུ་སྐྱེས་ ལས་གང་གིས་སྐྱེས་སྙམ་མོ། །དེ་ནས་མི་ལས་ཤི་འཕོས་པ་དང་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་པ་དང། བཅོམ་ལྡན་འདས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བཀུར་སྟི་ [237B]བསྲུངས་པར་དེས་མཐོང་ངོ། །དེ་ནས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ། བདག་ཞག་ལོན་ནས་གཟོད་ བཅོམ་ལྡན་འདས་ལ་ལྟ་བ་དང་བསྙེན་བཀུར་བྱེད་དུ་འགྲོ་བ་ནི་བདག་གི་ཆ་མ་ཡིན་གྱི། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་ འགྲོའོ་སྙམ་མོ། །དེ་ནས་སྔོན་བྲམ་ཟེར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་པ་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་ སྤྲས་པའི་ཅོད་པན་ཅན། ལུས་གུར་གུམ་དང། ཏ་མའི་ལོ་མ་དང་སྤྲིག་ཀ་ལ་སོགས་པས་བྱུགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་པདྨ་ དཀར་པོ་དང་མནྡཱ་ར་བ་རྣམས་ཀྱིས་ཐུ་བ་བཀང་སྟེ་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ནས་མི་སྣང་བར་གྱུར་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་བཅོམ་ལྡན་འདས་ལ་ལྷའི་མེ་ ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་པདྨ་དཀར་པོ་དང་མནྡཱ་ར་བ་རྣམས་ཀྱི་གཏོར་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་ གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་སྔོན་བྲམ་ [238A]༄༅། །ཟེར་གྱུར་བའི་ལྷའི་བུ་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་དེས་བདེན་ པ་མཐོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་མི་སྣང་བར་གྱུར་ཏེ་དེས་ བལྟས་ན། བུ་དེ་དུར་ཁྲོད་ན་འདུག་ཅིང་ཤིན་ཏུ་མྱ་ངན་བྱེད་ལ་སྡུག་བསྔལ་ཞིང་སྨྲེ་སྔགས་འདོན་ཏེ་བྲང་རྡུང་ཞིང་ཕ་གཅིག་ཕ་གཅིག་ཅེས་ཚེ་དེ་འདོན་ཏེ་ཕན་ཚུན་དུ་འཁྱམས་ཤིང་ འདུག་པ་མཐོང་ངོ། །མཐོང་ནས་ཀྱང་བུའི་ཐད་དུ་སོང་སྟེ་སྨྲས་པ། བུ། ང་ནི། མྱ་ངན་བྱར་མེད་པར་གྱུར་གྱི། ངའི་ཕྱིར་ཧ་ཅང་མྱ་ངན་མ་བྱེད་ཅིག་བུས་སྨྲས་པ། ཁྱོད་སུ་ཞིག་ལྷའི་ བུས་སྨྲས་པ། ང་ནི། ཁྱོད་ཀྱི་ཕ་ཡིན་ནོ། །བུས་སྨྲས་པ། ཁྱོད་གང་དུ་སྐྱེས། ལྷའི་བུས་སྨྲས་པ། ལྷའི་ནང་དུ་སྐྱེས་སོ། །བུས་སྨྲས་པ། ཁྱོད་ཀྱིས་ལས་ཅི་ཞིག་བྱས། ལྷའི་བུས་ སྨྲས་པ༑ སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བཀུར་སྟི་བྱས་ཏེ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བསྲུངས་སོ། །བུ་ངའི་མྱ་ངན་མ་བྱེད་པར་ཁྱོད་བདག་གི་ མྱ་ངན་བྱོས་ལ་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ཞིག་དང། དེ་ལས་ཁྱོད་ཀྱི་ལེགས་པ་ཐམས་ཅད་འབྱུང་བར་འགྱུར་རོ། །ཞེས་བྱས་ནས་ལྷའི་བུ་དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏེ་ [238B] །བྲམ་ཟེའི་ཁྱེའུ་དེས་ཀྱང་ཕའི་ངག་མཉན་ནས་ཕའི་མྱ་ངན་སྤངས་ཏེ་བཅོམ་ལྡན་འདས་ལ་ཡང་དགའ་བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་ དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་ པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་བྲམ་ཟེ་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་ པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་དེ་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ་དེས་ཀྱང་བརྩོན་པ་དང་སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ [239A]༄༅། །ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་ མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་ སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་ གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། གཟིགས་ལགས། བྲམ་ཟེའི་ཁྱེའུ་མ་དད་པ་འདི་ཕས་དད་པ་ཕུན་སུམ་ཚོགས་པ་ ལ་བཞག་སྟེ། འདི་རབ་ཏུ་བྱུང་ནས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་ བགྱིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་བྲམ་ཟེ་ཁྱེའུ་འདི་མ་དད་པ་ལས་ཕས་ཇི་ལྟར་དད་པ་ཕུན་སུམ་ ཚོགས་པ་ལ་བཞག་པ་དང། འདི་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་བ་བཟང་པོ་འདི་ཉིད་ལ་ [239B]རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་ པ༑ ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཝཱ་ར་ཎཱ་སི་ན་བྲམ་ཟེ་ཞིག་གནས་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་ཞིག་བཙས་ཏེ། གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང། བྲམ་ཟེའི་སྤྱོད་ལམ་དང། སྤྱོད་པ་དང། ཨོཾ་ཞེས་བྱ་བ་དང། བཧོ་ཞེས་ བྱ་བ་དང། གཙང་སྦྲ་དང། ཆོ་ག་དང། ཐལ་བ་བླང་བ་དང། རིལ་བ་ཐོགས་པ་དང། ངེས་བརྗོད་ཀྱི་རིག་བྱེད་དང། མཆོད་སྦྱིན་གྱི་རིག་བྱེད་དང། སྙན་ཚིག་གི་རིག་བྱེད་དང། སྲིད་སྲུང་ གི་རིག་བྱེད་དང། མཆོད་སྦྱིན་བྱ་བ་དང། མཆོད་སྦྱིན་བྱེད་དུ་གཞུག་པ་དང། སྦྱིན་པ་དང། བླང་བ་དང། ཁ་ཏོན་བྱ་བ་དང་ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས་ལས་ རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་གནས་བཅོ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེའི་ཕ་སངས་རྒྱས་ལ་མངོན་པར་དགའ་བར་གྱུར་ ཆོས་དང་དགེ་འདུན་ལ་མངོན་པར་དགའ་བར་གྱུར་ནས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བཟུང་ངོ། །དེ་ནས་ཕྱི་ཞིག་ན་དེ་ཤི་འཕོས་ཏེ་དུས་ལས་འདས་ནས་ལྷའི་ནང་དུ་ [240A]༄༅། །སྐྱེས་སོ། །བྲམ་ཟེའི་ཁྱེའུ་དེ་ནི་ཤིན་ཏུ་མྱ་ངན་བྱེད་ཅིང་སྨྲེ་སྔགས་བཏོན་ཏེ། བྲང་རྡུང་ཞིང་ཕ་གཅིག་ཕ་གཅིག་ཅེས་ཚེ་དེ་འདོན་ཏེ་ཕན་ཚུན་འཁྱམས་ཤིང་ འདུག་གོ་དེ་ནས་དེའི་ཕས་དེ་ཚོར་ནས་དེའི་ཐད་དུ་སོང་སྟེ་སྨྲས་པ། བུ་གཅིག་ང་ནི་མྱ་ངན་བྱར་མེད་པར་གྱུར་གྱི། མྱ་ངན་མ་བྱེད་ཅིག་པུས་སྨྲས་པ། ཁྱོད་སུ་ཞིག་དེས་སྨྲས་ པ༑ ང་ནི་ཁྱོད་ཀྱི་ཕ་ཡིན་ནོ། །བུས་སྨྲས་པ། ཁྱོད་གང་དུ་སྐྱེས། དེས་སྨྲས་པ། ལྷའི་ནང་དུ་སྐྱེས་སོ། །བུས་སྨྲས་པ། ཁྱོད་ཀྱིས་ལས་ཅི་ཞིག་བྱས། དེས་སྨྲས་པ། ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་བྱས་ཏེ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བསྲུངས་སོ། །ད་ཁྱོད་ཀྱིས་ངའི་མྱ་ངན་མ་བྱེད་པར་ཁྱོད་བདག་གི་མྱ་ངན་ བྱས་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལ་སྐྱབས་སུ་སོང་ཞིག་དང། དེ་ལས་ཁྱོད་ཀྱི་ལེགས་པ་ཐམས་ཅད་འབྱུང་བར་འགྱུར་རོ། །ཞེས་བྱས་ནས་ལྷའི་བུ་དེ་མི་སྣང་ བར་གྱུར་ཏོ། །བྲམ་ཟེའི་ཁྱེའུ་དེས་ཀྱང་ཕའི་དག་མཉན་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་ འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་བདག་གིས་ཡོན་ཏན་ [240B] ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་ མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་།དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་ སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་ཕར་གྱུར་པ་གང་ཡིན་པ་དེ་ནི་བྲམ་ཟེ་འདི་ཉིད་ཡིན་ནོ། །དེའི་ཚེ་ བུར་གྱུར་པ་གང་ཡིན་པ་དེ་ནི་དུ་འདི་ཉིད་ཡིན་ཏེ། དེའི་ཚེའང་འདིས་ཕ་ལ་བརྟེན་ཏེ་དད་པ་རྙེད་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དོ། །ད་ལྟར་ཡང་འདིས་ཕ་དེ་ཉིད་ལ་བརྟེན་ནས་དད་ པ་རྙེད་དེ། ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།།།།ལས་བརྒྱ་ཐམ་པ། བམ་པོ་བཅུ་བཞི་པ། ཀོ་ཀ་ ལི་ཀ་ཞེས་བྱ་བ་ནི་གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ་དེའི་ཚེ་ཚེ་དང་ལྡན་པ་ཀོ་ཀ་ལི་ཀ་སབ་ཀང་རི་ལ་འཇིགས་བྱེད་མའི་ཚལ་རི་དྭགས་ཀྱི་ནགས་ན་གནས་ཏེ། ས་བ་ཀང་རི་ལ་གནས་པའི་ བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་དེ་ལ་བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ཏེ། གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོད་རྣམས་རྙེད་པར་གྱུར་ནས་དེས་དེར་ [241A]༄༅། །དགེ་སློང་འོངས་སོ་ཅོག་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་དོ། །དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽངྒལ་གྱི་བུ་གཉིས་ལྗོངས་རྒྱུ་ཞིང་དོང་བ་ལས་སབ་ ཀང་རི་ལ་ཕྱིན་ཏེ་འཇིགས་བྱེད་མའི་ཚལ་རི་དྭགས་ཀྱི་ནགས་ན་གནས་སོ། །དེ་ནས་དགེ་སློང་ཀོ་ཀ་ལི་ཀས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ལྗོངས་རྒྱུ་ཞིང་སོང་སོང་བ་ ལས་སབ་ཀང་རི་ལ་ཕྱིན་ཏེ་འཇིགས་བྱེད་མའི་ཚལ་རི་དྭགས་ཀྱི་ནགས་ན་འདུག་གོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ག་ལ་བ་དེར་ སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ཀྱི་རྐང་པ་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས་དགེ་སློང་ཀོ་ཀ་ ལི་ཀས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་བཙུན་པ་ཁྱེད་གཉིས་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བགྱིའི། །ཁྱེད་གཉིས་ ཀྱིས་ཐུགས་ཁྲལ་ཆུང་ངུར་བཞུགས་ཤིག་དེ་གཉིས་ཀྱིས་སྨྲས་པ་ཚེ་དང་ལྡན་པ། སབ་ཀང་རི་འདི་ནི། ཤིན་ཏུ་འཇིགས་པ་ཡིན་ཏེ་འདིར་གནས་མི་ཕོད་ཀྱི། བདག་ཅག་གཉིས་ ནི༑ དགོན་པར་རབ་ཏུ་དབེན་པའི་གནས་ག་གེ་མོ་ཞིག་ཏུ་སོང་སྟེ་གནས་པར་བྱའོ། །ཀོ་ཀ་ལི་ཀས་སྨྲས་པ། དེར་བཞུད་ནའང་བདག་གིས་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་ [241B] ཁྱེད་གཉིས་ཀྱིས་བདག་ལ་གནང་བར་མཛོད་ཅིག་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མཽངྒལ་གྱི་བུས་སྨྲས་པ། གལ་ཏེ་ཁྱོད་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་དགོན་པའི་གནས་ ག་གེ་མོ་ཞིག་ན་འདུག་གོ་ཞེས་སབ་ཀང་རི་འདིར་སུ་ལའང་མི་ཟེར་ན་ནི། བདག་ཅག་གཉིས་འདུག་པར་བྱའོ། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ་བྱས་ན་ནི། བདག་ཅག་གཉིས་ཀྱིས་ ཁྱོད་ལ་མ་སྤྲན་པར་གནས་དེ་ནས་གུད་དུ་འགྲོའོ། །ཀོ་ཀ་ལི་ཀས་སྨྲས་པ། སུ་ལའང་མི་མཆིའི། གནང་བར་མཛོད་ཅིག་དེ་ནས་དེ་གཉིས་དེ་ལ་ཅང་མི་སྨྲ་བས་ཁས་བླངས་སོ། །དེ་ གཉིས་ཀྱིས་དེ་ལ་ཁས་བླངས་ནས་དགོན་པའི་གནས་དེར་སོང་སྟེ་འཁོད་ནས་ཀོ་ཀ་ལི་ཀས་དེ་དེ་གཉིས་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་པ་ལ་ཞུགས་སོ། །དེ་ནས་དེའི་ཚེ་ སབ་ཀང་རི་དེ་ཉིད་ན་ཁྱིམ་བདག་ཅིག་གནས་ཏེ། ཁྱིམ་བདག་དེ་དགེ་སློང་ཀོ་ཀ་ལི་ཀ་ལ་མངོན་པར་དགའ་བར་གྱུར་ནས་དེ་དེ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་དོ། །དེ་ནས་ཕྱི་ ཞིག་ན་ཁྱིམ་བདག་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ ཚེ་དགེ་སློང་ཀོ་ཀ་ལི་ཀ་དེ་ཉིད་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་དེ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་སོ། །དེ་ནས་ཕྱི་ཞིག་ན་དེའི་བློ་སྐྱེས་པ་ [242A]༄༅། །བདག་ཁྱིམ་ན་གནས་པ་བཏང་ལ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་སྙམ་སྟེ་ཚེ་དང་ལྡན་པ་ཀོ་ཀ་ལི་ཀ་ག་ལ་བ་དེར་སོང་ནས་སྨྲས་པ། བཙུན་པ་ཀོ་ཀ་ ལི་ཀ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །ཀོ་ཀ་ལི་ཀས་སྨྲས་པ་གཞོན་ནུ། ཁྱོད་ཕ་མ་གཉིས་ཀྱིས་གནང་ངམ། དེས་སྨྲས་པ། མ་གནང་ངོ། །ཀོ་ཀ་ལི་ཀས་སྨྲས་པ། བུ། སངས་ རྒྱས་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་ནི། ཕ་མ་གཉིས་ཀྱིས་མ་གནང་བར་རབ་ཏུ་འབྱིན་པར་ཡང་མི་མཛད། བསྙེན་པར་རྫོགས་པར་ཡང་མི་མཛད་ཀྱི། སོང་ལ་ཕ་མ་ གཉིས་ལ་གསོལ་ཅིག་དང། དེའི་འོག་ཏུ་ཁྱོད་ཀྱི་སླ་བར་འགྱུར་རོ་།དེ་ནས་འཕགས་པ་ཇི་ལྟར་དགྱེས་པ་དེ་བཞིན་དུ་འཚལ་ལོ། །ཞེས་བྱས་ནས་དེ་ཕ་མའི་ཐད་དུ་སོང་སྟེ་སྨྲས་ པ༑ ཡབ་ཡུམ། བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བ་གནང་བར་མཛད་དུ་གསོལ། ཕ་མ་གཉིས་ཀྱིས་སྨྲས་པ། བདག་ཅག་ནི་ཁྱོད་ཤི་སྟེ་འབྲལ་བར་ འགྱུར་ཡང་སྲིད་ཀྱི། ཁྱོད་གསོན་བཞིན་དུ་གནང་བར་ནི་མི་བྱེད་དོ་།དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་ཀོ་ཀ་ལི་ཀ་ལྗོངས་དག་ཏུ་དོན་བསྒྲུབ་བ་ཞིག་བྱུང་ནས་དེས་ལྷན་ཅིག་གནས་ [242B] ཉེ་གནས་རྣམས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽངྒལ་གྱི་བུ་གཉིས་ལ་གཏད་དེ། བཙུན་པ་གཉིས། བདག་ནི། ལྗོངས་དག་ཏུ་བགྱི་བ་ཅུང་ཟད་ཅིག་ལ་མཆིའི། དགེ་སློང་འདི་དག་ བཙུན་པ་གཉིས་ཀྱིས་ལུང་དབོག་པ་དང། ཡིད་ལ་བགྱིད་པའི་ལུང་དང། ཞུ་བའི་གནས་སྩལ་དུ་གསོལ་ཞེས་བྱས་ནས་དེས་དེ་གཉིས་ལ་འཁོར་རྣམས་གཏད་དེ་ལྗོངས་རྒྱུ་ཞིང་སོང་ངོ། །དེ་ སོང་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ཀྱིས་བསམ་པ། དགེ་སློང་འདི་དག་ལ་ངེས་པར་འབྱེད་པའི་ཆ་བཞིའི་དགེ་བ་ཅུང་ཟད་ཡོད་དམ་མེད་ཅིག་གུ་སྙམ་སྟེ། དེ་གཉིས་ ཀྱིས་བལྟས་ན་ཡོད་པར་གྱུར་ཏེ་བདག་ཅག་གཉིས་ཁོ་ན་ལ་རག་ལུས་པར་མཐོང་ནས་དགེ་སློང་དེ་དག་ལ་ཚེ་དང་ལྡན་པ་མཽངྒལ་གྱི་བུས་ནི། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་བསྐུལ། ཚེ་དང་ལྡན་ པ་ཤཱ་རིའི་བུས་ནི། རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་བསྐུལ་ནས་དེ་དག་གིས་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་ བྱས་སོ། །དེ་དག་གིས་དགྲ་བཅོམ་པ་ཉིད་ཐོབ་ནས་ཁྱིམ་བདག་གི་བུ་དེས་ཀྱང་ཕ་མ་ལ་གསོལ་ཏེ་གཙུག་ལག་ཁང་དུ་སོང་ནས་དེ་དགེ་སློང་དེ་དག་གི་ཐད་དུ་སོང་སྟེ་སྨྲས་པ། བཙུན་པ་ཀོ་ ཀ་ལི་ཀ་གར་མཆིས། དེ་དག་གིས་སྨྲས་པ། དེ་ཅི་ལ་དགོས། ཁྱེའུ་སྨྲས་པ། བདག་དེ་ལས་རབ་ཏུ་འབྱུང་བར་འཚལ་ལོ། །དགེ་སློང་དེ་དག་གིས་དེས་སྨྲས་པ། ཁྱོད་ལ་ཀོ་ཀ་ལི་ཀ་ཅི་ [243A]༄༅། །དགོས༑ ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་འདི་གཉིས་ནི། མཆོག་གི་ཟུང། ཟུང་བཟང་པོ་ཡིན་གྱི། དེ་གཉིས་ལས་རབ་ཏུ་འབྱུང་བར་གྱིས་ཤིག་ཅེས་ བྱས་སོ༑ ༑དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་དགའ་ཆེས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེ་གཉིས་ཀྱི་རྐང་པ་ལ་མགོ་བོས་ ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་ཚེ་དང་ལྡན་པ་ཤཱ་རིའི་བུའི་མདུན་དུ་འདུག་གོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་ཀྱང་དེའི་བསམ་པ་དང། བག་ལ་ཉལ་བ་དང། ཁམས་དང། ཤེས་པ་ དང། རང་བཞིན་རྟོགས་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་ཁྱེའུ་དེ་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོང་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་བ་དེ་ ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་ བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན་བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །ཞེས་བྱས་ནས་བཙུན་པ་ཤཱ་རིའི་བུས་ [243B] བུ༑ ཁྱོད་ལ་ཕ་མ་གཉིས་ཀྱིས་གནང་ངམ། དེས་སྨྲས་པ། བཙུན་པ་ཤཱ་རིའི་བུ། བདག་ནི། གནང་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱེའུ་དེ་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་ པར་བྱས་ནས་དེ་ལ་ལུང་ཡང་ཕོག་གོ་དེས་ཀྱང་བརྩོན་པ་དང་སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེས་དགྲ་བཅོམ་པ་ཉིད་ ཐོབ་ནས་ཕ་མ་གཉིས་བདེན་པ་རྣམས་ལ་བཀོད་དོ། །སྦྱིན་པ་དང་སྦྱིན་པའི་བགོ་བཤཱ་ལའང་བཙུད་དོ། །དེ་ནས་ཕྱི་ཞིག་ན་ལྷ་རྣམས་ཀྱིས་སབ་ཀང་རི་ལ་སྒྲ་བསྒྲགས་ཏེ། ཀྱེ་ཁྱེད་ཀྱི་གྲོང་ འདབས་ན་དགེ་སློང་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་འཁོད་བཞིན་དུ་ཁྱེད་བསྙེན་བཀུར་བྱ་བའི་ཕྱིར་དེ་གཉིས་ཀྱི་ཐད་དུ་མ་དོང་ན་ཁྱེད་ཀྱིས་ཅི་རྙེད། ཅི་ཞིག་ནི༑ ལེགས་པར་རྙེད་ཅེས་ བྱས་སོ༑ ༑དེ་ནས་སབ་ཀང་རི་ལ་གནས་པའི་སྐྱེ་བོ་མང་པོ་རྣམས་ཀྱི་སྒྲ་ཐོས་ནས་སྡེ་ཚན་ནས་སྡེ་ཚན་དང། ཕ་ཚན་ནས་ཕ་ཚན་དང། དགའ་སྡེ་ནས་དགའ་སྡེར་འདུས་ཤིང་ཚོགས་ཏེ་སབ་ ཀང་རི་ལས་བྱུང་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མཽངྒལ་གྱི་བུ་གཉིས་ག་ལ་བ་དེར་སོང་སྟེ་ལྷགས་ནས་རྐང་པ་ལ་ཕྱག་བཙལ་ཏེ་བཀུར་སྟི་བྱེད་པ་ལ་ཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ཀྱིས་བསམ་པ། བདག་ཅག་གཉིས་ཀྱི་རྙེད་པ་དང་བཀུར་སྟི་བྱུང་གི་གཅད་དགོས་སོ། །བདག་ཅག་གཉིས་ཀྱིས་ཀྱང་ཀོ་ཀ་ལི་ཀ་ལ་དམ་བཅས་ཏེ་ [244A]༄༅། །གལ་ཏེ་ཁྱོད་ཀྱིས་བདག་ཅག་གཉིས་དགོན་པ་འདི་ན་གནས་སོ། །ཞེས་སུ་ལའང་མ་བསྙད་ན་ནི། བདག་ཅག་གཉིས་དགོན་པའི་གནས་འདིར་གནས་པར་བྱའོ། །དེ་སྟེ་ བདག་ཅག་གཉིས་ཀྱི་རྙེད་པ་དང་བཀུར་སྟི་ཞིག་བྱུང་བར་གྱུར་ན་ནི། བདག་ཅག་གཉིས་ཀྱིས་ཁྱོད་ལའང་མ་སྦྲན་པར་དགོན་པའི་གནས་འདི་ནས་འགྲོའོ། །ཞེས་བྱས་ཟིན་ཏོ་སྙམ་ ནས་དགོན་པའི་གནས་དེ་ནས་དོང་ངོ། །ཀོ་ཀ་ལི་ཀའི་སློབ་མ་དང་ཉེ་གནས་དེ་དག་གིས་སྨྲས་པ། བདག་ཅག་ཀྱང་སློབ་དཔོན་གཉིས་དང་ཐབས་ཅིག་ཏུ་མཆིའོ། །ཤཱ་རིའི་བུས་ སྨྲས་པ༑ ཁྱེད་ནི། རྒྱལ་པོའི་ཁབ་ཏུ་དེངས་ཤིག། ཁོ་བོ་ཅག་གཉིས་ནི། ལོགས་ཤིག་ནས་འདུལ་བར་བྱ་བའི་དོན་བྱེད་ཅིང་འགྲོ་དགོས་ལ། ཐམས་ཅད་དེར་དོང་ན་ཟས་ཀྱིས་ཀྱང་ བྲེལ་བར་གྱུར་ན་མི་རུང་ངོ། །ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དགེ་སློང་དེ་དག་ལམ་གུད་ནས་རྒྱལ་པོའི་ཁབ་ཏུ་དོང་སྟེ་འཁོད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དང། མཽངྒལ་གྱི་ གྱི་བུ་གཉིས་ནི། ལམ་གཞན་ཞིག་ཏུ་ཞུགས་ཏེ་དེ་གཉིས་ཆས་པ་ན་ཆར་བ་ཁད་ཀྱིས་དལ་ནས་བབ་བོ། །རི་སྒབ་དེ་ན་རིའི་ཕུག་ཅིག་ཡོད་དེ། དེར་མ་ཧེ་རྫི་མོ་ཞིག་སྔར་ནང་དུ་སོང་བ་ ལས་དེ་མི་གཉིས་ཀྱིས་ཉལ་པོ་བྱས་ནས་དེ་གཉིས་དེ་ནས་ཕྱིར་སོང་བའི་འོག་ཏུ་དགེ་སློང་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་དེར་འོངས་ནས་ཕུག་སྒོ་ན་འཁོད་དོ། །དེ་ནས་དེ་དག་ [244B]ཀའང་རང་གི་གཙུག་ལག་ཁང་དེར་འོངས་ཏེ། དེ་དེར་འོངས་ན་སློབ་མ་དང། ཉེ་གནས་རྣམས་མི་སྣང་ནས་དེས་དགེ་སློང་གཞན་དག་ལ་ དྲིས་པ། བདག་གི་སློབ་མ་དང། ཉེ་གནས་དེ་དག་གར་དོང། དེ་དག་གིས་སྨྲས་པ། དགེ་སློང་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་དང་ལྷན་ཅིག་ཏུ་དོང་ངོ། །དེ་ནས་དེ་ ཐོས་མ་ཐག་ཏུ་དགེ་སློང་ཀོ་ཀ་ལི་ཀ་ཤས་ཆེར་ཁྲོས་ཏེ། དེ་གཉིས་ཀྱིས་བདག་ལ་མ་བཟླུགས་པར་སོང་བའི་སྟེང་དུ་བདག་གི་འཁོར་རྣམས་ཀྱང་ཁ་དྲངས་ཏེ་སོང་ངོ། །ཞེས་ཟེར་རོ། །དེ་ དེ་ན་འདུག་པ་ན་ཁྱིམ་བདག་དེའང་ཐད་དུ་འོངས་ནས་ཀོ་ཀ་ལི་ཀས་ཁྱིམ་བདག་དེ་ལ་དྲིས་པ། ཁྱིམ་བདག། ཁྱོད་ཀྱི་བུ་དེ་གར་སོང་ཁྱིམ་བདག་གིས་སྨྲས་པ། རབ་ཏུ་བྱུང་ངོ། །སུའི་ ཐད་དུ་རབ་ཏུ་བྱུང། ཁྱིམ་བདག་གིས་སྨྲས་པ། ཤཱ་རིའི་བུའི་ཐད་དུ་རབ་ཏུ་བྱུང་ངོ། །དེ་ནས་དེ་ཐོས་མ་ཐག་ཏུ་དེ་ལྷག་པར་ཡང་དེ་གཉིས་ལ་རབ་ཏུ་ཁྲོས་སོ། །གཞན་ཡང་སབ་ཀང་རི་ལ་ གནས་པའི་བྲམ་ཟེ་རྣམས་ཀྱིས་སྙིང་ན་བའི་ཚིག་གིས་ཞེར་བཏབ་སྟེ། བཙུན་པ་ཀོ་ཀ་ལི་ཀ། དགེ་སློང་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་འདིར་བྱོན་པ་ལྟ་ཞིག་ན། ཁྱོད་ཀྱིས་བདག་ ཅག་ལ་མ་སྦྲན་ཏོ། །ཞེས་བྱས་སོ། །དེ་ནས་དེ་ཡུལ་ཡུལ་པོར་གྱུར་ནས་དེས་བསམ་པ། དེ་གཉིས་ཀྱིས་བདག་གི་འཁོར་ཁྲིད་དེ་སོང་མོད་ཀྱི། བདག་གིས་ཀྱང་རང་གི་འཁོར་ཡལ་བར་ [245A]༄༅། །གཏང་དུ་མི་རུང་གི་བདག་སོང་ལ་རང་གི་འཁོར་རྣམས་བཀུག་སྟེ་ཕྱིར་འོང་བར་བྱའོ་སྙམ་ནས་ཤམ་ཐབས་བགོས་ཏེ་ལྷུང་བཟེད་ཐོགས་ནས་དགེ་སློང་ཤཱ་རིའི་བུ་ དང། མཽངྒལ་གྱི་བུ་གཉིས་གར་ན་དོང་བའི་ལམ་དེ་ཉིད་དུ་ཆས་ནས་དེ་མཐར་གྱིས་ཕུག་དེ་ཁོ་ནའི་སྒོར་ཕྱིན་ཏེ། དགེ་སློང་ཀོ་ཀ་ལི་ཀས་དགེ་སློང་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ ཕུག་སྒོ་དེ་ཉིད་ན་འཁོད་པ་མཐོང་ནས་དེ་དེ་གཉིས་ཀྱི་ཐད་དུ་སོང་སྟེ་རྐང་པ་ལ་ཕྱག་བཙལ་ནས་ཀུན་དགའ་བའི་གཏམ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་དེ་ནས་དེ་རྣམས་ཀྱི་སྐད་ མ་ཧེ་རྫི་མོ་དེས་ཐོས་ནས་ཕུག་ནས་ཕྱིར་བྱུང་སྟེ་སོང་ངོ། །དེ་ནས་དེ་ལ་ཀོ་ཀ་ལི་ཀ་ཁུ་འཕྲིག་ཟོས་ནས་ཚེ་དང་ལྡན་པ་དེའང་མཚན་བརྟག་པ་ལ་མཁས་པ་ཞིག་སྟེ། དེས་བལྟས་ན་མ་ ཧེ་རྫི་མོ་དེ་ལ་མི་གཉིས་ཀྱིས་ཉལ་པོ་བྱས་པར་རིག་གོ་དེ་ནས་དེ་མཐོང་མ་ཐག་ཏུ་དེ་ལ་འདི་ལྟ་བུའི་སྡིག་པའི་ལྟ་བའི་རྣམ་པ་སྐྱེས་ཏེ། འདི་གཉིས་ནི། སྡིག་པ་ལ་དགའ་བ། སྡིག་ པའི་ཆོས་དང་ལྡན་ནོ། །ཞེས་ཚིག་རྩུབ་ཅིང་བརླང་བས་ཞེ་བཅད་ནས་རྒྱལ་པོའི་ཁབ་ཏུ་སོང་སྟེ་འོད་མའི་ཚལ་དུ་ཞུགས་ནས་ལྷུང་བཟེད་དང། ཆོས་གོས་བཞག་སྟེ་དགེ་སློང་མཐོང་ངོ་ ཅོག་ལ་ཡང་དག་པ་མ་ཡིན་པའི་ཕྱར་ཀ་བཏང་སྟེ། དེ་གཉིས་ནི་སྡིག་པ་ལ་དགའ་བ། སྡིག་པའི་ཆོས་དང་ལྡན་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ནས་སྐབས་དེ་དགེ་སློང་དག་གིས་ཐོས་ [245B] དེ་ནས་དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་ཀོ་ཀ་ལི་ཀ་ལ་བཀའ་སྩལ་པ། ཀོ་ཀ་ལི་ཀ་ཀོ་ཀ་ལི་ཀ་ཁྱོད་དགེ་སློང་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ ཤིན་ཏུ་དེས་བ། བྱེ་བྲག་ཕྱེད་པ། ཚངས་པ་མཚུངས་པར་སྤྱོད་པ་ལ་སེམས་དགའ་བར་གྱིས་སྡིག་ཁྱོད་ཡུན་རིང་པོར་གནོད་པ་དང། མི་ཕན་པ་དང། སྡུག་བསྔལ་བར་གྱུར་ཏ་རེ། དེས་ གསོལ་པ། བདག་ནི། བཅོམ་ལྡན་འདས་ལ་དད་ཅིང་གློ་བ་ཆེས་ཀྱིས་ཀྱང་དགེ་སློང་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ནི། སྡིག་པ་ལ་དགའ་བ། སྡིག་པའི་སེམས་དང་ལྡན་པ་ལགས་ སོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་གྱི་བར་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཀོ་ཀ་ལི་ཀ་ལ་བཀའ་སྩལ་པ། ཀོ་ཀ་ལི་ཀ་ཀོ་ཀ་ལི་ཀ་ཁྱོད་དགེ་སློང་ཤཱ་རིའི་བུ་དང། མཽངྒལ་གྱི་ བུ་གཉིས་ཤིན་ཏུ་དེས་པ། བྱེ་བྲག་ཕྱེད་པ། ཚངས་པ་མཚུངས་པར་སྤྱོད་པ་ལ་སེམས་དྒཱ་བར་གྱིས་ཤིག་ཁྱོད་ཡུན་རིང་པོར་གནོད་པ་དང། མི་ཕན་པ་དང། སྡུག་བསྔལ་བར་གྱུར་ ཏ་རེ༑ དེས་གསོལ་པ། བདག་ནི། བཅོམ་ལྡན་འདས་ལ་དད་ཅིང་གློ་བ་ཆེས་ཀྱིས་ཀྱང་དགེ་སློང་ཤཱ་རིའི་བུ་དང། མཽངྒལ་བུ་གཉིས་ནི། སྡིག་པ་ལ་དགའ་བ། སྡིག་པའི་དབང་དུ་གྱུར་པ་ ལགས་སོ། །དེ་ནས་དགེ་སློང་ཀོ་ཀ་ལི་ཀས་ལན་གཉིས་ལན་གསུམ་གྱི་བར་དུ་བཅོམ་ལྡན་འདས་གྱིས་བཀའ་སྩལ་པ་ལྟར་མ་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ། །དེ་ནས་སོང་མ་ [246A]༄༅། །ཐག་ཏུ་དགེ་སློང་ཀོ་ཀ་ལི་ཀ་དེའི་ལུས་ཐམས་ཅད་འབྲས་ཡུངས་འབྲུ་ཙམ་ཤ་སྟག་གིས་གང་བར་གྱུར་ཏོ། །དེ་ནས་དེའི་འོག་ཏུ་འབྲས་རྒྱ་སྲན་ཙམ་དང། རྒྱ་ཤུག་གི་འབྲུ་ ཙམ་དང། སྐྱུ་རུ་ར་ཙམ་དང། བིལ་བའི་འབྲས་བུ་ཙམ་དང། ཀ་པིད་ཏའི་འབྲས་བུ་ཙམ་ཤ་སྟག་གིས་གང་བར་གྱུར་ཏོ། །དེ་ནས་དགེ་སློང་ཀོ་ཀ་ལི་ཀའི་ཁ་ནས་ཁྲག་དྲོན་པོ་སྐྱུག་ ཅིང་བདག་ནི། ཚིག་གོ་བདག་ནི། ཚིག་གོ་ཞེས་ཟེར་ཏེ་ལུས་ཐམས་ཅད་ནས་རང་ཁྲག་འཛག་ཅིང་འབབ་བཞིན་དུ་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ ལྟུང་བ་སེམས་ཅན་དམྱལ་བ་ཆེན་པོ་པདྨ་ལྟར་གས་པ་ཆེན་པོར་སྐྱེས་སོ། །དེ་དེར་སྐྱེས་ནས་ཆེར་གྱུར་ཏེ་ལུས་དཔག་ཚད་མང་པོ་དང་ལྡན་པས་ཁྱབ་པར་འདུག་གོ་དེ་ནས་དེའི་ལས་ ལས་སྐྱེས་པའི་མི་དག་གིས་ཁ་ནས་ལྕེ་ཕྱུང་སྟེ་ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་བའི་སྟེང་དུ་ལྕགས་ཀྱི་ཕུར་པ་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་ རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་བ་ཤ་སྟག་གིས་བརྒྱངས་ནས་དེའི་ལྕེ་དེ་ལ་རྨོན་པ་དོར་ལྔ་བརྒྱ་བྱུང་སྟེ། ཐམས་ཅད་ཀྱང་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་ གཅིག་ཏུ་འབར་བ་ཤ་སྟག་གོ་ལས་ལས་སྐྱེས་པའི་རྨོན་གླང་དེ་དག་གི་རྨིག་པའང་སྤུ་གྲིའི་སོ་འདྲ་སྟེ། འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་ [246B] དེ་དག་གིས་ཕྱོགས་གང་དང་གང་དུ་གོམ་པ་བོར་བའི་ཕྱོགས་དེ་དང་དེར་ཀུན་ཏུ་གཅོད་ཅིང་ཀུན་ཏུ་གཏུབ་ལ་ཀུན་ཏུ་དམྱལ་བར་བྱེད་དོ། །དེའི་ཁོ་ར་ཁོར་ཡུག་ནས་ཀྱང་ ལྕགས་ཀྱི་མཆེ་བ་ཅན་གྱི་ཁྱི་དང། སེངྒེ་དང། སྟག་དང། གཟིག་དང། དོམ་དང། དྲེད་ལ་སོགས་པ་དག་ལྷགས་ནས་ལུས་ལས་ཤ་རྣམས་བཅད་ཅིང་བཅད་ཅིང་ཟ་བར་བྱེད་དོ། །སྟེང་གི་ ནམ་མཁའ་ལས་ཀྱང་ལྕགས་ཀྱི་མཆུ་ཅན་གྱི་བྱ་རྒོད་དང། བྱ་རོག་དང། ཆུན་ལག་རྣམས་ལྷགས་ནས་ཤ་རྣམས་བཅད་ཅིང་བཅད་ཅིང་ཟ་བར་བྱེད་དེ། གཞི་དེས་ན་དེས་སྡུག་བསྔལ་དྲག་པ་ དང། མི་བཟད་པ་དང། ཚ་བའི་ཚོར་བ་ཉམས་སུ་མྱོང་སྟེ་སྐད་དན་ཆེན་པོ་འདོན་ཏོ། །དེ་ནས་ལྷ་ཁ་དོག་འཕགས་པ་གསུམ་ནམ་སྲོས་པ་ན་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ལྷ་གཅིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ། ལྷས་བྱིན་གྱི་ཕྱོགས་སུ་གཏོགས་པའི་དགེ་སློང་ཀོ་ཀ་ལི་ཀ་ནི། གུམ་ལགས་སོ། །ལྷ་གཅིག་གིས་གསལ་པ། བཙུན་པ། དགེ་སློང་དེས་ནི། ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ ལ་སྡང་བའི་སེམས་བསྐྱེད་པས་སེམས་ཅན་དམྱལ་བ་ཆེན་པོ་པདྨ་ལྟར་གས་པ་ཆེན་པོར་སྐྱེས་ལགས་སོ། །ལྷ་གཅིག་གིས་ནི། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། སྐྱེས་བུ་གཅིག་ཅིག་ [247A]༄༅། །སྐྱེས་པ་ན། ཁ་ནས་སྟ་རེ་བྱུང་བར་གྱུར། །ཉེས་པར་སྨྲ་བའི་ཚིག་བརྗོད་པ། །དེས་ནི་བདག་ཉིད་གཅོད་པར་བྱེད། །གང་ཞིག་སྨད་འོས་སྐྱེ་བོ་བསྔགས་པ་དང། །བསྔགས་ བར་འོས་པའི་སྐྱེ་བོ་སྨོད་བྱེད་པ། །དེས་ནི་ཁ་ནས་རྩོད་པ་དེ་བསགས་ཏེ། །རྩོད་པ་དེས་ནི་བདེ་བ་མྱོང་མི་འགྱུར། །འདི་ན་ཆོ་ལོས་བདག་སྐུགས་ཕམ་པའི་ཚེ། །རྩོད་པ་གང་ཡིན་དེ་ནི་ཆུང་ བ་ཡིན༑ ༑བདེ་བར་གཤེགས་པ་ལ་སེམས་སྡང་བ་ཡི། །རྩོད་བ་གང་ཡིན་དེ་ནི་ཤིན་ཏུ་ཆེ། །ངག་དང་ཡིད་ཀྱིས་སྡིག་བྱས་འཕགས་ལ་སྨད། །དེས་ན་ལོ་གྲངས་དུང་ཕྱུར་ཕྲག་འབུམ་ དང། །བྱེ་བ་ཕྲག་ནི་སུམ་ཅུ་རྩ་ལྔའི་བར། །སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་འགྱུར། །ལྷ་གསུམ་གྱིས་དེ་སྐད་ཅེས་སྨྲས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་ འདས་མཚན་མོ་དེ་འདས་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །བཞུགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མདང་ སུམ་ན་མ་སྲོས་ནས་ལྷ་ཁ་དོག་འཕགས་པ་གསུམ་ངག་ལ་བ་དེར་འོངས་ཏེ་ལྷགས་ནས་ངའི་རྐང་པ་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་ འཁོད་ནས་ལྷ་གཅིག་གིས་ང་ལ་གསོལ་པ། བཙུན་པ། ལྷས་བྱིན་གྱི་ཕྱོགས་སུ་གཏོགས་པའི་དགེ་སློང་ཀོ་ཀ་ལི་ཀ་ནི། གུམ་ལགས་སོ། །ལྷ་གཅིག་གིས་གསོལ་པ། བཙུན་པ་ [247B] ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ལ་སྡང་བའི་སེམས་བསྐྱེད་པས་སེམས་ཅན་དམྱལ་བ་ཆེན་པོ་པདྨ་ལྟར་གས་པ་ཆེན་པོར་སྐྱེས་ལེགས་སོ། །ལྷ་གཅིག་གིས་ནི་ དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། སྐྱེས་བུ་གཅིག་ཅིག་སྐྱེས་པ་ན། ཁ་ནས་སྟ་རེ་བྱུང་བར་གྱུར། །ཉེས་པར་སྨྲ་བའི་ཚིག་བརྗོད་པ། །དེས་ནི་བདག་ཉིད་གཅོད་པར་བྱེད། །གང་ཞིག་སྨད་ འོས་སྐྱེ་བོ་བསྔགས་པ་དང། །བསྔགས་པར་འོས་པའི་སྐྱེ་བོ་སྨོད་བྱེད་པ། །དེས་ནི་ཁ་ནས་རྩོད་པ་དེ་བསགས་ཏེ། །རྩོད་པ་དེས་ན་བདེ་བ་མྱོང་མི་འགྱུར། །འདི་ན་ཚོ་ལོས་བདག་སྐུགས་ཕམ་ པའི་ཚེ༑ ༑རྩོད་པ་གང་ཡིན་དེ་ནི་ཆུང་བ་ཡིན། །བདེ་བར་གཤེགས་པ་ལ་སེམས་སྡང་བ་ཡི། །རྩོད་པ་གང་ཡིན་དེ་ནི་ཤིན་ཏུ་ཆེ་།ངག་དང་ཡིད་ཀྱིས་སྡིག་བྱས་འཕགས་ལ་སྨད། །དེས་ན་ ལོ་གྲངས་དུང་ཕྱུར་ཕྲག་འབུམ་དང། །བྱེ་བ་ཕྲག་ནི་སུམ་ཅུ་རྩ་ལྔའི་བར། །སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་འགྱུར་།ཞེས་སྨྲས་སོ། །དགེ་སློང་དག་གཞན་ཡང་ཁྱེད་ཀྱིས་སེམས་ ཅན་དམྱལ་བ་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཉན་པར་འདོད་དམ། དགེ་སློང་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་སེམས་ཅན་དམྱལ་བ་ཆུ་བུར་ཅན་ དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་བསྟན་པའི་དུས་ནི་བཅོམ་ལྡན་འདས། འདི་ལགས་སོ། །བདེ་བར་གཤེགས་པ། དུས་ནི། འདི་ལགས་སོ། །ཞེས་གསོལ་ཏེ། བཅོམ་ལྡན་ [248A]༄༅། །འདས་ཀྱིས་བཀའ་སྩལ་པ་བཞིན་དུ་དགེ་སློང་རྣམས་ཀྱིས་མཉན་ནས་དགེ་སློང་དག་འོ་ན་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུངས་ཤིག་དང་ངས་བཤད་དོ།། དགེ་སློང་དག་དཔེར་ན། ཡུལ་ཀོ་ས་ལའི་ཏིལ་གྱི་བང་བ། ཏིལ་ཁལ་བཅུ་ཚད་ཉི་ཤུ་ཤོང་བ་ཏིལ་གྱིས་བཀང་སྟེ་བྱུར་བུར་སྐྱུར་བ་དེ་ལས་མི་ལ་ལ་ཞིག་གིས་ལོ་བརྒྱ་བརྒྱ་ལོན་ཞིང་ ཏིལ་འབྲུ་གཅིག་གུད་དུ་བོར་ན། དགེ་སློང་དག་ཡུལ་ཀོ་ས་ལའི་ཏིལ་གྱི་བང་བ་ཏིལ་ཁལ་བཅུ་ཚད་ཉི་ཤུ་པ་དེ་ནི། ཐབས་དེ་ལྟ་བུས་ཆེས་མྱུར་དུ་ཡོངས་སུ་ཟད་ཅིང་མཐར་ཐུག་ པར་འགྱུར་གྱི། སེམས་ཅན་དམྱལ་བ་ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ནི། ཟད་པར་འགྱུར་རོ། །ཞེས་ང་མི་ཟེར་རོ། །ཆུ་བུར་ཅན་ཉི་ཤུའི་ཚད་ཇི་ཙམ་པ་ནི་ ཆུ་བུར་རྡོལ་གཅིག་གི་ཚད་དོ། །ཆུ་བུར་རྡོལ་ཉི་ཤུའི་ཚད་ཇི་ཙམ་པ་ནི། སོ་ཐམ་ཐམ་གཅིག་གི་ཚད་དོ། །སོ་ཐམ་ཐམ་ཉི་ཤུའི་ཚད་ཇི་ཙམ་པ་ནི། ཀྱི་ཧུད་ཟེར་གཅིག་གི་ཚད་དོ། ། ཀྱི་ཧུད་ཟེར་ཉི་ཤུའི་ཚད་ཇི་ཙམ་པ་ནི། ཨ་ཆུ་ཟེར་གཅིག་གི་ཚད་དོ། །ཨ་ཆུ་ཟེར་ཉི་ཤུའི་ཚད་ཇི་ཙམ་པ་དེ་ནི། ཨུཏྤ་ལ་ལྟར་གས་པ་གཅིག་གི་ཚད་དོ། །ཨུཏྤ་ལ་ལྟར་གས་པ་ཉི་ཤུའི་ ཚད་ཇི་ཙམ་པ་ནི། པདྨ་ལྟར་གས་པ་གཅིག་གི་ཚད་དོ། །པདྨ་ལྟར་གས་པ་ཉི་ཤུའི་ཚད་ཇི་ཙམ་པ་ནི། པདྨ་ལྟར་གས་པ་ཆེན་པོ་གཅིག་གི་ཚད་ཡིན་ཏེ། ལྷས་བྱིན་གྱི་ཕྱོགས་སུ་གཏོགས་ [248B]མཽངྒལ་གྱི་བུ་གཉིས་ལ་སེམས་སྡང་བར་བྱས་པས་དེར་སྐྱེས་སོ་།དགེ་སློང་དག། དེ་བས་ན། ཐ་ན་སྡོང་དུམ་མེ་རེག་མ་ལའང་སྙིང་ན་ བ་མེད་པར་བྱ་ན། རྣམ་པར་ཤེས་པ་དང་ལྡན་པ་ལྟ་ཅི་སྨོས་ཞེས་དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དགེ་སློང་དག་།གཞན་ཡང་གང་ཟག་གིས་གང་ཟག་གི་ཚོད་མ་གཟུང་ ཞིག། དགེ་སློང་དག་གང་ཟག་གིས་གང་ཟག་གི་ཚོད་བཟུང་ན་ཉམས་པར་འགྱུར་རོ། །དགེ་སློང་དག་ངའམ་ང་དང་འདྲ་བས་ནི། གང་ཟག་གི་ཚོད་གཟུང་དུ་རུང་ངོ། །དགེ་སློང་དག་ དེ་བས་ན། གང་ཟག་གིས་གང་ཟག་གི་ཚོད་གཟུང་བར་བྱ་ན། གང་ཟག་དེས་ནི། གང་ཟག་དེ་ལ་རྒྱུ་རྣམ་པ་བརྒྱད་ཀྱིས་བརྟག་པར་བྱ་སྟེ། སྤྱོད་པ་དང། སྤྱོད་ཡུལ་དང། མཛའ་བོ་ དང། གྲོགས་པོ་དང། འཚོ་བ་དང། ཐོས་པ་དང། ལུས་ཀྱི་ལས་དང། ངག་གི་ལས་ལས་བརྟག་པར་བྱའོ། །དེ་ལྟར་བརྟགས་ན། དེ་ལ་སྙིང་ན་བར་གྱུར་པ་གང་ཡིན་པ་དེ་ཕྱིར་ལྡོག་པར་ འགྱུར་རོ། །དགེ་སློང་དག་དེ་བས་ན་འདི་ལྟར་བསླབ་པར་བྱ་སྟེ་ཐ་ན་སྡོང་དུམ་མེ་རེག་མ་ལའང་བདག་ཅག་གིས་སེམས་སྡང་བར་མི་བྱ་ན། རྣམ་པར་ཤེས་པ་དང་ལྡན་པ་ལྟ་ཅི་སྨོས་ ཞེས་དགེ་སློང་དག་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས་དེའི་སྐབས་སུ་དགེ་སློང་ཤཱ་རིའི་བུ་དང་མཽངྒལ་གྱི་བུ་གཉིས་ཀྱིས་བསམ་པ། བདག་ཅག་ [249A]༄༅། །གཉིས་ཀྱིས་དགེ་སློང་ཀོ་ཀ་ལི་ཀ་བརྟག་པར་བྱའོ་སྙམ་སྟེ་འོད་མའི་ཚལ་ནས་མི་སྣང་བར་གྱུར་ནས་སེམས་ཅན་དམྱལ་བ་པདྨ་ལྟར་གས་པ་ཆེན་པོར་སོང་སྟེ་དེ་གཉིས་ དེར་ཕྱིན་ནས་བལྟས་ན། དགེ་སློང་ཀོ་ཀ་ལི་ཀ་དེ་ལྟ་བུར་འདུག་པ་མཐོང་ངོ། །མཐོང་ནས་ཀྱང་དེ་ཁོ་ན་ལ་སྙིང་བརྩེ་བའི་སེམས་ཉེ་བར་བཞག་སྟེ་ཀོ་ཀ་ལི་ཀ་ག་ལ་བ་དེར་སོང་ངོ། །དེ་ནས་ ཀོ་ཀ་ལི་ཀས་དགེ་སློང་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ཐག་རིང་པོ་ཞིག་ནས་མཐོང་ངོ། །མཐོང་ནས་ཀྱང་དེ་དེ་གཉིས་ལ་ལྷག་པར་སྙིང་ན་བར་གྱུར་ཏེ། བདག་འདིར་སྐྱེས་ནའང་སྡིག་ པ་ལ་དགའ་བ། སྡིག་པའི་ཆོས་དང་ལྡན་པ་འདི་གཉིས་ཀྱིས་མ་བཏང་ངོ་སྙམ་མོ། །དེ་ནས་དེ་སེམས་འཁྲུགས་མ་ཐག་ཏུ་དེའི་ལྕེ་ལ་རྨོན་པ་དོར་སྟོང་བྱུང་ངོ། །དེ་ནས་དེ་གཉིས་ ཀྱིས་བསམ་པ། ཀྱི་ཧུད་མི་བླུན་པོ་འདི་ནི། གསོར་མེད་དོ་སྙམ་ནས་སེམས་ཅན་དམྱལ་བ་ཆེན་པོ་པདྨ་ལྟར་གས་པ་ཆེན་པོ་ནས་མི་སྣང་བར་གྱུར་ཏེ་འོད་མའི་ཚལ་དུ་སོང་ངོ། །དེ་ གཉིས་དེར་ཕྱིན་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་སྐྱོ་བ་སྐྱེས་པའི་ཕྱིར་དེ་ན་དེའི་གནོད་པ་ཅི་འདྲ་བ་དེ་དག་དེ་ཁོ་ན་བཞིན་དུ་བསྙད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ ཕལ་པོ་ཆེ་རྣམས་ཤས་ཆེར་སྐྱོ་བ་སྐྱེས་སོ། །དེ་ནས་དེ་གཉིས་ཀྱིས་དེ་དག་སྐྱོ་བར་གྱུར་པ་སེམས་ཀྱིས་རིག་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་འཁོར་དེ་དག་ལས་ [249B] དྲོ་བར་གྱུར་པ་བསྐྱེད་དོ། ཁ་ཅིག་གིས་ནི་རྩེ་མོ་དང། བདེན་པ་དང་མཐུན་པའི་བཟོད་པ་དང། འཇིག་རྟེན་གྱི་ཆོས་ཀྱི་མཆོག་དང། མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་ དོ༑ ཁ་ཅིག་གིས་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། ཕྱིར་མི་འོང་ བའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བའི་ས་ བོན་བསྐྱེད་དོ། །ཁ་ཅིག་གིས་ནི། སྟོབས་ཀྱི་འཁོར་ལོས་བསྒྱུར་བར་འགྱུར་བ་དང། ཁ་ཅིག་གིས་ནི། བརྒྱ་བྱིན་དུ་འགྱུར་བ་དང། ཁ་ཅིག་གིས་ནི། ཚངས་པར་འགྱུར་བ་དང། ཁ་ཅིག་ གིས་ནི༑ ཉན་ཐོས་ཀྱི་བྱང་ཆུབ་དང། ཁ་ཅིག་གིས་ནི། རང་སངས་རྒྱས་ཀྱི་བྱང་ཆུབ་དང། ཁ་ཅིག་གིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་ དེ་དག་གི་ནང་ནས་ཕལ་ཆེར་ནི། སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་བབ་པར་བྱས་ཏེ་བཀོད་དོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་ པ་གཟིགས་ལགས། དགེ་སློང་ཀོ་ཀ་ལི་ཀས་དགེ་སློང་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ལ་སེམས་སྡང་བར་བགྱིས་ནས་སེམས་ཅན་དམྱལ་བར་གཞོལ་བར་གྱུར་ལགས་སོ། ། [250A]༄༅། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་འདིས་འདི་གཉིས་ཁོ་ན་ལ་སེམས་སྡང་བར་བྱས་པས་ཇི་ལྟར་ སེམས་ཅན་དམྱལ་བར་གཞོལ་བར་གྱུར་པ་དེ་ཉོན་ཅིག་དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་འཐབ་མེད་ཅེས་བྱ་བ་ན་རྒྱལ་པོ་སྡེ་ཆེན་པོ་ཞེས་བྱ་བ་རྒྱལ་པོ་བྱེད་ དེ༑ རྒྱལ་པོ་སྡེ་ཆེན་དེའི་མདུན་ན་འདོན་བྲམ་ཟེ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང། བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞིག་འདུག་པ་དེ་ཡུལ་ཐམས་ཅད་དུ་ བཀུར་སྟི་བྱ་བ་དང། བླ་མར་བྱ་བ་དང། མཆོད་པར་བྱ་བ་དང་དགྲ་བཅོམ་པར་བཀུར་བར་གྱུར་ཏེ། རྙེད་པའི་མཆོག་དང། གྲགས་པའི་མཆོག་དང་ལྡན་པར་གྱུར་ཏོ། །དེའི་ཚེ་ནགས་ ཁྲོད་ཅིག་ན་དྲང་སྲོང་གཡོག་འཁོར་ལྔ་བརྒྱ་དང་ལྡན་པ་ཞིག་གནས་ཏེ། དེ་ན་བྲམ་ཟེའི་ཁྱེའུ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང། བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ ཕྱིན་པ་གཉིས་ཤིག་འཁོད་དོ། །དེ་ནས་ཕྱི་ཞིག་ན་དྲང་སྲོང་དེས་བསམ་པ། བདག་གིས་དཀའ་ཐུབ་ཀྱི་ཚལ་འདི་ན་འདུག་བཞིན་དུ་སྐྱེ་བོ་མང་པོ་ལ་ཕན་པར་བྱེད་མི་ནུས་ཀྱི། མ་ལ་ བདག་གིས་གྲོང་འདབས་སུ་གནས་བཅའ་བར་བྱའོ་སྙམ་ནས་གནས་དེ་ཉིད་ནས་ཐག་མི་རིང་བ་ཞིག་ཏུ་ཡལ་ག་དང། ལོ་མའི་སྤྱིལ་པོ་ཕུབས་ནས་འདུག་སྟེ། དེ་དེ་ན་བཀུར་སྟི་བྱ་བ་ [250B] བླ་མར་བྱ་བ་དང། རི་མོར་བྱ་བ་དང། མཆོད་པར་བྱ་བའི་གནས་སུ་གྱུར་ཏོ། །དེ་ནས་དྲང་སྲོང་དེའང་རྒས་ནས་གནས་དེ་དག་ཏུ་འགྲོ་མི་ནུས་སོ། །དེའི་ཚེ་བྲམ་ཟེའི་ཁྱེའུ་དེ་གཉིས་ནི། དེར་ འགྲོ་ཞིང་རྒྱལ་པོ་རྣམས་དང། བློན་པོ་ཆེན་པོ་རྣམས་དང། ཕྱུག་པོ་རྣམས་དང། ཁྱིམ་བདག་རྣམས་དང། ཕོ་བྲང་འཁོར་གྱི་མི་རྣམས་དང། ཚོང་དཔོན་རྣམས་དང། དེད་དཔོན་རྣམས་ ཀྱི་ཐད་དུ་འགྲོ་སྟེ། དེ་གཉིས་དེར་བཀུར་སྟི་བྱ་བ་དང། བླ་མར་བྱ་བ་དང། རི་མོར་བྱ་བ་དང། མཆོད་པར་བྱ་བ་དང། དགྲ་བཅོམ་པར་བཀུར་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་མདུན་ན་ འདོན་དེའི་སེམས་བསྐྱེད་པ། སྔོན་བདག་ཡུལ་འདི་ཐམས་ཅད་དུ་བཀུར་སྟི་བྱ་བ་དང། བླ་མར་བྱ་བ་དང། རི་མོར་བྱ་བ་དང། མཆོད་པར་བྱ་བའི་གནས་ཡིན་ན། ད་ནི། བདག་གི་རྙེད་པ་ དང། བཀུར་སྟི་གང་ཡིན་པ་དེ་བྲམ་ཟེའི་ཁྱེའུ་འདི་གཉིས་ལ་འཕོས་ན། དའང་འདི་གཉིས་མེད་ན་ནི། ཕྱིར་ཡང་བདག་གི་རྙེད་པ་དང་བཀུར་སྟི་སྔ་མཁོ་བཞིན་དུ་འོང་བར་འགྱུར་གྱི་ བདག་གིས་འདི་གཉིས་ལ་ཡང་དག་པ་མ་ཡིན་པའི་ཁ་ཕྱར་བཏང་བ་དང། དེ་གཉིས་བསྙེན་བཀུར་མེད་པར་འགྱུར་དུ་དོགས་པས་གུད་དུ་འགྲོ་བར་འགྱུར་རོ་སྙམ་ནས་མདུན་ན་འདོན་ དེས་ཐོག་ཐག་ཏུ་ཡང་དག་པ་མ་ཡིན་པའི་ཕྱག་ཀ་བཏང་སྟེ། འདི་གཉིས་ནི། འདོད་པ་ལ་སྤྱོད་པ་ཡིན་གྱི། འདི་གཉིས་ནི། ཚངས་པར་སྤྱོད་པ་མ་ཡིན་ནོ། །ཞེས་ཟེར་རོ། །དེ་ནས་དེ་གཉིས་ [251A]༄༅། །ཀྱི་ཡང་དག་པ་མ་ཡིན་པའི་སྐུར་བ་དེ་དྲང་སྲོང་དེས་མཐོང་ནས་མདུན་ན་འདོན་དེ་བཀག་སྟེ་བྲམ་ཟེ། ཁྱོད་ཀྱིས་བྲམ་ཟེའི་ཁྱེའུ་འདི་གཉིས་ལ་སེམས་སྡང་བར་ མ་བྱེད་ཅིག་ཁྱོད་ཡུན་རིང་པོར་གནོད་པ་དང། མི་ཕན་པ་དང་སྡུག་བསྔལ་བར་གྱུར་ཏ་རེ་ཞེས་བྱས་སོ། །དེ་ལྟར་དྲང་སྲོང་དེས་དེ་ཡང་དང་ཡང་དུ་བཀག་ཀྱང་བཟློག་པར་མ་ ནུས་ནས་དེས་དེ་གཉིས་ལ་སེམས་སྡང་བར་བྱས་པས་སེམས་ཅན་དམྱལ་བར་གཞོལ་བར་གྱུར་ཏེ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་དྲང་སྲོང་རྒན་པོར་གྱུར་ པ༑ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་བྲམ་ཟེའི་ཁྱེའུ་གྱུར་པ་གང་ཡིན་པ་དེ་གཉིས་ནི། ཤཱ་རིའི་བུ་དང། མཽངྒལ་གྱི་བུ་འདི་ གཉིས་ཁོ་ན་ཡིན་ནོ། །དེའི་ཚེ་མདུན་ན་འདོན་དུ་གྱུར་པ་གང་ཡིན་པ་དེ་ནི། ཀོ་ཀ་ལི་ཀ་འདི་ཉིད་ཡིན་ཏེ། དེའི་ཚེའང་འདི་ངས་བཀག་བཞིན་དུ་འདི་གཉིས་ལ་སེམས་སྡང་བར་བྱས་ པས་སེམས་ཅན་དམྱལ་བར་གཞོལ་བར་གྱུར་ཏོ། །ད་ལྟར་ཡང་ངས་བཀག་བཞིན་དུ་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ལ་སེམས་སྡང་བར་བྱས་པས་སེམས་ཅན་དམྱལ་བར་ གཞོལ་བར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་ [251B]དང། ཡང་དག་པ་མ་ལགས་པ་དང། གསོག་དང། རྫུན་གྱི་ཚིག་དང། གཞི་མ་མཆིས་པར་ཕམ་པའི་ཆོས་ཀྱིས་སྐུར་པ་ བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་གཉིས་ཀྱིས་སྔོན་གྱི་ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་ མི་འགྱུར། ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང། མི་དགེ་བ་བྱས་ཤིང་བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་ དང། ཁམས་དང། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་ པ་ན༑ ༑འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་རྡུལ་ལྡན་ཞེས་བྱ་བའི་གནས་གཅིག་ཅིག་ན་བཀའ་ཐུབ་ཅན་གཡོག་འཁོར་ལྔ་བརྒྱ་ དང་ལྡན་པ་གཉིས་ཤིག་འཁོད་དེ། གྲོང་ཁྱེར་དེ་ན་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་བསྙེན་བཀུར་བྱ་བ་དང། བླ་མར་བྱ་བ་དང། རི་མོར་བྱ་བ་དང། མཆོད་པར་བྱ་བ་དང། དགྲ་བཅོམ་ པར་བཀུར་བར་གྱུར་ཏེ། རྙེད་པའི་མཆོག་དང། གྲགས་པའི་མཆོག་དང་ལྡན་པར་གྱུར་ཏོ། །དེའི་ཚེ་རིའི་སུལ་ཞིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། མཐུ་ [252A]༄༅། །ཆེ་བ༑ གཡོག་འཁོར་ལྔ་བརྒྱ་དང་ལྡན་པ་ཞིག་གནས་ཏེ། དེའང་བདག་ཉིད་ཆེ་བ། བྱམས་པའི་བདག་ཉིད་ཅན། སྙིང་རྗེ་དང་ལྡན་པ། སེམས་ཅན་ལ་མཉེས་ གཤིན་པ། སེམས་ཅན་ལ་ཕན་པ་ལ་ཞུགས་པ་ཞིག་སྟེ། དེས་བསམ་པ་དགོན་པའི་གནས་ན་འདུག་བཞིན་དུ་ནི། བདག་གིས་སེམས་ཅན་ལ་ཕན་པ་བྱེད་མི་ནུས་ཀྱི། མ་ལ་ བདག་གྲོང་ཁྱེར་རྡུལ་ལྡན་དུ་རྟེན་བཅས་ཏེ་འདུག་པར་བྱ་གོར་མ་ཆག་བདག་དེར་འདུག་པ་དང་སྐྱེ་བོ་ཕལ་པོ་ཆེ་ལ་ཕན་པ་བྱེད་ནུས་པར་འགྱུར་རོ་སྙམ་ནས་དགོན་པའི་གནས་ དེར་ཇི་སྲིད་དུ་དགའ་བ་དེ་སྲིད་དུ་གནས་ནས་གཡོག་འཁོར་ལྔ་བརྒྱ་དང་ཆས་ཏེ་རི་དྭགས་ཀྱི་པགས་པ་དང། ཤིང་ཤུན་གྱི་གོས་དང་འཁོར་བ་དང། རིལ་བ་དང། དགང་གཟར་ དང། བླུགས་གཟར་རྣམས་ཁྱེར་ཏེ་གྲོང་ཁྱེར་རྡུལ་ལྡན་དུ་ཕྱིན་ནས་དེ་ནགས་ཁྲོད་ཅིག་ཏུ་གནས་བཅས་ཏེ་ཡལ་ག་དང་ལོ་མའི་སྤྱིལ་པོ་ཕུབས་ནས་འདུག་གོ་དེ་ནས་གྲོང་ཁྱེར་རྡུལ་ ལྡན་ན་གནས་པའི་སྐྱེ་བོ་མང་པོས་དེ་ལུས་མཛེས་པ་དང། སེམས་མཛེས་པ་དང། གཡོག་འཁོར་མཛེས་པར་མཐོང་ངོ། །མཐོང་ནས་ཀྱང་སྐྱེ་བོ་ཕལ་ཆེ་བ་དེ་དག་དྲང་སྲོང་དེ་ལ་ ཤས་ཆེར་དགའ་བ་སྐྱེས་སོ། །དེ་དག་དགའ་བ་སྐྱེས་ནས་དྲང་སྲོང་དེ་ལ་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། ཡོ་བྱད་ཐམས་ཅད་ཀྱིས་ཀྱང་བསྙེན་བཀུར་ [252B] ༑དྲང་སྲོང་དེས་ཀྱང་དེར་འོང་བ་དེ་དག་ལ་དུས་དུས་སུ་ཆོས་སྟོན་ཏོ། །དེ་དག་གིས་ཀྱང་དེ་ལས་ཆོས་ཐོས་ནས་ཁ་ཅིག་ནི། དྲང་སྲོང་དེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ་བསམ་གཏན་བཞི་དང་ མངོན་པར་ཤེས་པ་ལྔ་བསྐྱེད་དོ། ཁ་ཅིག་ནི། ཁྱིམ་ན་གནས་བཞིན་དུ་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་ལ་དྲང་སྲོང་དེའི་ཐད་དུའང་དུས་དུས་སུ་བལྟ་བའི་ཕྱིར་ འོངས་ཏེ། དེ་ཕྱིན་ཆད་དཀའ་ཐུབ་ཅན་དེ་དག་གི་ཐད་དུ་ནི། མི་འོང་ངོ། །དེ་ནས་ཕྱི་ཞིག་ན་དཀའ་ཐུབ་ཅན་དེ་དག་གིས་བསམ་པ་སྔོན་ཆད་ནི། གྲོང་ཁྱེར་རྡུལ་ལྡན་དུ་གནས་པའི་སྐྱེ་བོ་མང་ པོ་རྣམས་བདག་ཅག་ལ་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད་མཆོད་པར་བྱེད་དེ། རྙེད་པའི་མཆོག་དང། གྲགས་པའི་མཆོག་དང་ཤིན་ཏུ་ལྡན་ན། དྲང་སྲོང་འདི་འོངས་ནས་བདག་ ཅག་གི་རྙེད་པ་དང་བཀུར་སྟི་ཆད་པར་གྱུར་གྱི། བདག་ཅག་གིས་ཅི་ནས་ཀྱང་དྲང་སྲོང་འདི་གཡོག་འཁོར་དང་བཅས་པ་ཡུལ་འདིར་མི་འདུག་པར་བྱའོ། །འདི་མེད་ན་བདག་ཅག་གི་རྙེད་ པ་དང་བཀུར་སྟི་ཕྱིར་ཡང་སྔ་མཁོ་བཞིན་དུ་འགྱུར་རོ་སྙམ་ནས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་དག། ཤེས་པར་གྱིས་ཤིག་དྲང་སྲོང་འདི་འོངས་ནས་བདག་ཅག་ གི་རྙེད་པ་དང་བཀུར་སྟི་ཆད་པར་གྱུར་གྱི། བདག་ཅག་གིས་གྲོང་ཁྱེར་ཐོག་ཐག་ཏུ་འདིར་ཡང་དག་པ་མ་ཡིན་པའི་ཕྱར་ཀ་བཏང་སྟེ། དྲང་སྲོང་འདི་ནི། འདོད་པ་སྤྱོད་པ་ཡིན་གྱི། འདི་ནི་ [253A]༄༅། །ཚངས་པར་སྤྱོད་པ་མ་ཡིན་ཏེ། ཁྱེད་འདི་ལ་བཀུར་སྟི་བྱེད་པར་མ་སེམས་ཤིག་ཅེས་བྱས་པ་དང། དེ་སྐུར་བ་བཏབ་པས་འཇིགས་ཤིང་སྐྲག་ནས་ཡང་ན་ནི། ཡུལ་ གཞན་དུ་འགྲོ་བར་འགྱུར། ཡང་ན་ནི། བདག་ཅག་འཆི་བར་བྱེད་པར་འགྱུར་རོ། །འདི་མེད་ན་བདག་ཅག་གི་རྙེད་པ་དང་བཀུར་སྟི་ཕྱིར་ཡང་སྔ་མ་ཁོ་བཞིན་འོང་བར་འགྱུར་རོ། ། ཞེས་བྱས་ནས་དེ་གཉིས་གཡོག་འཁོར་དང་བཅས་པ་གྲོང་ཁྱེར་རྡུལ་ལྡན་དུ་དོང་ནས་ལམ་པོ་ཆེ་དང། སྲང་དང། བཞི་མདོ་དང། སུམ་མདོ་དག་ཏུ་འཁོད་ནས་དྲང་སྲོང་དེར་ཡང་ དག་པ་མ་ཡིན་པའི་ཕྱར་ཀ་གཏོང་བར་བྱེད་དེ། དྲང་སྲོང་འདི་ནི། ཚུལ་ཁྲིམས་འཆལ་བ། སྡིག་པའི་ཆོས་དང་ལྡན་པ། འདོད་པ་ལ་སྤྱོད་པ་ཡིན་གྱི། འདི་ནི། ཚངས་པར་སྤྱོད་པ་མ་ ཡིན་ཏེ༑ འདི་ནི། ཁྱེད་ལ་སྒྱུས་འདྲིད་པ་ཡིན་གྱི། ཁྱེད་འདི་ལ་ཧ་ཅང་བཀུར་སྟི་བྱེད་པར་མ་སེམས་ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་དེ་དག་དྲང་སྲོང་དེ་ ལ་མི་དགའ་བར་གྱུར་ཏེ། འདི་ནི། འདོད་པ་སྤྱོད་པ་ཡིན་གྱི། འདི་ནི་ཚངས་པར་སྤྱོད་པ་མ་ཡིན་ནོ། །ཞེས་མི་དགའ་བར་གྱུར་ནས་དེ་ཕྱིན་ཆད་དེ་ལ་བཀུར་སྟི་མི་བྱེད། བླ་མར་མེ་ བྱེད༑ རི་མོར་མི་བྱེད། མཆོད་པར་མི་བྱེད་ལ་བལྟ་བའི་ཕྱིར་ཡང་འགྲོ་བར་མི་བྱེད་དོ། །དེ་ནས་དྲང་སྲོང་གིས་བསམ་པ། སྔོན་ཆད་ནི། སྐྱེ་བོ་མང་པོ་འདི་དག་བདག་ལ་བཀུར་སྟི་ [253B] བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ན། ད་ནི་འདི་དག་བདག་ལ་བཀུར་སྟི་མི་བྱེད། བླ་མར་མི་བྱེད། རི་མོར་མི་བྱེད། མཆོད་པར་མི་བྱེད་ན། འདི་ནི། ཅི་ལས་གྱུར་སྙམ་པ་ དང། དེས་བལྟས་ན་དཀའ་ཐུབ་ཅན་དེ་གཉིས་གཡོག་འཁོར་དང་བཅས་པས་གྲོང་ཁྱེར་རྡུལ་ལྡན་ཐོག་ཐག་ཏུ་ཡང་དག་པ་མ་ཡིན་པའི་ཕྱར་ཀ་བཏང་བར་མཐོང་ངོ། །མཐོང་ནས་ཀྱང་ཡང་ བསམ་པ། གྲོང་ཁྱེར་རྡུལ་ལྡན་འདིར་བདག་ཡང་དག་པ་མ་ཡིན་པའི་ཕྱར་ཀས་ཕོག་པ་ཅིའང་རུང་བ་དེ་དག་ཐམས་ཅད་ནི། རྙེད་པ་དང། བཀུར་སྟིའི་གཅུགས་ལས་བྱུང་བ་ཡིན་གྱི། མ་ལ་ བདག་གིས་འདི་ན་ཅི་ཡོད་པ་ཐམས་ཅད་སྤངས་ཏེ་སྔོན་གྱི་དགོན་པའི་གནས་དེ་ཉིད་དུ་གནས་བཅའ་བར་བྱའོ་སྙམ་ནས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་ཁྲིད་དེ་སྔོན་གྱི་དགོན་པའི་གནས་ དེ་ཉིད་དུ་སོང་སྟེ་འདུག་གོ་དེ་ནས་དྲང་སྲོང་དེ་སོང་ནས་དཀའ་ཐུབ་ཅན་དེ་དག་གི་རྙེད་པ་དང། བཀུར་སྟི་སྔ་མཁོ་བཞིན་དུ་གྱུར་ཏེ་གཞི་དེས་ན། དེ་དག་ཤིན་ཏུ་དགའ་བར་གྱུར་ཏོ། །དགེ་ སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་དཀའ་ཐུབ་ཅན་གཡོག་འཁོར་དང་བཅས་པ་གང་ཡིན་པ་དེ་གཉིས་ནི། དགེ་སློང་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ཁོ་ན་ཡིན་ཏེ། དེར་དེ་གཉིས་ རྙེད་པ་དང། བཀུར་སྟིའི་དབང་དུ་གྱུར་ནས་དྲང་སྲོང་དེ་ལ་ཡང་དག་པ་མ་ཡིན་པའི་སྐུར་པ་བཏབ་པ་གང་ཡིན་པའི་ལས་དེའི་རྣམ་པར་སྨིན་པས། ལོ་དུ་མ། ལོ་འབུམ་ཕྲག་དུ་མར་སེམས་ [254A]༄༅། །ཅན་དམྱལ་བ་རྣམས་སུ་བཙོས་སོ། །དེ་ནས་ཤི་འཕོས་ནས་ཀྱང་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཡང་དག་བ་མ་ཡིན་པའི་སྐུར་པ་བཏབ་པས་ན། ད་ལྟར་སྲིད་པ་ ཐ་མ་དང། གནས་ཐ་མར་གྱུར་ཏེ་དགྲ་བཅོམ་པ་ཉིད་ཐོབ་པའི་བར་དུའང་དགེ་སློང་ཀོ་ཀ་ལི་ཀས་མང་པོའི་ནང་དུ་མི་བདེན་པ་དང་ཡང་དག་པ་མ་ཡིན་པ་དང། གསོག་དང། རྫུན་ གྱི་ཚིག་གིས་སྐུར་པ་བཏབ་བོ། །དགེ་སློང་རྣམས་ཀྱིས་གསོལ་པ་བཙུན་པ། དགེ་སློང་ཀོ་ཀ་ལི་ཀས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ པདྨ་ལྟར་གས་པ་ཆེན་པོར་སྐྱེས་ལ་དེར་སྐྱེས་ནས་ཀྱང་དེའི་ལྕེ་ལ་རྨོན་པ་དོར་ལྔ་བརྒྱ་བྱུང་བར་གྱུར་ལགས། དེ་བཞིན་དུ་དེའི་གློ་གཡས་གཡོན་ནས་ལྕགས་ཀྱི་མཆེ་བ་ཅན་ གྱི་ཁྱི་དང། སེངྒེ་དང། སྟག་དང། གཟིག་དང། དྲེད་ལ་སོགས་པས་ཤ་རྣམས་བཅད་ཅིང་བཅད་ཅིང་ཟ་བར་བགྱིད་ལགས། དེ་བཞིན་དུ་སྟེང་ནས་ཀྱང་ལྕགས་ཀྱི་མཆུ་ཅན་གྱི་ བྱ་རྒོད་དང། བྱ་རོག་དང། ཆུན་ལག་རྣམས་ཀྱིས་ཤ་རྣམས་བཅད་ཅིང་བཅད་ཅིང་ཟ་བར་བགྱིད་ལགས། དེ་བཞིན་དུ་གློ་གཡས་གཡོན་ནས་ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་ གྲུབ་པར་གྱུར་ལ། གལ་ཏེ་དེ་ན་ཚ་མི་བཟད་དེ་གློ་བསྒྱུར་ནའང་སྟེང་ནས་ལྕགས་ཀྱི་མདུད་ཐུད་དང། མདའ་བོ་ཆེ་དང། རྡོ་རྗེ་རྩེ་གཅིག་པ་དང། མདུང་རྩེ་གཅིག་པ་རྣམས་འབབ་ [254B] བཀའ་སྩལ་པ། དེས་ཤཱ་རིའི་བུ་དང། མཽངྒལ་གྱི་བུ་གཉིས་ལ་སེམས་སྡང་བར་བྱས་པའི་ཕྱིར་རོ།། །།ཐང་བཅད་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ་ ཚེ་དང་ལྡན་པ་མཽངྒལ་གྱི་བུ་ནི། ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བྱེད། ཡི་དྭགས་ཀྱི་ནང་དུ་རྒྱུ་བར་བྱེད་དུད་འགྲོའི་ནང་དུ་རྒྱུ་བར་བྱེད། མིའི་ནང་དུ་རྒྱུ་བར་བྱེད་ལྷའི་ནང་དུ་ རྒྱུ་བར་བྱེད་དེ། ཕྱིར་འོངས་ནས་སེམས་ཅན་དམྱལ་བ་རྣམས་ཀྱིས་གཅད་པ་དང། གཏུབ་པ་དང། བརྡེག་པ་དང། བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་ བྱེད་དོ༑ ༑ཕྱིར་འོངས་ནས་ཡི་དྭགས་ཀྱི་བཀྲེས་པ་དང། སྐོམ་པ་དང། འབར་བ་དང། བསྲེག་པ་དང། བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང། ལྷ་རྣམས་ཀྱི་འཆི་འཕོ་དང། ལྟུང་བ་དང། རྣམ་པར་འཐོར་བ་དང། རྣམ་པར་ འཇིག་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དེ། དེ་དག་གིས་ཐོས་ནས་སྐྱོ་བར་འགྱུར་ལ་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་འཐོབ་པར་འགྱུར་རོ། །དེ་ནས་ ཕྱི་ཞིག་ན་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་སེམས་ཅན་དམྱལ་བའི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ་སེམས་ཅན་དམྱལ་བ་མནར་མེད་པར་ཕྱིན་པ་དང་ [255A]༄༅། །དེ་དེར་སེམས་ཅན་ལུས་ཆེ་ལ་ལུས་ཀྱིས་དཔག་ཚད་མང་པོ་ཁྱབ་པར་འདུག་ལ། དེའི་ལས་ལས་སྐྱེས་པའི་མི་རྣམས་ཀྱིས་དེའི་ཁ་ནས་ལྕེ་ཕྱུང་སྟེ་ལྕགས་ཀྱི་ས་གཞི་འབར་ ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་བའི་སྟེང་དུ་བརྒྱངས་ནས་ལྕགས་ཀྱི་ཕུར་པ་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་བ་ དག་གིས་ཐང་བཅད་ནས་དེའི་ལྕེ་དེ་ལ་རྨོན་པ་དོར་སྟོང་བྱུང་སྟེ་རྨོན་པ་དེ་དག་ཐམས་ཅད་ཀྱང་དངར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་བ་ཤ་སྟག་ལ་ རྨོན་གླང་དེ་དག་ཀྱང་ལས་ལས་སྐྱེས་པ་ཤ་སྟག་སྟེ། དེ་རྣམས་ཀྱི་རྨིག་པ་དེ་དག་ཐམས་ཅད་ཀྱང་སྤུ་གྲིའི་སོ་འདྲ་ལ་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ ཏུ་འབར་བ་ཤ་སྟག་སྟེ། དེ་དག་གིས་ས་ཕྱོགས་གང་དང་གང་དུ་གོམ་པ་བོར་བའི་ཕྱོགས་དེ་དང་དེར་ཀུན་ཏུ་གཅོད་ཅིང་ཀུན་ཏུ་གཏུབ་ལ་ཀུན་ཏུ་དམྱལ་བར་བྱེད་དེ། གཞི་དེས་ན་དེས་ སྡུག་བསྔལ་དྲག་པ་དང། མི་བཟད་པ་དང། ཚ་བའི་ཚོར་བ་ཉམས་སུ་མྱོང་བ་ཞིག་མཐོང་ངོ། །མཐོང་ནས་ཀྱང་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བསམ་པ། སེམས་ཅན་འདིས་ ལས་ཅི་བྱས་ན། ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་འདི་ལྟ་བུ་རྙེད་པར་གྱུར་ཅིག་གུ་སྙམ་སྟེ། དེས་རབ་ཀྱི་མཐའ་ལས་བྱུང་བའི་བསམ་གཏན་གྱི་བར་དུ་སྙོམས་པར་ཞུགས་ [255B]སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ཤིང་སེམས་ཅན་དམྱལ་བ་རྣམས་འབའ་ཞིག་ཏུ་སྐྱེས་པ་ཉི་ཚེ་ཞིག་མཐོང་བར་ ཟད་དོ༑ ༑མཐོང་ནས་ཀྱང་བསམ་པ། འདིའི་ལས་ལུང་སྟོན་པ་ནི་བཅོམ་ལྡན་འདས་ཡེ་ཤེས་གཟིགས་པ་ཐོགས་པ་མེད་པ་དང། ཡེ་ཤེས་གཟིགས་པ་མཐའ་ཡས་པ་མངའ་བ་མ་ གཏོགས་པ་གཞན་སུ་ཞིག་ཡོད་སྙམ་ནས་མནར་མེད་པ་ནས་མི་སྣང་བར་གྱུར་ཏེ་མཉན་དུ་ཡོད་པར་ཕྱིན་ཏོ། །དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་ནང་ན་བཞུགས་ཏེ་ ཆོས་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་ནང་ན་ཆོས་སྟོན་ཅིང་བཞུགས་པ་མཐོང་ངོ། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ ཏེ༑ བདག་བཅོམ་ལྡན་འདས་ལ་སེམས་ཅན་དེའི་ལུང་བསྟན་པ་ཞུ་བའི་དུས་ནི། འདི་ཡིན་ནོ་སྙམ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ འདི་ན་བདག་གི་ལུགས་ཀྱིས་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བགྱིད། ཡི་དྭགས་ཀྱི་ནང་དུ་རྒྱུ་བར་བགྱིད། དུད་འགྲོའི་ནང་དུ་རྒྱུ་བར་བགྱིད། མིའི་ནང་དུ་རྒྱུ་བར་བགྱིད་ [256A]༄༅། །ལྷའི་ནང་དུ་རྒྱུ་བར་བགྱིད་དེ། སླར་མཆིས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང། གཏུབ་པ་དང། བརྡེག་པ་དང་བཙོ་བ་ལ་སོགས་པའི་སྡུག་ བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་ལགས་སོ་།སླར་མཆིས་ནས་ཡི་དྭགས་རྣམས་ཀྱི་བཀྲེས་པ་དང། སྐོམ་པ་དང་འབར་བ་དང། བསྲེག་པ་དང། བཙོ་བ་ ལ་སོགས་པའི་སྡུག་བསྔལ་རྣམས་དང། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་ དང། ལྷ་རྣམས་ཀྱི་འཆི་འཕོ་དང། ལྟུང་བ་དང། རྣམ་པར་འཐོར་བ་དང། རྣམ་པར་འཇིག་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་དེ། དེ་དག་གིས་དེ་ ཐོས་ནས་སྐྱོ་བར་འགྱུར་ལ་སྐྱོ་བར་གྱུར་ནས་ཀྱང་གང་དུ་ཁྱད་པར་འཐོབ་པར་འགྱུར་ལགས་སོ། །བཙུན་པ། བདག་སེམས་ཅན་དམྱལ་བར་རྒྱུ་བར་འཚལ་ཏེ་མཉན་དུ་ཡོད་པ་ནས་ མི་སྣང་བར་གྱུར་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མ་མཆིས་པར་མཆིས་ན། བཙུན་པ། བདག་གིས་སེམས་ཅན་ལུས་ཆེ་བ། ལུས་ཀྱིས་དཔག་ཚད་མང་པོ་ཁྱབ་པར་མཆིས་ ལ༑ དེའི་ལས་ལས་སྐྱེས་པའི་མི་རྣམས་ཀྱིས་དེའི་ཁ་ནས་ལྕེ་ཕྱུང་སྟེ་ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་བར་གྱུར་པའི་སྟེང་ [256B]ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་བ་དག་གིས་ཐང་བཅད་ནས་དེའི་ལྕེ་དེ་ལ་རྨོན་པ་དོར་སྟོང་བྱུང་སྟེ་རྨོན་པ་དེ་དག་ ཐམས་ཅད་ཀྱང་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་བ་ཤ་སྟག་ལ། རྨོན་གླང་དེ་དག་ཐམས་ཅད་ཀྱང་ལས་ལས་སྐྱེས་པ་ཤ་སྟག་སྟེ། དེ་རྣམས་ཀྱི་རྨིག་ པ་དེ་དག་ཐམས་ཅད་ཀྱང་སྤུ་གྲིའི་སོ་འདྲ་ལ་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་འབར་བ་ཤ་སྟག་སྟེ། དེ་དག་གི་ས་ཕྱོགས་གང་དང་གང་དུ་གོམ་པ་བོར་བའི་ ཕྱོགས་དེ་དང་དེར་ཀུན་ཏུ་གཅོད་ཅིང་ཀུན་ཏུ་གཏུབ་ལ་ཀུན་ཏུ་དམྱལ་བར་བགྱིད་དེ། གཞི་དེས་ན་དེས་སྡུག་བསྔལ་དྲག་པ་དང། མི་བཟད་པ་དང། ཚ་བའི་ཚོར་བ་ཉམས་སུ་མྱོང་བ་ཞིག་ མཐོང་ལགས་ན། བཙུན་པ། སེམས་ཅན་དེས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་དེ་ལྟ་བུ་རྙེད་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽངྒལ་ གྱི་བུ་ལ་བཀའ་སྩལ་པ། མཽངྒལ་གྱི་བུ། སེམས་ཅན་དེ་ནི། སྡིག་པའི་ལས་བྱེད་བྱེད་པ་ཡིན་ཏེ། མཽངྒལ་གྱི་བུ། སྔོན་བྱུང་བ་འདས་པའི་དུས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ འདས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་ [257A]༄༅། །མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་མ་ཉམས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་དགེ་སློང་སྡེ་སྣོད་གསུམ་པ། རིག་པ་དང་ གྲོལ་བའི་སྤོབས་པ་དང་ལྡན་པ། ཆོས་སྨྲ་བ་གཡོག་འཁོར་དང་ལྡན་པ་ཞིག་རྒྱལ་པོའི་ཕོ་བྲང་ཞིག་ན་རྟེན་ཅིང་གནས་ཏེ། དེ་དེ་ན་བཀུར་སྟི་བྱ་བ་དང། བླ་མར་བྱ་བ་དང། རི་མོར་བྱ་བ་དང་ མཆོད་པར་བྱ་བའི་གནས་སུ་གྱུར་ཏེ་གོས་དང། ཟས་དང། མལ་ཆ་དང། སྟན་དང། ནད་གསོས་དང། སྨན་ཟོང་རྣམས་རྙེད་པར་གྱུར་ཏོ། །དེའི་ཚེ་དགེ་སློང་དགྲ་བཅོམ་པ་སྡེ་སྣོད་ གསུམ་པ། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པ། ཆོས་སྨྲ་བ་ཞིག་ཀྱང་ཡོད་དེ། དེའང་གཡོག་འཁོར་ལྔ་བརྒྱ་དང་ལྗོངས་རྒྱུ་ཞིང་སོང་སྟེ་རྒྱལ་པོའི་ཕོ་བྲང་དེ་ཉིད་དུ་ཕྱིན་ནས་སྐྱེ་བོ་མང་ པོས་དེ་ལུས་མཛེས་པ་དང། སེམས་མཛེས་པ་དང། གཡོག་འཁོར་མཛེས་པར་མཐོང་སྟེ། མཐོང་མ་ཐག་ཏུ་དེ་ལ་དགའ་བར་གྱུར་ནས་དེའང་དེར་གོས་དང། ཟས་དང། མལ་ཆ་ དང། སྟན་དང། ནད་གསོས་དང། སྨན་ཟོང་རྣམས་རྙེད་པར་གྱུར་ཏེ་སྐྱེ་བོ་མང་པོ་དེ་དག་དེ་འབའ་ཞིག་ལ་བཀུར་སྟི་བྱ་བར་སེམས་ཀྱི་སྔ་ནས་འདུག་པའི་སྡེ་སྣོད་གསུམ་པ་དེ་ ལ་ནི༑ བཀུར་སྟི་མི་བྱེད་དོ། །དེ་ནས་དེའི་བློ་སྐྱེས་པ། གང་གི་ཚེ་དགེ་སློང་འདི་གྲོང་འདབས་འདིར་མ་འོངས་པ་དེའི་ཚེ་ནི། བདག་རྙེད་པའི་མཆོག་དང། གྲགས་པའི་མཆོག་དང་ལྡན་ [257B] འདི་འོངས་ནས་བདག་གི་རྙེད་པ་དང། བཀུར་སྟི་ཆད་པར་གྱུར་ཏེ། འདི་མེད་ན་ནི། བདག་གི་རྙེད་པ་དང། བཀུར་སྟི་ཕྱིར་ཡང་སྔ་མ་ཁོ་བཞིན་དུ་འོང་བར་འགྱུར་གྱི། བདག་གིས་ ཅི་ནས་ཀྱང་འདི་གཡོག་འཁོར་དང་བཅས་པ་གྲོང་འདབས་འདིར་མི་འདུག་པར་བྱའོ་སྙམ་ནས་སྡེ་སྣོད་གསུམ་པ་དེས་གྲོང་ཁྱེར་དེ་ཐོག་ཐག་ཏུ་ཡང་དག་པ་མ་ཡིན་པའི་ཕྱིར་ཀ་བཏང་སྟེ་ དགེ་སློང་འདི་དག་ནི། ཚུལ་ཁྲིམས་འཆལ་པ། སྡིག་པའི་ཆོས་དང་ལྡན་པ་ཡིན་གྱི། འདི་ལ་ཁྱེད་བཀུར་སྟི་བྱེད་པར་མ་སེམས་ཤིག་།བདག་ཉིད་ཚུལ་ཁྲིམས་འཆལ་པ་དང། གཡོག་ འཁོར་ཚུལ་ཁྲིམས་འཆལ་བ་འདི་ན་འདུག་པ་ཅི་དགོས་ཞེས་བྱས་སོ་།དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་མང་པོ་དེ་དག་དགྲ་བཅོམ་པ་དེ་ལ་མི་ལྟ་བར་གྱུར་ཏེ་ཕྱིན་ཆད་སྦྱིན་པར་བྱ་བ་ དང། བཀུར་སྟི་བྱ་བར་མི་སེམས་སོ། །དེ་ནས་དགྲ་བཅོམ་པ་དེས་བསམ་པ། སྐྱེ་བོ་མང་པོ་འདི་དག་ཅིའི་ཕྱིར་བདག་ལ་མི་ལྟ་བར་གྱུར་སྙམ་ནས་དེས་བལྟས་ན། སྡེ་སྣོད་གསུམ་པས་ ཐོག་ཐག་ཏུ་ཕྱར་ཀ་བཏང་བར་གྱུར་ནས་དེས་བསམ་པ། སྐྱེ་བོ་མང་པོ་འདི་དག་དང། སྡེ་སྣོད་གསུམ་པ་འདི་ཤས་ཆེར་བསོད་ནམས་མ་ཡིན་པར་འཕེལ་བར་གྱུར་ན་མི་རུང་ངོ་སྙམ་ ནས་གཡོག་འཁོར་དང་བཅས་ཏེ་གྲོང་འདབས་དེ་ནས་སོང་ངོ། །དེ་སོང་ནས་སྡེ་སྣོད་གསུམ་པ་དེ་དགའ་བར་གྱུར་ཏེ། ད་ནི། བདག་གི་རྙེད་པ་དང། བཀུར་སྟི་སྔ་མཁོ་བཞིན་དུ་འོང་བར་ [258A]༄༅། །འགྱུར་རོ་སྙམ་མོ། །དེ་ནས་ཕྱི་ཞིག་ན་དེ་ནད་ཀྱིས་ཐེབས་ནས་དེ་རྩ་བ་དང། སྡོང་བུ་དང། ལོ་མ་དང། མེ་ཏོག་དང། འབྲས་བུའི་སྨན་དག་གིས་རིམ་གྲོ་བྱས་ཀྱང་སོས་ པར་བྱེད་མ་ནུས་ནས་ཤིའོ། །དེ་ཤི་འཕོས་ཏེ་དུས་ལས་འདས་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་ཏེ། དེར་དེའི་ལྕེ་ལ་རྨོན་པ་དོར་སྟོང་བྱུང་བར་གྱུར་ཏོ། །དགེ་སློང་དག་ ཇི་སྙམ་དུ་སེམས། དེའི་ཚེ་སྡེ་སྣོད་གསུམ་པར་གྱུར་པ་གང་ཡིན་པ་དེ་ནི། སེམས་ཅན་འདི་ཉིད་ཡིན་ཏེ། དེས་དེར་རྙེད་པ་དང། བཀུར་སྟིའི་དབང་དུ་གྱུར་ཅིང་ཤས་ཆེར་མངོན་པར་ ཞེ་ན་ནས་དགྲ་བཅོམ་པ་དེ་ལ་ཡང་དག་པ་མ་ཡིན་པའི་སྐུར་པ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་ནས་དེའི་ལྕེ་ལ་རྨོན་པོ་དོར་ སྟོང་བྱུང་སྟེ། དགེ་སློང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་བགྲོད་པ་མ་ཉམས་པའི་རིང་ནས་ད་ལྟར་ངའི་རིང་གི་བར་དུ་སེམས་ཅན་དེ་སེམས་ཅན་དམྱལ་བ་རྣམས་ནས་ཤི་ འཕོས་ཤིང་སེམས་ཅན་དམྱལ་བ་རྣམས་འབའ་ཞིག་ཏུ་སྐྱེས་ཏེ་སྡུག་བསྔལ་འདི་ལྟ་བུ་ཤ་སྟག་རྙེད་པར་གྱུར་ཏོ། །གསོལ་པ། བཙུན་པ་སེམས་ཅན་དེ་སྡུག་བསྔལ་དེ་ལས་ ནམ་ཐར་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མ་འོངས་པའི་དུས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པ། ཡང་དག་པར་ [258B]འབྱུང་སྟེ། དེའི་གསུང་རབ་ལ་སེམས་ཅན་འདི་སེམས་ཅན་དམྱལ་བ་ནས་ཤི་འཕོས་ཏེ། མིའི་ལུས་ཐོབ་ནས་དེའི་བསྟན་པ་ལ་རབ་ཏུ་བྱུང་ སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །སྐུར་བ་མང་བར་ཡང་འགྱུར་ཏེ། དེ་གང་དང་གང་དུ་འགྲོ་བ་དེ་དང་དེར་སྐུར་པ་དང་ཕྲད་པར་ འགྱུར་ཏེ། དེ་དེ་ཁོ་ནས་སྐྱོ་བར་གྱུར་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེར་དེའི་སྡུག་བསྔལ་མཐར་ཐུག་པར་ འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་ཕལ་པོ་ཆེ་དེ་དག་སྐྱོ་བ་ཆེན་པོ་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་གི་ཡིད་སྐྱོ་བར་གྱུར་བར་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་ བསྟན་ཏེ། དེས་ན་འཁོར་དེ་དག་གི་ནང་ནས་ཁ་ཅིག་གིས་ནི། དྲོ་བར་གྱུར་པ་བསྐྱེད་དོ། ཁ་ཅིག་གིས་ནི། རྩེ་མོ་དང། བདེན་པ་དང་མཐུན་པའི་བཟོད་པ་དང། འཇིག་རྟེན་གྱི་ཆོས་ཀྱི་མཆོག་ དང། མཐོང་བའི་སྙོམས་པར་འཇུག་པ་བསྐྱེད་དོ། ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་ སུམ་དུ་བྱས་སོ། ཁ་ཅིག་གིས་ནི། ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི། རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། ཁ་ཅིག་གིས་ནི་ [259A]༄༅། །འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བའི་ས་བོན་བསྐྱེད་དོ། ཁ་ཅིག་གིས་ནི། སྟོབས་ཀྱི་འཁོར་ལོས་བསྒྱུར་བར་འགྱུར་བ་དང། ཁ་ཅིག་གིས་ནི་ བརྒྱ་བྱིན་དུ་འགྱུར་བ་དང། ཁ་ཅིག་གིས་ནི། ཚངས་པར་འགྱུར་བ་དང། ཁ་ཅིག་གིས་ནི། ཉན་ཐོས་ཀྱི་བྱང་ཆུབ་དང། ཁ་ཅིག་གིས་ནི། རང་སངས་རྒྱས་ཀྱི་བྱང་ཆུབ་དང། ཁ་ཅིག་ གིས་ནི༑ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་བསྐྱེད་དོ། །འཁོར་དེ་དག་གི་ནང་ནས་ཕལ་ཆེར་ནི། སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་ བབ་པར་བྱས་ཏེ་བཀོད་དོ།། །།ལས་བརྒྱ་ཐམ་པ། བམ་པོ་བཅོ་ལྔ་པ། ཁམ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ་དེར་བཅོམ་ལྡན་འདས་ ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། གལ་ཏེ་ཇི་ལྟར་ངས་སྦྱིན་པའི་འབྲས་བུའང་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པའང་ཤེས་པ་ བཞིན་དུ་སེམས་ཅན་རྣམས་ཀྱིས་ཀྱང་སྦྱིན་པའི་འབྲས་བུའང་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པའང་ཤེས་སུ་ཟིན་ན་ནི། དེ་ལྟ་ན་ཁམ་གྱི་ཐ་མ་དང་ ཁམ་གྱི་མཇུག་ལུས་པ་གང་ཡིན་པ་དེ་ལས་ཀྱང་གལ་ཏེ་ཡོན་གནས་ལེན་པ་བོ་རྙེད་ན། དེ་ལ་མ་བྱིན་ནམ་བགོ་བཤའ་མ་བྱས་ཀྱི་བར་དུ་ཟ་བར་མི་བྱེད་ལ། དེ་དག་གི་སེམས་ [259B]འགྱུར་བ་ཞིག་ན། ཇི་ལྟར་ངས་སྦྱིན་པའི་འབྲས་བུའང་ཤེས་ལ་སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པའང་ཤེས་ པ་བཞིན་དུ་སེམས་ཅན་རྣམས་ཀྱིས་སྦྱིན་པའི་འབྲས་བུའང་མི་ཤེས་ལ། སྦྱིན་པའི་བགོ་བཤའི་འབྲས་བུ་རྣམ་པར་སྨིན་པའང་མི་ཤེས་པས་ན། དེའི་ཕྱིར་དེ་དག་ནི་ཀུན་ཏུ་འཛིན་པའི་ སེམས་ཀྱིས་མ་བྱིན་པའམ། བགོ་བཤའ་མ་བྱས་པར་ཟ་བར་བྱེད་ལ། དེ་དག་གི་སེམས་ཀྱང་སེར་སྣ་སྐྱེས་པས་ཀུན་ནས་དཀྲིས་ཤིང་འདུག་གོ་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་ བཀའ་སྩལ་ཏེ་བདེ་བར་གཤེགས་པས་དེ་སྐད་གསུངས་ནས་གཞན་ཡང་སྟོན་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །བགོ་བཤའ་དག་གི་རྣམ་པར་སྨིན། །ཇི་ལྟར་དོན་ཆེན་འགྱུར་བ་ དེ༑ ༑དྲང་སྲོང་ཆེ་རྣམས་གསུངས་པ་བཞིན། །སེམས་ཅན་རྣམས་ཀྱིས་ཤེས་ན་ནི། །མ་བྱིན་བར་དུ་མི་ཟ་ཞིང། །སེར་སྣ་ཅན་དུ་མི་འགྱུར་ལ། །དེ་དག་ཀུན་ཏུ་འཛིན་པའི་སེམས། །ནམ་ཡང་ སྐྱེ་བར་མི་འགྱུར་ན། །གང་ཕྱིར་བྱིས་པ་གཏི་མུག་གིས། །བསྒྲིབས་པ་ཀུན་གྱིས་མ་ཤེས་པས། །དེ་ཕྱིར་ཀུན་ཏུ་འཛིན་སེམས་ཀྱིས། །རྟག་ཏུ་མ་ཟིན་ཟ་བར་བྱེད། །དེ་དག་སེར་སྣ་བསྐྱེད་ ནས་ཀྱང། །སེམས་ནི་ཀུན་ནས་དཀྲིས་ཤིང་འདུག་དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་གཟིགས་ལགས། བཅོམ་ལྡན་འདས་ནི། སྦྱིན་པ་དང་སྦྱིན་ [260A]༄༅། །པའི་བགོ་བཤའི་བསྔགས་པ་གསུངས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་ང་ཇི་ ལྟར་སྦྱིན་པ་དང། སྦྱིན་པའི་བགོ་བཤའི་བསྔགས་པ་བརྗོད་པར་གྱུར་པ་དེ་ཉོན་ཅིག་དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཟླ་འོད་ཅེས་བྱ་བ་ རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང། རྒྱས་པ་དང། བདེ་བ་དང། ལོ་ལེགས་པ་དང། སྐྱེ་བོ་དང་མི་མང་པོས་གང་བ་དང་རྩོད་པ་དང་འཐབ་པ་ཞི་བ་དང། འཁྲུག་པ་དང་ནང་འཁྲུག་ དང་ཆོམ་རྐུན་དང་ནད་དང་མུ་གེ་མེད་པ་དང། འབྲས་སཱ་ལུ་དང་བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་སྡུག་པ་ལ་ བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ། །རྒྱལ་པོ་དེའང་བྱམས་པའི་བདག་ཉིད་ཅན། སྙིང་རྗེ་དང་ལྡན་པ། སེམས་ཅན་ལ་བྱམས་པ། སྦྱིན་པ་ལ་དགའ་བ་ཞིག་གོ། །དེ་སྦྱིན་ པ་དག་བྱིན་ཞིང་བསོད་ནམས་དག་བྱེད་དེ། དེ་ཟས་འདོད་པ་རྣམས་ལ་ནི། ཟས་སྦྱིན་པར་བྱེད། སྐོམ་འདོད་པ་རྣམས་ལ་ནི། སྐོམ་སྦྱིན་པར་བྱེད། གོས་འདོད་པ་རྣམས་ལ་ནི། གོས་ སྦྱིན་པར་བྱེད། སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་འདོད་པ་རྣམས་ལ་ནི། སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་རྣམས་སྦྱིན་པར་བྱེད་དོ། །ནད་པ་ལ་མཁོ་བའི་ནད་བྲང་བཅས་ནས་ཡོ་བྱད་ [260B] སྐྱེ་བོ་དམན་པ་དང་བཀྲེན་པ་དང་སྡུག་པ་དང་མགོན་མེད་པ་རྣམས་ལ་རིམ་གྲོ་བྱེད་དོ། །བཟའ་བ་དང་བཅའ་བ་མང་པོ་སྟ་གོན་བྱས་ནས་ནམ་མཁའ་ལ་རྒྱུ་བ་རྣམས་དང། ཆུ་ ལ་གནས་པ་རྣམས་དང། ཐང་ལ་གནས་པ་རྣམས་ལ་སྦྱིན་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཀཱ་ཤིའི་ཡུལ་དུ་ཐན་པ་བྱུང་སྟེ། དེར་ལྟས་མཁན་བྲམ་ཟེ་བྱེ་བྲག་ཕྱེད་པ་རྣམས་ཀྱིས་བསྒོ་བ། ལོ་ བཅུ་གཉིས་ཀྱི་བར་དུ་ཆར་འབབ་པར་མི་འགྱུར་རོ། །ཞེས་ཟེར་རོ། །དེ་ནས་ཆར་མ་བབ་པས་མུ་གེ་བྱུང་སྟེ་སྐྱེ་བོ་མང་པོ་དེ་དག་ཅི་བྱ་གཏོལ་མེད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཟླ་འོད་ཀྱིས་དྲིལ་ བསྒྲགས་ཏེ། ཁྱེད་ཀྱི་ནང་ན་ལོ་བཅུ་གཉིས་ཀྱི་ཟན་འབྱོར་པ་གང་ཡིན་པ་དེ་དག་ནི། འདི་ཉིད་དུ་འཁོད་ཅིག་མི་འབྱོར་པ་དེ་དག་ནི་ཡུལ་གཞན་དུ་དེངས་ལ། ནམ་ལོ་ལེགས་པར་གྱུར་པ་ དེའི་ཚེ་ཕྱིར་ཤོག་ཅིག་ཡུལ་ནི། ཕྱིས་ཀྱང་ཡོད་ལ། སྲོག་ནི་ཕྱིས་མེད་དོ། །ཞེས་བསྒོའོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྐྱེ་བོ་མང་པོ་དེ་དག་ལས་ཁ་ཅིག་ནི། ཡུལ་གཞན་དུ་དོང་སྟེ་འཁོད་དོ། ། ཁ་ཅིག་ནི། ཡུལ་ལ་ཆགས་ནས་དེ་ཉིད་ན་འཁོད་དེ། དེ་དག་དེ་ན་སུ་ལ་ཟན་ཇི་ཙམ་ཡོད་པ་དེ་དག་ཟོས་པའི་འོག་ཏུ་བཀྲེས་པས་ཉམ་ཐག་ནས་རྒྱལ་པོའི་ཐར་དུ་སོང་སྟེ་སྨྲས་པ། ལྷ། བདག་ ཅག་ནི། བཀྲེས་ལགས་ཀྱི། བདག་ཅག་ལ་འཚལ་མ་སྩལ་དུ་གསོལ། དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེས་བསམ་པ། འདིར་སྐྱེ་བོ་ཕལ་པོ་ཆེ་ལ་ཡུན་རིང་པོ་ཞིག་ཏུ་བགོ་བཤའ་བྱ་ [261A]༄༅། །དགོས་སྙམ་ནས་སྨྲས་པ། ཁྱེད་རེ་ཞིག་སྡོད་ཅིག་དང་ངས་མ་ངན་རྣམས་ལ་སྨྲས་ཏེ་བྱའོ། །ཞེས་བྱས་ནས་རྒྱལ་པོ་དེས་མངན་རྣམས་ལ་སྨྲས་པ། ང་དང། ཡུལ་ ན་གནས་པའི་སྐྱེ་བོ་མང་པོ་འདི་དག་གིས་ལོ་བཅུ་གཉིས་ཀྱི་བར་དུ་བཟར་ཡོད་དམ། མངན་རྣམས་ཀྱིས་སྨྲས་པ། ལྷ། སྩང་བང་རྣམས་གཡར་སྔར་བྲིམས་ཏེ་གདོད་གསོལ་བར་ འཚལ་ལོ། །ཞེས་སྨྲས་ནས་མངན་རྣམས་ཀྱིས་སྩང་བང་རྣམས་གཡར་སྔར་བྲིམས་ནས་ཡུལ་ན་འཁོད་པའི་སྐྱེ་བོ་མང་པོ་རྣམས་བགྲང་བ་ལ་ཞུགས་སོ། །དེ་ནས་ལོ་བཅུ་གཉིས་ ཀྱི་བར་དུ་མི་རེ་རེའི་སྐལ་བར་ཅི་ཐོབ་པ་བརྩིས་ན། ཐམས་ཅད་ཀྱིས་ཉིན་གཅིག་བཞིན་དུ་ཁམ་རེ་རེ་ཐོབ་པར་འགྱུར་ལ། རྒྱལ་པོས་ནི། ཁམ་གཉིས་གཉིས་གསོལ་དུ་ཡོད་པར་རིག་ ནས་དེ་དག་གིས་རྒྱལ་པོ་ལ་གསོལ་པ། ལྷ། དགུང་ལོ་བཅུ་གཉིས་ཀྱི་བར་དུ་ཡུལ་ན་གནས་པའི་སྐྱེ་བོ་ཐམས་ཅད་ཀྱིས་ནི། གདུགས་གཅིག་བཞིན་དུ་ཁམ་རེ་རེ་འཚལ་དུ་མཆིས་ སོ༑ ༑ལྷས་ནི། ཞལ་ཁམ་གཉིས་གཉིས་གསོལ་དུ་མཆིས་སོ། །ཞེས་གསོལ་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེས་ཡུལ་ན་གནས་པའི་སྐྱེ་བོ་མང་པོ་ཐམས་ཅད་ཉིན་གཅིག་ཅིང་ ཁམ་རེ་རེ་སྦྱིན་ནོ། །ཞེས་བཀའ་སྩལ་ཏོ། །སྐྱེ་བོ་མང་པོ་དེ་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཡང་དག་པར་འཛུད་དོ། །དེ་ནས་དེར་སུའང་རུང་འཆི་བར་གྱུར་པ་དེ་དག་ཀྱང་ལྷའི་ [261B] དེ་དག་དེར་སྐྱེས་པས་ལྷའི་གནས་རྣམས་ཀུན་ཏུ་གང་བར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། ལྷའི་གནས་རྣམས་ནི། རྒྱུ་གཉིས་ཀྱིས་ཀུན་ཏུ་ གང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་འབྱུང་བ་དང། འཁོར་ལོས་བསྒྱུར་བ་འབྱུང་བ་ཡིན་ན། ཅི་ད་ལྟར་འཇིག་རྟེན་དུ་འཁོར་ལོས་བསྒྱུར་བ་བྱུང་ངམ། འོན་ཏེ་དེ་བཞིན་གཤེགས་ པ་བྱུང་ཞིག་གུ་སྙམ་དུ་བསམ་ནས་དེས་བལྟས་ན། དེ་ལྟ་མ་ཡིན་ཏེ། ཡང་དེས་བསམ་པ། འོ་ན་སུའི་མཐུས་ལྷའི་གནས་རྣམས་ཀུན་ཏུ་གང་བར་གྱུར་ཅིག་གུ་སྙམ་སྟེ་དེས་བལྟས་ན་ རྒྱལ་པོ་ཟླ་འོད་ཀྱི་མཐུས་དེ་ལྟར་གྱུར་པར་རིག་ནས་དེས་བསམ་པ་ཅི་འདི་བརྒྱ་བྱིན་དུ་འགྱུར་བའམ། ཚངས་པར་འགྱུར་པ་ཞིག་སྒྲུབ་སྙམ་དུ་བསམ་སྟེ་དེས་བལྟས་ན། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་མཐོང་ངོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཅི་སེམས་ཅན་འདི་བརྟན་པོ་ཡིན་ནམ་འོན་ཏེ་སེམས་ཅན་བརྟན་པོ་མ་ཡིན་བ་རེ་ཞིག་བདག་ སོང་ལ་འདི་བརྟག་པར་བྱའོ། །གལ་ཏེ་སེམས་ཅན་བརྟན་པོ་ཡིན་ན་ནི་དེ་ལ་མཆོད་པ་བྱའོ། །དེ་སྟེ་སེམས་ཅན་བརྟན་པོ་མ་ཡིན་ན་ནི། དེ་བརྟན་པོར་བྱའོ་སྙམ་ནས་བྲམ་ཟེའི་ཆ་ལུགས་ སུ་བསྒྱུར་ཏེ། ལྷ། བདག་ནི། བཀྲེས་ཀྱི། འཚལ་མ་སྩལ་དུ་གསོལ་ཅེས་སྨྲས་སོ། །རྒྱལ་པོས་བསམ་པ། གལ་ཏེ་གཞན་གྱི་བཅད་དེ་འདི་ལ་བྱིན་ན་ནི། གཅིག་གི་སྲོག་བསྲུངས་ལ་ [262A]༄༅། །གཅིག་གི་སྲོག་མ་རུང་བར་བྱས་པར་འགྱུར་གྱི། མ་ལ་བདག་གི་ཟན་ལས་ཁམ་གཅིག་ནི། བདག་གིས་ཟོས་ལ། ཁམ་གཅིག་ནི། འདི་ལ་སྦྱིན་ནོ་སྙམ་ནས་རྒྱལ་ པོ་དེས་བྲམ་ཟེ་དེ་ལ་ཁམ་གཅིག་བྱིན་ཏེ། གཅིག་བདག་གིས་བཟའོ་སྙམ་པ་དང། བྲམ་ཟེ་དེས་སྨྲས་པ། ལྷ། བདག་ནི། ཁམ་གཅིག་གིས་འཚོ་བའི་རྡོ་མི་ཐོགས་སོ། །དེ་ནས་དེ་ ཐོས་མ་ཐག་ཏུ་རྒྱལ་པོ་དེས་བསམ་པ། གལ་ཏེ་བདག་གིས་འདི་ལ་ཁམ་ཕྱི་མ་མ་བྱིན་ན། བྲམ་ཟེ་འདི་ལྟོགས་ཏེ་འཆི་ཡང་སྲིད་ལ། བདག་ཀྱང་སེམས་ཅན་གྱི་དོན་ལ་ཞུགས་པ་ ཡིན་པས་བདག་གིས་རང་གི་སྲོག་བོར་ཏེ་གཞན་གྱི་སྲོག་སྲུང་བར་ནུས་སོ་སྙམ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་ བ་འདིས་བདག་འཇིག་རྟེན་ལོང་བ། འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པ། སྟོན་པ་མེད་པའི་ནང་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ ལྡན་འདས་སུ་གྱུར་ཅིག་ཅེས་བྱས་ནས་ཚིགས་སུ་བཅད་དེ་སྨྲས་པ་སྦྱིན་པ་རྒྱ་ཆེར་གྱུར་པ་འདི་ཡིས་ནི། །སྲིད་གསུམ་སངས་རྒྱས་རང་བྱུང་འགྱུར་བར་ཤོག་བརྒལ་ནས་སྔོན་ [262B] །སྐྱེ་བོ་ཕལ་ཆེན་མ་བསྒྲལ་རྣམས་ཀྱང་བསྒྲལ། །ཞེས་སྨྲས་ནས་ཁམ་དེ་ལྷའི་དབང་པོ་བརྒྱ་བྱིན་བྲམ་ཟེའི་ཆ་ལུགས་ཅན་ལ་བྱིན་ནོ། །དེ་ནས་ལྷའི་དབང་ པོ་བརྒྱ་བྱིན་གྱིས་བསམ་པ། བྱང་ཆུབ་སེམས་དཔས་ནི། མཆོག་ཏུ་དཀའ་བ་བྱས་སོ་སྙམ་དུ་བསམ་སྟེ་བྲམ་ཟེའི་ཆ་ལུགས་མི་སྣང་བར་བྱས་ནས་རང་བཞིན་གྱི་ལུས་སུ་བསྒྱུར་ཏེ་སྨྲས་ པ༑ ཁྱོད་འབད་པ་འདིས་ཅི་ཞིག་སྒྲུབ། དེས་སྨྲས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་བོ། །བརྒྱ་བྱིན་གྱིས་སྨྲས་པ། ཁྱོད་ཀྱི་སེམས་དང་སེམས་ལས་བྱུང་བ་རྣམས་དེ་ འདྲ་བ་ལས་ན། ཁྱོད་ནི། ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་གྱི། དེའི་ཚེ་བདག་དྲན་པར་མཛོད་ཅིག་ཅེས་སྨྲས་ནས་ལྷའི་ དབང་པོ་བརྒྱ་བྱིན་གྱིས་དབང་ཆེན་གྱི་ཆར་ཕབ་སྟེ། དེའི་ཚེ་འབྲུ་ཐམས་ཅད་རྒྱལ་ནས་ལོ་ལེགས་པར་གྱུར་ཏེ་ཀཱ་ཤིའི་ཡུལ་སྔ་མ་ཁོ་བཞིན་དུ་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས་ དེའི་ཚེ་རྒྱལ་པོ་ཟླ་འོད་ཅེས་བྱ་བར་གྱུར་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ཏེ་དེའི་ཚེ་ཡང་ང་སྦྱིན་པ་དང་སྦྱིན་པའི་བགོ་བཤའི་བསྔགས་པ་ བརྗོད་པར་གྱུར་ན། ང་ད་ལྟར་སྦྱིན་པ་དང་སྦྱིན་པའི་འབྲས་བུ་མངོན་སུམ་དུ་མཐོང་བར་གྱུར་པའི་ཚེ་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་ད་ལྟར་སྦྱིན་པ་དང་སྦྱིན་པའི་བགོ་བཤའི་བསྔགས་ [263A]༄༅། །པ་བརྗོད་པར་ཅི་སྟེ་མི་མཛད། ལས་བརྒྱ་ཐམ་པ་ལས་སྡོམ་གྱི་ཚིགས་སུ་བཅད་པ་གསུམ་པ་རྫོགས་སོ།། །།སྡོམ་ནི། བྱམས་པའི་སྟོབས་དང་རླུང་ནག་དང།། གྲོག་མ་གཉིས་དང་སྤྱོད་ཡུལ་དང། །དགོན་པ་གླང་ཀླུ་སེངྒེ་དང། །དབྱེན་དང་ནགས་ཁུང་ཐོས་པ་རྣམས། །བྱམས་པའི་སྟོབས་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ་ ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་དབྱིག་དགའི་རྟོགས་པ་བརྗོད་པ་ལས་གཏན་ཚིགས་ཇི་སྐད་འབྱུང་བ་བཞིན་དུ་རྒྱས་པར་སྦྱར་ཏེ། དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་ འདས་ལ་གསོལ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་སྡེ་རྣམས་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་མཛད་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་ མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་ངས་འདི་རྣམས་རང་གི་ ཤ་དང་ཁྲག་གིས་ཚིམ་པར་བྱས་ནས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ཇི་ལྟར་བཀོད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ བྱམས་པའི་སྟོབས་ཞེས་བྱ་བ་རྒྱལ་པོ་བྱེད་དོ། །དེའི་རིང་ལ་འབྱོར་པ་དང། རྒྱས་པ་དང། བདེ་བ་དང། ལོ་ལེགས་པ་དང། སྐྱེ་བོ་དང་མི་མང་པོས་གང་བ་དང། རྩོད་པ་དང་འཐབ་ [263B] འཁྲུག་པ་དང་ནང་འཁྲུག་དང་ཆོམ་རྐུན་དང་ནད་དང་མུ་གེ་མེད་པ་དང། འབྲས་སཱ་ལུ་དང་བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེ་ར་མ་ དཀྲུགས་ལ་བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ། །རྒྱལ་པོ་དེའང་བྱམས་པའི་བདག་ཉིད་ཅན་སྙིང་རྗེ་ཆེ་བ། སེམས་ཅན་ལ་བྱམས་པ། སྦྱིན་པ་ལ་དགའ་ བ་ཞིག་སྟེ། དེ་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱེད་དེ་དགེ་སྦྱོང་དང་བྲམ་ཟེ་དང་བཀྲེན་པ་དང་སྡུག་ཅིང་ཕོངས་པ་དང་སློང་བ་རྣམས་ཚིམ་པར་བྱེད་ལ། བཟའ་བ་དང་བཅའ་བ་མང་ པོ་བཤམས་ནས་སྲོག་ཆགས་ནམ་མཁའ་ལ་གནས་པ་དང། ཆུ་ན་གནས་པ་དང། སྐམ་ན་གནས་པ་རྣམས་ལ་སྦྱིན་པར་བྱེད་དོ། །ཡུལ་ན་གནས་པའི་སྐྱེ་བོ་མང་པོ་རྣམས་ལ་བྱམས་ པ་སྒོམ་པར་བྱེད་དོ། །དེས་དེའི་ཡུལ་ན་གནས་པའི་སྐྱེ་བོ་མང་པོ་ཇི་སྙེད་ཡོད་པ་དེ་སྙེད་ལ་བྱམས་པའི་སེམས་ཀྱིས་ཁྱབ་པར་བྱས་ཏེ་འདུག་ནས་དེའི་མཐུས་སེམས་ཅན་དེ་དག་ལ་སུའང་ གནོད་པ་ཅུང་ཟད་ཀྱང་བྱེད་མི་ནུས་སོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་རྣམ་ཐོས་ཀྱི་བུའི་བཙོན་ར་ནས་གཟི་བྱིན་འཕྲོག་པའི་གནོད་སྦྱིན་ལྔ་བྲོས་ཏེ་སྐྱེ་བོ་མང་པོའི་གཟི་བྱིན་འཕྲོག་པར་བྱེད་ཅིང་ ཝཱ་ར་ཎཱ་སིར་འོངས་ཏེ་དེར་ཕྱིན་ནས་ཡམས་ཀྱི་ནད་བཏང་བ་ལས་དེ་དག་གིས་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ཡན་ཆད་སུའི་གཟི་བྱིན་ཡང་དབྲོག་པར་མ་ནུས་ནས་དེ་དག་གིས་ [264A]༄༅། །བསམ་པ། གང་གིས་ཡུལ་འདིར་བདག་ཅག་གིས་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ཡན་ཆད་སུའི་གཟི་བྱིན་ཡང་དབྲོག་པར་མ་ནུས་པ་འདི་སུའི་མཐུ་ཡིན་པ་ ཇེ་དྲི་བར་བྱའོ་སྙམ་ནས་བ་ལང་རྫི་དང། ཕྱུག་རྫི་རྣམས་ལ་དྲིས་པ། ཀྱེ། གང་གིས་ཡུལ་འདིར་སུ་ལའང་གནོད་པ་ཅུང་ཟད་ཀྱང་བྱེད་མི་ནུས་པ་འདི་སུའི་མཐུ་ཡིན། དེ་དག་གིས་སྨྲས་ པ༑ རྒྱལ་བོ་འདི་བྱམས་པའི་བདག་ཉིད་ཅན་ཡིན་ཏེ། དེས་ཡུལ་ན་གནས་པའི་སྐྱེ་བོ་མང་པོ་ཇི་སྙེད་ཡོད་པ་དེ་སྙེད་ལ་བྱམས་པའི་སེམས་ཀྱིས་ཁྱབ་པར་བྱས་ཏེ་འདུག་པ་དེའི་མཐུས་ ན༑ ཡུལ་འདིར་སུས་ཀྱང་གནོད་པ་ཅུང་ཟད་ཀྱང་བྱེད་མི་ནུས་སོ་།གནོད་སྦྱིན་རྣམས་ཀྱིས་བསམ་པ། རྒྱལ་པོ་དེ་ནི། བསོད་ནམས་ཅན་ཆེ་བར་གྲགས་པ། བྱམས་པའི་བདག་ ཉིད་ཅན། སྙིང་རྗེ་ཆེ་བ། སེམས་ཅན་ལ་བྱམས་པ་ཞིག་སྟེ། དེས་ནི། བདག་ཅག་འགྲངས་པར་བྱེད་ནུས་གོར་མ་ཆག་སྙམ་ནས་བྲམ་ཟེའི་ཆ་ལུགས་སུ་བསྒྱུར་ཏེ་བྱམས་པའི་ སྟོབས་ཀྱི་ཐད་དུ་སོང་ནས་སྨྲས་པ། སྙིང་རྗེ་ཆེན་པོ་དང་ལྡན་པ། བདག་ཅག་ནི། བཀྲེས་ཀྱི། འགྲངས་པར་མཛོད་ཅིག་རྒྱལ་པོས་སྨྲས་པ། ངས་ཁྱེད་ཁ་ཟས་ཇི་ལྟ་བུ་ཞིག་གིས་ འགྲངས་པར་བྱ། དེ་དག་གིས་སྨྲས་པ། ཁྲག་འཕྲལ་དུ་ཕྱུང་བས་འགྲངས་པར་མཛོད་ཅིག་དེ་ནས་རྒྱལ་པོས་བསམ་པ། མ་ལ་ཆ་ལུགས་འདི་འདྲ་བ་ལ་ཁ་ཟས་དེ་འདྲ་བ་ལས་ན་ [264B] མི་ཡིན་པ་མི་འདྲ་སྟེ། འདི་དག་ནི། མི་མ་ཡིན་པ་དག་ཅིག་ཡིན་གོར་མ་ཆག་གི་འདི་དག་ལ་ཇི་ལྟར་དམ་བཅས་པ་བཞིན་དུ་བྱ་དགོས་སོ། །གཞན་དག་གི་ལུས་ལ་ གནོད་པ་མ་བྱས་ཀྱི་བར་དུ་ནི། ངས་འདི་རྣམས་ཀྱི་ཁ་ཟས་ཀྱི་དོན་སྒྲུབ་པར་མི་ནུས་ལ། གཞན་ལ་གནོད་པ་མ་བྱས་ཀྱི་བར་དུའང་ཁྲག་འཕྲལ་དུ་ཕྱུང་བ་རྙེད་པར་མི་ནུས་ཏེ། གལ་ཏེ་འདི་ དག་བདག་གི་ཁྲག་གིས་ཁ་ཟས་ཀྱི་དོན་བྱེད་ནུས་ན་ནི། བདག་ཅག་གིས་འདི་རྣམས་ལ་བདག་གི་ཤ་དང་ཁྲག་སྦྱིན་ནོ་སྙམ་ནས་གནོད་སྦྱིན་དེ་དག་ལ་སྨྲས་པ། གྲོགས་པོ་དག་ངའི་ཁྲག་ གིས་ཁ་ཟས་ཀྱི་དོན་བྱེད་ནུས་སམ། གནོད་སྦྱིན་རྣམས་ཀྱིས་སྨྲས་པ་ལྷ། རྔོ་ཐོགས་ལགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་བྱམས་པའི་སྟོབས་ཀྱིས་གནོད་སྦྱིན་དེ་དག་མདུན་དུ་ བཀད་དུ་བཅུག་ནས་སྨན་པ་རྣམས་བོས་ཏེ་བཀའ་སྩལ་པ། ཀྭའི། ངའི་ལུས་ལ་གཏར་ཀ་ལྔ་ཐོབ་ཅིག་དང་སེམས་ཅན་འདི་དག་ལ་ཁྲག་གིས་འགྲངས་པར་བྱའོ། །སྨན་པ་རྣམས་ཀྱིས་ གསོལ་པ། བདག་ཅག་གིས་ལྷའི་སྐུ་མཚོན་གྱིས་གདབ་པའི་རྔོ་མི་ཐོགས་ལགས་སོ། །དེ་ནས་བྱང་ཆུབ་སེམས་དཔས་བསམ་པ། འདི་དག་ནི་བདག་དང་འབྲལ་བ་མཐོང་མི་འདོད་ཀྱི། མ་ ལ་བདག་གིས་བདག་གི་ཁྲག་དབྱུང་ངོ་སྙམ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི། བཟོའི་གནས་དང། ལས་ཀྱི་གནས་ཅི་ལའང་བྱང་བ་ཡིན་ཏེ། དེས་བདག་ཉིད་ཀྱིས་མེ་ལོང་བླངས་ [265A]༄༅། །ནས་རང་གི་ལུས་ལ་གཏར་ཀ་ལྔ་བཏབ་སྟེ་གནོད་སྦྱིན་རེ་རེ་ལ་བསྟབས་ནས་ངས་འདི་དག་འགྲངས་པར་མ་གྱུར་གྱི་བར་དུ་གཏར་ཀ་འདི་དག་གཅད་པར་མི་བྱེད། ། ཞེས་དམ་བཅས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམ་པ་བྱང་ཆུབ་སེམས་དཔའ་རྣམས་ནི། དམ་བཅས་པ་ལ་བརྟན་པ་ཡིན་ལ་བྱང་ཆུབ་སེམས་དཔའ་འདིས་ཀྱང་མཆོག་ ཏུ་དཀའ་བ་ཞིག་བརྩམས་ཀྱི། བྱང་ཆུབ་སེམས་དཔའ་ཧ་ཅང་ཡུན་རིང་དུ་འོ་བརྒྱལ་ན་མི་རུང་ངོ་སྙམ་ནས་མ་ལ་བདག་གིས་འདིའི་ལུས་ཐམས་ཅད་དུ་གཟི་བྱིན་བསྣན་པར་བྱའོ་སྙམ་མོ།། ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་ལུས་ཐམས་ཅད་དུ་ལྷའི་གཟི་བྱིན་བསྣན་ནས་གཏར་ཀ་དེ་དག་ཀྱང་ཆེ་རབ་ཏུ་སྤྲུལ་ཏོ། །བྱང་ཆུབ་སེམས་དཔས་ཀྱང་གཟི་བྱིན་འཕྲོག་ བའི་གནོད་སྦྱིན་ལྔ་པོ་དེ་དག་དཀའ་བ་མེད་པར་ཚིམ་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་འཇིག་ རྟེན་ལོང་བ། འདྲེན་པ་མེད་ཅིང་ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་བརྒལ་བ་རྣམས་སྒྲོལ་བ་དང། མ་གྲོལ་བ་རྣམས་དགྲོལ་བ་དང། དབུགས་མ་བྱིན་པ་རྣམས་དབུགས་འབྱིན་ པ་དང། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། སྦྱིན་པ་ཆེན་པོར་གྱུར་པ་འདི་ཡིས་ནི། །འགྲོ་ [265B]སྔོན་གྱི་རྒྱལ་དབང་རྣམས་ཀྱིས་མ་བསྒྲལ་གང། །སྐྱེ་བོ་སྲིད་པའི་ཆུ་ལས་སྒྲོལ་བར་ཤོག། ཅེས་བྱས་སོ། །དེ་ནས་གནོད་སྦྱིན་དེ་དག་གང་གི་ཚེ་ འགྲངས་ཤིང་ངོམས་པར་གྱུར་ཏེ་དབང་པོ་རྣམས་ཚིམ་པར་གྱུར་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། སྙིང་རྗེ་ཆེན་པོ་ཁྱོད་སྩལ་བ་འདིས་ཅི་ཞིག་སྒྲུབ། བྱང་ཆུབ་སེམས་ དཔས་སྨྲས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་བོ། །དེ་དག་གིས་སྨྲས་པ། འོ་ན་གང་གི་ཚེ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་སངས་རྒྱས་ཏེ་འགྲོ་བ་རྣམས་བདུད་རྩིས་ཚིམ་པར་མཛད་པ་དེའི་ཚེ་བདག་ཅག་ཁྱོད་ཀྱི་ཉན་ཐོས་དང་པོར་གྱུར་ཅིག་བྱང་ཆུབ་སེམས་དཔས་སྨྲས་པ། ཁྱེད་རྣམས་ནི། སྲོག་གཅོད་ པ༑ ཕ་རོལ་གྱི་སྲོག་འཕྲོག་པ་ཡིན་ན། ཇི་ལྟར་ངས་དེ་འདྲ་བ་དག་ཉན་ཐོས་ཀྱི་དང་པོར་བྱ། དེ་དག་གིས་སྨྲས་པ། སྙིང་རྗེ་ཆེན་པོ། བདག་ཅག་ལ་བཀའ་ཅི་སྩལ། བྱང་ཆུབ་སེམས་ དཔས་སྨྲས་པ། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པར་གྱིས་ཤིག་དེ་ནས་དེ་ཐོས་མ་ཐག་ཏུ་གནོད་སྦྱིན་དེ་རྣམས་ཀྱིས་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་ པར་བླངས་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་གང་གི་ཚེ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་བདག་ [266A]༄༅། །ཅག་འདིའི་ཉན་ཐོས་ཀྱི་དང་བོར་གྱུར་ཅིག་ཅེས་བྱས་སོ་།དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོ་བྱམས་པའི་སྟོབས་སུ་གྱུར་བ་བྱང་ཆུབ་སེམས་དཔའི་ སྤྱོད་པ་ལ་གནས་བ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་གཟི་བྱིན་འཕྲོག་པའི་གནོད་སྦྱིན་ལྔ་པོ་གང་ཡིན་པ་དེ་དག་ནི་དགེ་སློང་ལྔ་སྡེ་འདི་དག་ཉིད་ཡིན་ཏེ། དེའི་ཚེའང་འདི་ དག་ངས་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་ཏེ་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །ད་ལྟར་ཡང་ངས་འདི་རྣམས་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་བྱས་ནས་གཡུང་ དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ།། །།རླུང་ནག་པོ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་ མཉན་དུ་ཡོད་པ་ན་ཚོང་པ་ལྔ་བརྒྱ་ཙམ་གྱིས་ཟོད་ཁྱེར་ཏེ་ཡུལ་གཞན་དུ་ཆས་ནས་དེ་དག་མཐར་གྱིས་སོང་སོང་བ་ལས་ནགས་ཁུང་ཆེན་པོ་དགོན་པ་ཞིག་ཏུ་ཕྱིན་ཏོ། །ནགས་ཁུང་ དེ་ན་གཟི་བྱིན་འཕྲོག་པའི་གནོད་སྦྱིན་དྲག་པོ། འཇིགས་པ། གཞན་གྱི་སྲོག་འཕྲོག་པ་ཞིག་ཀྱང་གནས་ཏེ། དེས་རླུང་ནག་པོ་ཆེན་པོ་བཏང་ནས་ཚོང་པ་དེ་དག་གི་སྟེང་དུ་བརྒྱུགས་ ཏེ༑ དེ་ནས་ཚོང་པ་དེ་དག་ཅི་བྱ་གཏོལ་མེད་པར་གྱུར་ནས་དེ་དག་འཇིགས་ཤིང་སྐྲག་སྟེ་ལྷའོ་ཅོག་ལ་གསོལ་བ་འདེབས་པ་ལ་ཞུགས་སོ་།དགེ་བསྙེན་ཞིག་ཀྱང་འགྲོན་པོ་དེ་དག་ [266B] དེས་ཚོང་པ་དེ་དག་ཅི་བྱ་གཏོལ་མེད་པར་འདུག་པ་མཐོང་ནས་སྨྲས་པ། ཀྱེ། སྐྱབས་མ་ཡིན་པ་འདི་རྣམས་ལ་སྐྱབས་བཙལ་ཏེ་ཅི་རུང། བཅོམ་ལྡན་འདས་ལ་སྐྱབས་ སུ་དེང་ཞིག་དང་དེས་ཁྱེད་དཀོས་ཐག་ཅིང་ཉམ་ང་ལ་ཕོངས་པར་གྱུར་པ་ལས་ཡོངས་སུ་བསྐྱབ་པར་འགྱུར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚོང་པ་དེ་དག་བཅོམ་ལྡན་འདས་ལ་སྐྱབས་སུ་དོང་ སྟེ༑ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། འདི་ལྟ་སྟེ། འདས་པ་དང་ མ་འོངས་པ་དང། ད་ལྟར་བྱུང་བ་ཅིའང་མི་གཟིགས་པ་དང། མི་མཁྱེན་པ་དང། ཐུགས་སུ་མི་ཆུད་པ་མི་མངའ་ན། ཀྱེ་མ་བཅོམ་ལྡན་འདས། བདག་དཀོས་ཐག་ཅིང་ཉམ་ང་ལ་ཕོངས་པར་གྱུར་ པ་ལས་ཡོངས་སུ་བསྐྱབ་པ་དང། སྲོག་ཕངས་པ་སྩལ་དུ་གསོལ་ཞེས་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ ཡེ་ཤེས་ལ་མངའ་མཉེས་པ། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་ མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་ [267A]༄༅། །པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ་ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་ སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི། ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་གྱུར། སུ་ནི་ གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ་སུ་ནི། ངན་སོང་དུ་བབ། སུ་ནི། ངན་སོང་ ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི། འཕགས་པའི་ནོར་བདུན་ མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་ རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ནི། སངས་རྒྱས་བྱུང་ བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། ། [267B] །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་ནས་ཚོང་པ་ལྔ་བརྒྱ་པོ་རྣམས་འདུལ་བའི་དུས་ལ་བབ་པར་ཐུགས་ སུ་ཆུད་ནས་ཕྱག་གླང་པོ་ཆེའི་སྣ་ལྟ་བུ་བརྐྱངས་ཏེ་ཚོང་པ་ལྔ་བརྒྱ་པོ་དེ་དག་ནགས་ཁུང་དགོན་པ་དེ་ནས་བྲུངས་རྫས་དང་བཅས་ཏེ་བླངས་ནས་མཉན་དུ་ཡོད་པ་ནས་ཧ་ཅང་མི་རིང་བ་ཞིག་ ཏུ་བཏོན་ཏེ་བཀོད་དོ། །དེ་ནས་ཚོང་པ་ལྔ་བརྒྱ་པོ་དེ་དག་གིས་མཉན་དུ་ཡོད་པར་ཕྱིན་པའི་རྟགས་རྣམས་མཐོང་ངོ། །མཐོང་ནས་ཀྱང་དེ་དག་གིས་བསམ་པ། བདག་ཅག་ནི། བཅོམ་ ལྡན་འདས་ཀྱིས་སྐྱབས་མཛད་དོ་སྙམ་ནས་ཚོང་པ་དེ་དག་ཤིན་ཏུ་དགའ་བར་གྱུར་ཏེ། དེ་དགའ་བར་གྱུར་ནས་བསམ་པ། བདག་ཅག་ཁྱིམ་ན་གནས་པ་བཏང་ལ་བཅོམ་ལྡན་འདས་ཀྱི་ བསྟན་པ་ལ་རབ་ཏུ་བྱུང་སྟེ་ཆུ་བོ་རྣམས་ལས་རྒལ་བར་བྱ་བ་དང། སྦྱོར་བ་རྣམས་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང། སྒྲུབ་པ་དང། འབད་པར་བྱའོ་སྙམ་ནས་ མཉན་དུ་ཡོད་པར་དོང་སྟེ་རང་རང་གི་ཁྱིམ་གྱི་འཁོར་བཏང་ནས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དོང་ནས་བཅོམ་ལྡན་འདས་ག་ལ་བ་ དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཞབས་ལ་མཆུས་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི། བདག་ཅག་ [268A]༄༅། །ལ་དཀའ་བ་མཛད་པ་དང། སྲོག་ཕངས་པ་སྩོལ་བ་ལགས་སོ། །ཞེས་གསོལ་ནས་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྦྱན་སྔར་འཁོད་དོ། །བཅོམ་ ལྡན་འདས་ཀྱིས་ཀྱང་དེ་དག་གི་བསམ་པ་དང། བག་ལ་ཉལ་དང་ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་ཚོང་པ་ལྔ་ བརྒྱ་པོ་དེ་དག་གིས་སྟན་དེ་ཉིད་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་ཏེ་དེ་དག་ གིས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་ འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན་ བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ བྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་དག་ལ་ལུང་ཡང་ཕོག་གོ་དེ་དག་གིས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་ [268B] དེ་དག་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་པར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་ བའི་སེམས་དང་ལྡན་པ། ཙནྡན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་རྒྱུ་བས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་ སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། ། དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཚོང་པ་ལྔ་བརྒྱ་པོ་འདི་རྣམས་འཇིགས་པ་ཆེན་པོ་ལས་ཡོངས་སུ་བསྐྱབས་ ཏེ་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ ཏེ༑ འདས་པའི་དུས་ནའང་ཚོང་པ་ལྔ་བརྒྱ་པོ་འདི་དག་ཉིད་ངས་ཇི་ལྟར་འཇིགས་པ་ཆེན་པོ་ལས་ཡོངས་སུ་བསྐྱབས་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་བཀོད་པ་དེ་ ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ཚོང་པ་ལྔ་བརྒྱ་ཙམ་ཞིག་གིས་ཟོང་ཁྱེར་ཏེ་ཡུལ་གཞན་དུ་ཆས་ནས་དེ་དག་མཐར་གྱིས་སོང་སོང་བ་ལས་ནགས་ཁུང་ཆེན་ [269A]༄༅། །པོ་དགོན་པ་ཞིག་ཏུ་ཕྱིན་ཏོ། །ནགས་ཁུང་དེ་ན་གཟི་བྱིན་འཕྲོག་པའི་གནོད་སྦྱིན་དྲག་པོ། འཇིགས་པ། གཞན་གྱི་སྲོག་འཕྲོག་པ་ཞིག་གནས་ཏེ། དེས་རླུང་ ནག་པོ་ཆེན་པོ་བཏང་ནས་ཚོང་པ་དེ་དག་གི་སྟེང་དུ་བརྒྱུགས་ཏེ་དེས་ན་ཚོང་པ་དེ་དག་ཅི་བྱ་གཏོལ་མེད་པར་གྱུར་ནས་དེ་དག་འཇིགས་ཤིང་སྐྲག་པར་གྱུར་ཏོ། །དེའི་ཚེ་དྲང་སྲོང་གི་ གནས་ཤིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་པ་དེས་ཚོང་པ་ལྔ་བརྒྱ་སྡུག་བསྔལ་བར་གྱུར་པ་མཐོང་ངོ། །མཐོང་ནས་ཀྱང་ ཚོང་པ་ལྔ་བརྒྱ་པོ་དེ་དག་བྲུངས་རྫས་དང་བཅས་ཏེ་ནགས་ཁུང་དགོན་པ་དེ་ནས་བླངས་ནས་བདག་ཉིད་ཀྱི་གནས་སུ་བཀོད་དོ་།དེ་ནས་ཚོང་པ་རྣམས་ཀྱིས་བསམ་པ། ཅིའང་རུང་ སྟེ་བདག་ཅག་འཚོ་བར་གྱུར་པ་འདི་དག་ཐམས་ཅད་ནི། དྲང་སྲོང་འདིའི་མཐུ་ཡིན་གྱི། བདག་ཅག་གིས་ཁྱིམ་ན་གནས་པ་བཏང་ལ་འདི་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ་ཚངས་པར་ སྤྱོད་པ་སྤྱད་དོ་སྙམ་ནས་ཚོང་པ་ལྔ་བརྒྱ་པོ་དེ་དག་དྲང་སྲོང་དེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་ སེམས༑ དེའི་ཚེ་དྲང་སྲོང་དུ་གྱུར་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་ཚོང་པ་ལྔ་བརྒྱར་གྱུར་པ་གང་ཡིན་པ་དེ་དག་ནི། ཚོང་པ་ལྔ་བརྒྱ་པོ་འདི་དག་ཡིན་ཏེ། དེའི་ཚེའང་ [269B]བཞི་དང། མངོན་པར་ཤེས་པ་ལྔ་ལ་བཀོད་དོ། །ད་ལྟར་ཡང་ངས་འདི་རྣམས་འཇིགས་པ་ཆེན་པོ་ལས་བསྐྱབས་ ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རྣམས་ རབ་ཏུ་བྱུང་སྟེ། རབ་ཏུ་བྱུང་ནས་ཀྱང་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་ན་བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་ བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཤོག་ཅིག་ཅེས་བྱས་སོ་།དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་ཡང་ དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱ་པོར་གྱུར་པ་གང་ཡིན་པ་དེ་དག་ནི། ཚོང་པ་ལྔ་བརྒྱ་པོ་འདི་དག་ཉིད་ཡིན་ཏེ། འདི་དག་ དེར་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དེ་འཆི་ཁར་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་ཅག་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ [270A]༄༅། །འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་ མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྦངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམས་པ་བརྙེས་པར་གྱུར་ནས་འདི་ རྣམས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ སོ༑༑ །།གྲོག་མ་གཉིས་ཞེས་བྱ་བ་ལ། གྲོག་མ་དང་པོ་ནི། གླེང་གཞི་མཉན་དུ་ཡོད་པ་ནས་བཞུགས་ཏེ། དེར་གང་གི་ཚེ་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་བདེན་པ་ རྣམས་མཐོང་བ་དེའི་ཚེ་ལྷ་བརྒྱད་ཁྲིས་ཀྱང་བདེན་པ་མཐོང་བར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཀཽཎྜི་ནྱ་ ལ་སོགས་པ་དང། ལྷ་བརྒྱད་ཁྲི་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་མཛད་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས་ [270B] བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་འབའ་ཞིག་མ་ཡིན། འདས་པའི་དུས་ནའང་ཀཽཎྜི་ནྱ་ལ་སོགས་པ་དང། ལྷ་བརྒྱད་ཁྲི་པོ་འདི་དག་ཉིད་ངས་ཇི་ལྟར་རང་གི་ཤ་ དང་ཁྲག་གིས་ཚིམ་པར་བྱས་ནས་སྲོག་ཕངས་པ་བྱིན་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་པ་འདས་པའི་དུས་ན་ཆུ་ཀླུང་ཞིག་གི་འགྲམ་ན་རུས་སྦལ་སྙིང་རྗེ་ཆེ་བ། བྱམས་པའི་ བདག་ཉིད་ཅན། སེམས་ཅན་ལ་བྱམས་པ་ཞག་གནས་པ་དེ་རེས་འགའ་ནི་སྐམ་ལ་རྒྱུ། རེས་འགའ་ནི། ཆུའི་ནང་དུ་རྒྱུ། དེ་ནས་ཕྱི་ཞིག་ན་ཆུའི་ནང་ནས་བྱུང་སྟེ་སྐམ་ལ་རྒྱུ་ཞིང་སོང་ སོང་བ་ལས་སྐམ་ས་དེ་ཉིད་དུ་ཉལ་ལོ། །དེ་ནས་གྲོག་ཚང་ཞིག་ནས་གྲོག་མ་ཞིག་བྱུང་སྟེ་རུས་སྦལ་དེའི་ཐད་དུ་སོང་པ་དང་དེས་རུས་སྦལ་སྐམ་ལ་ཉལ་བ་དེ་མཐོང་ནས་དེ་ཚང་གི་ནང་ དུ་སོང་སྟེ་གྲོག་མ་གཞན་དག་ལ་སྦྲན་ཏོ། །གྲོག་ཚང་དེ་ནའང་གྲོག་མ་བརྒྱད་ཁྲི་གནས་ཏེ། དེ་དག་གིས་གྲོག་མ་དེ་ལས་ཐོས་ནས་གྲོག་ཚང་དེའི་ནང་ནས་ཐོན་ཏེ་རུས་སྦལ་དེའི་ལུས་ ལ་ཞུགས་སོ། །དེ་ནས་དེ་དག་ཟ་བས་སད་དེ་དེས་བལྟས་ན་ལུས་ཐོག་ཐག་གྲོག་མས་གང་བར་མཐོང་ངོ། །བྱང་ཆུབ་སེམས་དཔའ་རྣམས་ནི། ལུས་ཀྱིས་ལོག་པར་ལྟུང་ དུ་ཟིན་ཀྱང་སེམས་ཀྱིས་ལོག་པར་ལྟུང་བར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེས་བསམ་པ། ངས་ཆུའི་ནང་དུ་འགྲོ་ནི། ནུས་མོད་ཀྱི་སེམས་ཅན་འདི་སྙེད་ཀྱི་སྲོག་མ་ [271A]༄༅། །རུང་བར་འགྱུར་ལ། བདག་ཀྱང་སེམས་ཅན་ལ་ཕན་པའི་ཕྱིར་བརྩོན་པ་ཡིན་གྱི། བདག་རང་གི་སྲོག་ཡོངས་སུ་བཏང་ཡང་སླའི། སེམས་ཅན་འདི་སྙེད་ཀྱི་སྲོག་མ་ རུང་བར་བྱར་ནི་མི་རུང་ངོ་སྙམ་ནས་བདག་ཉིད་ཀྱིས་མནགས་ཏེ་ཅང་མི་ཟེར་བར་འདུག་ནས་དེ་གྲོག་མ་བརྒྱད་ཁྲི་པོ་དེ་དག་གིས་བཟའ་བ་ན་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་ བ་འདིས་བདག་འཇིག་རྟེན་ལོང་བ། སྟོན་པ་མེད་པ། ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ་དང། མ་གྲོལ་བ་རྣམས་དགྲོལ་བ་དང། དབུགས་མ་ཕྱིན་ པ་རྣམས་དབུགས་འབྱིན་པ་དང། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ ལྡན་འདས་སུ་གྱུར་ཅིག་ཇི་ལྟར་ངས་འདི་རྣམས་ད་ལྟར་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་ནས་སྲོག་ཕངས་པ་བྱིན་པ་དེ་བཞིན་དུ་ང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནའང་འདི་རྣམས་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་བྱས་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ [271B] །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་རུས་སྦལ་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ ཉིད་ཡིན་ནོ། །དེའི་ཚེ་གྲོག་མ་བརྒྱད་ཁྲིར་གྱུར་པ་གང་ཡིན་པ་དེ་དག་ནི། ལྷ་བརྒྱད་ཁྲི་པོ་འདི་དག་ཉིད་ཡིན་ཏེ། དེའི་ཚེའང་ངས་འདི་རྣམས་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་ནས་ སྲོག་ཕངས་པ་བྱིན་ནོ། །ད་ལྟར་ཡང་ངས་འདི་རྣམས་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་བྱས་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་ དོ༑༑ །།གྲོག་མ་གཉིས་པ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། གཏན་ཚིགས་རྒྱས་པར་ནི། དབྱིག་དགའི་རྟོགས་པ་བརྗོད་པ་ལས་འབྱུང་བ་བཞིན་ཏེ། གང་གི་ཚེ་ ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་བདེན་པ་རྣམས་མཐོང་བར་གྱུར་པ་དེའི་ཚེ་ལྷ་བརྒྱད་ཁྲིས་ཀྱང་བདེན་པ་མཐོང་བར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ ལ་གསོལ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཀཽཎྜི་ནྱ་ལ་སོགས་པ་དང། ལྷ་བརྒྱད་ཁྲི་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་མཛད་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་ བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་སུའང་ཀཽཎྜི་ནྱ་ལ་སོགས་པ་དང། ལྷ་ [272A]༄༅། །བརྒྱད་ཁྲི་པོ་འདི་དག་ཉིད་ངས་ཇི་ལྟར་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱས་ནས་སྲོག་ཕངས་པ་བྱིན་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་ འདས་པའི་དུས་ན་རི་ཁྲོད་ཞིག་ནས་ཐག་མི་རིང་བ་ཞིག་ན་ཁུང་ཞིག་གི་ནང་ན་སྲོག་ཆགས་སྐྱིན་གོར་སྙིང་རྗེ་ཆེ་བ། བྱམས་པའི་བདག་ཉིད་ཅན། སེམས་ཅན་ལ་བྱམས་པ་ ཞིག་གནས་པ་དེ། རྩ་བ་དང་འབྲས་བུས་འཚོ་ཞིང་སུ་ལའང་འཚེ་མི་འདོད་པ་ཞིག་འདུག་པ་དེ་ཕྱི་ཞིག་ན་གཟས་ལ་སོང་སོང་བ་ལས་རྔོན་པ་ཞིག་གིས་མཐོང་ནས་དེ་དེས་ གསོན་པོར་བཟུང་སྟེ་པགས་པ་བཤུས་ནས་བཏང་སྟེ་རྔོན་པ་དེས་པགས་པ་དེ་ཁྱེར་ཏེ་སོང་ངོ། །དེ་ནས་སྐྱིན་གོར་དེ་ན་ཚ་མི་བཟོད་དེ་ཆུ་འགྲམ་ཞིག་ཏུ་སོང་ནས་ས་གཞི་བསིལ་ བའི་ཕྱོགས་སུ་ཉལ་ལོ། །དེ་ནས་ཧ་ཅང་ཡང་མི་རིང་བ་ཞིག་ན་གྲོག་ཚང་ཞིག་ཡོད་དེ། གྲོག་ཚང་དེ་ན་གྲོག་མ་བརྒྱད་ཁྲི་གནས་ཏེ། གྲོག་ཚང་དེའི་ནང་ནས་གྲོག་མ་ཞིག་བྱུང་སྟེ་ གྲོག་མ་དེ་སྐྱིན་གོར་དེའི་ཐད་དུ་སོང་སྟེ་བལྟས་ན་སྐྱིན་གོར་པགས་པ་མེད་པ་དེ་མཐོང་ནས་རང་གི་ཚང་དུ་སོང་སྟེ་གྲོག་མ་གཞན་དག་ལ་སྦྲན་ནས་གྲོག་མ་བརྒྱད་ཁྲི་པོ་དེ་དག་ཚང་ ནས་ཐོན་ཏེ་སྐྱིན་གོར་དེའི་ལུས་ལ་ཞུགས་སོ། །དེ་ནས་དེ་དག་ཟ་བས་སད་དེ་དེས་བལྟས་ན་ལུས་ཐོག་ཐག་གྲོག་མས་གང་བར་མཐོང་ངོ་།བྱང་ཆུབ་སེམས་དཔའ་རྣམས་ནི། ལུས་ [272B]མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེས་བསམ་པ། ངས་བདག་ཉིད་ཐར་པར་ནི། ནུས་མོད་ཀྱི། སེམས་ཅན་འདི་ སྙེད་ཀྱི་སྲོག་མ་རུང་བར་འགྱུར་ལ། བདག་ཀྱང་སེམས་ཅན་ལ་ཕན་པའི་ཕྱིར་བརྩོན་པ་ཡིན་གྱི། བདག་རང་གི་སྲོག་ཡོངས་སུ་བཏང་ཡང་སླའི། སེམས་ཅན་འདི་སྙེད་ཀྱི་སྲོག་མ་རུང་ བར་བྱར་ནི་མི་རུང་ངོ། །གཅིག་ཏུ་ན་བདག་ནི། གནོད་པ་འདི་ཁོ་ནས་ངེས་པར་འཆི་བར་འགྱུར་ལ། བདག་གི་བྱ་བ་གང་ཡིན་ཞེ་ན། སེམས་ཅན་ལ་ཕན་པའི་ཕྱིར་ལུས་ཡོངས་སུ་གཏོང་བ་ སྟེ༑ དེ་ནི། བདག་ལ་འདི་རྣམས་ཀྱིས་བསྐུལ་ཏོ་སྙམ་ནས་བདག་ཉིད་ཀྱིས་མནགས་ཏེ་ཅང་མི་ཟེར་བར་འདུག་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ སྟེ༑ ཀྱེ་མ་དགེ་བའི་རྩ་བ་འདིས་བདག་འཇིག་རྟེན་ལོང་བ། སྟོན་པ་མེད་པ། ཡོངས་སུ་འདྲེན་པ་མེད་པར་སེམས་ཅན་མ་བརྒལ་བ་རྣམས་སྒྲོལ་བ་དང། མ་གྲོལ་བ་རྣམས་དགྲོལ་བ་དང་ དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ་དང། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་ [273A]༄༅། །བཅོམ་ལྡན་འདས་སུ་གྱུར་ཅིག་ཇི་ལྟར་ངས་འདི་རྣམས་ད་ལྟར་རང་གི་ཤ་དང། ཁྲག་གིས་ཚིམ་བར་བྱས་ནས་སྲོག་པ་ངེས་པ་བྱིན་པ་དེ་བཞིན་དུ་ང་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནའང་འདི་རྣམས་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་བྱས་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་ བའི་མྱ་ངན་ལས་འདས་པ་ལ་འགོད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་སྐྱིན་གོར་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་གྲོག་མ་བརྒྱད་ཁྲིར་གྱུར་པ་དེ་དག་ནི། ལྷ་བརྒྱད་ཁྲི་འདི་དག་ཉིད་ཡིན་ཏེ། དེའི་ཚེ་འང་ངས་འདི་རྣམས་རང་གི་ཤ་དང། ཁྲག་གིས་ཚིམ་པར་ བྱས་ནས་སྲོག་ཕངས་པ་བྱིན་ནོ། །ད་ལྟར་ཡང་ངས་འདི་རྣམས་དམ་པའི་ཆོས་ཀྱི་བཅུད་ཀྱིས་ཚིམ་པར་བྱས་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་ འདས་པ་ལ་བཀོད་དོ།། །།སྤྱོད་ཡུལ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉན་ཐོས་རྣམས་ནི། ཆོས་ ཉིད་ཀྱིས་འདུ་བ་ཆེན་པོའི་དུས་གཉིས་ཡོད་དེ། དབྱར་ཟླ་འབྲིང་པོ་ལ་དབྱར་གནས་འཆའ་བའི་དུས་ལ་བབ་པ་དང། སྟོན་ཟླ་ཐ་ཆུང་ཉའོ། །དེ་ལ་དབྱར་ཟླ་འབྲིང་པོ་ལ་དབྱར་གནས་ [273B] དགེ་སློང་རྣམས་ཡིད་ལ་བྱེད་པའི་ཁྱད་པར་དག་མནོས་ནས་རིའི་སུལ་དང། རི་ཕུག་དང། སོག་མའི་སྤྱི་བ་པོ་དང། ཐང་དང། དུར་ཁྲོད་དང། ནགས་ཁྲོད་དང། བས་ མཐའི་གནས་མལ་དག་ཏུ་དོང་སྟེ་དབྱར་གནས་འཆའ་བར་བྱེད་དོ་།སྟོན་ཟླ་ཐ་ཆུང་ཉ་ལ་ནི། ཕྱིར་འོངས་ནས་རྟོགས་ཟིན་པ་ནི་རྗོད་པར་བྱེད། ད་དུང་མ་རྟོགས་པ་ཡན་ཆད་ནི། ཞུ་བར་བྱེད་ དོ༑ ༑དེ་ནས་དགེ་སློང་ཞིག་ལྗོངས་སུ་སྐབས་དབྱེ་བ་བྱས་ནས་ལྗོངས་རྒྱུ་ཞིང་སོང་སོང་བ་ལས་མཉན་དུ་ཡོད་པར་ཕྱིན་ནས་དེས་ལྷུང་བཟེད་དང་ཆོས་གོས་བཞག་གོ་དེ་ནས་སྔ་དྲོ་ཤམ་ ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་ངོ། །དེའང་གསར་དུ་འོངས་ལ་སྔོན་ཆད་མ་ཕྱིན་ཏེ་ཤེས་པ་ཆུང་ཞིང་སྤྱོད་ཡུལ་ལ་མི་མཁས་ པ་ཞིག་སྟེ། དེ་ཤིན་ཏུ་འཕྱི་བ་ཞིག་ན་མཉན་དུ་ཡོད་པར་སོང་ནས་དེས་བལྟས་ན། དགེ་སློང་གཞན་དག་ལག་པ་གང་བ་དང། ལྷུང་བཟེད་བཀང་སྟེ་ཕྱིར་འོང་བ་མཐོང་ནས་དེས་བསམ་པ་ དགེ་སློང་འདི་དག་ལ་འདི་ན་སྤྱོད་ཡུལ་གྱི་ས་གང་ན་ཡོད་པ་དང་གང་དུ་བསོད་སྙོམས་སྐྱེན་པར་རྙེད་པར་འགྱུར་བ་དེ་དྲི་བར་བྱའོ་སྙམ་ནས་ཉེ་དགའ་བོའི་ཐད་དུ་དོང་སྟེ་དྲིས་པ། བཙུན་པ་ཉེ་ དགའ་བོ༑ བདག་ནི། མཉན་དུ་ཡོད་པའི་སྤྱོད་ཡུལ་གྱི་རྒྱུས་མ་འཚལ་ན། བདག་གིས་གང་ནས་བསོད་སྙོམས་སྐྱེན་པར་རྙེད་པར་འགྱུར་བ་དེ་ལྟ་བུའི་སྤྱོད་ཡུལ་བདག་ལ་སྟོན་ཅིག་ཅེས་ [274A]༄༅། །བྱས་པ་དང། ཉེ་དགའ་བོས་མཐོ་བཙམ་པར་བསམ་སྟེ་བྲམ་ཟེ་དགེ་མཚན་དང་བཀྲ་ཤིས་དང་སྦྱོར་བ་མི་སྲུན་ཅིང་མ་དད་པ་ཞིག་གི་ཁྱིམ་བསྟན་ཏེ། ཁྱིམ་ འདིར་སོང་ཞིག་དང། འདི་ནས་ཁྱོད་ཀྱི་བསོད་སྙོམས་འབྱུང་བར་འགྱུར་རོ། །ཞེས་བྱས་ནས་ཉེ་དགའ་བོ་སོང་ངོ། །དེ་ནས་དགེ་སློང་དེ་ཁྱིམ་དེའི་ནང་དུ་སོང་བ་དང་བྲམ་ཟེ་དེའང་ དོན་ཞིག་ལ་གྲོང་གཞན་ཞིག་ཏུ་འགྲོ་བར་ཆས་པ་ལས་དེས་བསམ་པ་མགོ་རེག་གོས་ཚོན་ཅན་གྱོན་པ་བདག་གི་མདུན་དུ་འོངས་པ་འདི་ནི་བཀྲ་མི་ཤིས་སོ་སྙམ་ནས་དེ་ དེས་བཟུང་ནས་ཁུ་ཚུར་དང། རྡོག་པས་ཞེན་པར་བརྡེགས་ཏེ་བསྒྱུར་ཏེ་བོར་ནས་དེ་ཀླད་པ་ནི། རྡོལ། ཆོས་གོས་སྣམ་སྦྱར་ནི། རལ་ལྷུང་བཟེད་ནི། ཞོམ། གསེག་ཤིང་ནི། ཆག་ སྟེ༑ ཁྱིམ་དེའི་ནང་ནས་ཕྱིར་བྱུང་ནས་དེས་བསམ་པ། བདག་ཟན་མེད་ཀྱང་སླའོ་སྙམ་ནས་དེ་སྨྱུང་བར་འདུག་བཞིན་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་དགེ་སློང་རྣམས་ ཀྱིས་དེ་མཐོང་ནས་དྲིས་པ། བཙུན་པ། འདི་ལྟ་བུ་ཅི། ཁྱོད་མི་རྒོད་ཀྱིས་མ་བཅོམ་མམ། དེས་སྨྲས་པ། བདག་མི་རྒོད་ཀྱིས་ནི། མ་བཅོམ་གྱི། ཉེ་དགའ་བོས་མཐོ་བརྩམས་སོ།། ཞེས་བྱས་སོ། །དེ་ནས་སྐབས་ཀྱི་གཏམ་དེ་དགེ་སློང་རྣམས་ཀྱིས་ཐོས་ཏེ་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དགེ་སློང་གིས་དགེ་ [274B] །གལ་ཏེ་མི་ཤེས་བཞིན་དུ་འགྲོ་འདོད་པ་ཞིག་དགེ་སློང་དག་གིས་མཐོང་ནའང་དགག་པར་བྱ་སྟེ། དེ་ལྟར་བཀག་ན་ནི། ལེགས་ མ་བཀག་ན། ཉེས་པ་དང་ལྡན་པར་འགྱུར་རོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། ཉེ་དགའ་བོས་དགེ་སློང་འདི་སྤྱོད་ཡུལ་མ་ལགས་པར་ བཏང་ནས་དགེ་སློང་འྡིའང་དེར་མཆིས་ཏེ་གནོད་པ་ཆེན་པོ་དང་མཇལ་བ་ལ་གཟིགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། སྔོན་ འདས་པའི་དུས་ནའང་དགེ་སློང་འདི་ཉེ་དགའ་བོ་འདི་ཁོ་ནས་སྤྱོད་ཡུལ་མ་ཡིན་པ་ལ་ཇི་ལྟར་བཏང་བ་དང། འྡིའང་དེར་སོང་སྟེ་གནོད་པ་ཆེན་པོ་དང་ཇི་ལྟར་ཕྲད་པ་དེ་ཉོན་ཅིག་ དགེ་སློང་དག། སྔོན་བྱུང་བ་འདས་པའི་དུས་ན་པདྨའི་མཚོ་ཞིག་གི་ནང་ན་སྲོག་ཆགས་རུས་སྦལ་ཞིག་གནས་ལ་ཝ་ཞིག་ཀྱང་སྐོམ་གྱིས་གདུངས་ནས་ཆུབ་ཏུང་ངོ་སྙམ་སྟེ་པདྨའི་མཚོ་ དེའི་ནང་དུ་ཞུགས་པ་དང། དེས་སྲོག་ཆགས་རུས་སྦལ་དེ་མཐོང་ནས་བཟའ་བར་ཆས་ཏེ་སོས་བཟུང་ནས་རུས་སྦལ་དེས་དེ་ལ་སྨྲས་པ། གྲོགས་པོ། བདག་མ་གསོད་ཅིག་བདག་ནི་ ཁྱོད་ཀྱི་ཁམ་གཅིག་ཏུའང་མེད་ཀྱི། གལ་ཏེ་ཁྱོད་ཀྱིས་བདག་གསོན་པོར་བཏང་ན་བདག་གིས་ཁྱོད་ལ་ཁ་ཟས་མང་པོ་བསྟན་ཏོ། །ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཝ་དེས་རུས་ [275A]༄༅། །སྦལ་དེ་བཏང་སྟེ་སྨྲས་པ། བདག་གིས་ག་ལས་བཟའ་བ་རྙེད་པར་འགྱུར་བའི་ཕྱོགས་དེ་སྟོན་ཅིག། རུས་སྦལ་གྱིས་སྨྲས་པ་གྲོགས་པོ། ཕྱོགས་ག་གི་ མོ་ཞིག་ན་ཕུག་ཅིག་གི་ནང་ན་སྐྱིན་གོར་མ་སྨད་བརྒྱད་གནས་ཀྱི་དེ་རྣམས་ཁྱོད་ཀྱིས་སོད་ལ་ཟོ་ཞིག་ཅེས་བྱས་སོ། །ཕུག་དེའི་ནང་ན་སེངྒེ་མོ་ཞིག་ཀྱང་གནས་ཏེ། དེའང་གསར་དུ་ བུ་བྱུང་ནས་དེ་ལ་སེངྒེའི་ཕྲུག་གུ་གཉིས་ཡོད་དེ། དེས་དེ་གཉིས་བསྲུང་བའི་ཕྱིར་ཕུག་དེའི་ནང་ནས་ཕྱིར་འབྱུང་དུ་མི་བཏུབ་བོ་།དེ་ནས་དེ་ཐོས་མ་ཐག་ཏུ་ཝ་དེའང་ཕུག་སྒོ་ལོགས་ སུ་ཆས་པ་ལས་དེ་ཝ་གཞན་ཞིག་གིས་མཐོང་ནས་སྨྲས་པ། གྲོགས་པོ། གར་འགྲོ། དེས་སྨྲས་པ། ཕུག་འདིའི་ནང་ན་སྐྱིན་གོར་མ་སྨད་བརྒྱད་གནས་ཏེ། དེ་དག་བདག་གིས་ བསད་ལ་བཟའ་བར་བྱའོ། །ཝ་ངེས་སྨྲས་པ། གྲོགས་པོ། ལྟོས་དང་ཁྱེད་འདིར་སོང་ན་སྡུག་བསྔལ་དང་ཕྲད་ཏ་རེ། ཞེས་བྱས་པ་དང། དེས་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ་ བདག་ནི་འདི་ན་སྟོབས་ལྡན་བརྩོན་འགྲུས་ལྡན། །བདག་དང་མཚུངས་པ་ག་ལའང་ཡོད་མེད་དེ། །གླང་ཆེན་རྒྱལ་པོ་རྫིང་ལ་བབ་པ་བཞིན། །དེ་རིང་སྐྱིན་གོར་སྨད་བརྒྱད་གཞོམ་ པར་བྱ༑ ༑ཞེས་སྨྲས་ནས་དེས་དེའི་ཚིག་མ་མཉན་ཏེ་ཕུག་དེའི་ནང་དུ་སོང་བ་ལས། དེ་སེངྒེའི་ཕྲུ་གུ་གཅིག་གིས་ནི། རྣ་བ་ནས་བཟུང། གཅིག་གིས་ནི། མཇུག་མ་ནས་བཟུང་སྟེ་མས་ [275B] བུ་གཉིས། ཐེ་རེ་ལ་ཟ་བ་འདི་མ་གསོད། འདི་བསད་དེ་ཅི་རུང་ཞེས་བྱས་ནས་དེ་གཉིས་ཀྱིས་མའི་ཚིག་མཉན་ཏེ་གཅིག་གིས་ནི། རྣ་བ་བཅད། གཅིག་གིས་ནི། མཇུག་མ་བཅད་དེ་ བོར་རོ༑ ༑དེ་ནས་ཝ་གཅིག་ཤོས་ཀྱིས་དེ་ཕུག་སྒོ་ནས་བྱུང་བ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ནི་འདི་ནི་སྟོབས་ལྡན་བརྩོན་འགྲུས་ལྡན། །ཁྱོད་དང་མཚུངས་པ་ག་ ལའང་མེད་ཅེ་ན། །དཔའ་པོ་ལུས་མཛེས་མ་རུང་གྱུར་པ་ལས། །ཁ་ཚོ་བསྐྱེད་པ་དེ་དང་མཐུན་མ་གྱུར། །དེ་ནས་དེས་དེ་ལ་སྨྲས་པ་འདི་ནི། དེས་ཀྱང་མ་ཉེས་ཀྱི། བདག་གིས་དེའི་ཚིག་ མཉན་ཏེ་ཡིད་ཆེས་པར་བྱས་པ་འདི་ནི། བདག་ཉིད་ཀྱིས་ཉེས་སོ་།ཞེས་བྱས་ནས་ཚིགས་སུ་བཅད་དེ་སྨྲས་པ། སྐྱིན་གོར་སྨད་བརྒྱད་ཕུག་ན་སྐྱེས་སོ་ཞེས། །བདག་ནི་རུས་སྦལ་ཚིག་ལ་ ཡིད་ཆེས་པ། །དེ་ནི་བདག་འདིར་བླུན་ཞིང་དགོངས་ཀྱང་ཆུང། །མི་ཤེས་བྱུར་ངན་དམ་པས་སྨད་པར་འོས། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་སྲོག་ཆགས་རུས་སྦལ་དུ་གྱུར་པ་གང་ ཡིན་པ་དེ་ནི། ཉེ་དགའ་བོ་འདི་ཁོ་ན་ཡིན་ནོ། །དེའི་ཚེ་ཝ་ར་གྱུར་པ་གང་ཡིན་པ་དེ་ནི། དགེ་སློང་འདི་ཉིད་ཡིན་ཏེ། དེའི་ཚེའང་དེ་འདིས་སྤྱོད་ཡུལ་མ་ཡིན་པར་བཏང་སྟེ། འྡིའང་དེར་སོང་བ་ ལས་སྡུག་བསྔལ་ཆེན་པོ་རྙེད་ལ་ད་ལྟར་ཡང་དེས་འདི་སྤྱོད་ཡུལ་མ་ཡིན་པར་བཏང་སྟེ་དགེ་སློང་འདི་དེར་སོང་ནས་སྡུག་བསྔལ་ཆེན་པོ་རྙེད་པར་གྱུར་ཏོ།། །།དགོན་པ་པ་ཞེས་བྱ་ [276A]༄༅། །བ་ནི༑ གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ། ལོངས་སྤྱོད་ཆེ་བ་ཡོངས་སུ་འཛིན་པ་ཡངས་ཤིང་ རྒྱ་ཆེ་བ༑ རྣམ་ཐོས་ཀྱི་བུའི་ནོར་དང་མཉམ་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་ དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ཏེ་སེམས་ཅན་དེའང་སྲིད་པ་ཐ་མ་པ་ཞིག་ཡིན་ལ། ཁྱིམ་དེའི་བསེན་ནི། ཚེ་དང་ལྡན་པ་མ་འགགས་པ་ཡིན་ཏེ། དེས་ བལྟས་ན་སྲིད་པ་ཐ་མ་པའི་སེམས་ཅན་གྱིས་ཁྱིམ་དེར་ཉིང་མཚམས་སྦྱར་བར་མཐོང་ངོ། །དེ་ནས་དེས་ཕྱི་ཞིག་ན་ཁྱིམ་བདག་དེ་བརྟན་པོར་བྱ་བའི་ཕྱིར་གཅིག་པུ་ཟླ་མེད་ཅིང་གཡོག་ མེད་པར་ཁྱིམ་དེར་སོང་བ་དང། ཁྱིམ་བདག་དེས་ཚེ་དང་ལྡན་པ་མ་འགགས་པ་མཐོང་ནས་སྨྲས་པ། འཕགས་པ། ཁྱོད་ཞམ་རིང་མ་མཆིས་སམ། ཅི་ན་ཟླ་མ་མཆིས་པ་དང། ཞབས་འབྲིང་ མ་མཆིས་པར་གཅིག་པུ་གཤེགས། ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། བདག་ཅག་གི་གཡོག་ནི། ཁྱེད་ཅག་ལྟ་བུ་འབའ་ཞིག་གིས་བྱིན་པ་དེ་དག་བདག་ཅག་གི་གཡོག་ཏུ་འགྱུར་ བར་ཟད་པས་ན། བདག་ཅག་གི་གཡོག་ནི། རྙེད་རྙེད་ཙམ་དུ་ཟད་དོ་།ཁྱིམ་བདག་གིས་སྨྲས་པ། འཕགས་པ། བདག་གི་མཆིས་བྲང་ལ་བུ་ཆགས་པ་མཆིས་ཀྱི། དེ་ལས་གལ་ཏེ་ [276B] དེ་བདག་གིས་འཕགས་པའི་ཞབས་འབྲིང་དུ་དབུལ་ལོ། །མ་འགགས་པས་སྨྲས་པ། ཁོང་དགེ་བ་རྣམས་ནི། དམ་བཅས་པ་ལ་བརྟན་པ་ཡིན་ནོ། །ཞེས་ སྨྲས་ནས་སོང་ངོ། །ཁྱིམ་བདག་གི་ཆུང་མ་དེའང་གང་གི་ཚེ་བུ་ཆགས་པར་གྱུར་ནས་གཅིག་པུ་ཤིན་ཏུ་དབེན་པའི་ཕྱོགས་སུ་སོང་ནས་གནས་པར་བྱེད་དེ། ཕྱིན་ཆད་སྐྱེ་བོ་མང་པོའི་ནང་ དུ་འདུག་པར་མི་དགའོ། །དེ་ནས་ཁྱིམ་བདག་གིས་བསམ་པ། མ་ལ་བདག་གི་ཆུང་མ་འདི་འབྱུང་པོ་འགའ་ཞིག་གིས་མ་བརླམས་གྲང་སྙམ་ནས་ལྟས་མཁན་རྣམས་ལ་བསྟན་ ནས་ལྟས་མཁན་རྣམས་ཀྱིས་སྨྲས་པ། འདི་འབྱུང་པོས་བརླམས་པ་ནི་མ་ཡིན་གྱི། འདི་ནི། སེམས་ཅན་ལྟོ་ན་འདུག་པ་དེའི་མཐུ་ཡིན་ཏེ་སེམས་ཅན་དེ་ནི། གཅིག་པུ་གར་བར་ དགའ་བ་ཞིག་གོ་ཞེས་བྱས་སོ། །དེ་ནས་ཁྱིམ་བདག་གི་ཆུང་མ་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་བ། གསེར་གྱི་ཁ་ དོག་ཅན། མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་མ་བཙས་པའི་སྔ་རོལ་ནས་གཅིག་པུ་གར་བར་དགའ་བར་འགྱུར་རོ། །ཞེས་ལུང་བསྟན་པས་ན། དེའི་ཕྱིར་ཁྱེའུ་འདིའི་ [277A]༄༅། །མིང་དགོན་པ་པ་ཞེས་གདགས་སོ། །ཞེས་ཟེར་རོ། །དེ་ནས་ཁྱེའུ་དགོན་པ་པ་དེ་འོ་མ་དང་ཞོ་དང་མར་ད་བཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་ནས་འགྲོ་པར་ནུས་ པར་གྱུར་པ་དང། ཁྱེའུ་དེ་རང་བཞིན་གྱི་ཚེ་རབས་དྲན་ཏེ། དེས་བལྟས་ན་འཁོར་བར་འཁོར་བ་ན་བདག་གིས་འདུ་འཛིའི་ཉེས་པས་སྡུག་བསྔལ་ཆེན་པོ་མྱོང་བར་མཐོང་ངོ། །མཐོང་ནས་ ཀྱང་གཅིག་པུ་ཤིན་ཏུ་དབེན་པའི་ཕྱོགས་སུ་དགའ་བར་བྱེད་ཅིང་དེ་འདུ་འཛིའི་ཉེས་པ་སྤང་བའི་ཕྱིར་གནས་སོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་མ་འགགས་པས་དེ་རབ་ཏུ་བྱུང་བའི་ དུས་ལ་བབ་པར་ཤེས་ནས་ཁྱིམ་བདག་དེ་ལ་སྨྲས་པ། ཁྱིམ་བདག་ཁྱེའུ་འདི་ནི། མ་བཙས་པའི་སྔ་རོལ་ནས་ཁྱོད་ཀྱིས་བདག་ལ་གཡོག་ཏུ་བྱིན་ཏེ། ཁོང་དགེ་བ་རྣམས་ནི། དམ་བཅས་ པ་ལ་བརྟན་པ་ཡིན་ན། དེ་ཁོ་ན་ལྟར་དམ་མ་བཅས་སམ། ཁྱིམ་བདག་གིས་སྨྲས་པ། འཕགས་པ། དེ་ཁོ་ན་ལྟར་དམ་བཅས་ལགས་སོ། །ཞེས་བྱས་ནས་ཁྱེའུ་དེ་ལག་པ་གཉིས་ ཀྱིས་བཟུང་སྟེ་ཚེ་དང་ལྡན་པ་མ་འགགས་པ་ལ་ཕུལ་ནས་སྨྲས་པ་བུ། ཁྱོད་མ་བཙས་པའི་སྔ་རོལ་ནས་འཕགས་པའི་ཞབས་འབྲིང་དུ་ཕུལ་གྱི། སོང་ལ་འཕགས་པའི་ཞབས་ འབྲིང་གྱིས་ཤིག་ཁྱེའུ་སྨྲས་པ། དེ་ནི། བདག་ལ་ཕན་གདགས་པ་ལགས་སོ། །ཞེས་བྱས་ནས་ཁྱེའུ་དེ་ཚེ་དང་ལྡན་པ་མ་འགགས་པའི་ཕྱི་བཞིན་སོང་ངོ། །ཚེ་དང་ལྡན་པ་མ་ [277B]ཁྲིད་ནས་གཙུག་ལག་ཁང་དུ་སོང་ངོ། །དེར་ཁྲིད་ནས་ཀྱང་དེ་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ལུང་ཡང་ ཕོག་གོ་དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ་དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་ དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་ བཅོམ་པ། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་ བའི་གནས་སུ་གྱུར་ཏོ། །དེ་དགོན་པ་དང། ནགས་ཁྲོད་དང། བས་མཐའི་གནས་མལ་ལ་བརྟེན་ཅིང། བདག་སུ་དང་ཡང་མི་ཕྲད་པར་བྱའོ་སྙམ་མོ། །དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ ལྡན་འདས་ལ་ཞུས་པ། བཙུན་པ། དགོན་པ་བས་ལས་ཅི་ཞིག་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས་འདིས་བཅོམ་ལྡན་ འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ [278A]༄༅། །ལགས༑ ནོངས་དམིགས་ཅི་ཞིག་མཐོང་ན། བྱིས་པ་ནས་འདུ་འཇི་སྤངས་ཏེ་གཅིག་པུ་མཆིས་པར་དགའ་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ༑ དགེ་སློང་དག་འདི་ནི། རང་བཞིན་གྱིས་ཚེ་རབས་དྲན་ལ། འཁོར་བར་འཁོར་བ་[?]ཅི་འདིས་འདུ་འཛིའི་ཉེས་པས་སྡུག་བསྔལ་ཆེན་པོའང་མྱོང་བར་གྱུར་ཏེ། འདིས་སྡུག་བསྔལ་ དེ་རྗེས་སུ་དྲན་པས་ན་གཅིག་པུ་གནས་པར་དགའ་བར་གྱུར་ཏོ། །བཙུན་པ། འདིས་གང་དུ་འདུ་འཛེའི་ཉེས་པ་བསྐྱིད་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་ པ༑ འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ གསུང་རབ་ལ་རབ་ཏུ་བྱུང་སྟེ་དགེ་སློང་ཞལ་ཏ་བྱེད་པ་འདུ་འཛི་མང་བར་གྱུར་ནས་འདུ་འཛིའི་ཉེས་པ་དེས་ཚུལ་ཁྲིམས་འཆལ་པར་གྱུར་ཏེ། ཚུལ་ཁྲིམས་འཆལ་པ་དང་དེས་དགེ་ འདུན་གྱི་དཀོར་དང། མཆོད་རྟེན་གྱི་དཀོར་དང། འཚོ་བ་ནར་མ་དང། ཕྱོགས་བཞིའི་དགེ་འདུན་གྱི་དཀོར་མ་ཐུབ་ནས་ཅི་འདོད་པར་སྤྱད་དེ་གཞན་དག་ལའང་བྱིན་ནོ། །དགེ་སློང་དག་ [278B] དེའི་ཚེ་ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི། དགེ་སློང་འདི་ཁོ་ན་ཡིན་ཏེ། དེ་དེར་རབ་ཏུ་བྱུང་ནས་དགེ་འདུན་གྱི་དཀོར་དང། མཆོད་རྟེན་གྱི་དགོར་དང། འཚོ་བ་ནར་ མ་དང། ཕྱོགས་བཞིའི་དགེ་འདུན་གྱི་དཀོར་མ་ཐུབ་ནས་ཅི་འདོད་པར་སྤྱད་དེ་གཞན་དག་ལའང་བྱིན་ནས་ཁོང་དགེ་བ་རྣམས་ལ་དོར་བྱས་པའི་ལས་དེའི་རྣམ་པར་སྨིན་པས། འདི་ཚེ་རབས་ ལྔ་བརྒྱར་ཡི་དྭགས་སུ་སྐྱེས་ཏེ་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་ངོ། །དེས་སྡུག་བསྔལ་དེ་རྗེས་སུ་དྲན་པས་ན་གཅིག་པུ་གནས་པར་དགའ་བར་གྱུར་ཏོ། །དེ་དེར་ཚེ་གཅིག་གི་བར་དུ་ཚངས་ པར་སྤྱོད་པ་ལ་གནས་པ་བསྲུངས་པ་དང། དབང་པོ་ཡོངས་སུ་སྨིན་པར་བྱས་པ་དེས་ནི། ད་ལྟར་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེས་ཅུང་ཟད་ཆོས་བཞིན་དུ་ཞལ་ཏ་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ ཆེ་བའི་རིགས་སུ་སྐྱེས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་བཅུ་དྲུག་པ། གླང་པོ་ཆེ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་མཉན་དུ་ ཡོད་པ་ན་དབྱར་གནས་བཅས་ཏེ། དབྱར་ཟླ་བ་གསུམ་འདས་ནས་ཆོས་གོས་མཛད་དེ་ཆོས་གོས་ཟིན་ནས་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་མཉན་དུ་ཡོད་པ་ནས་རྒྱལ་པོའི་ [279A]༄༅། །ཁབ་ཏུ་ཆས་ཏེ་གཤེགས་ནས་མཐར་གྱིས་གཤེགས་གཤེགས་པ་ནས་རི་དྲུང་ཤོད་ཅིག་ཏུ་བྱོན་པ་དང། དེའི་ཚེ་དགོན་པའི་གླང་པོ་ཆེ་ཞིག་སེངྒེས་འཇིགས་ནས་རང་གི་ ཁྱུ་དེད་དེ་རི་དེ་ལ་འཛེགས་ནས་རང་གི་ཁྱུ་སྐྱོང་ཞིང་འདུག་པ་ལས། གླང་པོ་ཆེའི་གཙོ་བོ་རི་ལ་སོང་བ་དེས་བཅོམ་ལྡན་འདས་ཐག་རིང་པོ་ཞིག་ནས་གཤེགས་པ་མཐོང་ནས་བཅོམ་ལྡན་ འདས་མཐོང་མ་ཐག་ཏུ་གླང་པོ་ཆེའི་གཙོ་བོ་དེ་བཅོམ་ལྡན་འདས་ལ་དགའ་བ་སྐྱེས་ནས་དེ་རི་དེ་ལས་བབས་ཏེ་ཤིང་ནྱ་གྲོ་དཧའི་ཡལ་ག་དག་ཁྱེར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་ཕྱག་བཙལ་ཏེ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྐུ་ལ་ཉི་མའི་འོད་ཀྱིས་གདུང་བར་མི་འགྱུར་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྟེང་དུ་ ནྱ་གྲོ་དཧའི་ཡལ་ག་འཛིན་ཅིང་ཕྱི་བཞིན་འབྲང་ངོ། །དེ་ནས་གྲོང་གཞན་དུ་གཤེགས་ཀྱི་བར་དུ་བསྐྱལ་ཏེ་ཕྱིར་ལོག་ནས་དེ་ཕྱིར་ལྡོག་ཅིང་འོང་བ་ན། རི་དྭགས་ཀྱི་རྒྱལ་པོ་སེངྒེས་ བསད་དེ་དེ་ཤི་འཕོས་ནས་དུས་ལས་འདས་པའི་འོག་ཏུ་ལྷའི་ནང་དུ་སྐྱེས་ཏེ་ལྷའི་བུའམ་ལྷའི་བུ་མོ་སྐྱེས་མ་ཐག་པ་ནི། ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ་ གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་སྐྱེས་སྙམ་མོ་།དེ་ནས་དུད་འགྲོ་ལས་ཤི་འཕོས་པ་དང། སུམ་ཅུ་རྩ་གསུམ་པའི་ལྷ་ཡུལ་བཟང་པོར་སྐྱེས་པ་དང། བཅོམ་ལྡན་ [279B] །དེ་ནས་སྔོན་གླང་པོ་ཆེར་གྱུར་པའི་ལྷའི་བུ་དེ་འདི་སྙམ་དུ་སེམས་ཏེ་བདག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་བལྟ་བའི་ཕྱིར་ འགྲོ་བ་ནི། བདག་གི་ཆ་མ་ཡིན་གྱི། བདག་ཞག་མ་ལོན་པར་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོ་སྙམ་མོ། །དེ་ནས་སྔོན་གླང་པོ་ཆེར་གྱུར་པའི་ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བར་ ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན། ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་སྤྲིག་ཀ་ལ་སོགས་པས་བྱུགས་པ་ དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་པདྨ་དཀར་པོ་དང་མནྡཱ་ར་བ་རྣམས་ཀྱིས་ཐུ་བ་བཀང་སྟེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་འོད་ཆེན་པོས་སྣང་བར་ བྱས་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་སྔོན་གླང་པོ་ཆེར་གྱུར་པའི་ལྷའི་ བུའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། རང་བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ཏེ། དེ་ཐོས་ནས་སྔོན་གླང་ པོ་ཆེར་གྱུར་པའི་ལྷའི་བུས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ [280A]༄༅། །ལན་གསུམ་བརྗོད་དེ། བཙུན་པ། བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་བསྐམས་པ་དང། རུས་པའི་ལ་བརྒལ་བ་དང། ངན་སོང་གི་སྒོ་རྣམས་ བཅད་པ་དང། མཐོ་རིས་དང་ཐར་པའི་སྒོ་རྣམས་ཕྱེ་བ་དང་བདག་ལྷ་དང་མི་རྣམས་ཀྱི་ནང་དུ་བཞག་པ་འདི་ལྟ་བུ་ནི། བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་ བགྱིས༑ ལྷ་རྣམས་ཀྱིས་ཀྱང་མ་བགྱིས། ནང་མི་དང་གཉེན་གྱི་ཚོགས་རྣམས་ཀྱིས་ཀྱང་མ་བགྱིས། སྔོན་གྱི་མཚུན་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་ཀྱང་ མ་བགྱིས་ལགས་སོ། །ཡང་སྨྲས་པ། ཉེས་པ་མང་པོར་ལྡན་པའི་ངན་སོང་ལམ། །ཤིན་ཏུ་མི་བཟད་ཁྱོད་ཀྱིས་མཐུ་ཡིས་བཅད། །བསོད་ནམས་རབ་ལྡན་མཐོ་རིས་འགྲོ་བ་ཕྱེ། །མྱ་ངན་ འདས་པའི་ལམ་ཡང་བདག་གིས་ཐོབ། །བདག་གིས་དེ་རིང་ཉེས་པ་སྤངས་པའི་མིག། ཤིན་ཏུ་རྣམ་དག་ཁྱོད་ལ་བརྟེན་ནས་ཐོབ། །བདག་ནི་སྡུག་བསྔལ་རྒྱ་མཚོའི་ཕ་རོལ་རྒལ། ། འཕགས་པ་དགྱེས་པའི་ཞི་བའི་གོ་འཕང་འཐོབ། །མི་མཆོག་དབང་པོ་མི་དང་ལྷས་མཆོད་པ། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པ་ ཁྱོད་ནི་དེང་མཐོང་འབྲས་བུ་ཡོད། །དེ་ནས་དོ་ཤལ་འཕྱང་བ་དགར་གྱུར་ཏེ། །བཏུད་ཅིང་ཞབས་གཉིས་ལ་ནི་ཕྱག་བཙལ་ནས། །དགྲ་ཐུབ་ལ་ནི་བསྐོར་བ་བྱས་ནས་ཀྱང། །ལྷ་ཡི་འཇིག་ [280B] །དེས་ན་སྔོན་གླང་པོ་ཆེར་གྱུར་པའི་ལྷའི་བུ་དེ་ཚོང་པ་ཁེ་སྤོགས་ཕྱིན་པ་དང། ཞིང་པ་འབྲུ་རྒྱལ་བར་གྱུར་པ་དང། དཔའ་བོ་གཡུལ་ལས་རྒྱལ་བ་དང། ནད་པ་ནད་ཐམས་ ཅད་ལས་ཐར་པ་བཞིན་དུ་འབྱོར་པ་གང་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་པའི་འབྱོར་པ་དེ་ཉིད་ཀྱི་རང་གི་གནས་སུ་སོང་ངོ་།དེའི་ཚེ་དགེ་སློང་སྲོད་དང་ཐོ་རངས་མི་ཉལ་བར་བརྩོན་པ་ ལྷུར་བྱེད་པ་ལ་གནས་པ་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཐད་དུ་སྣང་བ་ཆེན་པོ་བྱུང་བ་མཐོང་ངོ། །མཐོང་ནས་ཀྱང་ཐེ་ཚོམ་སྐྱེས་ཏེ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་ འདས༑ ཅི་ལགས། མདང་སུམ་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་བདག་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་བཅོམ་ལྡན་འདས་བལྟ་བའི་ཕྱིར་མཆིས་ལགས་སམ་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་མཇེད་ཀྱི་བདག་པོ་ཚངས་པའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། འཇིག་རྟེན་སྐྱོང་བ་བཞི་ང་ལ་བལྟ་བའི་ཕྱིར་འོངས་པ་མ་ཡིན་ ཏེ༑ ཁྱོད་ཀྱིས་གླང་པོ་ཆེའི་གཙོ་བོ་གང་གིས་དེ་བཞིན་གཤེགས་པ་ལམ་དུ་འགྲོ་བའི་སྟེང་དུ་ནྱ་གྲོ་དཧའི་ཡལ་ག་བཟུང་བ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །དགེ་སློང་དག། དེ་ནི་ ངའི་ཐད་ནས་ཕྱིར་ལོག་པའི་འོག་ཏུ་སེངྒེས་བསད་དེ། དེ་ང་ལ་སེམས་དགའ་བ་བསྐྱེད་པས་ལྷའི་ནང་དུ་སྐྱེས་ཏེ་ལྷར་གྱུར་ནས་ངའི་ཐད་དུ་འོངས་ཏེ། དེ་ལ་ངས་ཆོས་བསྟན་ནས་དེས་བདེན་ [281A]༄༅། །པ་མཐོར་སྟེ་རང་གི་གནས་སུ་སོང་ངོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གླང་པོ་ཆེའི་གཙོ་ བོ་དེས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་གླང་པོ་ཆེར་སྐྱེས་ལགས། ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ལྷའི་ནང་དུ་སྐྱེས་ལ། དེས་བཅོམ་ལྡན་ འདས་ཀྱང་མཉེས་པར་བགྱིས་ལ་མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། འདས་པའི་ལས་ཀྱི་ཤས་ཀྱང་ཡོད་ལ། ད་ལྟར་བྱུང་བའི་ ལས་ཀྱི་ཤས་ཀྱང་ཡོད་དེ། འདས་པའི་ལས་གང་ཞེ་ན། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་ པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་ བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་འདི་རབ་ཏུ་བྱུང་ནས་དགེ་སློང་བསླབ་པ་ལ་མ་གུས་ཤིང་གཡེལ་བར་གྱུར་ཏེ། དེས་དེར་བསླབ་པའི་ གཞི་ཆེ་ཕྲ་ལས་འགལ་པ་མང་དུ་བྱས་སོ། །དེས་བསླབ་པའི་གཞི་ཁ་ཅིག་ནི། བསྲུངས་ནས་འཆི་ཁར་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་ན་ཡང་དག་པར་རྫོགས་པའི་ [281B]བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་གླང་པོ་ཆེར་གྱུར་པ་གང་ཡིན་པ་དེ་ནི། དགེ་སློང་འདི་ཁོ་ན་ཡིན་ཏེ་དེས་དེར་བསླབ་པའི་གཞི་ཆེ་ཕྲ་མང་དུ་མ་བསྲུངས་པའི་ ལས་དེའི་རྣམ་པར་སྨིན་པས་ནི། དུད་འགྲོའི་ནང་དུ་སྐྱེས་སོ། །དེས་དེར་བསླབ་པའི་གཞི་ཁ་ཅིག་བསྲུངས་ནས་འཆི་ཁར་སྨོན་ལམ་བཏབ་སྟེ་དགེ་བའི་རྩ་བ་འདིས་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ ཅིག་ཅེས་བྱས་པ་དེས་ནི། དགེ་སློང་དག། ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་ པ་བརྙེས་པར་གྱུར་ནས་འདིས་ད་ལྟར་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་པ་ནི། འདས་པའི་ལས་ཡིན་ནོ། །ད་ལྟར་བྱུང་བའི་ལས་གང་ཞེ་ན། དེ་གླང་པོ་ཆེར་གྱུར་ནས་ང་ལ་བསྙེན་ བཀུར་བྱས་ཏེ་སེམས་དགའ་བར་བྱས་པ་དེས་ན་ལྷའི་ནང་དུ་སྐྱེས་ཏེ་འདི་ནི། ད་ལྟར་བྱུང་བའི་ལས་ཡིན་ནོ།། །།ཀླུ་ཞེས་བྱ་བ་ནི་གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ་ [282A]༄༅། །དེའི་ཚེ་རྒྱ་མཚོ་ཆེན་པོའི་ནང་ན་ཀླུའི་རྒྱལ་པོ་དབྱིག་ཅེས་བྱ་བ་ཞིག་གནས་ཏེ། དེས་ཀླུའི་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ ལ་དགའ་མགུར་སྤྱོད་དོ། །དེ་ནས་ཕྱི་ཞིག་ན་བུ་ཁྱེའུ་ཞིག་བཙས་ཏེ་དེའི་བཙས་སྟོན་རྒྱས་པར་བྱས་ནས་བུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། བུ་འདི་དབྱིག་གི་བུ་ ཡིན་པས་ན། འདིའི་མིང་དབྱིག་བཟང་ཞེས་གདགས་སོ། །ཞེས་ཟེར་རོ་།དེ་ནས་བུ་དབྱིག་བཟང་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུ་རྣམས་ཀྱིས་བསྐྱེད་བསྲིངས་ ནས་དེ་ཆེར་སྐྱེས་ཏེ་འགྲོ་ནུས་པར་གྱུར་ཏོ། །ཀླུ་རྣམས་ཀྱི་ཆོས་ཀྱིས་ན་ཉིན་དུས་གསུམ། མཚན་དུས་གསུམ་དུ་ལུས་ལ་ཀླུའི་བྱེ་མ་འབབ་སྟེ། གཞི་དེས་ན་དེ་དག་གིས་སྡུག་ བསྔལ་དྲག་པ་དང། མི་བཟད་པ་དང། ཚ་བ་དང། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་འགྱུར་ཏེ། བུ་དེ་བྱིས་པ་ཤེད་མ་བྱེ་བའི་བར་དུ་ནི། དེའི་ལུས་ལ་ཀླུའི་བྱེ་མ་དེ་མི་འབབ་བོ། ། གང་གི་ཚེ་ཆེར་སྐྱེས་ཤིང་ཤེད་བྱེ་བར་གྱུར་པ་དེའི་ཚེ་ནི་དེའི་ལུས་ལའང་ཀླུའི་བྱེ་མ་འབབ་པར་འགྱུར་ཏེ། གཞི་དེས་ན་དེས་སྡུག་བསྔལ་དྲག་པ་དང། མི་བཟད་པ་དང། ཚ་བ་དང་ ཡིད་དུ་མི་འོང་བའི་ཚོར་བ་མྱོང་ནས་ཕ་མ་ལ་དྲིས་པ། ཡབ་ཡུམ་བདག་གིས་ཡུན་ཇི་སྲིད་ཅིག་གི་བར་དུ་སྡུག་བསྔལ་འདི་ལྟ་བུ་མྱོང་བར་འགྱུར་རོ། །ཕ་མས་སྨྲས་པ། བུ། ཇི་ [282B]སྡུག་བསྔལ་འདི་ལྟ་བུ་མྱོང་བར་འགྱུར་རོ། །ཞེས་བྱས་སོ། །དེ་ནས་བུ་དེས་བལྟས་ན། ཀླུ་ཆེན་པོ་གཞན་དག་གི་ལུས་ལ་ཀླུའི་ཕྱེ་ མ་མི་འབབ་པ་མཐོང་ངོ། །མཐོང་ནས་ཀྱང་ཕ་མ་ལ་དྲིས་པ་ཡབ་ཡུམ། ལོག་པར་ལྟུང་བར་གྱུར་པ་འདྲེ་ན། ཅིའི་ཕྱིར་ཀླུ་ཆེན་པོ་འདི་དག་གི་ལུས་ལ་ནི། ཀླུའི་བྱེ་མ་མི་འབབ་ལ། བདག་ ཅག་གི་ལུས་ལ་ནི། འབབ། ཕ་མས་དེ་ལ་སྨྲས་པ། ཀླུ་ཆེན་པོ་འདི་དག་ནི། ཆེ་བར་གྲགས་པ་ཡིན་ཏེ། ཆེ་བར་གྲགས་པ་ཡིན་པས་ན་དེ་དག་ལ་ནི། མི་འབབ་བོ། །དེ་ནས་དེས་བལྟས་ ན་རྒྱ་མཚོ་ཆེན་པོ་དེའི་ནང་ན་ཀླུ་བདག་ཅག་པས་ཆེས་ངན་པ་དེ་དག་གི་ལུས་ལའང་ཀླུའི་བྱེ་མ་མི་འབབ་པར་མཐོང་ངོ། །མཐོང་ནས་ཀྱང་ཕ་མ་ལ་སྨྲས་པ། ཡབ་ཡུམ། ཁྱེད་གཉིས་ན་རེ་ ཀླུ་ཆེན་པོ་འདི་དག་ནི། ཆེ་བར་གྲགས་པ་ཡིན་ཏེ། ཆེ་བར་གྲགས་པ་ཡིན་པས་ན་འདི་དག་གི་ལུས་ལ་ཀླུའི་བྱེ་མ་མི་འབབ་བོ་ཞེ་ན། འདི་ན་བདག་ཅག་པས་ཆེས་ངན་པ་གཞན་དག་ཀྱང་ ཡོད་ན༑ ཅིའི་ཕྱིར་དེ་དག་ལ་ནི། ཀླུའི་ཕྱེ་མ་མི་འབབ་ལ་བདག་ཅག་ལ་ནི། འབབ། ཕ་མ་གཉིས་ཀྱིས་སྨྲས་པ། དེ་དག་ནི། བདག་ཅག་པས་ཆེས་ངན་མོད་ཀྱི། འོན་ཀྱང་དེ་དག་གིས་ནི་ སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་བླངས་པས་ན། དེའི་ཕྱིར་དེ་དག་གི་ལུས་ལ་ཀླུའི་བྱེ་མ་མི་འབབ་བོ། །དེ་ནས་དེ་ཐོས་མ་ཐག་ཏུ་བུ་དེ་ཤིན་ཏུ་དགའ་བར་གྱུར་ཏེ་སྨྲས་པ། ཡབ་ [283A]༄༅། །ཡུམ༑ དེ་དག་གི་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ག་ལས་བྱུང། དེ་གཉིས་ཀྱིས་སྨྲས་པ། ཡུལ་དབུས་འདིར་སངས་རྒྱས་བྱུང་སྟེ། དེ་ནི། བདུད་ རྩིའི་ཆར་འབེབས་པས། དེ་ལས་དེ་དག་གི་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བྱུང་ངོ། །ཀླུའི་བུ་དེས་སྨྲས་པ། ཡབ་ཡུམ་བདག་མཆི་བར་གནང་བར་མཛོད་ཅིག་ དང༑ གང་དག་གི་མཐུས་བདག་གི་ལུས་ལ་ཀླུའི་བྱེ་མ་འབབ་པར་མི་འགྱུར་བའི་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་དེ་དག་བདག་གིས་བླང་བར་བགྱིའོ། །ཕ་མས་སྨྲས་ པ༑ བུ། མ་ལེན་ཅིག་ལྷན་ཅིག་སྐྱེས་པའི་བྱེ་མའི་སྡུག་བསྔལ་འདི་ནི། ཆུང་གི། སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་དེ་དག་བླངས་པ་ལས་མ་བསྲུངས་ན། གཞི་དེ་ལས་ སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་སུ་སྐྱེས་ནས་སྡུག་བསྔལ་ཆེན་པོ་རྣམས་མྱོང་བར་འགྱུར་ཏེ། སྡུག་བསྔལ་འདི་ནི། སྡུག་བསྔལ་དེའི་བརྒྱའི་ཆར་ཡང་མི་ ཕོད། སྟོང་གི་ཆར་ཡང་མི་ཕོད། འབུམ་གྱི་ཆར་ཡང་མི་ཕོད་དོ་།ཀླུའི་བུས་སྨྲས་པ། ཡབ་ཡུམ། བདག་གི་ལྷན་ཅིག་སྐྱེས་པའི་བྱེ་མའི་སྡུག་བསྔལ་འདི་ཞི་བར་འགྱུར་བ་འབའ་ ཞིག་གི་ཕྱིར་ཡང་ཅི་ནུས་ཀྱིས་བསྲུང་བར་བགྱིའོ། །ཞེས་སྨྲས་ནས་ཀླུའི་བུ་དེས་ལྷའི་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་པདྨ་དཀར་པོ་རྣམས་ཀྱིས་ཐུ་བ་བཀང་སྟེ་རྒྱ་མཚོ་ [283B]བྱེད་ཀྱི་ཚལ་དུ་ཕྱིན་པ་དང། དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་ནང་ན་ཆོས་སྟོན་ཅིང་བཞུགས་སོ། །དེ་ནས་ཀླུའི་བུ་དེས་ ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་མཛེས་ཤིང་ཡིད་དུ་འཐད་པ། དབང་པོ་དུལ་བ། ཐུགས་ཞི་བ། ཐུགས་དུལ་ཞིང་རྣམ་པར་ཞི་བའི་མཆོག་དང་ལྡན་པ། གསེར་གྱི་མཆོད་ སྡོང་ལྟར་དབལ་དང་གཟི་བརྗིད་འབར་བ་མཐོང་ངོ། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་ འདས་པ་ལྷའི་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་པདྨ་དཀར་པོ་རྣམས་ཀྱིས་གཏོར་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་བཅོམ་ལྡན་འདས་ལ་སྐྱབས་སུ་ འགྲོ་བ་དང། བསླབ་པའི་གཞི་རྣམས་མནོས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་དེ་ནས་དེའི་ཀླུའི་བྱེ་མ་མེད་པར་གྱུར་ནས་དེས་བསམ་པ། བཅོམ་ལྡན་ འདས་ནི། བདག་གི་སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོ་སེལ་བ་དང། བདེ་བ་དང་ཡིད་བདེ་བ་རྣམ་པ་དུ་མ་ཐོབ་པར་མཛད་པ་ཡིན་ན། བདག་གིས་བཅོམ་ལྡན་འདས་ཀྱི་བཀའ་དྲིན་ཇི་ལྟར་ བསབ་པར་བྱ། གལ་ཏེ་བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་ན། བདག་གིས་ཇི་སྲིད་འཚོའི་བར་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ [284A]༄༅། །ཀྱིས་བསྙེན་བཀུར་བྱའོ་སྙམ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཇི་སྲིད་འཚོའི་བར་དུ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་སྙུན་ གསོས་དང་སྨན་ཟོང་རྣམས་སྦྱར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ། གཞན་དག་ ལའང་ཕན་གདགས་དགོས་ཀྱི། ཐོང་ཞིག་དེ་ནས་བཅོམ་ལྡན་འདས་མཉན་དུ་ཡོད་པར་དབྱར་བཞུགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ སོང་ལ་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པ་ཡུལ་མ་ག་དཧར་ལྗོངས་རྒྱུ་ཞིང་གཤེགས་ཀྱི། སུ་ནི། དེ་བཞིན་གཤེགས་པ་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་ཞིང་འགྲོ་འདོད་པ་ དེ་ཆོས་གོས་དག་དང་ཆོས་ཤིག་ཅེས་སྦྲོན་ཅིག་དེ་ནས་བཅོམ་ལྡན་འདས་ཇི་སྲིད་དགྱེས་པའི་བར་དུ་མཉན་དུ་ཡོད་པ་ན་བཞུགས་བཞུགས་ནས་རྒྱལ་པོའི་ཁབ་ག་ལ་བ་དེར་ རྒྱུ་ཞིང་གཤེགས་སོ། །དེ་ནས་ཀླུའི་བུ་དེས་བསམ་པ། ཇི་སྲིད་འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱ་བར་བཅོམ་ལྡན་འདས་ཀྱིས་མ་གནང་མོད་ཀྱི། བདག་གིས་ [284B]བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱའོ་སྙམ་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་ག་ལ་ བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །མཉན་དུ་ཡོད་པ་ནས་རྒྱལ་པོའི་ཁབ་ཀྱི་བར་དུ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ དང་བཅས་པ་ལ་ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་སྙུན་གསོས་དང་སྨན་ཟོང་རྣམས་སྦྱར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་ གསོལ༑ དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་བུ་དེ་ལ་ཅང་མི་གསུང་བས་གནང་ནས་ཀླུའི་བུ་དེས་ཀྱང་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་མཉན་དུ་ཡོད་ བ་ནས་རྒྱལ་པོའི་ཁབ་ཀྱི་བར་གྱི་ལམ་ཐོག་ཐག་ཏུ་རྡོ་དང་གསེག་མ་དང་གྱོ་མོ་རྣམས་བསལ་ཏེ་སྟོར་ཁུང་དང་ཕྱི་སའི་འདམ་དང་ཕྱག་དར་ཉལ་ཉིལ་དང་ཤིང་དང་བོང་བ་རྣམས་མེད་པར་ བྱས་ནས་ས་གཞི་གསིང་མ་སྔོན་པོས་ཁྱབ་པར་འདུག་ལ་སྤོས་ཆབ་ཀྱིས་ཆག་ཆག་བཏབ་པ། ངོས་གཡས་གཡོན་ནས་མེ་ཏོག་གི་ཤིང་དང་འབྲས་བུའི་ཤིང་དག་གིས་ཁྱམས་འདྲ་ བར་དཀྲིས་ཏེ། ནེ་ཙོ་དང་རི་སྐེགས་དང་རྨ་བྱ་དང་ཤང་ཤང་ཏེའུ་རྣམས་སྐད་འབྱིན་པ། བཀོད་མ་དང་མཚེའུ་དང་ལྟེང་ཀ་དང་རྫིང་རྣམས་མེ་ཏོག་པདྨ་དང་ཨུཏྤ་ལ་དང་ཀུ་མུ་དང་པདྨ་དཀར་པོ་ [285A]༄༅། །རྣམས་ཀྱིས་གང་བར་འདུག་ལ་ངང་པ་དང་དུར་པ་དང་ཟལ་མོ་རྣམས་སྐད་འབྱིན་པ་དག་སྤྲུལ་ཏེ། ལམ་ཐོག་ཐག་ཏུ་བུམ་པ་གང་བ་དང་ཆུ་ཤིང་གི་སྡོང་བུ་དང་ ཕྲེང་བའི་མཆོག་རྣམས་ནི། མཚར་དུ་བསྒྲེངས། གདུགས་དང་རྒྱལ་མཚན་དང་བ་དན་རྣམས་ནི། བསྒྲེངས། རས་སྣ་ཚོགས་ནི། དབྱངས་རྔ་ཡབ་སྣ་ཚོགས་ནི། བཙུགས། གློ་ གཡས་གཡོན་དུ་ནི། གཟིམས་ཁྲི་ཁ་དོག་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་བཤམས། དར་གྱི་བླ་བྲེ་རྣམས་ནི་བྲེས། ཟླ་བ་དང་ཟླ་བ་ཚེས་པ་དང་མེ་ལོང་རྣམས་ ཀྱིས་ནི། བརྒྱན། མགུལ་གདུབ་དང་གདུ་བུ་རྒྱན་ཆ་དང་དཔུང་རྒྱན་དང་རྒྱན་ཕྲེང་དང་སེ་མོ་དོ་རྣམས་ཀྱིས་ནི། མཛེས་པར་བྱས། མེ་ཏོག་སྣ་ཚོགས་ཀྱིས་ཆུན་པོ་རྣམས་ཀྱིས་ནི། ཁེབས་ པར་བྱས་ཏེ་སྤྲུལ་ཏོ། །དེར་མི་མང་པོ་དག་ཀྱང་སྤྲུལ་ཏེ། ལ་ལ་ནི། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་གདུགས་རྩིབས་བརྒྱབ་དག་འཛིན་པར་བྱེད། ལ་ལ་ ནི༑ བླ་བྲེ་འཛིན་པར་བྱེད། ལ་ལ་ནི། རྔ་ཡབ་གསེར་གྱི་ཡུ་བ་ཅན་དང་ནོར་བུའི་ཡུ་བ་ཅན་དག་གིས་གཡོབ་པར་བྱེད། ལ་ལ་ནི། ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་པདྨ་དཀར་པོ་རྣམས་ འཐོར་བར་བྱེད་དོ། །ཀླུའི་བུ་དེ་ཉིད་ནི། བཅོམ་ལྡན་འདས་ལ་བདུག་པ་དང་ཕྱེ་མ་དང་སྤོས་དང་མེ་ཏོག་རྣམས་ཀྱིས་མཆོད་པ་བྱེད་ཅིང་ཕྱི་བཞིན་འབྲང་སྟེ། དེས་ཕྱོགས་གང་དང་གང་ [285B]རྣམས་སྤྲུལ་པར་བྱེད་དོ། །སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་སྦྱར་བའི་བཏུང་བ་དང་ཧྭགས་དང་ འདམ་བུ་ཁ་ར་དང་ཁ་ར་རྣམས་ཀྱིས་ཀྱང་ཚིམ་པར་བྱེད་དོ་།ཕྱོགས་གང་དང་གང་དུ་བཅོམ་ལྡན་འདས་གཤེགས་དགོངས་མཛད་པའི་ཕྱོགས་དེ་དང་དེར་ནི། རྣམ་པ་ཐམས་ཅད་རྫོགས་ པའི་གཙུག་ལག་ཁང་སྤྲུལ་པར་བྱེད་དོ། །དགེ་སློང་རྣམས་ལའང་རྐང་བ་བཀྲུ་བའི་སྤོས་ཆུ་དང་རྐང་པ་བསྐུ་བའི་ཏིལ་མར་སྤོས་ཅན་འབུལ་བར་བྱེད་དོ། །དེ་ནས་ཕྱི་དེ་ཉིན་སངས་རྒྱས་ལ་ སོགས་པ་དགེ་སློང་གི་དགེ་འདུན་ལ་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ནས་ཡང་བཅོམ་ལྡན་འདས་ལ་བཀུར་སྟི་བྱེད། བླ་མར་བྱེད༑ རིམ་གྲོ་བྱེད་ མཆོད་པ་བྱེད་ཅིང་ཕྱི་བཞིན་འབྲང་ངོ། །དེ་ནས་བཅོམ་ལྡན་འདས་མཐར་གྱིས་གཤེགས་གཤེགས་པ་ལས་རྒྱལ་པོའི་ཁབ་ཏུ་བྱོན་ཏེ། རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལནྡ་ཀ་ གནས་པར་བཞུགས་སོ། །དེ་ནས་ཀླུའི་བུ་དེས་ཡང་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །འོད་མའི་ཚལ་འདི་ཉིད་དུ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཟླ་བ་གསུམ་གྱི་བར་དུ་ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་དང་སྙུན་གསོས་དང་སྨན་ཟོང་ [286A]༄༅། །རྣམས་སྦྱར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་བུ་དེ་ལ་ཅང་མི་གསུང་བར་ གནང་སྟེ། ཀླུའི་བུ་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་འོད་མའི་ཚལ་དེ་ཉིད་དུ་ཟླ་བ་གསུམ་གྱི་ཡོ་བྱད་ཐམས་ཅད་སྦྱར་ཏེ། སངས་རྒྱས་ལ་སོགས་ བ་དགེ་སློང་གི་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་ནས་ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཚིམ་པར་ བྱས་ཏེ་བཅོམ་ལྡན་འདས་ལ་འབུམ་རི་བའི་ན་བཟའ་ཕུལ་ལོ། །དགེ་སློང་གཞན་རྣམས་ལའང་སོ་སོར་ཡོ་བྱད་ཐམས་ཅད་ཕུལ་ནས་སེམས་དད་པར་བྱས་ཏེ་གྲལ་དཔོན་གྱི་སྤྱན་སྔར་ འདུག་གོ་དེའི་སྐབས་སུ་བཅོམ་ལྡན་འདས་འཛུམ་པ་མཛད་དེ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་འཛུམ་པ་མཛད་པ་དེའི་ཆོས་ཉིད་དེ། དེའི་ཚེ་ཞལ་ནས་འོད་ ཟེར་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་རྣམས་བྱུང་ནས་ཁ་ཅིག་ནི། འོག་ཏུ་འགྲོའོ། །ཁ་ཅིག་ནི། སྟེང་དུ་འགྲོའོ། །འོག་ཏུ་འགྲོ་བ་གང་ཡིན་པ་དེ་དག་ནི། སེམས་ཅན་དམྱལ་ བ་ཡང་སོས་དང་ཐིག་ནག་དང་བསྡུས་འཇོམས་དང་དུ་འབོད་དང་དུ་འབོད་ཆེན་པོ་དང་ཚ་བ་དང་རབ་ཏུ་ཚ་བ་དང་མནར་མེད་པ་དང། ཆུ་བུར་ཅན་དང་ཆུ་བུར་རྡོལ་དང་སོ་ཐམ་ཐམ་དང་ཀྱི་ཧུད་ [286B]གས་པ་དང་པདྨ་ལྟར་གས་པ་ཆེན་པོར་སོང་ནས་ཚ་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི། བསིལ་བར་གྱུར་ཏེ་འབབ་ བོ༑ ༑གྲང་བའི་སེམས་ཅན་དམྱལ་བ་གང་ཡིན་པ་དེ་དག་ཏུ་ནི་དོ་བར་གྱུར་ཏེ་འབབ་བོ། །དེ་ནས་སེམས་ཅན་དེ་དག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ། །དེ་ནས་དེ་དག་འདི་སྙམ་ དུ་སེམས་ཏེ། ཀྱེ་ཅི་བདག་ཅག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སམ་སྙམ་མོ། །དེ་ནས་དེ་དག་དད་པ་སྐྱེས་པའི་ཕྱིར་བཅོམ་ལྡན་འདས་སྤྲུལ་པ་འགྱེད་པར་མཛད་དེ། དེ་ དག་གིས་སྤྲུལ་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་བདག་ཅག་ནི། འདི་ནས་ཀྱང་ཤི་འཕོས་པར་མ་གྱུར་ལ་གཞན་དུའང་མ་སྐྱེས་མོད་ཀྱི། འོན་ཀྱང་སྔོན་མ་བྱུང་བའི་སེམས་ཅན་སྣང་བ་ འདིའི་མཐུས་བདག་ཅག་གི་གནོད་པའི་ཁྱད་པར་རྣམས་རྩེ་ཞིལ་བར་གྱུར་ཏོ་སྙམ་མོ། །དེ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་ནས་སེམས་ཅན་དམྱལ་བ་མྱོང་བར་ གྱུར་བའི་ལས་དེ་ཟད་དེ་ལྷ་དང་མི་རྣམས་ཀྱི་ནང་དུ་གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་བར་འགྱུར་བ་དེར་ཉིང་མཚམས་འཛིན་པར་འགྱུར་རོ། །སྟེང་དུ་འགྲོ་བ་གང་ཡིན་པ་དེ་དག་ནི་རྒྱལ་ ཆེན་བཞིའི་རིས་རྣམས་དང་སུམ་ཅུ་རྩ་གསུམ་པ་རྣམས་དང་འཐབ་བྲལ་རྣམས་དང་དགའ་ལྡན་རྣམས་དང་འབྲུལ་དགའ་རྣམས་དང་གཞན་འཕྲུལ་དབང་བྱེད་རྣམས་དང་ཚངས་རིས་རྣམས་ [287A]༄༅། །དང་ཚངས་པའི་མདུན་ན་འདོན་པ་རྣམས་དང་ཚངས་པ་ཆེན་པོ་རྣམས་དང་འོད་ཆུང་རྣམས་དང་ཚད་མེད་འོད་རྣམས་དང་འོད་གསལ་རྣམས་དང་དགེ་ཆུང་རྣམས་དང་ ཚད་མེད་དགེ་རྣམས་དང་དགེ་རྒྱས་རྣམས་དང་སྤྲིན་མེད་རྣམས་དང་བསོད་ནམས་སྐྱེས་རྣམས་དང་འབྲས་བུ་ཆེ་བ་རྣམས་དང་མི་ཆེ་བ་རྣམས་དང་མི་གདུང་རྣམས་དང་གྱ་ནོམ་སྣང་རྣམས་ དང་ཤིན་ཏུ་མཐོང་རྣམས་དང་འོག་མིན་གྱི་ལྷ་རྣམས་ཀྱི་བར་དུ་སོང་ནས་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་སྒྲ་སྒྲོག་གོ་ཚིགས་སུ་བཅད་པ་གཉིས་ཀྱང་ རྗོད་པར་བྱེད་དེ། ངེས་པར་འབྱུང་བ་བརྩམ་པར་གྱིས། །སངས་རྒྱས་བསྟན་ལ་སྦྱོར་བར་གྱིས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་གྱིས། །གང་ཞིག་ ཆོས་འདུལ་འདི་ཉིད་ལ། །བག་ཡོད་སྤྱོད་པར་བྱེད་པ་ནི། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཟད་པར་བྱེད་པར་འགྱུར་།ཞེས་བརྗོད་པར་བྱེད་དོ། །དེ་ནས་འོད་ཟེར་དེ་ དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་སྟེ། གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་ པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་ལོགས་སུ་མི་སྣང་བར་འགྱུར་རོ། །སེམས་ཅན་ [287B] ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །དུད་འགྲོར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་བར་མི་སྣང་བར་འགྱུར་རོ། །ཡི་དྭགས་ སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། པུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་ བསྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་ དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་སངས་ རྒྱས་ཀྱི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། དབུའི་ གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་གིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུར་མི་སྣང་བར་གྱུར་ ཏོ༑ ༑དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་ཞུས་པ། ཚོན་སྣ་སྟོང་གིས་སྤེལ་བ་སྣ་ཚོགས་ཅན་།མང་པོ་ཞལ་གྱི་སྒོ་ནས་བྱུང་བར་གྱུར། །དེ་ཡིས་ཕྱོགས་ [288A]༄༅། །རྣམས་ཀུན་ཏུ་སྣང་བར་བགྱིས། །ཉི་མ་ཤར་བས་ཇི་ལྟར་བགྱིས་པ་བཞིན། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་དང་བྲལ་ཞིང་རྒྱགས་དང་མི་དགྱེས་སྤངས་ པ་ཡི། །སངས་རྒྱས་འགྲོ་བ་དག་གིས་རམ་པའི་རྒྱུར་གྱུར་པ་།རྒྱལ་བ་དགྲ་ཐུབ་རྣམས་ནི་རྒྱུ་རྐྱེན་མ་མཆིས་པར། །པདྨའི་རྩ་དང་དུང་མདོག་ལྟ་བུའི་འཛུམ་མི་སྟོན། །བརྟན་པོ་ཉིད་ཀྱི་ བློ་ཡིས་དུས་བབ་མཁྱེན་ལགས་ན། །དགེ་སྦྱོང་རྒྱལ་དབང་ཉན་པ་སོམ་ཉི་འཚལ་བ་རྣམས། །ཐུབ་པ་ཁྱུ་མཆོག་གི་ནི་གསུང་མཆོག་བརྟན་པ་དང། །བཟང་པོ་དག་གིས་ཐེ་ཚོམ་ སྐྱེས་པ་བསལ་བར་གསོལ། །རྒྱ་མཚོ་དང་ནི་རི་རྒྱལ་ལྟ་བུར་བརྟན་པ་ཡི། །མགོན་པོ་རྫོགས་སངས་རྒྱས་རྣམས་ཀྱི་ནར་འཛུམ་མི་སྟོན་།གང་གི་དོན་དུ་དབའ་བོ་འཛུམ་པ་སྟོན་མཛད་ པ༑ ༑དེ་ནི་ཁྱོད་ལ་སྐྱེ་བོ་ཕལ་ཆེན་ཉན་པར་འཚལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་ནི། དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཀུན་དགའ་བོ་ཁྱོད་ཀྱིས་ཀླུའི་བུ་འདིས་སངས་རྒྱས་ལ་ སོགས་པ་དགེ་སློང་གི་དགེ་འདུན་ལ་ལམ་དང་རྒྱལ་པོའི་ཁབ་འདིར་བཀུར་སྟི་འདི་ལྟ་བུ་བྱས་པ་མཐོང་ངམ། བཙུན་པ། མཐོང་ལགས་སོ། །ཀུན་དགའ་བོ། ཀླུའི་བུ་འདི་དགེ་བའི་ [288B]འགྱུར་ཏེ། བསྐལ་པ་བརྒྱའི་བར་དུ་ལྷ་དང་མིའི་ནང་དུ་ཉིད་མཚམས་སྦྱོར་ཞིང་འཁོར་བར་གྱུར་ནས་སྲིད་པ་ཐ་མ་དང། གནས་ ཐ་མ་ལ་མིར་སྐྱེ་བ་ཐོབ་སྟེ། རབ་ཏུ་བྱུང་ནས་སློབ་དཔོན་མེད་པ་དང་མན་ངག་མེད་པར་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་མངོན་སུམ་དུ་གྱུར་ཏེ་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་ བྱས་ནས་རང་སངས་རྒྱས་སྨོན་ལམ་ལེགས་པར་བཏབ་པ་ཞེས་བྱ་བར་འགྱུར་ཏེ། འདི་ནི། དེའི་སྦྱིན་པར་བྱ་བའི་ཆོས་ཡིན་ནོ།། །།སེངྒེ་ཞེས་བྱ་བ་ནི། གླེང་གཞི་ཡངས་པ་ ཅན་ན་བཞུགས་ཏེ། དེའི་ཚེ་སྡེ་དཔོན་སེངྒེ་ཞེས་བྱ་བ་ཆུང་མ་དང་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཆུང་མ་ལ་བུ་ཆགས་ནས་བུད་མེད་དེའི་ལུས་ཐོག་ཐག་ནས་ཕྱི་སའི་དྲི་འབྱུང་ ལ་ཕྱི་ས་ཟ་བའི་སེམས་སྐྱེས་ནས་ཆུང་མས་སྡེ་དཔོན་སེངྒེ་ལ་བསྙད་དོ། །དེ་ནས་སྡེ་དཔོན་སེངྒེ་བསམ་པ། མ་ལ་བདག་གི་ཆུང་མ་འདི་ལུས་སྲུལ་པོ་འགའ་ཞིག་གིས་བརླམས་གྲང་སྙམ་སྟེ་ དེས་ལྟས་མཁན་རྣམས་ལ་བསྟན་ན་ལྟས་མཁན་རྣམས་ན་རེ། འདི་ལུས་སྲུལ་པོས་བརླམས་པ་མ་ཡིན་གྱི། འདི་ནི། སེམས་ཅན་ལྟོ་ན་འདུག་པ་དེའི་མཐུ་ཡིན་ཏེ། སེམས་ཅན་དེ་ནམ་བཙས་ པ་དེའི་ཚེ་འདིའི་སྐྱོན་དེ་མེད་པར་འགྱུར་རོ། །ཞེས་ཟེར་རོ། །དེ་ནས་ཟླ་བ་དྒུའམ་བཅུ་ལོན་པ་དང་དེའི་བུ་མི་སྡུག་པའི་སྣ་གྲངས་བཅོ་བརྒྱད་དང་ལྡན་པ་ཞིག་བཙས་ནས་དེ་བཙས་མ་ཐག་ [289A]༄༅། །ཏུ་ཁྱིམ་དེ་ཐོག་ཐག་ཏུ་ཕྱི་སའི་དྲིས་གང་བར་གྱུར་ཏོ། །དེ་ནས་བུད་མེད་དེ་དག་གིས་སྤོས་སྣ་ཚོགས་ཀྱིས་བྱུགས་ཏེ་མལ་དུ་བཞག་ཀྱང་དེའི་ལུས་ལས་ཕྱི་སའི་ དྲི་མེད་པར་མ་གྱུར་ནས་ཆུང་མས་སྡེ་དཔོན་སེངྒེ་ལ་བུ་དེ་བསྟན་པར་མི་འདོད་པ་ལས་བུད་མེད་གཞན་དག་གིས་དེ་ལ་བསྙད་དེ། ཇོ་བོ་ཁྱོད་ཀྱི་སྲས་ནི། བལྟམས་མོད་ཀྱི། མི་སྡུག་པའི་ སྣ་གྲངས་བཅོ་བརྒྱད་དང་ལྡན་པ། ལུས་ཐོག་ཐག་ནས་ཕྱི་སའི་དྲི་བྱུང་སྟེ། དེས་ཁྱིམ་ཐོག་ཐག་ཕྱི་སའི་དྲིས་གང་བར་གྱུར་ཏོ། །ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་སྡེ་དཔོན་སེངྒེ་ ཤིན་ཏུ་སྡུག་བསྔལ་བར་གྱུར་ཏེ། དེས་བསམ་པ། འདི་ལྟར་བདག་གིས་བུ་བཙས་སུ་ཟིན་ཀྱང་འདི་ཁོ་ན་ལྟར་སྐྱོན་ཅན་དུ་གྱུར་ན། བུ་འདི་ལྟ་བུ་བདག་ལ་ཅི་དགོས་ཀྱི། མུན་སྲོས་ པའི་འོག་ཏུ་ཁྱིམ་ནས་བྱུང་སྟེ་ཁྱི་རྣམས་ལ་སྦྱིན་ནོ་སྙམ་མོ་།དེ་ནས་དེའི་བར་སྐབས་སུ་སྡེ་དཔོན་སེངྒེ་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་དང་ཕྲད་ནས་བདེན་པ་རྣམས་ མཐོང་སྟེ། དེས་བདེན་པ་རྣམས་མཐོང་ནས་བསམ་པ། སེམས་ཅན་འདི་ནི། ལས་ལས་སྐྱེས་ཏེ། སྔོན་མི་དགེ་བའི་ལས་རྣམས་ཀྱིས་ལུས་འདི་ལྟ་བུར་སྐྱེས་པར་གྱུར་ནས་ངན་ངོན་ ཞིག་གསོས་ལ་ཆེར་སྐྱེས་པ་དང། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བསྙེན་བཀུར་བྱེད་དུ་གཞུག་གོ་འོན་ཀྱང་ཚེ་རབས་གཞན་དུ་ལུས་འདི་ལྟ་བུར་སྐྱེ་བར་མི་འགྱུར་རོ་སྙམ་ [289B]ཉིང་ཁུས་གསོས་ནས་དེ་ཆེར་སྐྱེས་པ་དང། ཕས་དེ་ལ་སྨྲས་པ་བུ། ཁྱོད་སྔོན་གྱི་ལས་མི་དགེ་བ་རྣམས་ཀྱིས་ལུས་འདི་ལྟ་བུར་ སྐྱེས་ལ། ད་ལྟར་བཅོམ་ལྡན་འདས་འདི་ནི། བསོད་ནམས་ཀྱི་ཞིང་རྐང་གཉིས་པ་ཡིན་ཏེ། འདི་ལ་ནི། བཀུར་སྟི་ཅུང་ཟད་ཅིག་བྱས་ཀྱང་འབྲས་བུ་ཆེན་པོ་ཞིང་ཕན་ཡོན་ཆེ་བར་འགྱུར་ གྱིས༑ དེ་ལ་བཀུར་སྟི་བྱོས་ལ་སྨོན་ལམ་ལེགས་པར་ཐོབ་ཅིག་དང་ཁྱོད་ཀྱིས་ལས་དེ་ཡང་བར་འགྱུར་ཡང་སྲིད་དོ། །ཞེས་བྱས་ནས་དེས་ཀྱང་ཕའི་ངག་མཉན་ཏེ་སངས་རྒྱས་དང་ཆོས་ དང་དགེ་འདུན་ལ་བཀུར་སྟི་བྱེད་པ་ལ་ཞུགས་སོ། །དེ་ནས་ཕྱི་ཞིག་ན་ཁྱེའུ་དེས་ཕ་མ་ལ་གསོལ་ཏེ་སངས་རྒྱས་ལ་སོགས་པ་དགེ་འདུན་ཁྱིམ་དུ་སྤྱན་དྲངས་ནས་བཟའ་བ་དང་བཅའ་བ་ གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་བཤོས་གསོལ་ཟིན་ཏེ། གསང་སྡེར་ནི། གྱུ། ཕྱག་ནི། བཅབས་པར་རིག་ནས་སྟན་ཆེས་དམའ་བ་ཞིག་ཁྱེར་ ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་དང་ཁམས་དང། ཤེས་པ་དང། རང་བཞིན་ཐུགས་ སུ་ཆུང་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་ཁྱེའུ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ [290A]༄༅། །ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་བསམ་པ། གལ་ཏེ་བདག་ལུས་འདི་ལྟ་བུར་མ་གྱུར་ན་ནི་བདག་ཀྱང་བཅོམ་ལྡན་འདས་ ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཆུ་བོ་རྣམས་ལས་རྒལ་བར་བྱ་བ་དང། སྦྱོར་བ་རྣམས་ལས་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང་སྒྲུབ་པ་དང། འབད་པར་བྱ་བ་ཞིག་ན་སྙམ་དུ་ སེམས་པ་དང། སེམས་བསྐྱེད་མ་ཐག་ཏུ་ཁྱེའུ་དེའི་བྱད་བཞིན་མི་སྡུག་པ་དེ་དང་དྲི་མི་ཞིམ་པ་དེ་མེད་པར་གྱུར་ཏོ། །དེ་ནས་དེ་ལྷག་པར་ཡང་བཅོམ་ལྡན་འདས་ལ་དགའ་བ་སྐྱེས་ཏེ། དེ་ དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་ འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་དེ་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ་དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་ པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་ [290B] ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་ པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་ གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། དགེ་སློང་འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་མི་སྡུག་པའི་སྣ་གྲངས་བཅོ་ བརྒྱད་དང་ལྡན་པར་སྐྱེས་ལ་ལུས་ཐོག་ཐག་ནས་ཕྱི་སའི་དྲི་འབྱུང་བར་གྱུར་ལགས། ལས་ཅི་བགྱིས་ན། རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་མི་སྡུག་པ་མ་མཆིས་པར་གྱུར་ཏེ་ བཟང་པོར་གྱུར་ལ། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དག་སློང་དག། འདི་ཉིད་ཀྱིས་ལས་འདི་ལྟ་བུ་བྱས་ཤིང་བསགས་ཏེ། དགེ་སློང་དག་ སྔོན་བྱུང་བ་འདས་པའི་དུས་ན་རི་ཁྲོད་ཀྱི་གྲོང་ཞིག་ན་བྲམ་ཟེ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་གནས་པ་དེ་བྱད་གཟུགས་དང། ལང་ཚོའི་རྒྱགས་པས་དྲེགས་ནས་ [291A]༄༅། །དགེ་སྦྱོང་དང་བྲམ་ཟེ་དུ་མ་ལ་བརྙས་པར་བྱེད་དོ་།དེ་ནས་ཕྱི་ཞིག་ན་དེ་ཁང་ཐོག་ཏུ་སོང་སྟེ་བྲམ་ཟེའི་ཁྱེའུ་དག་གིས་བསྐོར་ཅིང་འདུག་གོ་སངས་རྒྱས་རྣམས་ འཇིག་རྟེན་དུ་མི་འབྱུང་བའི་ཚེ་རང་སངས་རྒྱས་སྡུག་ཅིང་ཕོངས་པ་རྣམས་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་གྱིས་འཚོ་བའི་བསེ་རུ་ལྟ་བུ་འཇིག་རྟེན་གྱི་ཡོན་གནས་གཅིག་ པུ་རྣམས་འཇིག་རྟེན་དུ་འབྱུང་སྟེ། རང་སངས་རྒྱས་ཤིག་རི་ཁྲོད་ཀྱི་གྲོང་ཁྱེར་དེར་བསོད་སྙོམས་ལ་སོང་ནས་དེས་བཟའ་བ་དང་བཅའ་བ་བཟང་པོ་དག་རྙེད་དེ། དེ་ཁྱེར་ཞིང་བྲམ་ ཟེ་དེའི་ཁྱིམ་གྱི་སྒོ་དྲུང་ནས་ལམ་པོ་ཆེའི་ལོགས་སུ་ཆས་པ་དང། དེ་བྲམ་ཟེ་དེས་མཐོང་ནས་བྲམ་ཟེ་དེའི་མདུན་ནའང་གྱོ་མོ་ཕྱི་སས་གང་བ་ཞིག་འདུག་སྟེ། དེས་མཐོ་བརྩམ་ པའི་བསམ་པས་རང་སངས་རྒྱས་དེའི་སྟེང་དུ་གྱོ་མོ་དེ་རྐང་པས་ཕུལ་ནས་དེའི་གོས་རྣམས་དང། དེའི་ལུས་དང། ལྷུང་བཟེད་རྣམས་གོས་པར་གྱུར་ཏེ། རང་སངས་རྒྱས་དེས་ཡར་བལྟས་ པ་དང་བྲམ་ཟེ་དེ་དགའ་ཆེས་ནས་བཞིན་མི་སྡུག་པར་བསྒྱུར་ཏེ་ལུས་ཀྱི་ལས་ཀྱིས་མཐོ་བརྩམས་སོ། །དེ་ནས་རང་སངས་རྒྱས་དེས་བསམ་པ། ཉོན་མོངས་པ་འདི་ནི། དམས་ཤིང་ཉམས་ པར་འགྱུར་གྱི། འདིའི་ར་མདའ་བྱ་དགོས་སོ་སྙམ་ནས་སྟོང་གི་ནམ་མཁའ་ལ་མངོན་པར་འཕགས་ཏེ་འབར་བ་དང། ལམ་མེར་འདུག་པ་དང་ཆར་འབབ་པ་དང། གློག་འགྱུ་བའི་ཆོ་ [291B] །སོ་སོའི་སྐྱེ་བོ་ནི། རྫུ་འཕྲུལ་གྱིས་མྱུར་དུ་དད་བ་སྐྱེ་བར་འགྱུར་བས་ན། དེ་ཤིང་སོག་ལེས་བཅད་པ་བཞིན་དུ་ཞབས་ལ་ཕྱག་བཙལ་ཏེ་སྨྲས་པ། སྐལ་པ་ཆེན་ པོ་མར་སྦྱོན། བདག་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བའི་ར་མདའ་མཛོད་ཅེས་བྱས་སོ། །དེ་ནས་རང་སངས་རྒྱས་དེས་ཀྱང་དེ་ལ་སྙིང་བརྩེ་བའི་ཕྱིར་ས་ལ་བབས་ནས་དེ་བྲམ་ཟེ་དས་ཁྱིམ་ གྱི་ནང་དུ་སྤྱན་དྲངས་ནས་གོས་དེ་རྣམས་ནི། ཕུད་དེ་བཏང། ལུས་ནི། སྤོས་ཀྱིས་བྱུགས་ཏེ་སྤོས་ཆུས་ཁྲུས་བྱེད་དུ་བཅུག་ནས་ཆོས་གོས་བཞན་དག་ཕུལ་ཏེ་རང་གི་ལག་ནས་བཟའ་ བ་དང་བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་ཞབས་ལ་ཕྱག་བཙལ་ཏེ་བཟོད་པ་གསོལ་ནས་སྨོན་ལམ་བཏབ་པ། བདག་གིས་ཡོན་གནས་ ཀྱི་མཆོག་འདི་ལྟ་བུ་ལ་གནོད་པ་བྱས་པའི་ལས་འདིའི་སྐལ་བ་ཅན་དུ་བདག་ཅི་ནས་ཀྱང་མ་གྱུར་ཅིག་འདི་ལ་བཀུར་སྟི་བྱས་པའི་དགེ་བའི་རྩ་བ་འདིས་ནི། ཅི་ནས་བདག་གང་དང་ གང་དུ་སྐྱེས་པར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་ གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཡོན་ཏན་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག་བརྒྱ་ལ་ལས་མི་དགེ་བ་འདི་གདོན་མི་ཟ་བ་ཁོ་ནར་འབྲས་བུ་སྨིན་པར་གྱུར་ན་ [292A]༄༅། །ཡང་རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་བདག་གི་མི་སྡུག་པ་མེད་པར་གྱུར་ཏེ། བཟང་པོར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ བྲམ་ཟེར་གྱུར་པ་གང་ཡིན་པ་དེ་ནི། སེངྒེའི་བུ་འདི་ཁོ་ན་ཡིན་ཏེ། དེས་རང་སངས་རྒྱས་དེ་ལ་གནོད་པ་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེར་མི་སྡུག་ པའི་སྣ་གྲངས་བཅོ་བརྒྱད་དང་ལྡན་པར་སྐྱེས་ལ། ལུས་ཐོག་ཐག་ནས་ཕྱི་སའི་དྲི་བྱུང་བར་གྱུར་ཏོ། །དེས་དེར་སླར་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་སྟེ། དགེ་བའི་རྩ་བ་འདིས་ན་ བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་འདི་བས་ཀྱང་ཆེས་ཁྱད་པར་འཕགས་པའི་སྟོན་པ་མཉེས་པར་ བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཡོན་ཏན་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག་བརྒྱ་ལ་ལས་མི་དགེ་བ་འདི་གདོན་མི་ཟ་བ་ཁོ་ནར་འབྲས་བུ་སྨིན་ པར་གྱུར་ནའང་རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་བདག་གི་མི་སྡུག་པ་མེད་པར་གྱུར་ཏེ་བཟང་པོར་གྱུར་ཅིག་ཅེས་བྱས་པས་ནི་དགེ་སློང་དག་འདིས་རང་སངས་རྒྱས་བྱེ་ བ་ཕྲག་འབུམ་བས་ཀྱང་ལྷག་པར་ཆེས་ཁྱད་པར་དུ་འཕགས་པ་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ནས་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ [292B]བའི་སེམས་བསྐྱེད་མ་ཐག་ཏུའང་མི་སྡུག་པར་མེད་པར་གྱུར་ཏེ་བཟང་པོར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་ བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། སྡེ་དཔོན་སེངྒེས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། འདིས་བཅོམ་ ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་ དགེ་བསྙེན་དུ་གྱུར་ཏེ། དེར་འདིས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བསྲུངས་ཏེ་འཆི་ཁར་སྨོན་ལམ་བཏབ་ པ༑ ཀྱེ་མ་དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག། ཡང་དག་པར་རྫོགས་པའི་སངས་ རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་ བྱས་སོ༑ ༑དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་དགེ་བསྙེན་དུ་གྱུར་པ་གང་ཡིན་པ་དེ་ནི། སྡེ་དཔོན་སེངྒེ་འདི་ཁོ་ན་ཡིན་ཏེ། དེས་དེར་ [293A]༄༅། །སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བསྲུངས་ཏེ་འཆི་ཁར་སྨོན་ལམ་བཏབ་པའི་ལས་ དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ སོ༑༑ །།དགེ་འདུན་གྱི་དབྱེན་ཞེས་བྱ་བ་ནི། གྲེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་མུ་གེ་བྱུང་ནས་ཕོངས་ཤིང་གནས་པར་གྱུར་ཏེ་སློང་མོ་པས་ཀྱང་ཁ་ཟས་མི་ རྙེད་དོ༑ ༑གཞན་ཡང་ཕ་མས་ཀྱང་རང་གི་བུ་སྨད་ལའང་ཁ་ཟས་ལེགས་པར་སྦྱིན་པ་དང་ལེགས་པར་བྱ་བར་མི་སེམས་ན་སློང་བ་རྣམས་ལ་ལྟ་ཅི་སྨོས། དེ་ནས་དེར་བཅོམ་ལྡན་ འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ནི། ཟླ་བ་གསུམ་གྱི་བར་དུ་ནང་དུ་ཡང་དག་འཇོག་པར་འདོད་ཀྱི་བཅོ་ལྔའི་གསོ་སྦྱོང་གི་དུས་དེ་ཉི་ཚེ་དང། ཞལ་ ཟས་སྐྱེལ་བ་མ་གཏོགས་པར་དགེ་སློང་སུའང་ཕྲད་དུ་མ་འོངས་ཤིག་ཅེས་བཀའ་སྩལ་ནས་བཅོམ་ལྡན་འདས་ཟླ་བ་གསུམ་གྱི་བར་དུ་ནང་དུ་ཡང་དག་འཇོག་ལ་བཞུགས་སོ། །དེ་ནས་ [293B] བཅོ་ལྔའི་གསོ་སྦྱོང་གི་དུས་དེ་ཉི་ཚེ་དང། ཞལ་ཟས་སྐྱེལ་བ་མ་གཏོགས་པར་དགེ་སློང་སུའང་བཅོམ་ལྡན་འདས་ཀྱི་ཐད་དུ་མ་འགྲོ་ཞིག་ཅེས་བྱས་ སོ༑ ༑དེ་ནས་ལྷས་བྱིན་གྱིས་བསམ་པ། ད་ནི། བདག་གིས་དགེ་སྦྱོང་གཽ་ཏ་མའི་ཉན་ཐོས་ཀྱི་དགེ་འདུན་མཐུན་པའི་དབྱེན་བྱ་བ་དང་འཁོར་ལོའི་དབྱེན་བྱ་བ་དེའི་དུས་ལ་བབ་པོ་སྙམ་ ནས་དགེ་སློང་རྣམས་ལ་སྨྲས་པ། བཙུན་པ་རྣམས། དགེ་སྦྱོང་གཽ་ཏ་མ་ཉན་ཐོས་རྣམས་ལ་ཇི་ལྟར་བྱས་པ་ལ་གཟིགས། གང་གི་ཚེ་དགེ་སློང་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟང་ དགོས་པར་གྱུར་པ་དེའི་ཚེ་ནང་དུ་ཡང་དག་འཇོག་ལ་གནས་ཤིང་འདུག་གི་དགེ་སློང་དག་ཚུར་གཤེགས་བདག་གི་ཐང་དུ་འཁོད་ཅིག་དང། བདག་གིས་ཁྱེད་རྣམས་ཡོ་བྱད་ཐམས་ ཅད་ཀྱིས་བསྟང་ངོ། །དེ་ནས་དགེ་སློང་ལྔ་བརྒྱ་ཙམ་གྱིས་དེའི་ཚིག་མཉན་ནས་བཅོམ་ལྡན་འདས་ལ་མི་ལྟ་བའི་སེམས་བསྐྱེད་དེ་ལྷས་བྱིན་གྱི་ཐད་དུ་སོང་ནས་འཁོད་དོ། །དེ་ནས་ལྷས་ བྱིན་གྱིས་དགེ་སློང་དེ་རྣམས་བསྡུས་ནས་སྨྲས་པ། དགེ་སྦྱོང་གཽ་ཏ་མ་དགོན་པར་གནས་ན་ནི། བདག་ཅག་གྲོང་འདབས་སུ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་དགོན་པར་ གནས་པ་ལ་ཉེས་དམིགས་མང་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མས་ཤ་ཟ་བར་གནང་ན་ནི། བདག་ཅག་གིས་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་སེམས་ཅན་རྣམས་ [294A]༄༅། །གསོད་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ལན་ཚྭ་ཟ་ན་ནི། བདག་ཅག་གིས་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁུ་ཆུ་ལས་བྱུང་བའི་ཕྱིར་རོ། །དགེ་ སྦྱོང་གཽ་ཏ་མ་འོ་མ་འཐུང་ན་ནི། བདག་ཅག་གིས་བ་ཏུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བེའུ་རྣམས་ཉོན་མོངས་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ཆོས་གོས་ དྲས་པ་གྱོན་ན་ནི། བདག་ཅག་གིས་བགོ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མི་རྣམས་ཀྱི་ཞོ་ཤས་བསྒྲུབས་པ་ཆུད་ཟོས་པར་འགྱུར་བའི་ཕྱིར་རོ། །གང་དག་བརྟུལ་ཞུགས་ཀྱི་གཞི་ འདི་ལྔ་ཐོབ་ནས་འདོད་ཅིང་བཟོད་ལ་འཐད་པ་སེམས་པ་དང། དགེ་སྦྱོང་གཽ་ཏ་མའི་ཐད་ནས་འབྱེ་བ་དང། གཞན་དུ་འགྲོ་བ་དང་དགེ་སྦྱོང་གཽ་ཏ་མ་དང་འབྲལ་བར་འདོད་པ་དེ་དག་ གིས་ནི༑ ཤིང་བུ་ལོངས་ཤིག་ཅེས་སྨྲས་ནས་དེ་ནས་དགེ་འདུན་གྱི་ནང་དུ་ཤིང་བུ་བྲིམས་ཏེ་དགེ་སློང་ལྔ་བརྒྱས་ཤིང་བླངས་ནས་ཤིང་བུ་བྲིམས་པའི་འོག་ཏུ་གསོལ་བ་བྱེད་པ་ལ་ཞུགས་ ཏེ༑ བཙུན་པ་དགེ་འདུན་རྣམས་གསན་དུ་གསོལ། དགེ་སྦྱོང་གཽ་ཏ་མ་དགོན་པར་གནས་ན་ནི། བདག་ཅག་གྲོང་འདབས་སུ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་དགོན་ པར་གནས་པ་ལ་ནི། ཉེས་དམིགས་མང་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མས་ཤ་ཟ་བར་གནང་ན་ནི། བདག་ཅག་གིས་བཟའ་བར་མི་བྱའོ་།དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་སེམས་ [294B] །དགེ་སྦྱོང་གཽ་ཏ་མ་ལན་ཚྭ་ཟ་ན་ནི། བདག་ཅག་གིས་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁུ་ཆུ་ལས་བྱུང་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་འོ་ མ་འཐུང་ན་ནི། བདག་ཅག་གིས་བཏུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བེའུ་རྣམས་ཉོན་མོངས་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མས་ཆོས་གོས་དྲས་པ་གྱོན་ན་ནི་ བདག་ཅག་གིས་བགོ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མི་རྣམས་ཀྱིས་ཞོ་ཤས་བསྒྲུབས་པ་ཆུད་ཟོས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་ གྱིས་གནང་བར་མཛོད་ཅིག་དང། དེས་ན་དགེ་འདུན་རྣམས་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་གནས་པར་བགྱིའོ། །འདི་ནི་གསོལ་བའོ། །ཞེས་སྨྲས་ནས་ལྷས་བྱིན་གྱིས་ དགེ་སློང་ལྔ་བརྒྱ་ཁྲིད་དེ་ཁྱིམ་བྱ་བའི་ཀུན་དགའ་ར་བ་ཞེས་བྱ་བར་སོང་ནས་སློབ་མའི་མཆོག་ཀོ་ཀ་ལི་ཀ་དང། ཁན་ད་དྲབ་བྱ་དང། ཀ་ཏ་མོ་ར་ཀ་དང། རྒྱལ་དང། རྒྱ་མཚོས་བྱིན་རྣམས་གཡས་ གྲལ་དང། གཡོན་གྲལ་དུ་བཞག་སྟེ་སྡེ་ཚན་གྱི་གུང་ལ་འདུག་ཅིང་སྟོན་པའི་བཙུན་ཆོས་ཉམས་སུ་མྱོང་བར་བྱེད་དོ། །དེ་ནས་དེའི་བློ་སྐྱེས་པ། ད་ནི། བདག་གིས་དགེ་སྦྱོང་གཽ་ཏ་མའི་དགེ་སློང་ གི་དགེ་འདུན་མཐུན་པའི་དབྱེན་ཡང་བྱས་ཟིན་ལ། འཁོར་ལོའི་དབྱེན་ཡང་བྱས་ཟིན་ནོ་སྙམ་ནས་སྡེ་ཚན་གྱི་གུང་ལ་འདུག་ཅིང་སྟོན་པའི་བཙུན་ཆོས་ཉམས་སུ་མྱོང་བར་བྱེད་དོ། །དགེ་ [295A]༄༅། །འདུན་འབྱེད་པ་དེའི་ཚེ་དགེ་སློང་རྣམས་ཀྱི་རྣལ་འབྱོར་ཡང་མེད། ཡིད་ལ་བྱེད་པའང་མེད། ལུང་ནོད་པའང་མེད། ཁ་དོན་བྱེད་པའང་མེད་ལ། མདོ་སྡེ་སེམས་པ་དང་ འདུལ་བ་སེམས་པ་དང། ཆོས་མངོན་པ་སེམས་པའང་མི་དྲན་ཏེ་དགེ་བའི་ཕྱོགས་ཐམས་ཅད་ཀྱི་བར་ཆད་དུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་ བཙུན་པ། བཅོམ་ལྡན་འདས་ཀྱིས་འཕྲིན་ལས་ཅི་ཞིག་མཛད་མཛད་ན་འཕྲིན་ལས་དེའི་རྣམ་པར་སྨིན་པས་དགེ་འདུན་བྱེ་བར་གྱུར་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ དགེ་སློང་དག་ང་ཉིད་ཀྱིས་སྔོན་ཚེ་རབས་གཞན་དག་ཏུ་ཚོགས་རྙེད་ཅིང་རྐྱེན་གྲུབ་པ་དང་ལྡན་ཏེ། དབའ་རྒལ་བཞིན་དུ་འབྱུང་ལ་གདོན་མི་ཟ་བར་འོང་བའི་ལས་དེ་དག་བྱས་ཤིང་ བསགས་པས་ན། ང་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་ སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང། མེའི་ཁམས་དང། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་མི་དགེ་བ་བྱས་ཤིང་ བསགས་པ་རྣམས་ནི། ཟིན་པའི་ཕུང་པོ་དང། ཁམས་དང། སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ [295B] །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་[?]རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་ རྒྱལ་པོ་བྱེད་དེ། དེའི་ཚེ་ཝཱ་ར་ཎཱ་སི་ན་དྲང་སྲོང་གི་གནས་ཤིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། གཡོག་འཁོར་ལྔ་བརྒྱ་ཡོད་པ་ཞིག་རྟེན་ཞིང་གནས་སོ། །དེ་ནས་ཕྱི་ཞིག་ན་ལྷོ་ ཕྱོགས་ནས་བྲམ་ཟེ་གཡོག་འཁོར་ལྔ་བརྒྱ་ཡོད་པ་ཞིག་འོངས་ནས་དྲང་སྲོང་དེའི་གནས་དང་ཉེ་བ་ཞིག་ཏུ་བཏབ་སྟེ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་བྲམ་ཟེ་དག་གི་གསང་སྔགས་སློབ་པར་བྱེད་དོ། ། བྲམ་ཟེ་དེ་ཡང་རིག་པའི་གནས་བཅོ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞིག་སྟེ། སྔ་ནས་འདུག་པའི་དྲང་སྲོང་གི་བྲམ་ཟེའི་ཁྱེའུ་རྣམས་ཀྱིས་བྲམ་ཟེའི་རྒྱུས་རིག་ནས་དེ་དག་དེའི་ཐད་དུ་སོང་སྟེ་སྨྲས་པ་ མཁན་པོ། བདག་ཅག་ལའང་ཕན་གདགས་པར་གསོལ། བྲམ་ཟེས་སྨྲས་པ་ཁྱེད་ལ་ཅི་ཞིག་གིས་ཕན་གདགས་པར་བྱ། བྲམ་ཟེའི་ཁྱེའུ་རྣམས་ཀྱིས་སྨྲས་པ། ཁ་ཏོན་བསླབ་པས་ཕན་ གདགས་པར་གསོལ། བྲམ་ཟེས་སྨྲས་པ། ང་ནི། གཞན་གྱི་སློབ་མ་ལ་སློབ་པར་མི་བྱེད་དོ། །དེ་ནས་བྲམ་ཟེའི་ཁྱེའུ་རྣམས་ཀྱིས་བསམ་པ་བདག་ཅག་གི་མཁན་པོས་ཀྱང་གོས་ཟས་ ཀྱིས་ནི༑ སྡུད་པར་བྱེད་མོད་ཀྱི། ཁ་ཏོན་བསླབ་པས་ནི། མི་ནུས་ཀྱི་བདག་ཅག་གིས་འདི་པོར་ལ་བྲམ་ཟེ་འདི་ཁོ་ན་ལ་བརྟེན་ཏེ་ཁ་ཏོན་བསླབ་པའི་ཕྱིར་འདུ་བར་བྱའོ་སྙམ་ནས་བྲམ་ཟེ་དེ་ [296A]༄༅། །ལ་སྨྲས་པ། བདག་ཅག་གི་མཁན་པོ་བོར་ཏེ་ཁྱོད་ཁོ་ན་ལ་བདག་ཅག་བརྟེན་པར་བགྱིའོ། །ཞེས་བྱས་སོ། །བྲམ་ཟེ་དེས་སྨྲས་པ། གལ་ཏེ་དེ་ལྟ་ན་བདག་གིས་ ཁྱེད་གོས་ཟས་དང། ཁ་ཏོན་བསླབ་པས་བསྟང་བར་བྱའོ། །དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེའི་ཁྱེའུ་དེ་དག་གིས་དྲང་སྲོང་དེ་གཅིག་པུ་གྲོགས་མེད་པར་བོར་ནས་བྲམ་ཟེ་དེ་ལ་བརྟེན་ ཏོ༑ ༑དེས་ཀྱང་དེ་དག་གོས་དང་ཟས་དང་ཁ་ཏོན་བསླབ་པས་བསྡུས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བྲམ་ཟེར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ ཡིན་པ་དེ་ནི། ང་ཉིད་ཡིན་ཏེ། དེར་ངས་དྲང་སྲོང་དེའི་འཁོར་གྱི་དབྱེན་བྱས་པ་དེའི་ལས་དེའི་རྣམ་པར་སྨིན་པས་ང་ལོ་གྲངས་མང་པོ་དང། ལོ་བརྒྱ་ཕྲག་མང་པོ་དང། ལོ་འབུམ་ཕྲག་ མང་པོར་སེམས་ཅན་དམྱལ་བ་རྣམས་སུ་བཙོས་པར་གྱུར་ཏོ། །དེ་ནས་ང་ཤི་འཕོས་ནས་ཀྱང་གང་དང་གང་དུ་སྐྱེས་པ་དེ་དང་དེར་ངས་འཁོར་དང་ཕྱེ་བ་མྱོང་ལ། ད་ལྟར་གྱི་བར་དུའང་ ལས་དེའི་རྣམ་པར་སྨིན་པས་ལྷས་བྱིན་གྱིས་ང་འཁོར་དང་ཕྱེ་བ་ཡིན་ནོ།། །།ལས་བརྒྱ་ཐམ་པ། བམ་པོ་བཅུ་བདུན་པ། ནགས་ཁུང་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ ཡོད་པ་ན་བཞུགས་ཏེ། དེའི་ཚེ་དགོན་པ་ནགས་ཁུང་ཞིག་ཡོད་དེ་ནགས་ཁྲོད་དེ་ན་བཀོད་མའི་ཆུ་འཁྱིལ་བའི་མཚེའུ་ཞིག་ཀྱང་ཡོད་ལ། མཚེའུ་དེ་ན་དྲང་སྲོང་ལྔ་བརྒྱ་ཙམ་རྟེན་ཅིང་ [296B] དེ་དག་ཐམས་ཅད་ཀྱང་སྲིད་པ་ཐ་མ་པ། འབྲས་བུ་སྨིན་པ་མཚོན་གྱིས་བརྟོལ་ལ་རག་པ་དང་འདྲ་བ་ཤ་སྟག་གོ་སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་ པའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ་ འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་བ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱི་ཉིན་དུས་གསུམ་ མཚན་དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི་ཕོངས་ཤིང་འདུག། སུ་ནི། ཉམ་ང་བར་གྱུར་ སུ་ནི༑ གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི། ངན་སོང་ནས་ཕྱུང་ སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ་སུ་ནི། འཕགས་པའི་ནོར་བདུན་མེད་པ་ལས་འཕགས་ [297A]༄༅། །པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་ འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་ རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་གདུལ་བའི་དུས་ལ་བབ་བོ་སྙམ་དུ་དགོངས་ནས་མཉན་དུ་ཡོད་པ་ནས་མི་ སྣང་བར་གྱུར་ཏེ་ནགས་ཁྲོད་དེར་གཤེགས་པ་དང། དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་གཅིག་ལ་ གཅིག་སྨྲས་པ། ཀྱེ་དགེ་སྦྱོང་གཽ་ཏ་མ་གཡེལ་བ། མང་དུ་ལེན་ཅིང་འཚོ་བ་སྤོང་བ་བཏང་བ་དེ་འདིར་འོངས་ཀྱི། དེ་འོངས་ཀྱང་བདག་ཅག་གིས་ལག་བརྡས་སྤྱིལ་པོ་བསྟན་པ་མ་གཏོགས་ པར་དེ་ལ་སྨྲ་བར་མི་བྱ། ཀུན་ཏུ་སྨྲ་བར་མི་བྱའོ། །ཞེས་སྨྲས་ནས་དྲང་སྲོང་ལྔ་བརྒྱ་པོ་རྣམས་ཅང་མི་ཟེར་བར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་གདུལ་བར་བྱ་བའི་དབང་གིས་དེ་དག་གི་ [297B] དེ་དག་གིས་ལག་བརྡས་སྤྱིལ་པོ་བསྟན་པ་མ་གཏོགས་པར་བཅོམ་ལྡན་འདས་ཀྱི་ལན་མ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྤྱིལ་པོ་ དེའི་ནང་དུ་གཤེགས་ཏེ་རྩྭ་སྟན་བཤམས་པ་ལ་བཞུགས་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་དྲང་བའི་ཕྱིར་བཀོད་མ་འཁྱིལ་བའི་མཚེའུ་དེ་བསྐམས་པར་བྱིན་གྱིས་བརླབས་ སོ༑ ༑དེ་ནས་དྲང་སྲོང་ལྔ་བརྒྱ་པོ་ད་དག་གིས་མཚེའུ་དེ་ན་ཆུ་མེད་པར་མཐོང་ངོ། །མཐོང་ནས་ཀྱང་དེ་དག་སྡུག་བསྔལ་ཆེན་པོ་སྐྱེས་ཏེ་ལྷ་ལ་གསོལ་བ་འདེབས་ཤིང་འདུག་གོ་འོན་ཀྱང་དེ་དག་གི་ མཚེའུ་དེར་ཆུ་མ་བྱུང་ངོ། །དེ་ནས་དེ་དག་དད་པ་བསྐྱེད་པའི་ཕྱིར་ལྷས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་ལ་རང་གི་ལུས་བསྟན་ནས་སྨྲས་པ། གྲོགས་པོ་དག་ཁྱེད་བདག་ཅག་བཀྲེས་པ་དང། སྐོམ་ པས་གདུངས་ཏེ་ཅི་བྱ། བཅོམ་ལྡན་འདས་ནི། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་གྱི། བཅོམ་ལྡན་འདས་ཉིད་ལ་སྐྱབས་སུ་དེང་ཞིག་དང། བཅོམ་ལྡན་འདས་ཀྱི་མཐུས་ཆུའི་མཚེའུ་འདི་སྔ་ མཁོ་བཞིན་དུ་འོང་ངོ་ཞེས་བྱས་སོ། །དེ་ནས་དྲང་སྲོང་ལྔ་བརྒྱ་པོ་དེ་རྣམས་ཀྱིས་ལྷས་བསྒོ་བ་ཐོས་ནས་བཅོམ་ལྡན་འདས་སླ་ཤིན་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་ཀྱང་བཅོམ་ ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ལ་བཟོད་པ་གསོལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་བསམ་ [298A]༄༅། །པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང་རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ནས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་སྟན་ དེ་ཉིད་ལ་འདུག་ཅིང་འཁོད་བཞིན་དུ་བདེན་པ་རྟོགས་པའི་མོད་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དག་གིས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་ གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་ལེགས་པར་གསུངས་པའི་ ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་དང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ལྔ་བརྒྱ་པོ་རྣམས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་དག་ལ་ལུང་ཡང་ཕོག་གོ་དེ་ རྣམས་ཀྱིས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ [298B] རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་ པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །བཅོམ་ལྡན་འདས་ནི་དེ་དག་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་མཛད་ནས་ནགས་ཁྲོད་དེ་ནས་མི་སྣང་བར་གྱུར་ཏེ་ རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་སོ། །དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་རྣམས་ནགས་ཁྲོད་དེ་ཉིད་ན་འཁོད་དོ། །ཞེས་བྲམ་ཟེ་དང། ཁྱིམ་བདག་དད་པ་དང་ལྡན་པ་རྣམས་ཀྱིས་ཐོས་སོ། །ཐོས་ ནས་ཀྱང་ནགས་ཁྲོད་དེར་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གཙུག་ལག་ཁང་ཞིག་བརྩིགས་ཏེ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་ཕུལ་ལོ། །དེ་ནས་དགེ་སློང་ རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། དགེ་སློང་ལྔ་བརྒྱ་པོ་འདི་རྣམས་ཀྱིས་ལས་ཅི་ཞིག་བགྱིས་ན། དེས་དེའི་རྣམ་པར་སྨིན་པས་འདི་རྣམས་ཀྱིས་བཅོམ་ལྡན་ འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ ལགས༑ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ། འདི་རྣམས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ [299A]༄༅། །ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་ རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ ལ་འདི་དག་ཐམས་ཅད་རབ་ཏུ་བྱུང་ནས་དེར་འདི་རྣམས་ཀྱིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་ཅག་ཡང་དག་པར་རྫོགས་པའི་སངས་ རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅིའང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་ པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཤོག་ཅིག་ཅེས་བྱས་སོ། །དགེ་སློང་དག། ཇི་སྙམ་དུ་སེམས། དེའི་ཚེ་རབ་ཏུ་བྱུང་བའི་ དགེ་སློང་ལྔ་བརྒྱ་པོ་དེ་དག་ནི་དགེ་སློང་ལྔ་བརྒྱ་པོ་འདི་དག་ཉིད་ཡིན་ཏེ། དེ་རྣམས་ཀྱིས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་ [299B]བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ་ མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ཐོས་པ་ཞེས་བྱ་བ་ནི་ གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཆེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ ལྡན་པ༑ རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་བ། གསེར་གྱི་ཁ་དོག་ཅན། མགོ་བོ་གདུགས་ལྟར་འདུག་ [300A]༄༅། །པ༑ ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་མཐུན་པར་ མིང་བཏགས་ཏེ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་ནས་རྫིང་གི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་ གེ་དང་ཁོང་རྩིས་དང་ཤོད་དགོད་པ་དང་ལག་རྩིས་དང་དབྱུང་བ་དང་སྦ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་སྤོས་བརྟག་པ་དང་སྨན་ བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་ དང་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་དེའི་ཕས་དེའི་དགུན་ས་དང། སོས་ཀའི་ས་དང། དབྱར་སའི་ཁྱིམ་ཁ་གསུམ་དུ་བརྩིགས་ཏེ་སྐྱེད་མོས་ཚལ་ཡང་ཁ་གསུམ་དུ་ བཅས་ནས་ཆུང་མ་ཆེན་མ་དང་འབྲིང་མ་དང་ཆུན་མ་གསུམ་ཡང་བླངས་ཏེ། དེ་ཁང་བཟང་གི་སྟེང་ན་འདུག་ཅིང་བུད་མེད་འབའ་ཞིག་གི་རྩེད་མོས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ་ རང་གི་བསོད་ནམས་ཀྱི་འབྲས་བུ་མྱོང་ངོ། །དེ་ནས་ཕྱི་ཞིག་ན་དེ་དཔྱིད་ཀྱི་དུས་སུ་ཤིང་ལྗོན་པ་མང་པོ་མེ་ཏོག་རྒྱས་ཤིང། ནེ་ཙོ་དང་རི་སྐེགས་དང་ཁུ་བྱུག་དང་རྨ་བྱ་དང་ཤང་ཤང་ཏེའུ་ [300B]གཡོག་འཁོར་དང་བཅས་པར་དོང་ནས་ཕེག་རྡོབ་པས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །བཅོམ་ལྡན་འདས་བགྲོད་པ་གཅིག་པའི་ ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་ མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ལ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི་ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་གྱུར་ སུ་ནི། གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི། ངས་ངན་སོང་ནས་ ཕོངས་[?]མཐོ་རིས་དང་ཐར་བ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལ་གནས་དྲང་བར་བྱ། སུ་ནི། འཕགས་པའི་ནོར་བདུན་མེད་པ་ལས་ [301A]༄༅། །འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་ རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་ བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། ། གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད་།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གི་བུ་དེ་གདུལ་བའི་དུས་ལ་བབ་པར་དགོངས་ནས་བཅོམ་ ལྡན་འདས་ཀྱིས་སྐྱེད་མོས་ཚལ་དེ་དང་ཉེ་བ་ཞིག་ཏུ་སྐྱེད་མོས་ཚལ་གཅིག་སྤྲུལ་ཏེ། སྐྱེད་མོས་ཚལ་དེར་སྐྱེ་བོ་ཕལ་པོ་ཆེ་ལ་ཚངས་པའི་གསུང་གིས་ཆོས་སྟོན་པར་བརྩམས་སོ། །དེ་ནས་ ཁྱིམ་བདག་གི་བུ་དེས་སྐྱེད་མོས་ཚལ་དེ་ནས་བཅོམ་ལྡན་འདས་ཀྱི་གསུང་གི་གདངས་གྲག་པ་ཐོས་སོ། །ཐོས་ནས་ཀྱང་བདག་གིས་སྔན་ཆད་མིར་གྱུར་པའི་སྐད་ཀྱི་གདངས་འདི་ལྟ་བུ་ མ་ཐོས་སོ་སྙམ་སྟེ་ངོ་མཚར་དུ་བཟུང་ནས་བདག་དེར་སོང་ལ་སྐད་ཀྱི་གདངས་འདི་ལྟ་བུ་དང་ལྡན་པ་སུ་ཡིན་པ་བརྟག་གོ་སྙམ་མོ་།དེ་ནས་སྒྲ་གར་གྲགས་པ་ལོགས་སུ་སྐྱེད་མོས་ [301B] ཁྱིམ་བདག་གི་བུ་དེ་གཡོག་འཁོར་དང་བཅས་པས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་ པར་བརྒྱན་ཅིང་སྦ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་ སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་ པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི། ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལའང་ ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་མཐོང་ནས་ཀྱང་ཁྱིམ་བདག་གི་བུ་དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལ་བ་ དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གི་བུ་དེའི་བསམ་པ་དང། བག་ལ་ ཉལ་བ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ་དེ་ཐོས་ནས་ཁྱིམ་བདག་གིས་བུ་དེས་སྟན་དེ་ཁོ་ན་ལ་འདུག་བཞིན་དུ་འཇིག་ [302A]༄༅། །ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལེགས་ པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་ པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ། ཁྱོད་ཀྱིས་ཕ་མ་ལ་བྱས་སམ། བཙུན་པ། མ་བགྱིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ གཞོན་ནུ། སངས་རྒྱས་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་ནི་ཕ་མས་མ་གནང་བར་རབ་ཏུ་འབྱིན་པར་མི་མཛད་ཀྱི། ཕ་མ་ལ་གསོལ་ཏེ་ཕྱིར་ཤོག་ཅིག་དང། དེའི་ འོག་ཏུ་ཁྱོད་ཀྱི་སླ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་འཚལ་ལོ། །ཞེས་གསོལ་ནས་ཁྱིམ་བདག་གི་བུ་དེ་ཕ་མའི་གན་དུ་སོང་སྟེ་སྨྲས་པ་ ཡབ་ཡུམ། བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་གནང་བར་མཛད་དུ་གསོལ་ཞེས་བྱས་སོ། །དེ་ནས་ཕ་མ་གཉིས་ཀྱིས་བསམ་པ། བདག་ཅག་གིས་འདི་བཟློག་ [302B] བུ། གནང་གི་ཁྱོད་ཀྱིས་གང་གི་ཚེ་ཅུང་ཟད་ཁྱད་པར་འགའ་ཞིག་ཐོབ་པར་གྱུར་པ་དེའི་ཚེ་བདག་ཅག་ལ་བལྟར་ཤོག་ཅིག་ཅེས་བྱས་སོ། །དེ་ནས་དེ་ལྟར་ བགྱིའོ༑ ༑ཞེས་སྨྲས་ནས་ཁྱེའུ་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ཕ་མས་གནང་བ་ལགས་ན། ལེགས་པར་གསུངས་པའི་ ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གི་བུ་དེ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ་དེས་ཀྱང་བརྩོན་པ་དང་ སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་ དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ་རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་ [303A]༄༅། །པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ ཀྱིས་མཆད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ་།དེས་དགྲ་བཅོམ་པ་ཉིད་ཐོབ་ནས་ཕ་མ་གཉིས་བདེན་པ་རྣམས་ལ་བཀོད་དེ། སྦྱིན་པ་དང་སྦྱིན་པའི་བགོ་བཤའ་རྣམས་ ལའང་བཙུད་ནས་ཁྱིམ་དེ་ཆུ་དོང་ལྟ་བུར་གྱུར་པར་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཁྱིམ་བདག་གི་བུ་འདིས་ལས་ཅི་ཞིག་བགྱིས་ན་ ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས་བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ནས་འདི་ལྟར་འདི་ཉིད་ལ་བརྟེན་ཏེ་ཁྱིམ་གྱི་ནང་མི་ཐམས་ཅད་ ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ། འདིས་སྨོན་ ལམ་གང་དུ་བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་སྐྱེ་རྒུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ [303B] བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གང་གི་ཚེ་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་ པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ནས་གྲོང་ཁྱེར་གཉེན་ལྡན་གྱི་རྒྱལ་པོས་དེའི་སྐུ་གདུང་གི་མཆོད་རྟེན་བརྩིགས་ཏེ་མཆོད་རྟེན་དེ་ལ་སྲོག་ཤིང་གཟུགས་པར་བསམ་ནས་དེར་སྐྱེ་ པོ་ཕལ་པོ་ཆེ་འདུས་པ་དང། རྒྱལ་པོ་དེས་སྐྱེ་བོ་མང་པོ་དེ་དག་ལ་བསྒོ་བ། སུ་མཆོད་རྟེན་འདི་ལ་ནོར་མང་དུ་སྐྱེད་པར་བྱེད་པ་དེས་མཆོད་རྟེན་འདི་ལ་སྲོག་ཤིང་ཚུགས་ཤིག་ཅེས་བསྒོའོ། །དེ་ ནས་དེའི་ཚེ་ཁྱིམ་བདག་གི་བུ་ཞིག་ས་ཕྱོགས་དེར་ཕྱིན་ནས་ཁྱིམ་བདག་གི་བུ་དེས་རྒྱལ་པོ་དེས་དེ་སྐད་ཅེས་བསྒོ་བ་ཐོས་སོ། །ཐོས་ནས་ཀྱང་དེའི་བློ་སྐྱེས་པ། བདག་གིས་མཆོད་རྟེན་དེ་ ལ་ནོར་ཆེས་མང་དུ་བསྐྱེད་དེ་སྲོག་ཤིང་གཟུགས་པར་བྱ་ན། བདག་ལ་དེ་ཙམ་གྱི་འབྱོར་བ་དག་ནི། མེད་ཀྱི། མ་ལ་བདག་གིས་ཉེ་དུ་རྣམས་ཀྱི་ཐད་དུ་སོང་ལ་བཙལ་ཏེ་ནོར་བསྐྱེད་པར་ བྱའོ་སྙམ་ནས་ཁྱིམ་བདག་གི་བུ་དེས་ཉེ་དུ་རྣམས་ལ་གསོལ་བ་བཏབ་པ་དང། དེ་དག་གིས་སྨྲས་པ། བརྟན་པོར་བྱོས་ལ་སྤྲོ་བ་ཆེན་པོ་སྐྱེད་ཅིག་དང། ཁྱོད་ཀྱིས་ནོར་ཇི་ཙམ་དུ་བསྐྱེད་ [304A]༄༅། །པ་དེ་སྙེད་ངེད་ཀྱིས་ཁྱོད་ལ་སྦྱིན་པར་བྱའོ། །དེ་ནས་དེས་ཐོས་མ་ཐག་ཏུ་ཁྱེའུ་དེ་དང། རྒྱལ་པོ་དེས་གོང་ནས་གོང་དུ་བསྐྱེད་དེ་གསེར་བྱེ་བ་ཕྲག་དྲུག་ཅུའི་བར་དུ་ བསྐྱེད་དོ། །དེ་ནས་རྒྱལ་པོ་དེ་གཞི་དེ་ལས་མི་དགའ་བར་གྱུར་ཏེ་བདག་གིས་བདག་ལ་གནོད་པ་འདི་ལྟ་བུ་འདི་ཅི་དང་ཅི་བྱ་སྙམ་ནས་ཡིད་མི་བདེ་ཞིང་འདུག་གོ་དེ་ནས་བློན་པོ་རྣམས་ ཀྱིས་གསོལ་པ། ལྷ། བརྟན་པོར་མཛོད་ལ་སྤྲོ་བ་ཆེན་པོར་བསྐྱེད་པར་གསོལ། བདག་ཅག་གིས་ལྷ་ལ་ནོར་དབུལ་བར་འཚལ་ལོ། །ཞེས་བྱས་སོ་།ཁྱེའུ་དེ་ལ་ཡང་གཉེན་འདུན་མང་པོ་ རྣམས་ཀྱིས་བཀག་སྟེ་རྒྱལ་པོ་འདིའི་ཐུགས་སྲུང་དགོས་ཀྱི། རྒྱལ་པོ་དང་མ་འགྲན་ཅིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེས་བཏང་ངོ། །དེ་ནས་རྒྱལ་པོ་དེ་གཞི་དེ་ལས་ དགའ་བར་གྱུར་ཏེ། ཁྱེའུ་དེ་ལ་ལོངས་སྤྱོད་ཀྱི་ཚོགས་ཆེན་པོ་བྱིན་ནས་མཆོད་རྟེན་དེ་ལ་སྲོག་ཤིང་བཙུགས་ཏེ་རིང་པོ་མ་ཐོགས་པར་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ སོ༑ ༑མཆོད་རྟེན་དེ་ལ་བདུག་པ་དང་ཕྱེ་མ་དང་སྤོས་དང་མེ་ཏོག་རྣམས་ཀྱིས་བཀུར་སྟི་བྱས་ཏེ། མཆོད་རྟེན་དེའི་དུས་སྟོན་གྱི་ལུགས་བཅས་སོ། །དེ་ནས་ཁྱིམ་བདག་གི་བུ་དེས་བསམ་པ། མཆོད་ རྟེན་དེ་ལ་བདག་གིས་གསེར་བྱེ་བ་ཕྲག་དྲུག་ཅུ་བསྔོས་པའི་རྫས་འདི་དག་བདག་ཉིད་ཀྱིས་ལོངས་སྤྱད་མི་ཕོད་ཀྱི། བདག་གིས་མཆོད་རྟེན་འདི་ཉིད་ལ་ཐམས་ཅད་དབུལ་བར་བྱའོ་སྙམ་ནས་ [304B]ཆེན་པོ་བྱས་ནས་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་ཤོག་ཅིག་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་ མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཤོག་ཅིག་ཅེས་བྱས་སོ། །དེ་ནས་ཉེ་དུ་མང་པོ་རྣམས་ཀྱིས་དེ་ ལ་སྨྲས་པ། བུ། ཁྱོད་ཀྱིས་སྨོན་ལམ་ཇི་སྐད་བཏབ། དེ་ནས་ཁྱེའུ་དེས་དེ་རྣམས་ལ་ཐམས་ཅད་བསྙད་ནས་ཐོས་མ་ཐག་ཏུ་དེ་རྣམས་ཀྱིས་ཀྱང་སྨོན་ལམ་བཏབ་སྟེ། བདག་ཅག་གིས་ཀྱང་ཁྱོད་ ཁོ་ན་ལ་བརྟེན་ཏེ་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་།མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་གི་བུར་གྱུར་ པ་གང་ཡིན་པ་དེ་ནི། འདི་ཉིད་ཡིན་ཏེ། དེས་དེར་མཆོད་རྟེན་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་ མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དང་ [305A]༄༅། །ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་ མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ་།དེའི་ཚེ་ཉེ་དུར་གྱུར་པ་གང་ཡིན་པ་དེ་དག་ནི། ཉེ་དུ་ འདི་དག་ཉིད་ཡིན་ཏེ། དེ་དག་གིས་དེར་སྨོན་ལམ་བཏབ་སྟེ། བདག་ཅག་གིས་ཀྱང་ཁྱོད་ཁོ་ན་ལ་བརྟེན་ནས་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་ པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག། འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ། །ལས་བརྒྱ་ཐམ་པ་ལས། སྡོམ་གྱི་ཚིགས་སུ་ བཅད་པ་བཞི་པ་རྫོགས་སོ།། །།སྡོམ་ནི། མི་སྡུག་བདེ་བྱེད་གདོལ་བ་དང། །རབ་བཟང་དང་ནི་ལྷར་བཅས་གླང། །སྙིང་རྗེ་བཟང་པོ་གེལ་པོ་དང། །ནག་པོ་མདའ་ཐོགས་ བརྫིས་དང་ཝ། །མི་སྡུག་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཡུལ་གར་ག་ཞེས་བྱ་བར་ལྗོངས་རྒྱུ་ཞིང་གཤེགས་པ་ལས། ཤི་ཤུ་མ་རིའི་རི་ལ་བྱོན་ནས་ཤི་ཤུ་མ་རིའི་རི་འཇིགས་ བྱེད་ཀྱི་ཚལ་རི་དྭགས་ཀྱི་ནགས་ན་བཞུགས་སོ། །དེའི་ཚེ་ཤི་ཤུ་མ་རིའི་རི་ལ་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་ [305B] རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ ཞིག་ན༑ དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང། ཁྱེའུ་མི་སྡུག་པའི་སྣ་གྲངས་བཅོ་བརྒྱད་དང་ལྡན་པ་ཞིག་བཙས་ནས་དེ་མཐོང་མ་ཐག་ཏུ་ཕ་མ་གཉིས་སྡུག་ བསྔལ་ཆེན་པོ་དང་ལྡན་པར་གྱུར་ཏེ། བདག་ཅག་གཉིས་ཀྱི་བུ་བཙས་ནས་ཀྱང་འདི་ཁོ་ན་ལྟ་བུར་སྐྱོན་ཅན་དུ་གྱུར་ན། འདི་འདྲ་བ་ཅི་དགོས་ཀྱི། འདི་ནི། ཤི་ཡང་སླའི། ཕྱེམ་རེད་ནམ་སྲོས་ པ་དང་ཁྱི་རྣམས་ལ་སྦྱིན་ནོ་སྙམ་མོ། །དེ་ནས་ཁྱིམ་བདག་གི་ཆུང་མས་སྨྲས་པ། མི་གསོད་པ་ནི། འཇིག་རྟེན་ན་སྨད་པའི་སྟེང་དུ་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའི་ལས་བྱས་པར་ འགྱུར་གྱི། དེ་ལྟར་མི་བགྱི་བར་བུ་འདི་དེ་ལྟར་སྐྱོན་ཅན་དུ་གྱུར་གྱིས་ཀྱང་འདི་བདག་གིས་དབེན་པའི་ཕྱོགས་ཤིག་ཏུ་གསོས་ལ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཁྱིམ་ནས་བསྐྲད་དེ་བཏང་བ་ དང། འདི་འཚོ་བ་ངན་ངོན་ཚོལ་བར་འགྱུར་རོ། །ཞེས་བྱས་ནས་དེ་གཉིས་ཁྱེའུ་དེ་དབེན་པའི་ཕྱོགས་ཤིག་ཏུ་གསོས་སོ། །དེ་ནས་དེ་ཆེར་སྐྱེས་པ་དེ་དང་དེའི་མིང་མི་སྡུག་པ་ཞེས་བཏགས་སོ། ། དེ་ནས་དེ་ཁྱིམ་ནས་བསྐྲད་དེ་བཏང་ནས་དེ་བཀྲེས་ཤིང་སྐོམ་པས་ལུས་རིད་པར་གྱུར་ནས་འཁར་བ་དང་སྣོད་ཐོགས་ཏེ་སློང་བ་ལ་ཞུགས་སོ། །དེ་ནས་དེ་གང་གི་ཁྱིམ་སྒོའམ། ཟོང་གཞག་པའི་ [306A]༄༅། །སའམ༑ ཚོང་ཁང་དུ་འོངས་[?]པ་[?]དེར་གྲོང་མིའི་བྱིས་པ་རྣམས་ཀྱིས་དེ་ལ་ཁུ་ཚུར་དང་ཐལ་ལྕག་དང་དབྱུག་པ་དང་བོང་བ་རྣམས་ཀྱིས་བརྡེགས་པའི་དྲེ་འོངས་སོ། ། ཞེས་ཟེར་ཞིང་སྐྲོད་པར་བྱེད་དོ། །དེ་ནས་དེ་སྡུག་བསྔལ་ཆེན་པོ་སྐྱེས་ཏེ། བདག་གིས་ལས་མི་དགེ་བ་ཅི་ཞིག་བྱས་ན། ལས་དེའི་རྣམ་པར་སྨིན་པས་བདག་གིས་སྡུག་བསྔལ་འདི་ ལྟ་བུ་མྱོང་བར་གྱུར་ཅིག་གུ་བདག་གྲོང་ཁྱེར་ན་གནས་པ་བཏང་ལ་གྲོང་ཁྱེར་ནས་བྱུང་སྟེ་སྐྱེད་མོས་ཚལ་དེ་དང་དེ་དག་ཏུ་སོང་ལ་སློང་མོ་བྱས་ཀྱང་དེར་བདག་གིས་ལྟོ་གང་ཙམ་རྙེད་ གྲང་སྙམ་ནས་གྲོང་ནས་བྱུང་སྟེ་སྐྱེད་མོས་ཚལ་དེ་དང་དེ་དག་ཏུ་རྒྱུ་བ་ལ་ཞུགས་ནས་དེར་ཡང་དེ་ལ་འདྲེ་ཡིན་ནོ་སྙམ་ནས་དེ་དག་གིས་ཁུ་ཚུར་དང་ཐལ་ལྕག་དང་དབྱུག་པ་དང་བོང་བ་ རྣམས་ཀྱིས་བརྡེགས་ནས་སྐྲོད་པར་བྱེད་དོ། །དེ་ནས་དེ་བརྡེགས་པས་འཇིགས་ཤིང་སྐྲག་ལ་མིས་འཇིགས་ཤིང་སྐྲག་ནས་ཚང་ཚིང་དག་གི་ནང་དུ་ཞུགས་ཏེ་ཉིན་མོ་ཟད་པར་བྱེད་ལ་ ཉི་མ་ནུབ་པའི་འོག་ཏུ་སྐྱེད་མོས་ཚལ་དེ་དང་དེ་དག་ཏུ་སོང་ནས་དེ་དག་ཏུ་ཁ་ཟས་བྲུལ་བ་གང་ཡིན་པ་དེ་དག་ཙམ་གྱིས་འཚོ་བར་བྱེད་དོ། །སྲིད་པ་ཐ་མ་པའི་སེམས་ཅན་བར་མ་དོར་ འཆི་བ་ནི། གནས་མེད་ཅིང་སྐབས་མེད་དོ། །དེས་དེར་སྲོག་ཟུངས་ཅུང་ཟད་ཙམ་དག་རྙེད་དོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ [306B] མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞེས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་ གྲོལ་བ༑ སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་ དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི། ཕོངས་ཤིང་འདུག། སུ་ནི། ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ལྡན། སུ་ནི་ ཕོངས་པ་དང་ཉམ་ང་བ་དང་ལྡན། སུ་ནི། གནོད་པ་དང་ལྡན་སུ་ནི། ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་ དང་ཐར་བ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་ དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི་ [307A]༄༅། །དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་ བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་ དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་མི་སྡུག་པ་གདུལ་བའི་དུས་ལ་བབ་པར་དགོངས་ནས་འགོག་པའི་སྙོམས་པར་ཞུགས་པ་ལས་བཞེངས་ནས་དེ་ཁོ་ན་ གདུལ་བའི་ཕྱིར་སངས་རྒྱས་ཉིད་དེ་བས་ཀྱང་ཆེས་མི་སྡུག་པ་ཞིག་ཏུ་སྤྲུལ་ཏེ། བཟའ་བ་དང་བཅས་པས་གྱོ་མོ་བཀང་ནས་ས་ཕྱོགས་གང་ན་ཁྱེའུ་མི་སྡུག་པ་འདུག་པའི་ས་ཕྱོགས་ དེར་གཤེགས་སོ། །དེ་ནས་ཁྱེའུ་མི་སྡུག་པས་ཐག་རིང་བོ་ཞིག་ནས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་བྲོས་ཏེ་འདི་ཡང་འོངས་པ་དང་བདག་ལ་རྡེག་དུ་འོང་ངོ་སྙམ་མོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་ནས་དེ་འབྲོས་མི་ནུས་པ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེའང་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་ལྟ་འདོད་པར་གྱུར་ཏེ། འདི་ལྟ་བུ་སུ་ཡིན་ པ་དེ་རེ་ཞིག་བལྟའོ་སྙམ་ནས་ཕྱིར་ལོག་སྟེ། ཁྱེའུ་མི་སྡུག་པས་སྤྲུལ་པ་མཆོག་ཏུ་མི་སྡུག་པ་དེ་མཐོང་ནས་མཐོང་མ་ཐག་ཏུ་དེའི་བློ་སྐྱེས་པ། འདི་ཁོ་ན་འདྲ་བ་ཁྱོད་སུ་ཞིག་ཅེས་ [307B]སོང་བ་དང་སངས་རྒྱས་ཀྱི་སྤྲུལ་པས་ཁྱེའུ་མི་སྡུག་པ་མཐོང་ནས་འབྲོས་པ་ལྟར་བྱས་པ་དང། ཁྱེའུ་མི་སྡུག་པ་དེས་སྨྲས་པ་གྲོགས་ པོ༑ ཁྱོད་ཀྱིས་བདག་མཐོང་ན་ཅི་ཕྱིར་འབྲོས། སངས་རྒྱས་ཀྱི་སྤྲུལ་པས་སྨྲས་པ། གྲོགས་པོ། བདག་ནི། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ལུས་འདི་ལྟ་བུར་གྱུར་ཏེ་ཁྱོད་ཀྱིས་བདག་ ལ་འདྲེ་ཡིན་ནོ་སྙམ་སྟེ་བརྡེགས་སུ་དོགས་ནས་བདག་གིས་ཁྱོད་མཐོང་ནས་འབྲོས་སོ། །ཁྱེའུ་མི་སྡུག་པས་སྨྲས་པ། གྲོགས་པོ། བདག་ཀྱང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་འདི་ ལྟར་མི་སྡུག་པར་གྱུར་ཏེ། བདག་མི་སྡུག་པའི་ཕྱིར་ཕ་མས་ཁྱིམ་ནས་བསྐྲད་དེ་བདག་སློང་མོ་ལ་གང་དང་གང་དུ་འགྲོ་བ་དེ་དང་དེར་ཁུ་ཚུར་དང་ཐལ་ལྕག་དང་དབྱིག་པ་དང་བོང་བ་ དག་གིས་བརྡེགས་ཤིང་བསྐྲད་དེ། བདག་མིས་བརྡེགས་པས་འཇིགས་ཤིང་སྐྲག་ནས་ཚང་ཚིང་འདིའི་ནང་དུ་ཞུགས་ཏེ་འདུག་གི་ཁྱོད་ཀྱང་ཚུར་ཤོག་དང་ལྷན་ཅིག་འགྲོགས་ཏེ་རྒྱུ་བར་ བྱའོ༑ ༑དེ་ནས་སྤྲུལ་པ་དེས་དེ་ལྟར་བྱའོ། །ཞེས་སྨྲས་ནས་དེ་ཉིད་དུ་འདུག་སྟེ་དེས་དེ་ལ་ཁ་ཟས་ཀྱི་བགོ་བཤའ་བྱས་ནས་དེ་ཟོས་ཏེ་འགྲངས་ཤིང་ངོམས་ལ་དབང་པོ་བརྟས་ནས་སྤྲུལ་པ་དེ་ ལ་སེམས་དགའ་བར་གྱུར་པ་དང། བཅོམ་ལྡན་འདས་ཀྱིས་མི་སྡུག་པའི་གཟུགས་མི་སྣང་བར་མཛད་དེ་རང་བཞིན་གྱི་སྐུ་བསྟན་ནས་ཁྱེའུ་མི་སྡུག་པས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ [308A]༄༅། །ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་ས་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ་ མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་པར་་[?]དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ མཐོང་ངོ། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དག་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་ བུ་ནི༑ ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལའང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་ཏེ། དེ་ལྟར་མཐོང་ནས་ལྷག་པར་ཡང་བཅོམ་ལྡན་ འདས་ལ་དགའ་བར་གྱུར་ཏེ། དེ་དགའ་བར་གྱུར་ནས་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་ཕྱོགས་གཅིག་ཏུ་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ བསམ་པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ནས་ཁྱེའུ་མི་སྡུག་པས་སྟན་དེ་ཉིད་ལ་འདུག་བཞིན་ དུ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་དེས་བདེན་པ་མཐོང་ནས་བསམ་པ། གལ་ཏེ་བདག་གི་ལུས་འདི་ལྟ་བུར་མ་གྱུར་དུ་ཟིན་ན་བདག་ཀྱང་ལེགས་པར་གསུངས་པའི་ [308B]བར་བྱ་བ་དང། སྦྱོར་བ་རྣམས་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང། སྒྲུབ་པ་དང། འབད་པར་བྱ་བ་ཞིག་ སྙམ་མོ༑ ༑དེ་ནས་རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་ཁྱེའུ་དེ་མི་སྡུག་པ་མེད་པར་གྱུར་ནས་བྱད་གཟུགས་བཟང་པོར་གྱུར་ཏེ། ཁ་དོག་རྒྱས་པ་མཆོག་དང་ལྡན་པར་གྱུར་ཏོ། །དེ་ ནས་དེ་ལྷག་པར་ཡང་བཅོམ་ལྡན་འདས་ལ་དགའ་བར་གྱུར་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་ བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་ འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ ཕུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ་།དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་[?]ངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་ དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་པར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་ [309A]༄༅། །ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་ སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་ སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་མི་སྡུག་པས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་ རིགས་སུ་སྐྱེས་ལ། མི་སྡུག་པའི་སྣ་གྲངས་བཅོ་བརྒྱད་དང་ལྡན་པར་གྱུར་ནས་འདི་མི་སྡུག་པའི་ཕྱིར་ཕ་མ་གཉིས་ཀྱིས་ཁྱིམ་ནས་བསྐྲད་ལ། རབ་ཏུ་བྱུང་བའི་སེམས་བསྐྱེད་མ་ ཐག་ཏུ་དེའི་མི་སྡུག་པ་མ་མཆིས་པར་གྱུར་ཏེ་བྱད་གཟུགས་བཟང་པོར་གྱུར་ནས་འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཤིང་མི་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། མི་སྡུག་ པ་ཉིད་ཀྱི་ལས་དེ་ལྟ་བུ་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་ཁྲོད་ཀྱི་གྲོང་ཞིག་ན་ཁྱིམ་བདག་སེར་སྣ་ཅན། འཇུངས་པ། ཡོ་བྱད་ཀུན་ཏུ་འཛིན་པ་ཞིག་ [309B] སངས་རྒྱས་བཅོམ་ལྡན་འདས་རྣམས་མི་བཞུགས་པའི་ཚེ་རང་སངས་རྒྱས་འཇིག་རྟེན་དུ་འབྱུང་སྟེ། རང་སངས་རྒྱས་ཤིག་ཁྱིམ་བདག་ དེའི་ཁྱིམ་དུ་བསོད་སྙོམས་ལ་འོངས་ནས་ཁྱིམ་བདག་དེས་དེ་ལ་བསོད་སྙོམས་ཕུལ་བ་ལས་བསོད་སྙོམས་ཕུལ་བའི་འོག་ཏུ་འགྱོད་པ་སྐྱེས་ཏེ། བདག་གིས་ཟས་འདི་དགེ་སྦྱོང་མགོ་རེག་ ལས་མེད་པ་འདི་ལ་བྱིན་པ་བས་ནི། ཚལ་ཟའམ། ལས་བྱེད་པ་ལ་བྱིན་དང་རུང་བཞིག་སྙམ་སྟེ། དེ་འགྱོད་པར་གྱུར་པས་ཁ་ཟས་དེ་ཕྱིར་འཕྲོག་ནས་ལུས་དང་ངག་གི་ལས་ཚུལ་མི་སྡུག་ པས་མཐོ་བརྩམས་ཏེ་ཁྱིམ་ནས་བསྐྲད་དོ། །དེ་ནས་རང་སངས་རྒྱས་དེས་བསམ་པ། ཉོན་མོངས་པ་འདི་ནི། དམས་ཤིང་ཉམས་པར་གྱུར་ཏེ་གཏན་དུ་དམས་པར་གྱུར་ན་མི་རུང་གི་ འདིའི་ར་མདའ་བྱ་དགོས་སོ་སྙམ་ནས་སྟེང་གི་ནམ་མཁའ་ལ་འཕགས་ཏེ་འབར་བ་དང། ལམ་མེར་འདུག་པ་དང། ཆར་པ་འབབ་པ་དང། གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ཏོ། །སོ་ སོའི་སྐྱེ་བོ་རྣམས་ནི། རྫུ་འཕྲུལ་གྱིས་མྱུར་དུ་དད་པར་བྱེད་དེ་དེ་ཤིང་ལྗོན་པ་སོག་ལེས་བཅད་པ་བཞིན་དུ་ཞབས་ལ་ཕྱག་བཙལ་ནས་སྨྲས་པ། སྐལ་བ་ཆེན་པོ་དང་ལྡན་པ་མར་གཤེགས་ བདག་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བའི་ལག་ནས་དྲང་དུ་གསོལ་ཞེས་བས་སོ། །རང་སངས་རྒྱས་དེའང་དེ་ཁོ་ན་ལ་སྙིང་བརྩེ་བའི་ཕྱིར་ས་ལ་བབས་ནས་དེས་རྐང་པ་ལ་ཕྱག་བཙལ་ཏེ་ [310A]༄༅། །བཟོད་པ་གསོལ་ནས་ཡང་བསོད་སྙོམས་ཕུལ་ཏེ་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡོན་གནས་འདི་ལྟ་བུ་ལ་གནོད་པ་བྱས་པའི་ལས་འདིའི་སྐལ་བ་ ཅན་དུ་བདག་མ་གྱུར་ཅིག། འདི་ལྟར་བདག་གིས་ཕྱིར་ཡང་བཀུར་སྟི་བྱས་པའི་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་ རིགས་སུ་སྐྱེ་བར་ཤོག་ཅིག་འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཡོན་ཏན་འདི་ལྟ་བུ་དག་ཀྱང་ཐོབ་ པར་གྱུར་ཅིག་གལ་ཏེ་སྡིག་པའི་ལས་འདིའི་འབྲས་བུ་གདོན་མི་ཟ་བར་བདག་ལ་སྨིན་པར་གྱུར་ན་ཡང་རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་བདག་གི་མི་སྡུག་པ་མེད་པར་ གྱུར་ཏེ་བྱད་གཟུགས་བཟང་པོར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི། མི་སྡུག་པ་དེ་ཁོ་ན་ཡིན་ཏེ། དེས་དེར་ རང་སངས་རྒྱས་ལ་བསོད་སྙོམས་ཕུལ་བའི་འོག་ཏུ་ཕྱིར་འཕྲོག་སྟེ་ལུས་དང་ངག་གི་ལས་ཚུལ་མི་སྡུག་པས་མཐོ་བརྩམས་ནས་ཁྱིམ་ནས་བསྐྲད་པའི་ལས་དེའི་རྣམ་པར་སྨིན་པས་ ནི༑ གང་དང་གང་དུ་སྐྱེས་པ་དེ་དང་དེར་མི་སྡུག་པར་གྱུར་ཏེ་ཁྱིམ་ནས་བསྐྲད་དོ། །དེས་རང་སངས་རྒྱས་ལ་ཕྱིར་ཡང་བསོད་སྙོམས་ཕུལ་ནས་སྨོན་ལམ་བཏབ་སྟེ། གང་དང་གང་དུ་ [310B]སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག་ མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཡོན་ཏན་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི་གང་དང་གང་དུ་སྐྱེས་པར་དེ་དང་དེར་ཕྱུག་ཅིང་ནོར་ མངལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག། ང་རང་སངས་རྒྱས་བྱེ་བ་ཕྲག་འབུམ་བས་ཀྱང་ཆེས་ལྷག་པར་ཁྱད་པར་དུ་འཕགས་པ་ང་ལྟ་བུ་འདིས་མཉེས་པར་བྱས་ཏེ་མི་ མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །གཞན་ཡང་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་གི་བསྟན་པ་ལ་འདི་རབ་ཏུ་བྱུང་ནས་དེས་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྦྱད་ཀྱང་ཡོན་ཏན་གྱི་ཚོགས་ཅིའང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་དེ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་།དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་ [311A]༄༅། །མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག། ང་ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་མཉེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ་ ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་བཅོ་བརྒྱད་པ། བདེ་ བྱེད་ཅེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུག་སྟེ། དེའི་ཚེ་མཉན་དུ་ཡོད་པ་ན་རྒྱལ་པོ་གསལ་རྒྱལ་རྒྱལ་པོ་བྱེད་དོ་།གྲོང་ཁྱེར་ཝཱ་ར་ཎཱ་སིར་ནི། རྒྱལ་པོ་ཚངས་པས་བྱིན་ ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེ་གཉིས་ཕན་ཚུན་མི་མཐུན་པར་གྱུར་ནས་དུས་དུས་སུ་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཚངས་པས་བྱིན་གྱི་དཔུང་གི་ཚོགས་ ཡན་ལག་བཞི་སྟེ། གླང་པོ་ཆེའི་ཚོགས་དང། རྟའི་ཚོགས་དང་ཤིང་རྟའི་ཚོགས་དང། དཔུང་བུ་ཆུང་གི་ཚོགས་རྣམས་གོ་བསྐོན་ནས་གཡུལ་འགྱེད་པའི་ཕྱིར་རྒྱལ་པོ་གསལ་རྒྱལ་གྱི་ ཐོག་ཏུ་དྲངས་ཏེ་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་ཕྲུ་མ་བཏབ་སྟེ་འདུག་གོ་དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཡུལ་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་གྱིས་དཔུང་གི་ཚོགས་ཡན་ལག་ [311B]དྲངས་ཏེ། དེས་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་ཕྲུ་མ་བཏབ་སྟེ་འདུག་གོ་ཞེས་ཐོས་ནས་ཐོས་མ་ཐག་ཏུ་དེས་ཀྱང་དཔུང་གི་ཚོགས་ ཡན་ལག་བཞི་གོ་བསྐོན་ནས་གཡུལ་འགྱེད་པའི་ཕྱིར་རྒྱལ་པོ་ཚངས་པས་བྱིན་གྱི་སྟེང་དུ་དྲངས་ཏེ། དེས་ཀྱང་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་ཕྲ་མ་བཏབ་སྟེ་འདུག་ནས་དེ་གཉིས་དེ་ན་འདུག་ ཅིང་དུས་དུས་སུ་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དེ། དེ་གཉིས་ཀའང་མཐུ་ཆེ་བས་གཅིག་གིས་གཅིག་མི་ཐུབ་སྟེ། དེ་གཉིས་དེར་ཡུན་རིང་མོ་ཞིག་ལོན་ནོ། །དེ་ནས་ཕྱི་ཞིག་ན་དེ་ན་དེ་ འཁོད་བཞིན་དུ་རྒྱལ་པོ་ཚངས་པས་བྱིན་གྱི་བཙུན་མོ་ལ་བུ་ཆགས་པར་གྱུར་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ་ དེ་བཙས་མ་ཐག་ཏུ་ཕོ་བྲང་འཁོར་དེར་ཀུན་དགའ་བའི་རོལ་མོའི་སྒྲ་བསྒྲགས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཚངས་པས་བྱིན་གྱི་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ ལ་མཛེས་པ་ཞིག་བཙས་སོ། །ཞེས་ཐོས་ནས་ཐོས་མ་ཐག་ཏུ་དགའ་བར་གྱུར་ཏེ། ཚངས་པས་བྱིན་དང་གཉེན་དུ་བྱ་བའི་ཐབས་བདག་གིས་རྙེད་དོ། །བུ་མོ་དེ་ལ་བརྟེན་དེ་འདི་དང་བདག་ འཁོ་ན་མེད་པར་བྱའོ་སྙམ་བསམ་ནས་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཚངས་པས་བྱིན་ལ་ཕོ་ཉ་བཏང་སྟེ། གྲོགས་པོ། འཁོན་མེད་པར་བྱའོ། །བུ་མོ་འདི་ལ་བརྟེན་ཏེ་བདག་ཅག་ [312A]༄༅། །འཁོན་མེད་པར་བྱ་ཡི། བུ་མོ་འོ་ནི། བདག་གི་ཆུང་མར་བྱིན་ཅིག་ཅེས་བྱས་སོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་ད་ཐོས་མ་ཐག་ཏུ་དགའ་བར་གྱུར་ཏེ་ བསམ་པ། འདི་དང་བདག་གིས་དུས་དུས་སུ་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་ཀྱི། བུ་མོ་དེ་ལ་བརྟེན་ཏེ་འདི་དང་འཁོན་མེད་པར་བྱའོ་སྙམ་བསམ་ནས་དེས་ཀྱང་དེ་ལ་ཕོ་ཉའི་ལན་ བཏང་སྟེ། ཁྱོད་ཇི་ལྟར་དགའ་བ་དེ་བཞིན་དུ་བྱའོ། །ཞེས་བྱས་ནས་མཇལ་དུ་མ་བྱས་ཏེ་མགུལ་ནས་འཁྱུད་ནས་བུ་མོ་སྦྱིན་པར་བྱས་ཏེ་རང་གི་ཡུལ་དུ་སོང་ངོ། །དེ་རང་གི་ཡུལ་དུ་སོང་ བ་དང། བུ་མོ་འདིའི་བཙས་སྟོན་བྱས་ནས་བུ་མོ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། བུ་མོ་འདི་བཙས་པ་ན་ཡུལ་ཁམས་གཉིས་བདེ་བར་གྱུར་པས་ན་བུ་མོ་ འདིའི་མིང་བདེ་བྱེད་མ་ཞེས་གདགས་སོ་ཞེས་ཟེར་རོ། །དེ་ནས་བུ་མོ་བདེ་བྱེད་མ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་སོ། །འདོད་པ་རྣམས་ནི། ཚྭ་ ཆུ་དང་མཚུངས་ཏེ་ཇི་ཙམ་དུ་བརྟེན་པ་དེ་ཙམ་དུ་རབ་ཏུ་འཕེལ་བར་གྱུར་རོ། །དེ་ནས་ཕྱི་ཞིག་ན་ཡང་རྒྱལ་པོ་ཚངས་པས་བྱིན་གྱི་བཙུན་མོ་ལ་བུ་ཆགས་པར་གྱུར་ནས་དེ་ཟླ་བ་དྒུའམ་ བཅུ་ལོན་པ་དང་བུ་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་པ་མཛེས་པ་ཞིག་བཙས་ཏེ་དེའི་བཙས་སྟོན་ཡང་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་ [312B] ཁྱེའུ་འདི་སྲིང་མོ་བདེ་བྱེད་མའི་འོག་ཏུ་བཙས་པས་ན། ཁྱེའུ་འདིའི་མིང་བདེ་བྱེད་ཅེས་གདགས་སོ་ཞེས་ཟེར་རོ། །དེ་ནས་ཁྱེའུ་བདེ་བྱེད་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་ མར་གྱི་ཉིང་ཁུས་བསྐྱེད་བསྲིངས་ནས་མཚོའི་ནང་གི་པདྨ་ལྟར་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གཉིས་གང་གི་ཚེ་ཆེར་སྐྱེས་པའི་ཚེ་བུ་མོ་བདེ་བྱེད་མ་དང། ཁྱེའུ་བདེ་བྱེད་གཉིས་ཤིན་ཏུ་ མཛའ་བར་གྱུར་ཏེ་སྐད་ཅིག་ཙམ་ཡང་གཅིག་མེད་པར་འདུག་མི་ཕོད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཚངས་པས་བྱིན་ལ་པོ་ཉ་བཏང་སྟེ། བུ་མོ་བུ་ལ་བླང་ངོ། ། ཞེས་སྤྲིང་ངོ། །དེ་ནས་རྒྱལ་པོ་ཚངས་པས་ཕྱིན་གྱིས་ཀྱང་ཐོས་མ་ཐག་ཏུ་རྒྱལ་པོ་གསལ་རྒྱལ་ལ་ཕོ་ཉའི་ལན་བཏང་སྟེ་འདི་ལ་ཐོགས་པ་ཅིའང་མེད་ཀྱི། ཆེ་གེ་མོ་ཞིག་གི་ཉིན་པར་ཤོག་ ཅིག་ཅེས་བྱས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་དེ་ལྟར་བྱ་ཞེས་བྱས་ནས་འབྱོར་པ་ཆེན་པོ་དང་རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པས་ཡུལ་ཀཱ་ཤིར་སོང་ནས་རྒྱལ་པོ་ཚངས་པས་ བྱིན་གྱིས་ཁྱིམ་པ་རྣམས་ཀྱི་ཁྱིམ་པའི་ཆོས་གང་ཡིན་པ་དེ་བཞིན་དུ་བྱས་ནས་བུ་མོ་བྱིན་ནོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་ཁྱེར་ཏེ་རང་གི་ཡུལ་དུ་ཆས་སོ། །དེ་ནས་ཁྱེའུ་བདེ་བྱེད་ཀྱིས་ ཕ་མ་ལ་སྨྲས་པ། ཆེ་ཞེ་བདེ་བྱེད་མ་མཆིས་པར་བདག་མཆིས་མི་ཕོད་ཀྱི། བདག་ཀྱང་འདི་དང་ལྷན་ཅིག་མཆིའོ། །ཞེས་བྱས་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་འདི་སྐད་ཅེས་སྨྲས་སོ། །བུ། ཁྱོད་ [313A]༄༅། །ནི༑ ངའི་བུ་གཅིག་བུ་སྡུག་ཅིང་ཕངས་པ་རྒྱལ་ཚབ་ཡིན་ཏེ། ང་འདས་པའི་འོག་ཏུ་རྒྱལ་པོ་བྱ་དགོས་སོ། །དེ་བས་ན། ཁྱོད་ཡུལ་གཞན་དུ་འགྲོར་མི་རུང་ཞེས་བྱས་ཏེ་ དེ་རྒྱལ་པོས་ལན་མང་དུ་བཀག་ཀྱང་དགག་མ་ནུས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་སྨྲས་པ། ལྷ། བདག་གིས་འདི་མིང་སྲིང་གཉིས་བསྐྱང་བར་བགྱིའི། མཆི་ཡང་མི་དངོའོ། ། ཞེས་བྱས་སོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་དེ་ལྟར་བྱའོ། །ཞེས་བྱས་ནས་དེ་བཏད་ངོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བུ་མོ་བདེ་བྱེད་མ་དང། ཁྱེའུ་བདེ་བྱེད་གཉིས་ཁྲིད་དེ་ མཉན་དུ་ཡོད་པར་སོང་ངོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཁྱེའུ་དེ་ཡི་གེ་སློབ་ཏུ་བཅུག་སྟེ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱིས་བཟོའི་གནས་དང། ལས་ ཀྱི་གནས་ཐ་དད་པ་གང་ཡིན་པ་དེ་དག་ཀྱང་བསླབས་ཏེ། འདི་ལྟ་སྟེ། གླང་པོ་ཆེ་ཞོན་པ་དང། རྟ་ཞོན་པ་དང། མཚོན་ཆ་བཅང་བ་དང། འཕོང་དང། མདུན་དུ་བསྣུར་བ་དང། ཕྱིར་བསྣུར་ བ་དང། གཡུལ་ལས་འབྱུང་བར་བྱ་བ་དང། ལྕགས་ཀྱུ་གཟུང་བ་དང། །ཞགས་པ་གཟུང་བ་དང། མདའ་པོ་ཆེ་འཕང་བ་དང། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང། མཚོན་རྩེ་གཅིག་ པ་གདབ་པ་དང། འཁོར་ལོ་འཕང་བ་དང། གཅད་པ་དང། གཤེག་པ་དང། ལག་པས་གཟུང་བ་དང། རྐང་པའི་སྟངས་དང། མགོ་བོ་བསྐྱབ་པ་དང། རྒྱང་མར་འཕང་བ་དང། སྒྲ་ [313B] གནད་དུ་འཕང་བ་དང། གདོན་མི་ཟ་བར་ཕོག་པར་བྱ་བ་དང། ཚབས་ཆེར་གཏང་བ་རྣམས་ཀྱང་བསླབས་ནས་གནས་ལྔ་ལ་བྱང་བར་གྱུར་ཏོ། །དེ་ནས་དེ་ནན་ ཏུར་མ་བྱས་པས་མ་གྲངས་ཏེ་འཕྱོན་མ་ལ་ཡང་ཞུགས་སོ། །དེས་ཡུལ་དེར་ཚུལ་མ་ཡིན་པ་བརྒྱ་ཙམ་བྱས་ཏེ་རྒྱལ་པོ་གསལ་རྒྱལ་དང་སྲིང་མོ་བདེ་བྱེད་མས་ལན་མང་དུ་བཀག་ཀྱང་ དགག་པར་མ་ནུས་ནས་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོ་ཚངས་བྱིན་ལ་ཕོ་ཉ་བཏང་སྟེ། ཁྱོད་ཀྱི་བུ་འདི་ན་འདུག་པས་མི་རིགས་པ་བརྒྱ་ཙམ་བྱས་ཏེ་དགག་ཀྱང་མ་ནུས་སོ། །ཞེས་སྤྲིང་ངོ། ། དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་ཐོས་མཐག་ཏུ་བུ་ལ་སྤྲིང་པ། བུ། ཁྱོད་འོ་ནིར་མ་འདུག་པར་འདིར་ཤོག་ཅིག་ད་འདས་པའི་འོག་ཏུ་རྒྱལ་པོའི་དབང་ཕྱུག་གི་མངའ་བདག་བྱ་དགོས་ ཀྱི༑ མི་རིགས་པ་མ་བྱེད་པར་འདིར་འདུག་ཅིག་ཅེས་བྱས་སོ། །འོན་ཀྱང་དེ་ཕས་སྤྲིང་པ་ལྟར་རང་གི་ཡུལ་དུའང་མ་འོངས། བག་མེད་པ་དེ་དག་ཀྱང་མ་སྤངས་ནས་དེ་གང་གི་ཚེ་དགག་པར་ མ་ནུས་པ་དེའི་ཚེ་རྒྱལ་པོ་ཚངས་པས་བྱིན་གྱིས་བུ་མ་ཡིན་པར་བསྒྲགས་སོ། །རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་སྤངས་ནས་རྒྱལ་པོའི་ཕོ་བྲང་དུ་ཡོང་དུ་མ་གནང་ངོ། །དེ་ནས་ཕྱི་ཞིག་ན་དེ་ རྒྱལ་པོའི་ཕོ་བྲང་དུ་འགྲོ་འདོད་པ་ལས་ཆ་བ་སྒོ་བས་བཀག་པ་དང་ནན་གྱིས་ནང་དུ་སོང་སྟེ་སྲིང་མོ་དང་ཕྲད་པར་བྱའོ་།ཞེས་ཟེར་ཞིང་བཙུན་མོའི་སྒོར་འདུག་གོ་རྒྱལ་པོ་གསལ་རྒྱལ་ཡང་ [314A]༄༅། །བཙུན་མོ་བདེ་བྱེད་མ་དང་ལྷན་ཅིག་ཏུ་པི་ཝང་ལེན་ཅིང་འདུག་གོ་དེ་ནས་ཁྱེའུ་བདེ་བྱེད་ཀྱིས་ཚོར་ནས་ཁྱེའུ་དེའི་ལག་ཏུ་མདའ་གཞུ་ཡང་བཅང་སྟེ། དེ་ཁྲོས་ནས་ རྒྱལ་པོ་གསལ་རྒྱལ་གསད་པའི་ཕྱིར་མདའ་འཕངས་པ་ལས་མདའ་དེས་པི་ཝང་གི་རྒྱུད་བཅད་དེས་ལ་ལྟུང་ངོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་དེ་མཐོང་མ་ཐག་ཏུ་འཇིགས་ཤིང་ སྐྲག་སྟེ་བྲོས་ནས་ཤས་ཆེར་ཁྲོས་ཏེ་དེས་བསམ་པ། གལ་ཏེ་བདག་གིས་འདི་གྱིན་དས་བསད་ན་ནི། རྒྱལ་པོ་ཚངས་པས་བྱིན་གྱིས་ཀྱང་ཁྲེལ་བར་འོང་གི་འདི་བདག་གིས་ཤགས་ ཀྱིས་ཕམ་པར་བྱས་ཏེ་གསད་པར་བྱའོ་སྙམ་མོ། །རྒྱལ་པོ་གསལ་གྱི་ལུགས་ཀྱིས་ན། གལ་ཏེ་དོན་ཆུང་ངུ་ཞིག་གི་ཕྱིར་ཤགས་འགྱེད་ན་ནི། དུང་སྒྲིལ་མ་འབུད་དུ་འཇུག་གོ་དེ་སྟེ་ ཤགས་ཆེན་པོ་ཞིག་འགྱེད་ན་ནི། དེའི་ཚེ་རྔ་བོ་ཆེའང་རྡུང་ལ་དུང་སྒྲིལ་མའང་འབུད་དུ་འཇུག་སྟེ། རྒྱལ་པོ་གསལ་རྒྱལ་གྱིས་རྣམ་པ་གཉིས་ཀ་བྱེད་དུ་བཅུག་ནས་ཐོས་མ་ཐག་ཏུ་ མཉན་ཡོད་ན་མིའི་གཙོ་བོ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རྒྱལ་པོའི་ཕོ་བྲང་དུ་འདུས་ཏེ། རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོའི་བུ་དེ་ཤགས་ཀྱིས་ཕམ་པར་བྱས་ནས་ཀཱ་ར་བའི་རའི་ མེ་ཏོག་གི་ཕྲེང་བས་མགུལ་བ་དཀྲིས་ཏེ་གཤེད་མ་ལ་གཏད་ནས་གཤེད་མའི་མི་གོས་སྔོན་པོ་བགོས་ལ་རལ་གྲི་ཕྱུང་སྟེ་རྔ་སྒྲ་དྲག་པོར་སྒྲོག་པ་དག་གིས་ཁྲིད་ནས་ལམ་པོ་ཆེའི་ [314B]ཁྱེའུ་བདེ་བྱེད་སྙིང་རྗེ་རྗེ་སྐད་དུ་བླ་ཞིང་ཕན་ཚུན་ལྟ་སྟེ་བདག་ཕོངས་ཤིང་དཀོས་ཐག་པ་དང། སྡུག་པའི་སྐྱབས་བྱེད་པ་དང་ སྲོག་ཕངས་པ་སྦྱིན་པ་སུ་ཞིག་ཡོད་ཅིག་གུ་སྙམ་མོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་ འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་པ་སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ ལྡན་པ༑ ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི་ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ ཏེ༑ སུ་ནི། རྒུད། སུ་ནི། དར། སུ་ནི། ཕོངས་ཤིང་འདུག་སུ་ནི་ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་ སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ་སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་ [315A]༄༅། །པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་ པར་བྱ༑ སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་ པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ ལྡན་འདས་ཀྱིས་ཁྱེའུ་བདེ་བྱེད་གདུལ་བའི་དུས་ལ་བབ་བོ་སྙམ་དུ་དགོངས་ཏེ་ཤམ་ཐབས་དང་ཆོས་གོས་གསོལ་ནས་ལྷུང་བཟེད་བསྣམས་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ ལ་གཤེགས་ནས་ཁྱེའུ་བདེ་བྱེད་ཀྱི་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་སོང་སྟེ་བཅོམ་ལྡན་ འདས་ཀྱི་ཞབས་ལ་ཕྱག་བཙལ་ནས་བཅོམ་ལྡན་འདས། བཅོམ་ལྡན་འདས་ནི། དཀའ་བ་མཛད་ཅིང་སྲོག་ཕངས་པ་སྩོལ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ [315B] མ་འཇིགས་ཤིག་ད་ཁྱོད་ཀྱི་སྲོག་ཆུད་ཟ་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཤེད་མའི་མི་རྣམས་ལ་བཀའ་སྩལ་པ། བཞིན་བཟང་དག་གཞོན་ནུ་འདི་ཐོང་ཞིག་ གཤེད་མ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས། བདག་ཅག་ལ་མགོ་གཉིས་མཆིས་སམ། ཅི་ན་བདག་ཅག་གིས་ཁྱེའུ་འདི་གཏང་བར་བགྱི་བཅོམ་ལྡན་འདས་ཀྱིས་དེ་དག་ལ་བཀའ་ སྩལ་པ༑ བཞིན་བཟང་དག་ང་རྒྱལ་པོ་དང་མ་ཕྲད་ཀྱི་བར་དུ་རེ་ཞིག་ཟུངས་ཤིག་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་འཚལ་ལོ། །དེ་ནས་བཅོམ་ ལྡན་འདས་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ། ཁྱེའུ་དེ་ཐོང་ཞིག་ རྒྱལ་པོས་གསོལ་པ། བཙུན་པ། གལ་ཏེ་རབ་ཏུ་བྱུང་ན་ནི། གཏང་བར་འཚལ་ལོ། །ཞེས་གསོལ་ནས་རྒྱལ་པོ་གསལ་རྒྱལ་གྱིས་གསད་པ་ལས་བཟློག་སྟེ་བཅོམ་ལྡན་འདས་ལ་ཕུལ་ནས་ བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་སྟེ། དེས་བརྩོན་པ་དང། སྒྲུབ་པ་དང། འབད་པས་ ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་བཙུན་པ། རྒྱལ་པོའི་བུ་བདེ་བྱེད་མ་ [316A]༄༅། །གྲངས་ཏེ་གསོད་དུ་བཏང་བ་དེ་བཅོམ་ལྡན་འདས་ཀྱིས་ཐར་པར་མཛད་དེ་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་པ་ལ་ གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་འདི་མ་གྲངས་ཤིང་གཡེམ་པར་གྱུར་ནས་ཚངས་པས་བྱིན་གྱིས་གསོད་ དུ་བཏང་བ་ལས། ངས་སྐྱབས་བྱས་ཏེ་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་ཇི་ལྟར་བཞག་པ་དེ་ཉོན་ཅིག་དགེ་སློང་དག་།སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ ར་ཎཱ་སི་ན་རྒྱལ་པོ་ཚངས་པས་བྱིན་རྒྱལ་པོ་བྱེད་དེ། དེའི་ཚེ་ཝཱ་ར་ཎཱ་སི་དེ་ཉིད་ན་མི་ཞིག་མ་གྲངས་ཤིང་གཡེམ་སྟེ། གཞི་དེ་ལས་གྲོང་ཁྱེར་པ་རྣམས་འཁྲུགས་ནས་སྐྱེ་བོ་མང་པོ་རྣམས་ ཀྱིས་དེ་བཟུང་སྟེ་རྒྱལ་པོ་ཚངས་པས་བྱིན་ལ་ཕུལ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་གསོད་དུ་བཏང་སྟེ། དེ་གཤེད་མ་རྣམས་ཁྲིད་ནས་གསད་པའི་སར་ཕྱིན་ཏེ། དེ་གསད་པས་ འཇིགས་སྐྲག་ནས་ཕན་ཚུན་ལྟ་ཞིང་འདུག་སྟེ། བདག་ལ་དཀའ་བ་བྱེད་པ་དང། སྲོག་ཕངས་པ་སྦྱིན་པར་བྱེད་པ་སུ་ཞིག་ཡོད་ཅིག་གུ་སྙམ་མོ། །དེ་ནས་དེའི་ཚེ་ཝཱ་ར་ཎ་སིའི་ཕྱོགས་ ཤིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་ཡོད་པ་དེ་ཝཱ་ར་ཎཱ་སིར་སྤྱོད་ཡུལ་ལ་སོང་བ་ལས་མི་དེས་མཐོང་སྟ། མཐོང་མ་ཐག་ཏུ་རྐང་པ་ལ་ཕྱག་ [316B] དྲང་སྲོང། བདག་ལ་དཀའ་བ་མཛད་ཅིང་སྲོག་ཕངས་པ་སྩལ་བར་གསོལ་ཞེས་བྱས་སོ། །དེ་ནས་དྲང་སྲོང་དེས་གཤེད་མ་རྣམས་ལ་སྨྲས་པ། བཞིན་བཟང་དག་མི་ འདི་མ་བསད་པར་ཐོང་ཞིག་གཤེད་མ་རྣམས་ཀྱིས་སྨྲས་པ། དྲང་སྲོང། བདག་ཅག་ལ་མགོ་བོ་གཉིས་མཆིས་སམ། ཅི་ན་བདག་ཅག་གིས་འདི་གཏང་བར་བགྱི། དྲང་སྲོང་གིས་སྨྲས་ པ༑ ང་རྒྱལ་པོ་དང་མ་ཕྲད་ཀྱི་བར་དུ་རེ་ཞིག་ཟུངས་ཤིག་ཅེས་བྱས་ནས་དྲང་སྲོང་དེ་རྒྱལ་པོ་ཚངས་པས་བྱིན་ག་ལ་བ་དེར་སོང་ནས་སྨྲས་པ། རྒྱལ་པོ་ཆེན་པོ། མི་དེ་མ་བསད་པར་ཐོང་ཞིག་ རྒྱལ་པོ་ཚངས་པས་བྱིན་གྱིས་སྨྲས་པ། དྲང་སྲོང། གལ་ཏེ་རབ་ཏུ་འབྱུང་ན་ནི། གཏང་བར་བགྱིའོ། །ཞེས་བྱས་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་མི་དེ་འཕྲིན་གྱིས་གསད་པ་ལས་བཟློག་སྟེ་ དྲང་སྲོང་དེ་ལ་ཕུལ་ནས་དྲང་སྲོང་དེས་དཀའ་ཐུབ་ཀྱི་གནས་སུ་ཁྲིད་དེ་རབ་ཏུ་བྱུང་ནས་ལུང་ཡང་ཕོག་གོ་མི་དེས་ཀྱང་དཀའ་ཐུབ་ཀྱི་གནས་དེ་ཉིད་ན་འདུག་བཞིན་དུ་བསམ་གཏན་བཞི་ དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཡིན་ནོ། །དེའི་ཚེ་མི་ གང་ཡིན་པ་དེ་ནི། ཁྱེའུ་བདེ་བྱེད་ཡིན་ནོ། །དེའི་ཚེ་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི། རྒྱལ་པོ་གསལ་རྒྱལ་འདི་ཉིད་ཡིན་ཏེ་དེའི་ཚེའང་དེས་འདི་གསོད་དུ་བཏང་བ་ལས་ངས་སྐྱབས་ [317A]༄༅། །བྱས་ཏེ་རབ་ཏུ་ཕྱུང་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་བཞག་གོ་ད་ཡང་འདི་རྒྱལ་པོ་གསལ་རྒྱལ་གྱིས་གསོད་དུ་བཏང་བ་ལས་ ངས་བསྐྱབས་ཏེ་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་གོ། །གསོལ་པ། བཙུན་པ། གཞོན་ནུ་བདེ་བྱེད་ཀྱིས་ལས་ཅི་ བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ལ་ བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས། བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ནས་ དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །བཙུན་པ། འདིས་གང་དུ་སྨོན་ལམ་ བཏབ་ལགས། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་ བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་ [317B] དེའི་གསུང་རབ་ལ་འདི་རབ་ཏུ་བྱུང་ནས་དགེ་སློང་ཞལ་ཏ་བྱེད་པར་གྱུར་ཏེ། དེས་དེར་ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏ་བྱས་ནས་ བྱམས་པའི་སེམས་ཀྱིས་ཏིང་ངེ་འཛིན་ཀྱང་བསྐྱེད་དོ། །དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་ མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་ཞལ་ཏ་པར་གྱུར་པ་གང་ཡིན་པ་དེ་ནི། རྒྱལ་པོའི་བུ་བདེ་བྱེད་འདི་ཉིད་ཡིན་ཏེ། དེས་དེར་ཆོས་བཞིན་དུ་ཞལ་ཏ་བྱས་པ་དང། བྱམས་ པའི་སེམས་ཀྱི་ཏིང་ངེ་འཛིན་བསྒོམས་ཤིང་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་ཤི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ [318A]༄༅། །ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པས་ན་ དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་ པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱས་སོ། །དེས་དེར་ཆོས་བཞིན་དུ་ཞལ་ཏ་བྱས་པ་དེས་ནི། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་སོ་།དེས་བྱམས་པའི་སེམས་ཀྱི་ ཏིང་ངེ་འཛིན་བསྒོམས་པ་དེས་ན། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཏོ།། །།གདོལ་བའི་ཁྱེའུ་ཞེས་བྱ་བ་ནི། བཅོམ་ལྡན་ འདས་གྲོང་ཁྱེར་གྱེན་དུ་རྒྱལ་ཞེས་བྱ་བ་ན་གྲོང་གི་བྱང་ཕྱོགས་ཤི་ཤ་བའི་ཚལ་ན་བཞུགས་ཏེ། དེའི་ཚེ་ཡུལ་གྱེན་དུ་རྒྱལ་ན་རྒྱལ་པོ་རབ་སྣང་ཞེས་བྱ་བ་རྒྱལ་པོ་བྱེད་དོ། ། ཡུལ་སུ་བི་ར་ཞེས་བྱ་བ་ན་ནི། རྒྱལ་པོ་འཆར་ཀ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེ་གཉིས་མཛའ་ཞིང་བཤེས་ལ་གཅུགས་ཏེ་དུས་དུས་སུ་ཕོ་ཉ་དང། སྐྱེས་ཀྱིས་འདྲུལ་ལོ། ། [318B] སུ་བི་རའི་རྒྱལ་པོས་རྒྱལ་པོ་རབ་སྣང་དགའ་བར་བྱ་བའི་ཕྱིར་ཨ་མྲ་མང་པོ་སྐྱེས་སུ་བསྐུར་རོ། །དེ་ནས་རྒྱལ་པོ་རབ་སྣང་གིས་ ཁ་ཅིག་ནི། བཙུན་མོ་ལ་བྱིན་ནོ། །ཁ་ཅིག་ནི། བུ་རྣམས་ལ་བྱིན་ནོ། །ཁ་ཅིག་ནི། བློན་པོ་རྣམས་ལ་བྱིན་ནོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་ཨ་མྲ་ཟོས་ནས་བློ་སྐྱེས་ པ༑ བདག་གི་ཡུལ་འདི་ན་ཨ་མྲ་མེད་ཀྱི། བདག་གིས་ཨ་མྲའི་ས་བོན་འདི་རྣམས་བདག་གིས་སྐྱེད་མོས་ཚལ་དུ་རྨོའོ་སྙམ་དུ་བསམ་ནས་དེས་ཨ་མྲའི་ས་བོན་དེ་དག་ཁྱེར་ཏེ་ རང་གི་སྐྱེད་མོས་ཚལ་དུ་རྨོས་ནས་དེ་དག་རིང་པོ་མ་ཐོགས་པར་སྐྱེས་ཏེ། ཆེར་གྱུར་ནས་རིང་པོ་མ་ཐོགས་པར་ཚལ་ཆེན་པོར་གྱུར་ཏེ་ཡལ་ག་རྣམས་རྒྱས་པར་གྱུར་ཏོ། །ཕྱི་ ཞིག་ན་དེ་དག་མེ་ཏོག་རྒྱས་ཤིང་འབྲས་བུ་ཆགས་ནས་རྒྱལ་པོ་རབ་སྣང་གིས་དེ་དག་གཞན་དག་མི་ཟ་བར་བྱ་བའི་ཕྱིར་གདོལ་བ་རྣམས་ཨ་མྲ་དེ་དག་གི་སྲུང་མར་བསྐོས་ སོ༑ ༑དེ་ནས་ཕྱི་ཞིག་ན་གདོལ་བ་དེ་དག་ཉིད་ཀྱིས་ཨ་མྲ་དེ་རྣམས་ཟོས་ནས་རྐུན་པོ་བྱུང་ཞེས་བསྒྲགས་ཏེ། འདི་འདི་དག་ནི། རྐུན་པོས་ཟོས་སོ། །ཞེས་ཟེར་ཏོ། །དེ་ནས་ རྒྱལ་པོ་གཏུམ་པོ་རབ་སྣང་གིས་འཕྲིགས་ཏེ་གདོལ་བ་འདི་དག་ཉིད་ཀྱིས་ཨ་མྲ་འདི་དག་ཟོས་གྲང་སྙམ་དུ་བསམ་ནས་དེས་རྒྱལ་པོའི་ཞབས་འབྲིང་པ་རྣམས་བཏང་སྟེ་ [319A]༄༅། །གདོལ་པའི་ཁྱིམ་ཚོལ་དུ་བཅུག་པ་ལས། དེ་དག་དེར་སོང་བ་དང་ཨ་མྲའི་རུས་པ་དེ་དག་མཐོང་ནས་དེ་ནས་རྒྱལ་པོའི་ཞབས་འབྲིང་པ་རྣམས་ཀྱིས་རྒྱལ་པོ་ གཏུམ་པོ་རབ་སྣང་ལ་གསོལ་ཏོ། །དེ་ནས་གཏུམ་པོ་རབ་སྣང་ཁྲོས་པས་གདོལ་བ་འཁོར་དང་བཅས་པ་ཁྱིམ་གྱི་ནང་དུ་བཙུད་དེ། ཁྱིམ་གྱི་ཁོ་ར་ཁོར་ཡུག་ནས་རྩྭ་སྤུངས་ཏེ་མེ་ བཏང་ནས་བསྲེགས་སོ། །གྲོང་དེའི་ནང་ནས་གདོལ་བའི་ཁྱེའུ་གཅིག་གདོལ་བའི་ལས་ཀྱིས་ངོ་ཚ་ནས་ལྷོ་ཕྱོགས་སུ་སོང་ངོ། །དེར་སོང་ནས་བྲམ་ཟེའི་ཆ་ལུགས་སུ་ཞུགས་ ཏེ་ལུས་མི་སྣང་བར་འགྱུར་བའི་རིག་པ་བསླབས་སོ། །དེས་དེ་བསླབས་ནས་ཕྱིར་གྲོང་ཁྱེར་གྱེན་དུ་རྒྱལ་དུ་འོངས་ནས་རང་གི་ཁྱིམ་དུ་སོང་སོང་བ་ལས་དེ་བལྟས་ན་གྲོང་ཐམས་ ཅད་མེས་ཚིག་པར་མཐོང་ནས་མཐོང་མ་ཐག་ཏུ་གྲོང་འདི་སུས་མ་རུང་བར་བྱས་ཞེས་དྲིས་ན། དེས་རྒྱལ་པོ་གཏུམ་པོ་རབ་སྣང་གིས་བྱས་སོ། །ཞེས་ཐོས་ནས་དེས་སྨྲས་པ་ བདག་གི་ཉེ་དུ་དེ་རྣམས་གར་སོང། དེ་དག་གིས་སྨྲས་པ། རྒྱལ་པོ་གཏུམ་པོ་རབ་སྣང་ཁྲོས་པས་རྩྭ་སྤུངས་པས་བསྐོར་ཏེ་འཁོར་དང་བཅས་པ་མེས་བསྲེགས་སོ། །ཞེས་ བྱས་སོ༑ ༑དེ་ནས་ཐོས་མ་ཐག་ཏུ་ཁྱེའུ་དེ་སྡུག་བསྔལ་ཆེན་པོས་ཐེབས་ནས་དེས་བསམ་པ། སྐྱེས་པ་རྣམས་ཀྱིས་ནི། དངོས་སུ་ཉེས་པར་བྱས་པས་དེ་དག་ལ་ནི། དེས་ཁྲིམས་ [319B] བྱིས་པ་དང་བུད་མེད་རྣམས་ཀྱིས་དེ་ལ་ཉེས་པ་ཅི་ཞིག་བྱས་ན། དེ་དག་ཀྱང་མེས་བསྲེགས། ད་ནི། ངས་ཀྱང་དུས་ངན་པའི་རྒྱལ་པོ་དེས་བྱས་པའི་ཤ་གླན་པར་ བྱའོ་སྙམ་དུ་བསམ་ནས་བདག་ཉིད་མི་སྣང་བར་བྱས་ཏེ་རྒྱལ་པོའི་ཕོ་བྲང་དུ་སོང་ནས་དེས་རྒྱལ་པོ་ལ་མགོ་ལྕག་གིས་བཞུས་ཏེ་དུས་ངན་པའི་རྒྱལ་པོ་ཁྱོད་ལ་གདོལ་པ་དེ་དག་ གིས་ཉེས་པ་ཅི་བྱས། རྒྱལ་པོ་གཏུམ་པོ་རབ་སྣང་གིས་སྨྲས་པ། དེ་དག་གིས་ངའི་ཨ་མྲ་རྣམས་མེད་པར་བྱས་སོ། །གདོལ་པའི་ཁྱེའུ་སྨྲས་པ། གལ་ཏེ་སྐྱེས་པ་རྣམས་ཀྱིས་ ཉེས་སུ་ཟིན་ཀྱང་བུད་མེད་དང། ཁྱེའུ་དང། བུ་མོ་རྣམས་ཀྱིས་ཉེས་པ་ཅི་བྱས། དེས་ན་རྒྱལ་པོ་འཆལ་བ་ཁྱོད་བྱ་བ་ཅི་ཡོད་པ་དང། དོན་ཅི་ཡོད་པ་དེ་བྱོས་ཤིག་ཁྱོད་གསོན་པའི་ དུས་ཟད་དེ་ཞག་བདུན་ན་འཆི་དགོས་སོ། །ཞེས་བྱས་ནས་གདོལ་བའི་ཁྱེའུ་དེ་ཉིན་གཅིག་བཞིན་རྒྱལ་པོའི་ཕོ་བྲང་དུ་འགྲོ་སྟེ་རྒྱལ་པོ་ལ་རྡེག་ཅིང་འདི་སྐད་དུ་ཆེ་གེ་མོའི་ཉིན་པར་ ཁྱོད་མེད་པར་བྱའོ། །ཞེས་ཀྱང་ཟེར་རོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་འཇིགས་ཤིང་སྐྲག་ནས་བློན་པོ་རྣམས་ཀྱིས་གསོལ་པ། ལྷ་མི་བསྙེངས་སུ་གསོལ། བདག་ཅག་གིས་ འཕགས་པ་ཀཱ་ཏྱཱ་ཡ་ན་ལ་གསོལ་བ་གདབ་བོ། །ཞེས་སྨྲས་ནས་བློན་པོ་རྣམས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནའི་ཐད་དུ་སོང་ནས་སྨྲས་པ། འཕགས་པ། རྒྱལ་པོ་ལ་མི་མ་ཡིན་པ་རྣམས་ཀྱིས་ [320A]༄༅། །གནོད་པ་བགྱིད་ན། དེའི་སྐྱབས་མཛད་པར་གསོལ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་འཕགས་པ་ཀཱ་ཏྱཱ་ཡ་ནས་གདོལ་བའི་ཁྱེའུ་དེའི་རིག་ སྔགས་དེ་ཅི་ནས་ཕྱིན་ཆད་མི་སྣང་བར་བྱེད་མི་ནུས་པར་བྱས་སོ་།དེ་ནས་དེས་བསམ་པ། བདག་གི་རིག་སྔགས་སུ་ཞིག་གིས་མ་རུང་བར་བྱས་ཤིག་གུ་སྙམ་ནས་བློན་པོ་དེ་ རྣམས་ལ་དྲིས་པ། ཀྱེ། རྒྱལ་པོ་མི་མ་ཡིན་པའི་འཇིགས་པ་དེ་ལས་སུ་ཞིག་གིས་སྐྱབས་བྱས། བློན་པོ་རྣམས་ཀྱིས་སྨྲས་པ། འཕགས་པ་ཀཱ་ཏྱཱ་ཡ་ནས་བྱས་སོ། །དེ་ནས་ཐོས་ མ་ཐག་ཏུ་གདོལ་པའི་ཁྱེའུ་དེ་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ག་ལ་བ་དེར་སོང་ནས་སྨྲས་པ། བཙུན་པ། ཁྱོད་ཀྱིས་ཅིའི་སླད་དུ་བདག་གིས་རིག་སྔགས་རེངས་པར་མཛད། ཀཱ་ཏྱཱ་ཡ་ ནས་སྨྲས་པ། བུ། འདུག་ཅིག་དང་ཁྱོད་ལ་རྒྱས་པར་བསྙད་པར་བྱའོ། །དེ་ནས་གདོལ་བའི་ཁྱེའུ་དེས་འཕགས་པ་ཀཱ་ཏྱཱ་ཡ་ནའི་རྐང་པ་ལ་ཕྱག་བཙལ་ནས་མདུན་དུ་འདུག་ གོ། །དེ་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནས་དེ་ལ་མཐར་གྱིས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་གདོལ་བའི་ཁྱེའུ་དེས་སྟན་དེ་ཁོ་ན་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་ བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་ [320B]བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ན་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ། བདག་ལེགས་པར་ གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་ པ་སྤྱད་པར་འཚལ་ལོ། །དེ་ནས་ཚེ་དང་ལྡན་པ་ཀཱ་ཏྱཱ་ཡ་ནས་དེ་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་དེ་ལ་ལུང་ཡང་ཕོག་གོ། །དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང་ འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་ དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ་རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་ དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་བློན་པོ་དེ་དག་གིས་ཐོས་ནས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་གསོལ་པ་ལྷ། ཁྱོད་གང་གིས་འཇིགས་ཤིང་སྐྲག་པར་ [321A]༄༅། །གྱུར་པ་དེ་ནི། འཕགས་པ་ཀཱ་ཏྱཱ་ཡ་ནས་རབ་ཏུ་ཕྱུང་ལགས་སོ། །དེ་ནས་ཐོས་མ་ཐག་ཏུ་རྒྱལ་པོ་དེ་ཡིད་དགའ་བར་གྱུར་ནས་ཀཱ་ཏྱཱ་ཡ་ན་ག་ལ་ བ་དེར་སོང་སྟེ་ཕྱིན་ནས་འཕགས་པ་ཀཱ་ཏྱཱ་ཡ་ནའི་རྐང་པ་ལ་ཕྱག་བཙལ་ཏེ་སྨྲས་པ། འཕགས་པ་ནི། བདག་ལ་དཀའ་བ་མཛད་པ་དང། སྲོག་ཕངས་པ་སྩོལ་བ་ལགས་ཀྱི་ དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བདག་གི་ཁྱིམ་དུ་དགུང་བདུན་བཤོས་གསོལ་བར་ཅི་གནང། ཀཱ་ཏྱཱ་ཡ་ནས་སྨྲས་པ། ལྷ། གྱེན་དུ་རྒྱལ་འདི་ཉིད་ན་བཅོམ་ལྡན་ འདས་བཞུགས་ཀྱི། བཅོམ་ལྡན་འདས་སྤྱན་དྲོངས་ཤིག་ཅེས་བྱས་སོ་།དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་ འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན་ ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་ཅང་མི་གསུང་བར་བཞུགས་སོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་ གིས་བཅོམ་ལྡན་འདས་ཀྱི་གཏམ་མཇུག་རྫོགས་པར་རིག་ནས་སྟན་ལས་ལངས་ཏེ་བླ་གོས་གྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་ [321B]།འཕགས་པ་ཀཱ་ཏྱཱ་ཡ་ནའི་སླད་དུ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བདག་གི་ཁྱིམ་དུ་དགུང་བདུན་ བཤོས་གསོལ་བར་ཅི་གནང། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་ཅང་མི་གསུང་བར་གནང་བར་རིག་ ནས་རྒྱལ་པོ་གཏུམ་པོ་རབ་སྣང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ ནས་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ། །དེ་ནས་དེས་ཕོ་བྲང་གི་ནང་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞག་བདུན་གྱི་བར་དུ་བཤོས་གསོལ་ནས་ཐ་མའི་ ཉིན་པར་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་རོ་བརྒྱ་དང་ལྡན་པ་གསོལ་ནས་བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་ཕུལ་ལོ། །དགེ་སློང་གཞན་ རྣམས་ལ་ནི། རེ་རེ་ལ་རས་བཅོས་བུ་ཟུང་རེ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཏུམ་པོ་རབ་སྣང་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་ འཛིན་དུ་བཅུག། ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ [322A]༄༅། །ལ་ཞུས་པ། བཙུན་པ་གདོལ་བའི་ཁྱེའུ་འདིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་ མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་འདི་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་འདི་ནས་བསྐལ་ པ་དགུ་བཅུ་རྩ་གཅིག་པ་ན་སྐྱེ་རྒུའི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་ མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ སྟེ༑ དེ་གང་གི་ཚེ་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ འདས་སོ། །དེ་ནས་རྒྱལ་པོ་གཉེན་ཡོད་ཀྱིས་ས་ཕྱོགས་གོ་སྐབས་ཡངས་པ་ཞིག་ཏུ་འབྱོར་པ་ཆེན་པོ་དང་ལྡན་པས། སྦོས་ཀྱི་ཤིང་རྣམས་སྤུངས་ནས་དེའི་རིང་བསྲེལ་ཞུགས་ [322B] །དེ་ནས་དེའི་སྐུ་གདུང་རྣམས་གཞན་གྱིས་མི་འཁྱེར་བར་བྱ་བའི་ཕྱིར་སྐུ་གདུང་བཞུགས་པ་དེ་ནས་ཐག་མི་རིང་བ་ཞིག་ན་གདོལ་བ་དག་ཅིག་སྲུང་མར་བསྐོས་ཏེ་ གདོལ་པ་དེ་དག་ས་ཕྱོགས་དེར་ཉལ་བ་ལས་གདོལ་བ་གཅིག་སྟག་གིས་ཁྱེར་ནས་གདོལ་པ་གཞན་ཞིག་འཇིགས་ཤིང་སྐྲག་སྟེ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ ནས་དེ་སངས་རྒྱས་ཀྱི་མཐུས་ལྷ་རྣམས་ཀྱིས་སྐྱབས་བྱས་སོ། །དེ་ནས་གང་གི་ཚེ་རྒྱལ་པོ་གཉེན་ཡོད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་སྐུ་གདུང་ གི་མཆོད་རྟེན་བརྩིགས་ཏེ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་དུས་སྟོན་གྱི་ལུགས་སུ་བཏོད་པ་དེའི་ཚེ་གདོལ་པ་དེའི་བློ་སྐྱེས་པ། བདག་གསོན་པོར་གྱུར་ན་ནི་ ཅིའང་རུང་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཐུ་ཡིན་ནོ་སྙམ་དུ་རིག་ནས་དེས་མཆོད་རྟེན་དེ་ལ་བཀུར་སྟི་ཆེན་པོ་བྱས་ཏེ་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་ འདི་ཁོ་ན་དང་འདྲ་བའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ་།དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་གདོལ་པར་གྱུར་པ་གང་ཡིན་པ་དེ་ནི། གདོལ་བའི་ཁྱེའུ་འདི་ཁོ་ན་ [323A]༄༅། །ཡིན་ཏེ༑ དེས་མཆོད་རྟེན་དེ་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་ གཟིགས་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་ བྱས་ལ༑ ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ་།གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་སྟེ་དགེ་སློང་འཐབ་ཀྲོལ་ཅན་ཁ་མི་མཁས་པ་ཞིག་ཏུ་གྱུར་ནས་དེས་དེར་དགེ་སློང་མང་པོ་དག་ལ་ཁྲོས་ཏེ་གདོལ་པ་ཞེས་བྱ་བའི་ཚིག་བརྗོད་ ནས་ཕྱི་ཞིག་ན་དེ་འགྱོད་པ་སྐྱེས་ཏེ། དེས་དགེ་སློང་དེ་དག་ལ་བཟོད་པ་གསོལ་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅིའང་མ་ཐོབ་སྟེ་འཆི་ཁར་སྨོན་ ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་ བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་ [323B] །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་གང་ཡིན་པ་དོ་ནི་ གདོལ་པའི་ཁྱེའུ་འདི་ཁོ་ན་ཡིན་ཏེ། དེས་དེར་དགེ་སློང་མང་པོ་ལ་གདོལ་པ་ཞེས་བྱ་བའི་ཚིག་བརྗོད་པའི་ལས་དེའི་རྣམ་པར་སྨིན་པས་ནི། ཚེ་རབས་ལྔ་བརྒྱར་གདོལ་པའི་རིགས་སུ་ སྐྱེས་སོ༑ ༑དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་ གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་ མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་ པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏོ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།རབ་བཟང་ [324A]༄༅། །ཞེས་བྱ་བ་ནི། རྒྱལ་པོ་ཟས་གཙང་གི་ཁ་ལོ་པ་རབ་བཟང་ཞེས་བྱ་བའི་ཞིག་ཡོད་དེ། ཞེས་ཐབས་ཟླ་ངར་[?]རང་ལ་ཆུང་མ་བླངས་ནས་དེ་དེ་དང་ ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ཀྱང་དེ་ལ་བུ་མེད་དེ། བུ་འདོད་པའི་ཕྱིར་ལྷ་གུ་ལང་དང། ཆུ་ལྷ་དང། ཀུ་བེ་ར་དང། བརྒྱ་བྱིན་དང། ཚངས་པ་ལ་སོགས་པ་ དང། ཀུན་དགའ་ར་བའི་ལྷ་དང། ནགས་ཚལ་གྱི་ལྷ་དང། ལམ་གྱི་བཞི་མདོའི་ལྷ་དང། སུམ་མདོའི་ལྷ་དང། གཏོར་མ་ལེན་པའི་ལྷ་དང། ལྷན་ཅིག་སྐྱེས་པ་དང་ཆོས་ མཐུན་པ་དང་རྟག་ཏུ་ཕྱི་བཞིན་འབྲང་བའི་ལྷ་རྣམས་ལའང་གསོལ་བ་འདེབས་ཏེ། དེ་དེ་ལྟར་ལྷུར་ལེན་དུ་ཟིན་ཀྱང་བུའང་མ་བྱུང། བུ་མོའང་མ་བྱུང་ངོ། །དེར་གང་གི་ཚེ་བྱང་ ཆུབ་སེམས་དཔའ་སྐུ་བལྟམས་པ་དེའི་ཚེ་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ། གལ་ཏེ་ཁྱིམ་ན་གནས་ན་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །གལ་ཏེ་སྐྲ་ དང་ཁ་སྤུ་བྲེགས་ཏེ་ཆོས་གོས་ཚེན་ཅན་དག་བགོས་ནས་ཡང་དག་པའི་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲགས་པ་དང་ལྡན་པར་འགྱུར་རོ། །ཞེས་ལུང་བསྟན་ནས་ཚིག་དེ་ཁ་ལོ་པ་རབ་བཟང་གིས་ཐོས་ནས་ཐོས་མ་ཐག་ཏུ་དེ་སྡུག་ [324B] གལ་ཏེ་བདག་གི་བུ་ཞིག་ཡོད་ན་ནི་དེ་གཞོན་ནུའི་ཁ་ལོ་པར་འགྱུར་ཏེ། དེ་ལྟ་ན་ཁ་ལོ་ཕ་རབས་ཆད་པར་མི་འགྱུར་ཞིག་གུ་སྙམ་དུ་བསམ་ནས་ལྷག་ པར་ཡང་ལྷ་སོ་སོ་ལ་གསོལ་བ་འདེབས་པ་ལ་ཞུགས་སོ། །དེའི་ཚེ་དེར་བྱང་ཆུབ་སེམས་དཔས་རྒན་པོ་དང་ནད་པ་དང་ཤི་བ་མཐོང་ནས་ནགས་ཀྱི་ནང་དུ་གནས་བཅས་ཏེ། དེ་དེར་སོང་ ནས་ལོ་དྲུག་གི་བར་དུ་དཀའ་བ་སྤྱད་དེ། དེ་དེར་ལོ་དྲུག་གི་བར་དུ་དཀའ་བ་སྤྱད་ནས་སེ་རི་ཀའི་གྲོང་མིའི་བུ་མོ་དགའ་མོ་དང། དགའ་སྟོབས་ལས་འོ་མ་ལན་བཅུ་དྲུག་ཏུ་ཉིང་ཁུར་བྱས་ པའི་འོ་ཐུག་སྦྲང་རྩི་དང་སྦྱར་བ་བཞེས་སོ། །དེ་ནས་རྩྭ་ཚོང་བཀྲ་ཤིས་ལྡན་ལས་རྩྭ་བཞེས་སོ། །དེ་ནས་ཀླུའི་རྒྱལ་པོ་ནག་པོ་ས་མངོན་པར་བསྟོད་ཅིང་བྱང་ཆུབ་ཀྱི་སྙིང་པོར་གཤེགས་ ཏེ༑ ཉིད་ཀྱིས་རྩྭ་རྣམས་མ་གྲུགས་པར་བཏིང་ནས་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས་བླ་ན་མེད་པའི་ཡེ་ཤེས་མ་ཐོབ་ཀྱི་བར་དུ་སྐྱིལ་མོ་ཀྲུང་མི་བཤིག་གོ་ཞེས་ཐུགས་དམ་ བརྟན་པོར་བཅས་སོ། །དེས་དེར་བདུད་ཀྱི་འཁོར་འབྱུང་པོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་བཅོམ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ཡེ་ཤེས་བརྙེས་སོ། །དེ་ནས་ཚངས་པས་བསྐུལ་ ནས་ཝཱ་ར་ཎཱ་སིར་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་ཚུལ་བཞིན་བསྐོར་ཏེ་ལྔ་སྡེ་རྣམས་རབ་ཏུ་ཕྱུང་ངོ། །དེ་ནས་ཉེ་བའི་ལྔ་སྡེ་རྣམས་དང། བཟང་སྡེའི་ཕ་ [325A]༄༅། །ཚན་པ་དྲུག་ཅུ་དང། གྲོང་གི་བྱིས་པ་གཙོ་བོའི་མཆོག་ལྔ་བཅུ་དང། དགའ་མོ་དང་དགའ་སྟོབས་སྤུན་གཉིས་བདེན་པ་ལ་བཀོད་ནས་ལྟེང་རྒྱས་འོད་ སྲུང་དང། ཆུ་ཀླུང་འོད་སྲུང་སྤུན་གཉིས་རབ་ཏུ་བྱུང་སྟེ་ག་ཡར་གཤེགས་ནས་ཆོ་འཕྲུལ་རྣམ་པ་གསུམ་གྱིས་བཏུལ་ཏེ་སྨྱིག་མའི་ནགས་ཁྲོད་དུ་གཤེགས་ནས་རྒྱལ་པོ་ གཟུགས་ཅན་སྙིང་པོ་ལྷ་བརྒྱད་ཁྲི་དང། ཡུལ་མ་ག་དཧའི་བྲམ་ཟེ་དང། ཁྱིམ་བདག་སྟོང་ཕྲག་དུ་མ་དང་ལྷན་ཅིག་ཏུ་བདེན་པ་ལ་བཀོད་དོ། །དེ་ནས་རྒྱལ་པོའི་ཁབ་ཏུ་ གཤེགས་ཏེ་འོད་མའི་ཚལ་བཞེས་ནས་དགེ་སློང་ཤཱ་རིའི་བུ་དང་མཽངྒལ་གྱི་བུ་གཉིས་རབ་ཏུ་བྱུང་སྟེ་མཉན་དུ་ཡོད་པར་གཤེགས་ནས་རྒྱལ་པོ་གསལ་རྒྱལ་གཞོན་ནུ་ ལྟ་བུའི་མདོ་སྡེས་བཏུལ་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་བཞེས་ནས་སེར་སྐྱའི་གནས་སུ་གཤེགས་ཏེ་ཡབ་སྲས་མཇལ་ནས་སེར་སྐྱའི་གནས་སུ་རྟེན་བཅས་ཏེ་གདུལ་བར་བྱ་ བ་རྣམས་ཀྱི་དོན་མཛད་ཅིང་བཞུགས་སོ། །དེ་ནས་ཁ་ལོ་བ་རབ་བཟང་གི་སེམས་སྐྱེས་པ། བདག་ནི། ད་ལྟར་བུ་མེད་དེ། བདག་ཤི་སྟེ་དུས་ལས་འདས་ན་ནི། ཅི་བདོག་བ་ ཐམས་ཅད་རྒྱལ་པོ་དབང་བྱེད་པར་འགྱུར་གྱི། མ་ལ་བདག་གིས་འཇིག་རྟེན་ཕ་རོལ་ཏུ་བསྐྱལ་བར་བྱའོ་སྙམ་ནས་དེས་ཕྱི་དེ་ཉིན་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་ [325B]བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་གསང་སྡེར་ནི། གྱུ། ཕྱག་ནི། བཅབས་ པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་ དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་དེ། ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་ བ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་ཅང་མི་གསུང་བས་བཞུགས་སོ། །དེ་ནས་ཁ་ལོ་པ་རབ་བཟང་གིས་བཅོམ་ལྡན་འདས་ཀྱི་གཏམ་གྱི་ མཇུག་རྫོགས་པར་རིག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་།བཙུན་པ། འདི་ནི། བདག་གི་ཡུན་རིང་པོའི་སྟོན་པ་ལགས་ཏེ། ཀྱེ་མ་བདག་ལ་བུ་ཞིག་སྐྱེས་ན་ནི་ ཇི་ལྟར་བདག་རྒྱལ་པོ་ཟས་གཙང་གི་ཁ་ལོ་པ་འཚལ་བ་དེ་བཞིན་དུ་དེའང་གཞོན་ནུའི་ཁ་ལོ་བར་འགྱུར་བ་ཞིག་ན། ད་ནི། བཅོམ་ལྡན་འདས་རབ་ཏུ་བྱུང་སྟེ་དེ་ལྟར་གྱུར་གྱིས་ཀྱང་ གལ་ཏེ་ད་དུང་ཡང་བདག་གི་བུ་ཞིག་བྱུང་ན་ནི། བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་དབྲལ་བར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མ་འོངས་པའི་ཡོན་ཏན་གཟིགས་ [326A]༄༅། །ནས་བཀའ་སྩལ་པ། ཁོང་དགེ་བ་རྣམས་ནི། དམ་བཅས་པ་ལ་བརྟན་པ་ཡིན་ནོ། །ཞེས་གསུངས་ནས་དེའི་ཁྱིམ་ནས་བཅོམ་ལྡན་འདས་སླར་ གཤེགས་སོ། །དེ་ནས་ཕྱི་ཞིག་ན་ཁ་ལོ་པ་རབ་བཟང་གི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུ་འམ་བཅུ་ལོན་པ་དང་བུ་བཙས་ཏེ་ཁྱེའུ་གཟུགས་བཟང་ཞིང་བལྟན་སྡུག་ལ་ མཛེས་པ་ཞིག་བཙས་ནས་དེའི་བཙས་སྟོན་རྒྱས་པར་བྱས་ཏེ་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དོ། ཁྱེའུ་འདི་རབ་བཟང་གི་བུ་ཡིན་པས་ན། ཁྱེའུ་ འདིའི་མིང་བཟང་པོ་ཞེས་གདགས་སོ་ཟེར་རོ། །དེ་ནས་ཁྱེའུ་བཟང་པོའོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུ་རྣམས་ཀྱིས་བསྐྱེད་བསྲིངས་ནས་དེ་མཚོའི་ནང་གི་ པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་པ་དང་ལག་རྩིས་དང་དབྱུང་བ་དང་སྦ་བ་དང་དགྲམ་པ་དང་ གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་སྤོས་པ་རྟག་པ་དང་སྨན་བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་གོ་མཚོན་བརྟག་པ་བསླབས་ཏེ་ ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་དང་བརྟག་པ་རྣམས་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་བཅོམ་ [326B]གཟིགས་ནས་ཁ་ལོ་བ་རབ་བཟང་ལ་བཀའ་སྩལ་པ། རབ་བཟང། ཁྱེའུ་འདི་ནི། མ་བཙས་པའི་སྔ་རོལ་ནས་ཁྱོད་ ཀྱིས་ང་ལ་ཕུལ་ཏེ། ཁོང་དགེ་བ་རྣམས་ནི། དམ་བཅས་པ་ལ་བརྟན་པ་ཡིན་ན་དེ་ཁོ་ན་ལྟར་དམ་མ་བཅས་སམ། རབ་བཟང་གིས་གསོལ་པ་བཅོམ་ལྡན་འདས། དེ་ཁོ་ན་ལྟར་ དམ་བཅས་ལགས་སོ། །ཞེས་གསོལ་ནས་རབ་བཟང་གིས་ཁྱེའུ་དེ་ལག་པ་གཉིས་ཀྱིས་བཟུང་སྟེ་བཅོམ་ལྡན་འདས་ལ་ཕུལ་ནས་སྨྲས་པ། བུ་ཁྱོད་མ་བཙས་པའི་སྔ་རོལ་ནས་ངས་ བཅོམ་ལྡན་འདས་ལ་ཕུལ་གྱི། སོང་ལ་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་གྱིས་ཤིག་ཁྱེའུ་སྨྲས་པ། དེ་ནི། བདག་ལ་ཕན་བཏགས་ལགས་ཞེས་སྨྲས་ནས་ཁྱེའུ་དེ་བཅོམ་ལྡན་ འདས་ཀྱི་ཕྱི་བཞིན་སོང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁ་ལོ་པ་རབ་བཟང་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་ གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་ཁྲིད་དེ་གཙུག་ལག་ཁང་དུ་གཤེགས་སོ། །དེར་ཁྲིད་ནས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་ པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ། །དེས་ཀྱང་བརྩོན་པ་དང་སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ་དེས་ [327A]༄༅། །དགྲ་བཅོམ་པ་ཉིད་ཐོབ་ནས་བསམ་པ། བཅོམ་ལྡན་འདས་ནི་བདག་གི་སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོ་སེལ་པར་མཛད་པ་དང། བདེ་བ་ དང་ཡིད་བདེ་བ་རྣམ་པ་དུ་མ་སྒྲུབ་པར་མཛད་པ་དང། སྡིག་པ་མི་དགེ་བའི་ཆོས་རྣམ་པ་དུ་མ་སེལ་བར་མཛད་པ་དང། དགེ་བའི་ཆོས་རྣམ་པར་དུ་མ་སྒྲུབ་པར་མཛད་པ་ཡིན་ན་ བདག་གིས་བཅོམ་ལྡན་འདས་ཀྱི་བཀའ་འདྲིན་ཇི་ལྟར་བསབ་པར་བྱ་སྙམ་སྟེ་དེས་བསམ་པ། སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་གང་ཡང་རུང་བ་དེ་དག་ཐམས་ཅད་ ནི༑ སེམས་ཅན་ལ་ཕན་པའི་ཕྱིར་འབྱུང་བར་ཟད་ཀྱི། མ་ལ་བདག་གིས་ཀྱང་སེམས་ཅན་གྱི་དོན་བྱའོ་སྙམ་སྟེ་བདག་གིས་འདུལ་བར་འགྱུར་བ་ལྟ་འགའ་མཆིས་སམ་ ཞེས་བསམ་སྟེ་དེས་བལྟས་ན། ཐོག་མ་ཁོ་ནར་ཕ་མ་གཉིས་འདུལ་བར་འགྱུར་བར་རིག་ནས་དེ་གཙུག་ལག་ཁང་ནས་མི་སྣང་བར་གྱུར་ཏེ་བདག་གི་ཁྱིམ་དུ་ཕ་མ་གཉིས་ ཀྱི་མདུན་ནས་ས་བརྟོལ་ཏེ་བྱུང་ནས་དེ་དང་པའི་རྒྱལ་པོ་འདབ་མ་བརྐྱང་པ་ལྟར་སྟེང་གི་ནམ་མཁའ་ལ་འཕགས་ནས་ཕ་མ་གཉིས་ཀྱི་མདུན་དུ་འབར་བ་དང། ལམ་མེ་ འདུག་པ་དང། ཆར་འབབ་པ་དང། གློག་འགྱུར་བའི་ཆོ་འཕྲུལ་རྣམས་བསྟན་ནས་ས་ལ་བབས་ཏེ། དེས་ཕ་མ་གཉིས་ཀྱི་བསམ་པ་དང། བག་ལ་ཉལ་དང། ཁམས་ [327B] ཤེས་པ་དང། རང་བཞིན་རྟོགས་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ཐོས་ནས་ཕ་མ་གཉིས་ཀྱིས་སྟན་དེ་ཁོ་ན་ལ་འདུག་བཞིན་དུ། འཇིག་ཚོགས་ལ་ལྟ་བའི་ རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་གཉིས་ཀྱིས་བདེན་མ་མཐོང་ནས་སྨྲས་པ། བུ། བདག་ཅག་ གཉིས་ཀྱང་ཁྱིམ་ན་གནས་པ་བཏང་ལ་ཁྱོད་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་འབྱུང་བར་བྱའོ། །བཟང་པོས་སྨྲས་པ། ཁྱེད་གཉིས་ཇི་ལྟར་དགའ་བ་དེ་བཞིན་དུ་བགྱིའོ། །དེ་ནས་བྱས་ ནས་ཚེ་དང་ལྡན་པ་བཟང་པོ་དེ་གཉིས་ཀྱི་ཁྱིམ་ནས་ཕྱིར་སོང་ངོ། །དེ་ནས་དེའི་ཕ་མ་གཉིས་ཀྱིས་ཁྱིམ་གྱི་འཁོར་བཏང་སྟེ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ན་བཅོམ་ ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་ དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བཟང་པོས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིག་ནོར་མང་ལ་ལོངས་སྤྱོད་ཆེ་ བའི་རིགས་སུ་སྐྱེས་ཏེ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་ཏྤར་གྱུར་ནས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས། བཅོམ་ལྡན་འདས་ཀྱི་ [328A]༄༅། །བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། དེའི་ཕ་མ་གཉིས་ཀྱིས་ལས་ཅི་ བགྱིས་ན། ལས་དེའི་རྣམ་པར་སྨིན་པས་འདི་ཁོ་ན་ལ་བརྟེན་ནས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་ བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། ། གསོལ་པ། བཙུན་པ། འདི་རྣམས་ཀྱིས་སྨོན་ལམ་གང་དུ་བཏབ་པ་ལགས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ ཉིད་ལ་སྐྱེ་རྒུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་ འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གང་གི་ཚེ་སངས་ རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས་ཤིང་ཟད་པའི་མེ་བཞིན་དུ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་སོ། །དེ་ནས་རྒྱལ་ [328B]མཆོད་པ་བྱས་ནས་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ་འཕང་ དུ་རྒྱང་གྲགས་གཅིག་ཡོད་པ་ཞིག་རྩིག་པར་བརྩམས་ཏེ། དེས་དེར་བློན་པོ་མ་དད་པ་ཞིག་ལག་དཔོན་དུ་བསྐོས་ནས་བློན་པོ་དེས་བུ་དེ་ལ་སྨྲས་པ། བུ། ངས་ནི། རྒྱལ་པོའི་ སྒྲུབ་པ་དང། རྒྱལ་པོའི་བྱ་བ་དག་བྱ་དགོས་ཏེ། ངས་གཉིས་ཀ་ལག་གིས་མི་ཁྱབ་པའི་སྟེང་དུ་འདི་འབའ་ཞིག་ལ་འཚལ་ན། བདག་གིས་རྒྱལ་པོའི་ཕོ་བྲང་དུ་བྱ་བ་ རྣམས་ཤོར་བར་འགྱུར་གྱི། ཁྱོད་ཀྱིས་འདིར་མཆོད་རྟེན་གྱི་ལག་གི་ཞལ་ཏ་གྱིས་ཤིག་དང། ངས་རྒྱལ་པོའི་ཞབས་འབྲིང་བྱའོ་།ཁྱེའུ་སྨྲས་པ། ཡབ། ཇི་ལྟར་དགྱེས་པ་ དེ་བཞིན་དུ་བགྱིའོ༑ ༑ཞེས་བྱས་ནས་དེ་དེ་ན་མཆོད་རྟེན་གྱི་ལག་གི་ཞལ་ཏ་བྱེད་ཅིང་འདུག་སྟེ། དེ་དེར་ལས་བྱེད་པ་ལ་ཞུགས་སོ། །དེ་དེ་ན་ལས་བྱེད་པ་ན་སངས་རྒྱས་འཁོར་ བ་འཇིག་གི་བསྟན་པ་ལ་དད་པ་རྙེད་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་སོ། །དེས་དེར་ཕ་མ་གཉིས་ཀྱང་དད་པ་ཕུན་སུམ་ཚོགས་པ་ལ་བཀོད་དེ་སྐྱབས་ སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ལ་ཡང་བཀོད་དོ། །དེར་གང་གི་ཚེ་རྒྱལ་པོ་མཛས་པས་མཆོད་རྟེན་དེ་རྣམས་ཐམས་ཅད་དུ་ཟིན་པར་བྱས་ནས་མཆོད་པ་ཆེན་པོ་བྱས་ཏེ་ [329A]༄༅། །མཆོད་རྟེན་གྱི་དུས་སྟོན་གྱི་ལུགས་བཏོད་པ་དེའི་ཚེ་བློན་པོ་དེ་གཟའ་བྲན་དང། བློན་པོའི་བུ་དེས་མཆོད་རྟེན་དེ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་ མཐོང་ནས་མཆོག་ཏུ་དགའ་བར་གྱུར་ཏེ། མཆོག་ཏུ་དགའ་བར་གྱུར་ནས་དེ་དག་གིས་མཆོད་རྟེན་དེ་ལ་བཀུར་སྟེ་ཆེན་པོ་བྱས་ཏེ་བློན་པོའི་བུ་དེས་མཆོད་རྟེན་གྱི་ཞབས་ལ་ཕྱག་ བཙལ་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་གཟུགས་ བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ཅིག་སྟོན་པ་འདི་འདྲ་བ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་།དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཤོག་ཅིག་ཅེས་བྱས་སོ། །དེ་ནས་ཕ་མ་གཉིས་ཀྱིས་དེ་མཐོང་ནས་བུ། ཁྱོད་ཀྱིས་སྨོན་ལམ་ཇི་སྐད་ བཏབ་[?]ཅེས་དྲིས་པ་དང། དེས་དེ་གཉིས་ལ་ཐམས་ཅད་རྒྱས་པར་བསྙད་ནས་དེ་ཐོས་མ་ཐག་ཏུ་དེ་གཉིས་ཀྱིས་ཀྱང་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་ཅག་གཉིས་ ཀྱང་[?]གང་དང་གང་དུ་སྐྱེ་བ་དེ་དང་དེས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་འདི་ཉིད་བདག་ཅག་གི་བུར་གྱུར་ནས་འདི་ཁོ་ན་ལ་བརྟེན་ཏེ་བདག་ཅག་ [329B]།མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་ བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཤོག་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བློན་པོའི་བུར་གྱུར་པ་གང་ཡིན་པ་དེ་ནི། བཟང་པོ་འདི་ཁོ་ན་ཡིན་ནོ། །དེའི་ཚེ་ཕ་ མར་གྱུར་པ་གང་ཡིན་པ་དེ་གཉིས་ནི། ཕ་མ་འདི་གཉིས་ཁོ་ན་ཡིན་ནོ། །དེས་མཆོད་རྟེན་དེ་ལ་བསྐུར་སྟི་བྱས་ནས་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་ གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་དང་ཤིན་ཏུ་མཉམ་ པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་ རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེར་ཕ་མ་དེ་གཉིས་ཀྱིས་མཆོད་རྟེན་དེ་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་པའི་ ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས་བུ་འདི་ཁོ་ན་ལ་བརྟེན་ཏེ་འདི་གཉིས་ཀྱིས་ང་ [330A]༄༅། །མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་ སུམ་དུ་བྱས་སོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལའང་འདི་གསུམ་ཆར་རབ་ཏུ་བྱུང་སྟེ། དེར་འདི་རྣམས་ཀྱིས་ཚེ་གཅིག་ཏུ་ཚངས་ པར་སྤྱོད་པ་སྤྱད་ནས་དབང་པོ་ཡོངས་སུ་སྨིན་པར་བྱས་ཏེ། དེས་ན་ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ།། །།ལས་བརྒྱ་ཐམ་པ། བམ་པོ་བཅུ་དགུ་པ། ལྷར་བཅས་ ཞེས་བྱ་བ་ནི། ཡུལ་སེར་སྐྱའི་གནས་ན་རྒྱལ་པོ་སེངྒེ་འགྲམ་ཞེས་བྱ་བ་ནི། རྒྱལ་པོ་བྱེད་དོ། །ཡུལ་ལྷ་མཐོང་ཞེས་བྱ་བ་ན་ནི་རྒྱལ་པོ་ལེགས་རྟོགས་རྒྱལ་པོ་བྱེད་དེ། དེ་གཉིས་ མཛའ་ཞིང་བཤེས་ལ་གཅུགས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་སེངྒེ་འགྲམ་ཡིད་སྨོན་བྱེད་པ། ཀྱེ་མ་བདག་གི་རྒྱུད་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱུང་ན་ཅི་མ་རུང་སྙམ་མོ། ། དེ་ནས་མཐར་གྱིས་དེའི་བུ་བཞི་བྱུང་སྟེ། ཟས་གཙང་དང། བྲེ་བོ་ཟས་དང། བདུད་རྩི་ཟས་དང། ཟས་དཀར་རྣམས་བྱུང་ངོ། །བུ་མོའང་བཞི་བྱུང་སྟེ། ངག་མ་དང། བྲེ་མོ་མ་ དང། བདུད་རྩི་མ་དང། དཀར་མོ་རྣམས་བྱུང་ངོ། །དེ་ནས་རྒྱལ་པོ་ལེགས་རྟོགས་ཡིད་སྨོན་བྱེད་པ། ཀྱེ་མ་བདག་སེངྒེ་འགྲམ་དང་གཉེན་དུ་གྱུར་ཀྱང་ཅི་མ་རུང་སྙམ་མོ། །དེ་ [330B]དགའ་མགུར་སྤྱོད་པ་ལས་བུ་བཙས་ཏེ་དེའི་མིང་ལྷར་བཅས་ཞེས་བཏགས་སོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཁྱེའུ་ དེ་ཡི་གེ་སློབ་ཏུ་བཅུག་སྟེ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱི་བཟོའི་གནས་དང། ལས་ཀྱི་གནས་ཐ་དད་པ་འདི་ལྟ་སྟེ། གླང་པོ་ཆེ་ཞོན་པ་དང། རྟ་ཞོན་པ་ དང། མཚོན་ཆ་བཅང་བ་དང། འཕོང་དང། མདུན་དུ་བསྣུར་བ་དང། ཕྱིར་བསྣུར་བ་དང། གཡུལ་ལས་འབྱུང་བར་བྱ་བ་དང་ལྕགས་ཀྱུ་གཟུང་བ་དང། ཞགས་པ་གཟུང་བ་དང་ མདའ་བོ་ཆེ་འཕང་བ་དང། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང་མཚོན་རྩེ་གཅིག་པ་གདབ་པ་དང། འཁོར་ལོ་འཕང་བ་དང། གཅད་པ་དང། གཤེག་པ་དང། ལག་པས་གཟུང་བ་དང་ རྐང་པའི་སྟབས་དང། མགོ་བོ་བསྐྱབ་པ་དང། རྒྱང་མར་འཕང་བ་དང། སྒྲ་གྲག་པར་འཕང་བ་དང། གནད་དུ་འཕང་བ་དང་གདོན་མི་ཟ་བར་ཕོག་པར་བྱ་བ་དང། ཚབས་ཆེར་ གཏང་བ་རྣམས་ཀྱང་བསླབས་ནས་གནས་ལྔ་ལ་བྱང་བར་གྱུར་ཏེ་དེ་འདྲ་བའི་ཟླ་གཞན་མེད་དོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ལེགས་རྟོགས་ལ་བུ་མོ་གཉིས་བྱུང་སྟེ། དེ་ལ་གཅིག་གི་ མིང་ནི། སྒྱུ་འཕྲུལ་ཞེས་བཏགས་སོ། །གཅིག་གི་མིང་ནི། སྒྱུ་འཕྲུལ་ཆེན་མོ་ཞེས་བཏགས་ཏེ། དེ་གཉིས་བྲམ་ཟེ་མཚན་མཁན་བྱེ་བྲག་ཕྱེད་པ་རྣམས་ཀྱིས་ལུང་བསྟན་པ། གཅིག་ [331A]༄༅། །ལ་ནི༑ འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཙའ་བར་འགྱུར་རོ། །གཅིག་ཤོས་ལ་ནི། གཞོན་ནུ་མཚན་དང་ལྡན་པ་བཙའ་བར་འགྱུར་རོ། །ཞེས་ལུང་བསྟན་ ཏོ༑ ༑དེ་ནས་རྒྱལ་པོ་སེངྒེ་འགྲམ་གྱིས་ཐོས་ནས་དེ་གཉིས་ཟས་གཙང་གི་བཙུན་མོར་བླངས་སོ། །དེ་ནས་ཕྱི་ཞིག་ན་བྱང་ཆུབ་སེམས་དཔའ་ལྷའི་རིས་དགའ་ལྡན་གྱི་གནས་ནས་ ཤི་འཕོས་ནས་ཡུམ་གྱི་ལྷུམས་སུ་ཞུགས་ཏེ། དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་སྲས་བལྟམས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་སློབ་ཏུ་བཅུག་ནས་དེ་ཡི་གེའི་མཐར་ ཕྱིན་པར་གྱུར་ཏོ། །བསྟན་བཅོས་ཐམས་ཅད་ཀྱང་དེས་རྟོགས་སོ། །གར་དང་གླུ་དང་རོལ་མོའི་སྒྲ་ཐམས་ཅད་ལའང་མཐར་ཕྱིན་ཏོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བསམ་པ་ ད་ནི༑ གཞོན་ནུ་ལ་འཕོང་བསླབ་དགོས་སོ་སྙམ་ནས་ཤཱཀྱ་རྣམས་ལ་དྲིས་པ། འདི་ན་འཕོང་གི་སློབ་དཔོན་གྱི་མཆོག་སུ་ཡོད། སུ་ལ་བསླབས་ན་གཞོན་ནུ་འཕོང་ལོབས་པར་ འགྱུར་ཞེས་སྨྲས་སོ། །ཤཱཀྱ་རྣམས་ཀྱིས་སྨྲས་པ། ལྷ། འཕོང་གི་སློབ་དཔོན་གཞན་ལྟ་ཞོག་སྟེ། རྒྱལ་པོ་ལེགས་རྟོགས་ཀྱི་བུ་ལྷར་བཅས་ཞེས་བགྱི་བ་འཕོང་གི་སློབ་དཔོན་ ཀྱི་མཆོག་ཅིག་མཆིས་ཏེ། དེ་འདྲ་བའི་ཟླ་གཞན་མ་མཆིས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་ཟས་གཙང་གིས་ལྷར་བཅས་ཕོ་ཉས་བཀུག་ནས་སྨྲས་པ། ལྷར་བཅས་ [331B]ལྷར་བཅས་ཀྱིས་སྨྲས་པ། ལྷ། ཇི་ལྟར་དགོངས་པ་བཞིན་དུ་བགྱིའོ། །ཞེས་བྱས་ནས་དེ་གཞོན་ནུ་འཕོང་སློབ་པ་ལ་ཞུགས་ཏེ། དེས་བྱང་ ཆུབ་སེམས་དཔའ་ལ་ཅི་བྱའོ་ཅོག་བསྟན་ནས་ཐམས་ཅད་ལོབས་སོ་།བྱང་ཆུབ་སེམས་དཔས་ཀྱང་གང་ལ་ལྷར་བཅས་ཀྱི་ཡུལ་མ་ཡིན་པའི་ཐབས་གཞན་དག་བསྟན་ཏོ། །དེ་ནས་ལྷར་བཅས་ ཀྱིས་བྱང་ཆུབ་སེམས་དཔའི་བརྩོན་པ་དང། སྔོན་མ་བྱུང་བའི་ཐབས་རྣམས་མཐོང་ནས་ངོ་མཚར་དུ་གྱུར་ཏེ། དེས་འཕོང་གི་ཐབས་དེ་དག་གི་སློབ་མ་བྱས་ནས་བྱང་ཆུབ་སེམས་དཔའ་ལས་ བསླབས་སོ། །དེས་གང་གི་ཚེ་བྱང་ཆུབ་སེམས་དཔའ་རྒན་པོ་དང་ནད་པ་དང་ཤི་བ་མཐོང་ནས་ནགས་ཀྱི་ནང་དུ་གནས་བཅས་པ་དེའི་ཚེ་ལྷར་བཅས་ནི། ཡངས་པ་ཅན་དུ་སོང་ནས་དེ་ན་འདུག་པ་ དང། ཡངས་པ་ཅན་གྱི་མི་རྣམས་ཀྱིས་དེ་ལ་གཞོན་ནུ་ལྔ་བརྒྱ་གཏད་དེ། ཁྱོད་ཀྱིས་གཞོན་ནུ་འདི་རྣམས་གནས་ལྔ་པོ་རྣམས་སློབས་ཤིག་ཅེས་བྱས་ནས་དེས་རིང་པོ་མ་ཐོགས་པར་གཞོན་ནུ་ ལྔ་བརྒྱ་པོ་རྣམས་ལ་འཕོང་བསླབས་ཏེ། དེ་དག་གནས་ལྔའི་མཐར་ཕྱིན་པར་གྱུར་ཏོ། །དེ་ནས་དེ་དག་འདི་ལྟ་བུའི་རྒྱགས་པ་སྐྱེས་ཏེ། སུའང་བདག་ཅག་ལས་གཟུགས་དང་སྟོབས་དང་ ཤེས་པས་མཚུངས་པའང་མེད་ན། ལྷག་པ་ལྟ་ཅི་སྨོས་སྙམ་མོ། །དེ་ནས་དེ་དག་ལ་ལྷར་བཅས་ཀྱིས་སྨྲས་པ། བུ་དག་རྒྱགས་པར་མ་བྱེད་ཅིག་ཁྱོད་ནི། ཤཱཀྱ་དག་གི་ནང་དུ་གཞོན་ནུ་ [332A]༄༅། །སྐྱས་པ་དེའི་རྐང་པའི་རྡུལ་དང་ཡང་མི་མཚུངས་ན་བྱང་གཟུགས་སམ་སྟོབས་སམ་ཤེས་པས་མཉམ་པ་ལྟ་ཅི་སྨོས་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ གཞོན་ནུ་དེ་དག་ལྟ་འདོད་པར་གྱུར་ཏེ་བདག་ཅག་དོང་ལ་གཞོན་ནུ་དེ་བལྟ་བར་བྱའོ། །ཞེས་ཟེར་ཏོ། །དེ་ནས་ལྷར་བཅས་ཀྱིས་སྨྲས་པ་གཞོན་ནུ་དེས་ནི། ནགས་ཀྱི་ནང་དུ་གནས་ བཅས་ཏེ། ད་ཁྱོད་ཀྱིས་དེ་མཐོང་བར་མི་འགྱུར་རོ། །ཞེས་བྱས་སོ་།དེ་ནས་དེའི་བར་སྐབས་སུ་བཅོམ་ལྡན་འདས་གདུལ་བར་བྱ་བའི་དོན་མཛད་ཅིང་མཐར་གྱིས་ཡངས་པ་ཅན་དུ་ གཤེགས་སོ། །དེ་ནས་ལྷར་བཅས་ཀྱིས་དེ་ཐོས་ནས་གཞོན་ནུ་དེ་དག་ལ་སྤྲན་ཏེ། དེ་ཐོས་མ་ཐག་ཏུ་གཞོན་ནུ་ལྔ་བརྒྱ་པོ་དེ་དག་ལྟ་འདོད་ཆེས་ནས་ལྷར་བཅས་དང་ལྷན་ཅིག་ཏུ་ བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་གཞོན་ནུ་ལྔ་བརྒྱ་པོ་དེ་དག་གིས་བཅོམ་ལྡན་འདས་མཛེས་ཤིང་ཡིད་དུ་འཐད་ལ་དབང་པོ་ཞི་བ། ཐུགས་ཞི་བ། ཐུགས་མཆོག་ཏུ་དུལ་བ་ དང་རྣམ་པར་ཞི་བ་དང་ལྡན་པ། གསེར་གྱི་མཆོད་སྡོང་ལྟར་དཔལ་དང་གཟི་བརྗིད་འབར་བ་མཐོང་ངོ། །མཐོང་ནས་ཀྱང་དེ་དག་གི་གཟུགས་ཀྱི་རྒྱགས་པ་གང་ཡིན་པ་དེ་དག་མེད་ པར་གྱུར་ཏེ། དེ་རྣམས་ཀྱིས་བསམ་པ། འདི་བདག་ཅག་ལས་བྱད་གཟུགས་ཀྱིས་ནི། ཆེས་ལྷག་མོད་ཀྱི། སྟོབས་ཀྱིས་ནི། དེ་ལྟ་མ་ཡིན་ནོ་སྙམ་དུ་བསམ་ནས་བཅོམ་ལྡན་འདས་ [332B]མགོ་བོས་ཕྱག་བཙལ་ཏེ་སྤྱན་སྔར་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། འདི་རྣམས་ཀྱི་ང་རྒྱལ་ བཅག་དགོས་སོ་སྙམ་དུ་དགོངས་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་དགོངས་པ་བསྐྱེད་དེ། ཀྱེ་མ་ལྷའི་དབང་པོ་བརྒྱ་བྱིན་གྱིས་མདའ་གཞུ་བླངས་ཏེ་ང་ལ་བལྟར་ འོངས་ན་ལེགས་སོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་བསྐྱེད་པའི་མོད་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་མདའ་གཞུ་བླངས་ཏེ་བཅོམ་ལྡན་འདས་ག་ལ་བ་ དེར་སོང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཞོན་ནུ་དེ་དག་གི་ང་རྒྱལ་བཅག་པའི་ཕྱིར་རང་བཞིན་གྱི་སྐུ་མི་སྣང་བར་མཛད་དེ་ལྷའི་ལུས་ལྟ་བུར་སྤྲུལ་ནས་གཞོན་ནུ་དེ་དག་དང་ཐག་ མི་རིང་བ་ཞིག་ཏུ་ལྕགས་ཀྱི་ཏ་ལ་བདུན་དང། འཁོར་ལོ་བདུན་དང་རྔ་པོ་ཆེ་བདུན་དང། ཕག་བདུན་སྤྲུལ་ནས་བཅོམ་ལྡན་འདས་ཀྱིས་གཞོན་ནུ་དེ་དག་ལ་བཀའ་སྩལ་པ། བུ་དག་ ཁྱེད་ཀྱིས་མདའ་གཞུ་འདི་ལོངས་ལ་འབེན་འདི་ལ་མངའ་འཕོངས་ཤིག་ཅེས་གསུངས་ནས་དེ་ཐོས་མ་ཐག་ཏུ་གཞོན་ནུ་དེ་དག་གིས་གཞུ་བླངས་ཏེ་བརྡུང་ཞེས་བྱས་ན། བརྡུང་ཡང་ མ་ནུས་ནས་བཅོམ་ལྡན་འདས་ཀྱིས་བདེ་བླག་ཏུ་བརྡུངས་ཏེ་མདའ་ཡང་བླངས་ནས་མདའ་དེ་འབེན་དེ་དག་ལ་འཕངས་ཏེ། དེས་ལྕགས་ཀྱི་ཏ་ལ་བདུན་དང། འཁོར་ལོ་བདུན་དང་ [333A]༄༅། །རྔ་བོ་ཆེ་བདུན་དང། ཕག་བདུན་ལས་ཐལ་ནས་མདའ་དེ་སའི་འོག་ཏུ་སོང་ངོ། །དེ་ནས་དེ་མཐོང་མ་ཐག་ཏུ་གཞོན་ནུ་དེ་དག་གི་སྟོབས་ཀྱིས་རྒྱགས་པར་ གྱུར་པ་གང་ཡིན་པ་དེའང་མེད་པར་གྱུར་ཏེ། བཅོམ་ལྡན་འདས་ལ་ཡང་དགའ་བར་གྱུར་ཏེ་བཅོམ་ལྡན་འདས་ཀྱིས་དེ་དག་ཡིད་དགའ་བར་གྱུར་པར་ཐུགས་སུ་ཆུད་ནས་དེ་དང་ མཐུན་པའི་ཆོས་བསྟན་ཏེ། དེ་ནས་གཞོན་ནུ་ལྔ་བརྒྱ་པོ་དེ་དག་གིས་སྟན་དེ་ཁོ་ན་ལ་འཁོད་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དག་གིས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་ དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་དེ་དག་ལ་ བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་དག་ལ་ལུང་ཡང་ཕོག་གོ་དེ་དག་གིས་ཀྱང་བརྩོན་ [333B] སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དག་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་ བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བཱ་སེམས་དང་ལྡན་པ། ཙནྡན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་ སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་ བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། བཅོམ་ལྡན་ འདས་ཀྱིས་གཞོན་ནུ་ལྔ་བརྒྱ་པོ་རྣམས་ལྷར་བཅས་ལ་བརྟེན་ཏེ་ང་རྒྱལ་བཅག་ནས་གཡུང་དྲུང་གི་མཐར་ཕྱིན་པ་དང། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་པ་ གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་འདི་རྣམས་ལྷར་བཅས་ལ་བརྟེན་ཏེ་དྲེགས་པ་བཅོམ་ནས་བསམ་གཏན་ བཞི་དང། མངོན་པར་ཤེས་པ་ལྔ་ལ་བཀོད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཙམ་པ་ཞེས་བྱ་བ་ན་རྒྱལ་པོ་གང་ཆེན་མཚོའི་ལྷ་ཞེས་ [334A]༄༅། །བྱ་བ་རྒྱལ་པོ་བྱེད་དེ། ཕྱི་ཞིག་ན་དེའི་བཙུན་མོ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་ཟླ་བ་བཅུ་ལོན་པ་དང་བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ ཚན་པོ་ཆེའི་སྟོབས་དང་ལྡན་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་གང་ཆེན་མཚོའི་ ལྷའི་བུ་ཡིན་པས་ན། ཁྱེའུ་འདིའི་མིང་རྒྱ་མཚོའི་ལྷ་ཞེས་གདགས་སོ། །ཞེས་ཟེར་ཏོ། །དེ་ནས་ཁྱེའུ་རྒྱ་མཚོའི་ལྷའོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུ་རྣམས་ཀྱིས་ བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཁྱེའུ་དེ་ཡི་གེ་སློབ་ཏུ་བཅུག་སྟེ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱི་བཟོའི་གནས་དང། ལས་ཀྱི་གནས་ ཐ་དད་པ་འདི་ལྟ་སྟེ། གླང་པོ་ཆེ་ཞོན་པ་དང། རྟ་ཞོན་པ་དང། མཚོན་ཆ་འཆང་བ་དང། འཕོང་དང། མདུན་དུ་བསྣུར་བ་དང། ཕྱིར་བསྣུར་བ་དང། གཡུལ་ལས་འབྱུང་བར་བྱ་བ་དང་ ཞགས་པ་གཟུང་བ་དང། མདའ་བོ་ཆེ་འཕང་བ་དང། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང། མཚོན་རྩེ་གཅིག་པ་གདབ་པ་དང། འཁོར་ལོ་འཕང་བ་དང། གཅད་པ་དང། གཤེག་པ་དང་ ལག་པས་གཟང་བ་དང། རྐང་པའི་སྟབས་དང། མགོ་བོ་བསྐྱབ་པ་དང། རྐྱང་མང་འཕང་བ་དང། སྒྲ་གྲག་པར་འཕང་བ་དང་གནད་དུ་འཕང་བ་དང། གདོན་མི་ཟ་བར་ཕོག་པར་ [334B] ཚབས་ཆེར་གཏང་བ་རྣམས་ཀྱང་བསླབས་ནས་གནས་ལྔ་ལ་བྱང་བར་གྱུར་ཏོ། །དེ་ནས་དེས་བལྟས་ན། ཕ་ཆོས་བཞིན་དང་ཆོས་མ་ཡིན་པར་རྒྱལ་སྲིད་བྱེད་པ་མཐོང་ན་དེའི་བློ་ སྐྱེས་པ༑ ཕ་འདས་པའི་འོག་ཏུ་བདག་གིས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱ་དགོས་པར་འགྱུར་གྱི། བདག་གིས་ཁྱིམ་ན་གནས་པ་བཏང་ལ་ནགས་ཀྱི་ནང་དུ་གནས་བཅའ་བར་བྱའོ་སྙམ་ དུ་བསམ་ནས་ཡབ་ལ་གསོལ་ཏེ་ནགས་ཀྱི་ནང་དུ་གནས་བཅས་སོ། །དེས་དེར་སོང་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེ་རབ་ཏུ་བྱུང་བ་དང་རྒྱལ་པོའི་བློན་ པོ་ལྔ་བརྒྱས་བུ་བཙས་ནས་དེ་དག་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་དེ་དག་ཡི་གེ་སློབ་ཏུ་བཅུག་སྟེ་གནས་ལྔའི་བར་དུ་བྱང་བར་གྱུར་ཏོ། །དེ་དག་བློ་འདི་ལྟ་བུ་སྐྱེས་ཏེ། གཞན་སུའང་བྱད་ གཟུགས་དང་སྟོབས་དང་ཤེས་པས་བདག་ཅག་དང་མཉམ་པའང་མེད་ན་ལྷག་པ་ལྟ་ཅི་སྨོས་སྙམ་མོ། །དེ་ནས་འཕོང་གི་སློབ་དཔོན་གྱིས་དེ་དག་ལ་སྨྲས་པ། བུ་དག་དེ་སྐད་མ་ཟེར་ ཅིག་ཁྱོད་ནི། རྒྱལ་པོ་འདི་ཉིད་ཀྱི་བུ་རབ་ནགས་ཀྱི་ནང་དུ་གནས་བཅས་པ་དེའི་བྱད་གཟུགས་དང་སྟོབས་དང་ཤེས་པའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆར་ཡང་མི་ཕོད་དོ། །ཞེས་བྱས་ ནས་དེ་ཐོས་མ་ཐག་ཏུ་གཞོན་ནུ་དེ་དག་དྲང་སྲོང་དེ་ལྟ་འདོད་པར་གྱུར་ཏེ་འཕོང་གི་སློབ་དཔོན་དེ་ཉིད་དང་ལྷན་ཅིག་ཏུ་དྲང་སྲོང་དེ་ག་ལ་བ་དེར་དོང་ནས་གཞོན་ནུ་ལྔ་བརྒྱ་པོ་དེ་དག་གིས་ [335A]༄༅། །ཐག་རིང་པོ་ཞིག་ནས་དྲང་སྲོང་མཛེས་ཤིང་ཡིད་དུ་འཐད་ལ་དབང་པོ་ཞི་ཞིང་ཡིད་ཞི་བ་དེ་མཐོང་ངོ། །མཐོང་ནས་དེ་དག་གི་གཟུགས་ཀྱི་རྒྱགས་པ་གང་ ཡིན་པ་དེ་མེད་པར་གྱུར་ཏེ་དེ་དག་གིས་བསམ་པ། བདག་ཅག་གི་སློབ་དཔོན་གྱིས་འདིའི་བྱད་གཟུགས་མངོས་པ་དང། ཡོན་ཏན་རྣམས་བསྔགས་པ་ལས་འདིའི་བྱད་གཟུགས་ དེ་ཁོ་ན་བཞིན་དུ་གྱུར་པ་ལས་ན། འདིའི་ཡོན་ཏན་རྣམས་ཀྱང་དེ་ཁོ་ན་བཞིན་དུ་ཡོད་པར་ངེས་ཀྱི། བདག་ཅག་ཁྱིམ་ན་གནས་པ་བཏང་ལ་འདི་ཉིད་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་ པར་བྱའོ་སྙམ་བསམ་ནས་དེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། དེ་དག་དེར་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་ སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་གཞོན་ནུ་ལྔ་བརྒྱར་གྱུར་པ་གང་ཡིན་པ་དེ་དག་ནི། འདི་ དག་ཉིད་ཡིན་ནོ། །དེའི་ཚེ་འཕོང་གི་སློབ་དཔོན་དུ་གྱུར་པ་གང་ཡིན་པ་དེ་ནི། ལྷར་བཅས་འདི་ཁོ་ན་ཡིན་ཏེ། དེའི་ཚེའང་འདི་རྣམས་ལྷར་བཅས་འདི་ཁོ་ན་ལ་བརྟེན་ཏེ་ངས་དྲེགས་པ་ བཅོམ་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་བཀོད་དོ་།ད་ལྟར་ཡང་འདི་རྣམས་ལྷར་བཅས་ཁོ་ན་ལ་བརྟེན་ཏེ་ངས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་ [335B] །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་དག་ཐམས་ཅད་རབ་ཏུ་བྱུང་སྟེ། དེར་འདི་རྣམས་ཀྱིས་ཚེ་ གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་ བཅོམ་ལྡན་འདས་དེ་བདག་ཅག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་ སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཤོག་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ ལ་རབ་ཏུ་བྱུང་བ་དགེ་སློང་ལྔ་བརྒྱ་པོ་གང་ཡིན་པ་དེ་དག་ནི་ད་ལྟར་རབ་ཏུ་བྱུང་བ་འདི་དག་ཉིད་ཡིན་ཏེ། དེ་དག་གིས་དེར་རབ་ཏུ་བྱུང་ནས་ཚེ་གཅིག་གི་བར་དུ་ཚངས་པར་སྤྱོད་པ་སྤྱད་ ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་ གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་ [336A]༄༅། །དུ་བྱེད་པར་ཤོག་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་།ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་ པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱ་ལ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།གླང་ཞེས་བྱ་བ་ནི། གླེང་གཞི་མ་ཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་ དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་ཐག་མི་རིང་པ་ཞིག་ན་བ་ལང་གི་ཁྱུ་དག་ཅིག་འཁོད་དེ། དེར་གླང་ཁྱུ་མཆོག་གཉིས་འཐབས་ནས་གཅིག་གིས་གཅིག་བརྡུངས་ནས་ གཅིག་གི་ལྟོ་དྲལ་ཏེ། དེའི་རྒྱུ་མ་ས་ལ་ལྟུང་ནས་ཟླ་དེ་ལ་སྡང་བའི་སེམས་སྐྱེས་ཏེ་ས་ལ་བསྐྱེལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་ གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་ [336B] སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་ དུས་གསུམ་སྟེ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི། ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་གྱུར། སུ་ནི་ གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ་སུ་ནི། ངན་སོང་དུ་འབབ། སུ་ནི། ངས་ངན་སོང་ནས་ཕྱུང་ སྟེ་མཐོ་རེས་དང་ཐར་པ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ་སུ་ནི། འཕགས་པའི་ནོར་བདུན་མེད་པ་ལས་འཕགས་ པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་ སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་ བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ [337A]༄༅། །ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་གལ་ཏེ་གླང་དེ་ད་ལྟའི་སྐབས་སུ་ཤི་བར་གྱུར་ན་ནི། སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ ཏེ༑ འདི་ངན་སོང་ལས་དབྱུང་བའི་དུས་ལ་བབ་བོ་སྙམ་དུ་དགོས་ནས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ་གླང་གི་དྲུང་དུ་གཤེགས་ནས་བཅོམ་ ལྡན་འདས་ཀྱིས་གླང་དེའི་རྒྱུ་མ་རྣམས་ཕྱིར་ལྟོའི་ནང་དུ་བཅུག་སྟེ། རྨ་ཁ་དྲུབས་ནས་རྩྭ་དང་ཆུའང་བྱིན་ཏེ་བཀའ་སྩལ་པ་བཞིན་བཟང། འདི་ལྟར་འདུ་བྱེད་ཐམས་ཅད་ནི། མི་ རྟག་གོ་ཆོས་ཐམས་ཅད་ནི། བདག་མེད་དོ། །མྱ་ངན་ལས་འདས་པ་ནི། ཞི་བའོ། །ང་ལ་སེམས་དགའ་བར་གྱིས་ཤིག་དང། དུད་འགྲོའི་སྐྱེ་གནས་དང་བྲལ་བར་འགྱུར་ཡང་སྲིད་ དོ༑ ༑ཞེས་བཀའ་སྩལ་ཏོ། །དེ་ནས་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་ཏེ་ཤི་འཕོས་ནས་དུས་འདས་ཏེ་མཉན་དུ་ཡོད་པ་དེ་ཉིད་དུ་ཚོང་དཔོན་ཞིག་གི་ཁྱིམ་དུ་ཉིང་ མཚམས་སྦྱར་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་དེའི་བཙས་སྟེན་རྒྱས་པར་བྱས་ཏེ་རིགས་དང་མཐུན་ པར་མིང་བཏགས་ནས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུ་རྣམས་ཀྱིས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ལོ་བདུན་ལོན་པར་གྱུར་པ་དེའི་ཚེ་དེས་བཅོམ་ལྡན་ [337B]གསོལ་ཏེ་རབ་ཏུ་བྱུང་ནས་དེས་ལོ་བདུན་ལོན་པ་ཁོ་ན་ཉིད་ན་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ ཅད་སྤངས་ནས་དེས་དགྲ་བཅོམ་ཉིད་མངོན་སུམ་དུ་བྱས་ཏེ་དེས་དགྲ་བཅོམ་པ་ཐོབ་ནས་རྫུ་འཕྲུལ་གྱིས་འགྲོ་ཞིང། གནས་གཞན་དང་གཞན་དག་ནས་ལོ་མའི་ནང་དུ་མེ་ཏོག་དང་འབྲས་བུ་ རྣམས་བཅུག་སྟེ་ཁྱེར་ཏེ་འོང་ཞིང་དགེ་འདུན་ལ་འབུལ་བར་བྱེད་དོ་།དེ་ནས་དགེ་སློང་རྣམས་ཀྱིས་དེ་མཐོང་ནས་ཡ་མཚན་དུ་གྱུར་ཏོ་།ཡ་མཚན་དུ་གྱུར་ནས་བཅོམ་ལྡན་འདས་ལ་ གསོལ་པ། བཙུན་པ། དགེ་ཚུལ་ཕ་འདིས་ལོ་བདུན་ལོན་པ་ལགས་ན། ཡོན་ཏན་འདི་ལྟ་བུ་རྟོགས་པ་ལ་གཟིགས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ ཁྱེད་ཀྱིས་གླང་གི་རྒྱུ་མ་ངས་ལྟོར་བཅུག་ནས་ཆོས་ཚིག་གསུམ་བསྟན་པ་དེ་མཐོང་ངམ། གསོལ་པ། བཙུན་པ། མཐོང་ལགས་སོ། །བཀའ་སྩལ་པ། དེ་ང་ལ་སེམས་དགའ་བར་བྱས་ནས་ ཤི་འཕོས་ཏེ་དུས་ལས་འདས་ནས་མཉན་དུ་ཡོད་པ་འདི་ཉིད་དུ་ཚོང་དཔོན་གྱི་ཁྱིམ་དུ་སྐྱེས་ནས་དེ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ལོ་བདུན་ལོན་པ་ཁོ་ན་ན་ཉོན་མོངས་པ་ཐམས་ཅད་ སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །གསོལ་པ་བཙུན་པ། དགེ་ཚུལ་ཕ་འདིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་གླང་དུ་སྐྱེས་ལགས། ལས་ [338A]༄༅། །ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་དེ་ནས་ཤི་འཕོས་ནས་མིར་སྐྱེས་ལ་འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ ནས་སྐྱེ་རྒུའི་ཚེ་ལོ་བརྒྱ་ཐུབ་པ་རྣམས་ཕམ་པར་བགྱིས་ཏེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་དེ་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་ པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་རབ་ཏུ་བྱུང་སྟེ་དགེ་སློང་ཆུའི་ཞལ་ཏ་བྱེད་པར་ གྱུར་ཏེ༑ དེ་དགེ་འདུན་ལ་རིལ་བ་སྤྱི་བླུགས་ཀྱིས་ཆུ་འབྲིམ་པ་ལས་དགེ་སློང་དགྲ་བཅོམ་པ་གཞན་ཞིག་ཡེངས་པར་གྱུར་ཏེ། དེ་དེ་དང་ཐུག་ནས་ཆུའི་ཞལ་ཏ་བྱེད་པ་དེའི་ རིལ་པ་ལག་ནས་ཤོར་ཏ་ཆག་ནས་དེ་ཁྲོས་པས་དགྲ་བཅོམ་པ་དེ་ལ་སྨྲས་པ། འདི་ནི། གླང་དིར་པོ་བཞིན་དུ་ཆེ་ཞིང་ཚོར་འཕྲིགས་མེད་པ་ཞིག་གོ་ཞེས་བྱས་ནས་དེའི་ཚིག་ [338B]སྨྲས་པ། བཙུན་པ། ཁྱོད་བདག་སུ་ཡིན་པ་དང། ང་སུ་ཡིན་པ་ཤེས་སམ། དེས་སྨྲས་པ། ངས་ཤེས་ཏེ། ཁྱོད་ཀྱང་ རབ་ཏུ་བྱུང་བ་ཡིན་ལ། ངའང་རབ་ཏུ་བྱུང་བ་ཡིན་ནོ། །དེས་སྨྲས་པ། འོ་བུ་ཅག་རབ་ཏུ་བྱུང་བར་འདྲ་མོད་ཀྱི། ཁྱོད་ནི་བཅིང་པ་ཐམས་ཅད་ཀྱིས་བཅིངས་པའི་སོ་སོའི་སྐྱེ་བོ་ཡིན་ལ་ ང་ནི༑ འཆིང་བ་ཐམས་ཅད་ལས་གྲོལ་བ་ཡིན་ན། ཁྱོད་ཀྱིས་ཚིག་རྩུབ་པོ་སྨྲས་ཀྱི། ཉེས་པ་ལ་ཉེས་སོ། །ཞེས་བཤགས་པར་གྱིས་ཤིག་ཁྱོད་འཁོར་བ་ན་འཁོར་ཞིང་མི་སྡུག་པའི་ ལས་ཀྱི་འབྲས་བུ་རྙེད་ཏ་རེ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དགེ་སློང་དེ་འགྱོད་པ་ཆེན་པོ་སྐྱེས་ཏེ། དེས་དགེ་སློང་དེའི་རྐང་པ་ལ་ཕྱག་བཙལ་ནས་བཟོད་པ་གསོལ་ཏེ། ཚེ་གཅིག་ ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། བདག་གིས་འདི་འདྲ་བའི་ཡོན་གནས་ཀྱི་མཆོག་ལ་ཚིག་རྩུབ་པོ་སྨྲས་པའི་ལས་འདི་ཅི་ནས་ཀྱང་བདག་ལ་སྨིན་པར་མ་གྱུར་ ཅིག་འདི་ལྟར་བདག་གིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅིའང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་ [339A]༄༅། །བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ ཚེ་ཆུའི་ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི། དགེ་ཚུལ་ཕ་འདི་ཉིད་ཡིན་ཏེ། དེས་དེར་ཁྲོས་ནས་དགྲ་བཅོམ་པ་དེ་ལ་ཚིག་རྩུབ་པོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས་ ཚེ་རབས་ལྔ་བརྒྱར་གླང་དུ་སྐྱེས་སོ། །དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་ བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང་ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་ བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།སྙིང་རྗེ་ [339B] གླེང་གཞི་ཡངས་པ་ཅན་ན་བཞུགས་ཏེ། དེའི་ཚེ་ཡངས་པ་ཅན་ན་སྡེ་དཔོན་སེངྒེ་ཞེས་བྱ་བ་ཞིག་འདུག་སྟེ། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་ དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཚན་པོ་ཆེའི་སྟོབས་དང་ལྡན་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་མིང་སྙིང་རྗེ་ བཟང་པོ་ཞེས་བཏགས་སོ། །དེ་ནས་ཁྱེའུ་སྙིང་རྗེ་བཟང་པོ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུ་རྣམས་ཀྱིས་བསྐྱེད་བསྲིངས་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ ཁྱེའུ་དེ་ཡི་གེ་སློབ་ཏུ་བཅུག་སྟེ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱི་བཟོའི་གནས་དང། ལས་ཀྱི་གནས་ཐ་དད་པ་འདི་ལྟ་སྟེ། གླང་པོ་ཆེ་ཞོན་པ་དང། རྟ་ཞོན་ པ་དང། མཚོན་ཆ་བཅང་བ་དང། འཕོ་བ་དང། མདུན་དུ་བསྣུར་བ་དང། ཕྱིར་བསྣུར་བ་དང། གཡུལ་ལས་འབྱུང་བར་བྱ་བ་དང་ལྕགས་ཀྱུ་བཟུང་བ་དང། ཞགས་པ་གཟུང་བ་ དང། མདའ་བོ་ཆེ་འཕང་བ་དང། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང། མཚོན་རྩེ་གཅིག་པ་གདབ་པ་དང། འཁོར་ལོ་འཕང་བ་དང་གཅད་པ་དང། གཤེག་པ་དང། ལག་པས་ གཟུང་བ་དང། རྐང་པའི་སྟབས་དང། མགོ་བོ་བསྐྱབ་པ་དང་རྒྱང་མར་འཕང་བ་དང། སྒྲ་གྲག་པར་འཕང་བ་དང། གནད་དུ་འཕང་བ་དང། གདོན་མི་ཟ་བར་ཕོག་པར་བྱ་བ་ [340A]༄༅། །དང། ཚབས་ཆེར་གཏང་བ་རྣམས་ཀྱང་བསླབས་ནས་གནས་ལྔ་ལ་བྱང་བར་གྱུར་ཏོ། །དེ་ནས་དམ་གྲངས་ཏེ་འཕྱོན་མ་རྣམས་ལ་ཡང་ཞུགས་སོ། །ཕྱིས་རེ་ཞིག་ན་ དེ་ཕས་མཛའ་སྡེའི་ཁྲོད་དུ་བཏང་ནས་མཛའ་སྡེ་དེ་དག་དཔྱིད་ཀྱི་དུས་སུ་ཤིང་གྲིབ་མེ་ཏོག་རྒྱས་པ། ནེ་ཙོ་དང་རི་སྐེགས་དང་རྨ་བྱ་དང་ཁུ་བྱུག་དང་ཤང་ཤང་ཏེའུ་རྣམས་སྐད་ འབྱིན་པའི་སྐྱེད་མོས་ཚལ་གྱི་ནགས་ཁྲོད་དུ་སྨད་ཚོང་མའི་གཙོ་མོ་ཁྲིད་དེ་སོང་ནས་དེ་དག་དེ་ན་འཁོད་པ་ལས་སྨད་ཚོང་མའི་ཕྱིར་འཐབ་མོ་བྱུང་སྟེ་ཁྱེའུ་སྙིང་རྗེ་བཟང་པོ་ཁྲོས་ པས་མཛའ་སྡེ་གསུམ་བསད་ནས་མཛའ་སྡེ་རྣམས་དོང་སྟེ་སྡེ་དཔོན་སེངྒེ་ལ་སྨྲས་སོ། །དེ་ནས་སྡེ་དཔོན་སེངྒེས་དེ་ཐོས་ནས་བུ་དེ་བུ་མ་ཡིན་པར་བསྒྲགས་ཏེ་ཁྱིམ་ནས་ཀྱང་ བསྐྲད་དོ། །དེ་ནས་ཡངས་པ་ཅན་གྱི་ལི་ཙ་བའི་རྣམས་ཀྱིས་དེ་གསོད་དུ་བཏང་སྟེ་ཀ་ར་བི་རའི་མེ་ཏོག་གི་ཕྲེང་བས་མགུལ་བ་དཀྲིས་ནས་གཤེད་མ་ལ་གཏད་དེ་གཤེད་མའི་མི་ གོས་སྔོན་པོ་བགོས་ལ་རལ་གྲི་ཕྱུང་སྟེ་རྔ་སྒྲ་དྲག་པོ་སྒྲོག་པ་དག་གིས་ཁྲིད་ནས་ལམ་པོ་ཆེའི་མདོ་རྣམས་སུ་བསྒྲགས་ཏེ་གསད་པའི་སར་ཕྱིན་ཏུ་ཉེ་བ་དང། དེ་སྲོག་གི་ཕྱིར་ འཇིགས་ཤིང་སྐྲག་ནས་ཕན་ཚུན་དུ་ལྟ་སྟེ། བདག་ཕོངས་ཤིང་དཀོས་ཐག་པ་དང་སྡུག་པའི་སྐྱབས་བྱེད་པ་དང། སྲོག་ཕངས་པ་སྦྱིན་པ་སུ་ཞིག་ཡོད་ཅིག་གུ་སྙམ་མོ། ། [340B]རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་འདྲེས་[?]པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་ མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ། སྐྱེ་མཆེད་དྲུག་ལ་མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ་ རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་ སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ་མཚན་དུས་གསུམ་སྟེ་ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་གཟིགས་ཏེ། སུ་ནི། རྒུད་ སུ་ནི༑ དར། སུ་ནི། ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་གྱུར་སུ་ནི། གནོད་པ་དང་ལྡན། སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན། སུ་ནི། ངན་སོང་དུ་གཞོལ་ སུ་ནི༑ ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་མཐོ་རིས་དང་ཐར་བ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ ལས་ལག་ནས་དྲང་བར་བྱ། སུ་ནི། འཕགས་པའི་ནོར་བདུན་མེད་པ་ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་མ་ [341A]༄༅། །བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་ པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་རྒྱ་ མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད་།གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་ དགོངས་པ། ཁྱེའུ་སྙིང་རྗེ་བཟང་པོ་གདུལ་བའི་དུས་ལ་བབ་པོ་སྙམ་དུ་དགོངས་ནས་སྤྲེའུ་རྫིང་གི་འགྲམ་ནས་མི་སྣང་བར་གྱུར་ཏེ་ཁྱེའུ་སྙིང་རྗེ་བཟང་པོའི་མདུན་དུ་བཞུགས་སོ། །དེ་ ནས་ཁྱེའུ་སྙིང་རྗེ་བཟང་པོས་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་ཞབས་ལ་ཕྱག་བཙལ་ཏེ་གསོལ་པ། བཅོམ་ལྡན་འདས། བདག་ལ་དཀའ་བ་མཛད་ཅིང་ སྲོག་ཕངས་པའི་སྤྱིན་པ་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ། ཁྱོད་ད་ནི། སྲོག་ཆུད་ཟ་བར་འགྱུར་བའི་འཇིགས་པ་མེད་ཀྱི། མ་སྐྲག་ཅིག་ཅེས་ བཀའ་སྩལ་ནས་བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་མི་རྣམས་ལ་བཀའ་སྩལ་བ། བཞིན་བཟང་དག་ཁྱེའུ་འདི་བསད་དེ་ཅི་རུང་གི་།ཐོང་ཞིག་ཡངས་པ་ཅན་གྱི་མེ་རྣམས་ཀྱིས་ [341B] བཙུན་པ། གལ་ཏེ་རབ་ཏུ་བྱུང་ན་ནི། གཏང་བར་འཚལ་ལོ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཁྱེའུ་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ ལྡན་འདས་ལ་གསོལ་པ། བཙུན་པ། ཁྱེའུ་སྙིང་རྗེ་བཟང་པོ་མ་གྲངས་པའི་སླད་དུ་ཡངས་པ་ཅན་གྱི་མི་རྣམས་ཀྱིས་གསོད་དུ་བཏང་བ་ལས་བཅོམ་ལྡན་འདས་ཀྱིས་ཐར་བར་མཛད་དེ་གཡུང་ དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ ནའང་འདི་མ་གྲངས་ཤིང་གཡེམ་པར་གྱུར་ནས་སྐྱེ་བོ་ཕལ་པོ་ཆེས་གསོད་དུ་བཏང་བ་ལས་ངས་སྐྱབས་བྱས་ཏེ་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་ཇི་ལྟར་བཞག་པ་ ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་ཁྲོད་ཀྱི་གྲོང་ཞིག་ན་ཡུལ་མི་ཁ་མི་མཁས་ཤིང་གཡེམ་བ་ཞིག་འདུག་ནས་སྐྱེ་བོ་མང་པོ་གླགས་ཚོལ་ཞིང་འདུག་པ་ལས་ དེ་དག་གིས་གླགས་རྙེད་ནས་གཞན་གྱི་ཆུང་མ་ལ་བྱི་བོ་བྱེད་པ་ལས་བཟུང་སྟེ་རྒྱལ་པོ་ལ་ཕུལ་ནས་རྒྱལ་པོས་དེ་གསོད་དུ་བཏང་སྟེ། དེ་གཤེད་མ་རྣམས་ཀྱིས་ཁྲིད་དེ་གསད་པའི་སར་ [342A]༄༅། །ཕྱིན་དུ་ཉེ་བ་དང། རི་ཁྲོད་ཀྱི་གྲོང་དེ་ནས་ཐག་མི་རིང་བ་དཀའ་ཐུབ་ཀྱི་གནས་ཤིག་ན་དྲང་སྲོང་ཞིག་གནས་ཏེ་དྲང་སྲོང་དེ་སྤྱོད་ཡུལ་ལ་ཆས་ནས་མི་དེ་དེས་ མཐོང་ནས་མཐོང་མ་ཐག་ཏུ་རྐང་པ་ལ་ཕྱག་བཙལ་ཏེ་སྨྲས་པ་དྲང་སྲོང། བདག་ལ་དཀའ་བ་མཛད་པ་དང། སྲོག་གི་སྦྱིན་པ་མཛད་དུ་གསོལ། དེ་ནས་དྲང་སྲོང་དེས་རྒྱལ་པོ་ལ་ གཏོང་དུ་བཅུག་ནས་དཀའ་ཐུབ་ཀྱི་གནས་སུ་ཁྲིད་ནས་རབ་ཏུ་ཕྱུང་ནས་དེར་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ་།དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཡིན་ནོ། །དེའི་ཚེ་མི་དེ་ནི། ཁྱེའུ་སྙིང་རྗེ་བཟང་པོ་འདི་ཁོ་ན་ཡིན་ཏེ། དེའི་ཚེའང་འདི་སྐྱེ་བོ་ཕལ་པོ་ ཆེས་གསོད་དུ་བཏང་བ་ལས་ངས་སྐྱབས་བྱས་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་བཞག་གོ་ད་ལྟར་ཡང་འདི་མ་གྲངས་པའི་ཕྱིར་ཡངས་པ་ཅན་གྱི་མི་རྣམས་ ཀྱིས་གསོད་དུ་བཏང་བ་ལས་ངས་དེ་ལས་ཐར་པར་བྱས་ནས་གཡུང་དྲུང་གི་མཐར་ཕྱིན་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་གོ་གཞན་ཡང་ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རབ་ཏུ་བྱུང་ནས་དེར་འདིས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་ [342B]བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་ གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་ སེམས༑ དེའི་ཚེ་དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི། སྙིང་རྗེ་བཟང་པོ་འདི་ཁོ་ན་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་ པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་ པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་པ་དེས་ན་ དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་ནས་ འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ [343A]༄༅། །སོ༑༑ །།གེལ་པོ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཞིག་གནས་པ་དེ་བུ་མེད་དེ། བུ་ འདོད་པའི་ཕྱིར་ལྷའི་གནས་སོ་ཅོག་ཏུ་གསོལ་བ་འདེད་ས་སོ། །དེ་ནས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་ བལྟ་ན་སྡུག་ལ་མཛེས་པ། ཚོ་ཞིང་པགས་པ་དང་ཤ་དང་ཁྲག་རྒྱས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་ པར་བྱེད་དེ། ཁྱེའུ་འདི་ཚོ་ཞིང་པགས་པ་དང་ཤ་དང་ཁྲག་རྒྱས་པས་ན། དེའི་ཕྱིར་ཁྱེའུ་འདི་གེལ་པོ་ཞེས་གདགས་སོ། །ཞེས་ཟེར་རོ། །དེ་ནས་ཁྱེའུ་གེལ་པོ་འོ་མ་དང་ཞོ་དང་ མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་ནས་དེ་གང་གི་ཆེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་བྲམ་ཟེའི་སྤྱོད་ལམ་དང་སྤྱོད་པ་དང་ཨོཾ་ཞེས་བྱ་བ་དང་བཧོ་ཞེས་བྱ་བ་ དང་གཙང་སྦྲ་དང་ཆོ་ག་དང་ཐལ་བ་བླང་བ་དང་རིལ་བ་ཐོགས་པ་དང་ངེས་བརྗོད་ཀྱི་རིག་བྱེད་དང་མཆོད་སྦྱིན་གྱི་རིག་བྱེད་དང་སྙན་ཚིག་གི་རིག་བྱེད་དང་སྲིད་སྲུང་གི་རིག་བྱེད་ དང་མཆོད་སྤྱིན་བྱ་བ་དང་མཆོད་སྦྱིན་བྱེད་དུ་གཞུག་པ་དང་སྦྱིན་པ་དང་བླང་བ་དང་ཁ་ཏོན་བྱ་བ་དང་ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས་ལས་རྣམ་པ་དྲུག་ལ་ [343B] དེ་མཐར་གྱིས་རིག་པའི་གནས་བཅོ་བརྒྱད་ལ་བྱང་བར་གྱུར་ཏེ། །བྲམ་ཟེ་དེའི་ཁྱིམ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་ནས་ཐག་མི་རིང་བ་ ཞིག་ན་འདུག་སྟེ། བྲམ་ཟེའི་ཁྱེའུ་དེའང་མགོན་མེད་ཟས་སྦྱིན་དང་འགྲོགས་པས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དགའ་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེའི་ཕ་མ་གཉིས་ཤིའོ།། དེ་གཉིས་ཤི་ནས་དེ་དོན་ཞིག་ལ་གྲོང་ཁྱེར་ཤུར་བ་ར་ཀར་ཆས་ཏེ། དེ་མཐར་གྱིས་རྒྱུ་ཞིང་སོང་སོང་བ་ལས་མཉན་དུ་ཡོད་པ་དང་ཤུར་པ་ར་ཀའི་གྲོང་ཁྱེར་གྱི་རིའི་སུལ་ཞིག་ན་ནགས་ ཁུང་ཞིག་ཡོད་དེ། ནགས་ཁུང་དེ་ན་དྲང་སྲོང་ཞིག་གནས་པ་དེ་བྲམ་ཟེའི་ཁྱེའུ་དེས་ཤེས་ནས་དེ་དེའི་ཐད་དུ་སོང་སྟེ་རྐང་བ་ལ་ཕྱག་བཙལ་ནས་ཆོས་མཉན་པའི་ཕྱིར་མདུན་དུ་ འདུག་གོ་དེ་ནས་དྲང་སྲོང་དེས་ཀྱང་དེ་ལ་ངེས་པར་འབྱུང་བའི་བསྔགས་བ་བརྗོད་ནས་དེ་ཐོས་མ་ཐག་ཏུ་དེ་ངེས་པར་འབྱུང་བ་དང་མཐུན་པའི་སེམས་སྐྱེས་ཏེ། དེ་དང་སྲོང་དེ་ཉིད་ལས་ རབ་ཏུ་བྱུང་ནས་ནགས་ཁྲོད་དྲེ་ན་གནས་ཀྱང་དེས་ཁྱད་པར་ཅིའང་མ་ཐོབ་བོ། །དེ་ནས་ཕྱི་ཞིག་ན་དྲང་སྲོང་དེ་ཤི་ནས་གེལ་བོ་དེའང་དཀའ་ཐུབ་ཀྱི་གནས་དེ་ཉིད་ན་གནས་སོ། །དེ་ནས་ གང་གི་ཚེ་བཅོམ་ལྡན་འདས་ཤུར་པ་ར་ཀ་ར་གཤེགས་པ་ན་ཁྱེའུ་གེལ་པོས་བཅོམ་ལྡན་འདས་རྒྱང་ནས་གཤེགས་པ་མཐོང་ངོ། །མཐོང་མ་ཐག་ཏུ་བསམ་པ། འདི་ནི། ཤཱཀྱའི་ [344A]༄༅། །རིགས་དགའ་བར་མཛད་པ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་དེ་ཡིན་ཏེ། ལམ་འདི་ནས་ཚུར་གཤེགས་ཀྱི། བདག་གིས་བསྙེན་བཀུར་ མི་བྱར་མི་རུང་ངོ་སྙམ་ནས་ཡང་དེས་བསམ་པ། གལ་ཏེ་བདག་བྲག་འདི་ལས་རྐང་གིས་བབས་ན་ནི། བཅོམ་ལྡན་འདས་ཐལ་བར་འགྱུར་གྱི་བྲག་ཀ་འདི་ནས་བདག་ གིས་མཆོངས་པ་དང་བདག་གིས་བསྙེན་བཀུར་བྱེད་ཁོམ་མོ་སྙམ་དུ་བསམ་ནས་གྲགས། དེ་ཉིད་ནས་མཆོངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེར་ས་གཞི་བརྟན་ཅིང་ བལ་གྱི་ནང་ཚངས་ཅན་འདྲ་བར་བྱིན་གྱིས་བརླབས་ནས་དེ་ལྷུང་མ་ཐག་ཏུ་རྐང་པ་འགྲེང་བར་གྱུར་ཏེ། དེ་དགའ་བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱི་བཞིན་དུ་འབྲང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཐུགས་བརྩེ་བའི་ཕྱིར་ལག་ནས་བཟུང་ སྟེ་ཕྱོགས་གཅིག་ཏུ་བཞུགས་ནས་དེས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་དེ་ནས་ བཅོམ་ལྡན་འདས་ཀྱིས་དེ་ལ་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་བྲམ་ཟེའི་ཁྱེའུ་གེ་ལ་པོས་སྟན་དེ་ཉིད་ལ་འདུག་བཞིན་དུ་བདེན་པ་རྟོགས་པའི་མོད་ལ་ཕྱིར་མི་འོང་བའི་ [344B]ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་པ་བཏུད་དེ་ བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་ འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་དེ་རབ་ ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ་དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་ སེམས་དང་ལྡན་པ། ཙནྡ་ན་སྤངས་པ་ལྟ་བུར་བསིལ་བར་གྱུར་བ་རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོག་པ་ སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ [345A]༄༅། །ནས་བཅོམ་ལྡན་འདས་ཀྱིས་དེ་དད་པ་དང་མོས་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ པ༑ བཙུན་པ། ཚེ་དང་ལྡན་པ་གེལ་པོས་བཅོམ་ལྡན་འདས་མཐོང་ནས་བྲག་ཀ་ནས་རང་གིས་མཆོངས་པ་དང། གཞན་ཡང་འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་ མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ་འདས་པའི་དུས་ནའང་འདིས་ཇི་ལྟར་ང་མཐོང་ནས་བྲག་ཀ་ནས་རང་གིས་མཆོངས་ཏེ་ངའི་ཐད་དུ་རབ་ཏུ་ བྱུང་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་དྲང་སྲོང་ཞིག་འཁོར་ལྔ་བརྒྱ་དང་ལམ་དུ་ཞུགས་ཏེ་ དེ་བྲག་དྲུང་ལོགས་ནས་འགྲོ་བ་ལས་ཕྱོགས་གཅིག་ཏུ་འདུག་གོ་བྲག་དེའི་ཁ་ན་ནི། དཀའ་ཐུབ་ཅན་ཞིག་འདུག་པ་ལས། དེས་དྲང་སྲོང་བྲག་དྲུང་དེ་ན་འདུག་པ་མཐོང་ནས་མཐོང་ མ་ཐག་ཏུ་དེ་ལ་ཤིན་ཏུ་དགའ་བ་སྐྱེས་ཏེ་དེས་བསམ་པ། བདག་དྲང་སྲོང་དེ་ལ་བསྙེན་བཀུར་བྱེད་དུ་འགྲོའོ་སྙམ་ནས་དེས་ཡང་བསམ་པ། གལ་ཏེ་བདག་རྐང་གིས་བབས་ན་ནི་ [345B]དེའི་ཁ་ནས་མཆོངས་པ་ལས། དྲང་སྲོང་དེས་ལྷ་ལ་བསྒོ་ནས་ལག་ནས་བཟུང་སྟེ་ས་ལ་བཞག་གོ་དེ་ནས་དེའི་ཐད་དུ་སོང་སྟེ་རྐང་པ་ལ་ ཕྱག་བཙལ་ནས་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ་དེ་ནས་དྲང་སྲོང་དེས་དེ་ལ་ངེས་པར་འབྱུང་བ་དང་མཐུན་པའི་གཏམ་བྱས་ནས་དེ་དེའི་ཐད་དུ་རབ་ཏུ་བྱུང་ངོ། །དེ་རབ་ཏུ་བྱུང་ནས་ བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ༑ །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ ང་ཡིན་ནོ། །དེའི་ཚེ་དཀའ་ཐུབ་ཅན་དུ་གྱུར་པ་གང་ཡིན་པ་དེ་ནི་གེལ་པོ་འདི་ཁོ་ན་ཡིན་ཏེ། དེའི་ཚེའང་འདིས་ང་མཐོང་ནས་བྲག་ཀ་ནས་རང་གིས་མཆོངས་ཏེ་ངའི་ཐད་དུ་རབ་ཏུ་བྱུང་ནས་ བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །ད་ལྟར་ཡང་ང་མཐོང་ནས་བྲག་ཀ་ནས་རང་གིས་མཆོངས་ཏེ་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་ སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཡང་ཞུས་པ། བཙུན་པ། གེལ་པོ་འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་ པར་སྨིན་པས་འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་ [346A]༄༅། །དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ན། བཅོམ་ལྡན་འདས་ཀྱིས་དད་པ་དང་མོས་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ་བཙུན་པ། འདིས་གང་དུ་སྨོན་ལམ་བཏབ་ལགས། བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་ པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་ མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་ཞབས་ འབྲིང་འཁོར་ཉི་ཁྲི་དང་ལྗོངས་རྒྱུ་ཞིང་གཤེགས་པ་ལས་ནགས་ཁྲོད་ཅིག་ཏུ་བྱོན་ཏེ། ནགས་ཁྲོད་དེ་ན་དྲང་སྲོང་ལྔ་བརྒྱ་འཁོད་དེ་དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་ཐག་རིང་པོ་ཞིག་ནས་མཐོང་ངོ། །མཐོང་ནས་ཀྱང་དེ་དག་ཤིན་ཏུ་དགའ་བར་གྱུར་ཏོ། །དེ་དག་དགའ་བར་གྱུར་ནས་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་འཁོར་དང་བཅས་པ་དཀའ་ཐུབ་ཀྱི་གནས་སུ་རྩ་བ་དང་འབྲས་བུ་ལ་སྦྱན་དྲངས་ཏེ་ཕུལ་ལོ། །དེ་ལྟར་ཕུལ་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ།། [346B]དེ་དག་གིས་བསམ་པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་ མཐུན་པའི་ཆོས་བསྟན་ཏེ། དེ་ནས་དྲང་སྲོང་ལྔ་བརྒྱར་གཅིག་གིས་མ་ཚང་བ་རྣམས་ཀྱིས་བདེན་པ་རྟོགས་པའི་མོད་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་དག་ གིས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་ བཏུད་དེ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ ཏུ་རུང་ན། བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དྲང་སྲོང་ལྔ་བརྒྱ་པོ་ དེ་དག་དགེ་སློང་རྣམས་ལ་གཏད་ནས་དགེ་སློང་རྣམས་ཀྱིས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་བྱས་ནས་དེ་དག་ལ་ལུང་ཡང་ཕོག་གོ་དེ་དག་ཀྱང་ བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དྲང་སྲོང་གཅིག་གིས་ནི། དེར་ཐ་ན་དྲོ་བ་ཙམ་གྱི་ཡོན་ [347A]༄༅། །ཏན་ཡང་ཅུང་ཟད་ཀྱང་མ་ཐོབ་བོ། །དེ་གང་ལས་རབ་ཏུ་བྱུང་བའི་མཁན་པོ་དེ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དད་པ་དང་མོས་པ་ དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེ་ནས་དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅིའང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་ བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཇི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ སྲུང་གིས་བདག་གི་མཁན་པོ་དད་པ་དང་མོས་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོའི་མཆོག་གིས་དད་པ་དང་ མོས་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་ཡང་དག་པར་རྫོགས་པའི་སངས་ [347B]དེ་ནི། གེལ་པོ་འདི་ཁོ་ན་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་ པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་སངས་རྒྱས་བཅོམ་ལྡན་འདས་དེས་ ཀྱང་བདག་དད་པ་དང་མོས་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་ པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་ངས་འདི་དད་པ་དང་མོས་པ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ།། །། ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་པ། ནག་པོ་ཞེས་བྱ་བ་ནི་གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་རྒྱལ་པོའི་ཁབ་ན་བྲམ་ཟེ་འབྱུང་པོ་ཞེས་བྱ་བ་ཞིག་འདུག་སྟེ། ཕྱི་ཞིག་ན་ [348A]༄༅། །དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ན་མདོག་ནག་པོར་འདུག་གོ་ དེ་ནས་དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཅིར་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་མདོག་ནག་པས་ན་དེའི་ཕྱིར་ཁྱེའུ་འདི་ནག་པོ་ཁོ་ནར་ གདགས་སོ། །ཞེས་ཟེར་རོ། །དེ་ནས་ཁྱེའུ་ནག་པོ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་ཏེ་དེ་མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། ། དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་བྲམ་ཟེའི་སྤྱོད་ལམ་དང་སྤྱོད་པ་དང་ཨོཾ་ཞེས་བྱ་བ་དང་བཧོ་ཞེས་བྱ་བ་དང་གཙང་སྤྲ་དང་ཆོ་ག་དང་ཐལ་བ་བླང་པ་དང་རིལ་བ་ ཐོགས་པ་དང་ངེས་བརྗོད་ཀྱི་རིག་བྱེད་དང་མཆོད་སྦྱིན་གྱི་རིག་བྱེད་དང་སྙན་ཚིག་གི་རིག་བྱེད་དང་སྲིད་སྲུང་གི་རིག་བྱེད་དང་མཆོད་སྦྱིན་བྱ་བ་དང་མཆོད་སྦྱིན་བྱེད་དུ་གཞུག་ པ་དང་སྦྱིན་པ་དང་བླང་པ་དང་ཁ་ཏོན་བྱ་བ་དང་ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས་ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་ཀྱིས་རིག་པའི་ གནས་བཅོ་བརྒྱད་ལ་བྱང་བར་གྱུར་ཏོ། །དེའི་ཕ་ནི། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་ལ་བྲམ་ཟེའི་སྔགས་སློབ་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་དེ་རྒས་པར་གྱུར་ཏེ་བསམ་པ་ [348B] བདག་རྒས་པས་ཕྱིན་ཆད་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བོ་འདི་རྣམས་སྔགས་སློབ་མི་ནུས་ཀྱི། བདག་གིས་ཁྱེའུ་འདི་སྡེ་ཚན་གྱི་སློབ་དཔོན་བྱེད་དུ་གཞུག་གོ་སྙམ་ནས་བུ་ལ་བསྒོ་བ། བུ་ ནག་པོ༑ ང་ནི། ད་རྒས་པས་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་འདི་དག་ཕྱིན་ཆད་སྔགས་སློབ་མི་ནུས་ལ། ཁྱོད་ཀྱང་སྔགས་ཀྱི་མཐར་ཕྱིན་པ་ཡིན་གྱི། བྲམ་ཟེའི་ཁྱེའུ་འདི་རྣམས་ཀྱི་སྔགས་ ཀྱི་སློབ་དཔོན་གྱིས་ཤིག་བུས་སྨྲས་པ། མཁན་པ་ཇི་སྐད་བཀའ་སྩལ་པ་དེ་བཞིན་དུ་འཚལ་ལོ། །ཞེས་སྨྲས་ནས་དེ་ནས་དེ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་དེ་དག་སྔགས་སློབ་པ་ལ་ ཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་དེ་ཉིད་དུ་བྲམ་ཟེ་གཞན་ཞིག་གིས་མཆོད་སྦྱིན་བྱས་ཏེ་བྲམ་ཟེ་རྣམས་ལ་ཡོན་མང་པོ་ཕུལ་ལོ་།མཆོད་སྦྱིན་བྱེད་པ་དེར་བྲམ་ཟེ་ཁ་ཅིག་ན་རེ་ ཁོ་བོ་ཅག་ཡོན་དབང་གི་ཁྱེད་མི་དབང་ངོ། །ཞེས་ཟེར་རོ། །གྲོང་ན་གནས་པ་རྣམས་ན་རེ། ངེད་ནི། དག་པ་ཡིན་གྱི། ཁྱེད་ནི། རྒྱལ་པོའི་ཞམ་རིང་པའི་གཡོག་བྱེད་པ་ཡིན་པས་ན་ ཡོན་འདི་རྣམས་ངེད་དབང་གི་ཁྱེད་མི་དབང་ངོ། །ཞེས་ཟེར་རོ་།དེ་ནས་བྲམ་ཟེ་ནག་པོས་བསམ་པ། བྲམ་ཟེ་འདི་རྣམས་འཐབ་མོ་ཆེན་པོ་འབྱུང་སྟེ། གཞན་གྱིས་ནི། ཞི་བར་ བྱེད་མི་ནུས་ཀྱི། མ་ལ་ང་ཉིད་ཀྱིས་བསྒྲིམ་དགོས་སོ་སྙམ་དུ་བསམ་ནས་དེས་བྲམ་ཟེ་དེ་དག་དགག་པར་བརྩམ་པ་ལས་འཐབ་མོ་ཞི་བར་བྱེད་མ་ནུས་ནས་དེ་གཞི་དེ་ལས་ཤས་ [349A]༄༅། །ཆེར་སྐྱོ་བ་སྐྱེས་ཏེ། བདག་གིས་འཁོར་རྣམས་བཏང་ལ་གཅིག་པུ་ནགས་ཁྲོད་དུ་གནས་བཅས་ཏེ་འདུག་པར་བྱའོ་སྙམ་ནས་དེས་འཁོར་དེ་རྣམས་བོར་ ཏེ་ནགས་ཁྲོད་ཅིག་ཏུ་སོང་ངོ། །ནགས་ཁྲོད་དེ་ན་གནོད་སྦྱིན་ནག་པོ་ཞེས་བྱ་བ་དྲག་ཅིང་འཇིགས་ལ་མདངས་འཕྲོག་བ་ཞིག་ཀྱང་གནས་ཏེ། དེས་སེམས་ཅན་སྟོང་ཕྲག་དུ་མ་ གྱི་ནར་སྡུག་བསྔལ་སྐྱེད་པར་བྱེད་དོ། །ནགས་ཁྲོད་དེ་ན་དྲང་སྲོང་ཞིག་ཀྱང་གནས་ཏེ་དྲང་སྲོང་དེ་ལ་གནོད་སྦྱིན་དེ་ཤིན་ཏུ་དགའོ། །དེ་ནས་བྲམ་ཟེ་ནག་པོས་དྲང་སྲོང་དེ་ཐག་རིང་ པོ་ཞིག་ནས་མཐོང་ངོ། །མཐོང་ནས་ཀྱང་དེ་ལ་དགའ་བར་གྱུར་ཏོ་།དགའ་བར་གྱུར་ནས་དེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་སྟེ། དེས་དེ་ལ་ཡིད་ལ་བྱ་བའི་ལུང་ཕོག་ནས་དེས་དེར་བསམ་ གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དེ་ནས་ཕྱི་ཞིག་ན་དྲང་སྲོང་རྒན་པོ་དེ་ཤིའོ། །དེ་ཤི་ནས་དྲང་སྲོང་ནག་པོ་གནས་དེ་ཉིད་དུ་འདུག་གོ་དེ་ནས་ཕྱི་ཞིག་ན་ བཅོམ་ལྡན་འདས་ལ་རྒྱལ་པོའི་ཁབ་ཀྱི་མི་རྣམས་ཀྱིས་གསོལ་བ་བཏབ་སྟེ། བཙུན་པ། གནོད་སྦྱིན་ནག་པོ་འདི་ནི། བདག་ཅག་ལ་འཁོན་མ་མཆིས་པར་འཁོན་དུ་འཛིན་པ་ ལགས༑ དགྲ་ཟླ་མ་ལགས་པར་དགྲ་ཟླ་བགྱིད་པ་ལགས་ཏེ། སེམས་ཅན་སྟོང་ཕྲག་དུ་མ་ལ་གནོད་པ་བགྱིད་པ་ལགས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། ཀླུ་མ་ [349B] ཉེ་དགའ་བོ་ལ་སོགས་པ་གཞན་དག་ཀྱང་བཏུལ། གནོད་སྦྱིན་མ་ལུངས་པ་འབྲོག་གནས་ལ་སོགས་པ་གཞན་དག་ཀྱང་བཏུལ་ལགས་ན། གནོད་སྦྱིན་ ནག་པོའང་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་བཏུལ་ན་ལགས་ལགས་སོ། །ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ཀྱི་མི་རྣམས་ལ་ ཅང་མི་གསུང་བས་གནང་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་དེ་རྫུ་འཕྲུལ་གྱིས་བཀུག་ནས་བཀའ་སྩལ་པ། ཀྱེ། སེམས་ཅན་རྣམས་ལ་གནོད་པ་མ་བྱེད་ཅིག་སྡིག་ པའི་ལས་འདི་ཐོང་ཞིག་ཅེས་བཀའ་སྩལ་ཏོ། །དེས་གསོལ་པ། བཅོམ་ལྡན་འདས་ཀྱིས་བདག་ལ་ཇི་ལྟར་བཀའ་སྩལ་པ་དེ་བཞིན་དུ་འཚལ་ལོ། །ཞེས་གསོལ་ནས་བཅོམ་ ལྡན་འདས་ལས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་བླངས་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། དེང་སླན་ཆད་བདག་གིས་རྒྱལ་པོའི་ཁབ་ཀྱི་མི་རྣམས་ལ་བསྲུང་བ་ དང་བསྐྱབ་པར་འཚལ་ལོ། །ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ནས་དེ་རང་གི་གནས་སུ་འདུག་གོ་ དེ་དེ་ན་འདུག་ནས་བསམ་པ། དྲང་སྲོང་ནག་པོ་དེ་དཀའ་ཐུབ་དོན་མེད་པ་འདིས་ཉོན་མོངས་པའི་སྟེང་དུ་ཞག་བདུན་ན་འཆི་བར་མཐོང་ནས་དེ་དེ་ལ་སྙིང་བརྩེ་བའི་ཕྱིར་དེའི་ཐད་ [350A]༄༅། །དུ་སོང་སྟེ་སྨྲས་པ། དྲང་སྲོང། ཁྱོད་ཀྱི་དཀའ་ཐུབ་དྲག་པོ་འདི་ཅི་དགོས། དེའི་སྟེང་དུ་ཁྱོད་ད་སྟེ་ཞག་བདུན་ན་འཆི་བར་འགྱུར་རོ། །ཞེས་བྱས་སོ། །དེ་ནས་ དེ་ཐོས་མ་ཐག་ཏུ་བྲང་སྲོང་དེ་སྡུག་བསྔལ་ཆེན་པོ་སྐྱེས་ནས་དེ་མྱ་ངན་གྱི་དབང་གིས་རྫུ་འཕྲུལ་དེ་ལས་ཉམས་ཏེ། དེ་གཞི་དེ་ལས་ལྷག་པར་མྱ་ངན་སྐྱེས་ནས་ཤིན་ཏུ་སྨྲེ་སྔགས་ འདོན་ཅིང་འདུག་གོ་དེ་ནས་གནོད་སྦྱིན་དེས་སྨྲས་པ། དྲང་སྲོང་ཧ་ཅང་མྱ་ངན་མ་བྱེད། ཉོན་མོངས་པར་མ་བྱེད། སྨྲེ་སྔགས་འདོན་པར་མ་བྱེད། བཅོམ་ལྡན་འདས་རྒྱལ་ པོའི་ཁབ་ན་བཞུགས་ཏེ། དེ་ནི། འཆི་བར་འགྱུར་བའི་ལམ་མཁྱེན་པ་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ཞིག་དང་དེས་ན་ཁྱོད་ལ་ལེགས་པ་ ཐམས་ཅད་མཛད་པར་འགྱུར་རོ། །ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དྲང་སྲོང་ནག་པོས་ཐམས་ཅད་སྤངས་ཏེ་འོད་མའི་ཚལ་དུ་སོང་ངོ། །དེའི་ཚེ་བཅོམ་ལྡན་འདས་འཁོར་ བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་དྲང་སྲོང་ནག་པོས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་ གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ་ [350B] བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་མཆོག་ཏུ་ དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི། ལོ་བཅུ་གཉིས་ཀྱི་བར་དུ་ཞི་ གནས་ཀྱི་སེམས་ལ་གོམ་སྤར་བྱས་པ་ལའང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དེ་དགའ་ བར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ་དེ་ནས་ བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་དེས་ སྟན་དེ་ཁོ་ན་ལ་འདུག་བཞིན་དུ་བདེན་པ་མཐོང་བའི་མོད་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་ གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ལེགས་པར་ [351A]༄༅། །གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན་བདག་ཀྱང་བཅོམ་ལྡན་འདས་ཀྱི་ ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་དེ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་མཛད་ ནས་དེ་ལ་ལུང་ཡང་ཕོག་གོ་དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་ བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ་དང། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་ སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་བས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་ རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། དྲང་སྲོང་འདི་འཆི་བས་འཇིགས་ཤིང་སྐྲག་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་མཆིས་ཏེ་བཅོམ་ [351B]པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཞགས་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ ད་ལྟར་འབའ་ཞིག་མ་ཡིན་ཏེ། ཇི་ལྟར་འདས་པའི་དུས་ནའང་འདི་ཉིད་འཆི་བས་འཇིགས་སྐྲག་ནས་ངས་རབ་ཏུ་ཕྱུང་སྟེ་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་ལ་བཀོད་ པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་དཀའ་ཐུབ་ཀྱི་གནས་ཤིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་གནས་ པ་དེའི་སློབ་མ་བྲམ་ཟེའི་ཁྱེའུ་ལེ་ལོ་ཅན་ཚེ་ཐུང་དུ་ཞིག་ཡོད་དེ། དེས་དེ་ལ་ལུང་ཕོག་ཀྱང་དེ་ལེ་ལོ་ཆེ་བའི་ཕྱིར་སྒྲིམ་དུ་མི་བཏུབ་བོ། །དེ་ནས་ཕྱི་ཞིག་ན་དྲང་སྲོང་དེས་བལྟས་ནས་བྲམ་ ཟེའི་ཁྱེའུ་དེ་ཞག་བདུན་ན་འཆི་བར་འགྱུར་བར་མཐོང་ལ། དེས་ཅིའང་མ་ཐོབ་པར་རིག་ནས་དེས་དེ་སྐྱོ་བ་བསྐྱེད་པའི་ཕྱིར་སྨྲས་པ། བྲམ་ཟེའི་ཁྱེའུ། ལེ་ལོ་མ་བྱེད་ཅིག་ཁྱོད་ཞག་ བདུན་ན་འཆི་བར་འགྱུར་རོ། །ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེའི་ཁྱེའུ་དེ་ཤིན་ཏུ་མི་དགའ་བར་གྱུར་ཏེ། མི་དགའ་བར་གྱུར་པ་དེས་ན་བསམ་གཏན་བཞི་དང། མངོན་ པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་དུ་སེམས་དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་ [352A]༄༅། །བྲམ་ཟེའི་ཁྱེའུ་གྱུར་པ་གང་ཡིན་པ་དེ་ནི། ནག་པོ་འདི་ཁོ་ན་ཡིན་ཏེ། དེའི་ཚེའང་འདི་འཆི་བས་འཇིགས་ཤིང་སྐྲག་ནས་དེས་བསམ་གཏན་བཞི་ དང། མངོན་པར་ཤེས་པ་ལྔ་ལ་བཞག་གོ་ད་ལྟར་ཡང་འདི་འཆི་བས་འཇིགས་སྐྲག་ནས་ངས་རབ་ཏུ་ཕྱུང་སྟེ་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་ འདས་པ་ལ་བཞག་གོ་གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་འདི་རབ་ཏུ་བྱུང་བར་གྱུར་ཏེ། དེར་འདིས་ཆོ་གཅིག་ཏུ་ཚངས་པར་སྤྱོད་པ་ སྤྱད་པ་དང། དབང་ལོ་ཡོངས་སུ་སྨིན་པར་བྱད་པ་དེས་ན། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏོ༑༑ །།མདའ་ཐོགས་ཞེས་བྱ་བ་ནི། ཡུལ་སེར་སྐྱའི་གནས་ན་ཤཱཀྱ་ དབྱུག་ཐོགས་ཞེས་བྱ་བ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་ བ་ཞིག་གནས་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་ དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཅས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ [352B] ཁྱེའུ་འདི་དབྱུག་ཐོགས་ཀྱི་བུ་ཡིན་པས་ན། ཁྱེའུ་འདིའི་མིང་མདའ་ཐོགས་ཞེས་གདགས་སོ། །ཞེས་ཟེར་རོ། །དེ་ནས་ཁྱེའུ་མདའ་ཐོགས་འོ་མ་དང་ཞོ་ དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུ་རྣམས་ཀྱིས་བསྐྱེད་བསྲིངས་ནས་དེ་མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཁྱེའུ་དེ་ ཡི་གེ་སློབ་ཏུ་བཅུག་སྟེ་རྒྱལ་རིགས་སྤྱེ་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱི་བཟོའི་གནས་དང། ལས་ཀྱི་གནས་ཐ་དད་པ་འདི་ལྟ་སྟེ། གླང་པོ་ཆེ་ཞོན་པ་དང་རྟ་ཞོན་པ་དང་ མཚོན་ཆ་བཅང་བ་དང་འཕང་བ་དང་མདུན་དུ་བསྣུར་བ་དང་ཕྱིར་བསྣུར་བ་དང་གཡུལ་ལས་འབྱུང་བར་བྱེ་བ་དང་ལྕགས་ཀྱུ་གཟུང་བ་དང་ཞགས་པ་གཟུང་བ་དང་མདའ་བོ་ཆེ་འཕང་ བ་དང་རྡོ་རྗེ་རྩེ་གཅིག་པ་འཕང་བ་དང་མཚོན་རྩེ་གཅིག་པ་གདབ་པ་དང་འཁོར་ལོ་འཕང་བ་དང་གཅད་པ་དང་གཤེགས་པ་དང་ལག་པས་གཟུང་བ་དང་རྐང་བའི་སྟངས་དང་མགོ་བོ་ བསྐྱབ་པ་དང་རྒྱང་མར་འཕང་བ་དང་སྒྲ་གྲག་པར་འཕང་བ་དང་གནད་དུ་འཕང་བ་དང་གདོན་མི་ཟ་བར་ཕོག་བར་བྱ་བ་དང་ཚབས་ཆེར་གཏང་བ་རྣམས་ཀྱང་བསླབས་ནས་གནས་ ལྔ་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་ཡང་ཤཱཀྱ་བྱུག་ཐོགས་ཀྱི་ཆུབ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་ [353A]༄༅། །མཛེས་པ་ཞིག་བཙས་ཏེ། དེ་བཙས་མ་ཐག་ཏུ་ཤཱཀྱ་ལག་ན་དབྱུག་ཐོགས་ཀྱི་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཁ་དོག་རྒྱས་ པ་མཆོག་དང་ལྡན་པ་ཞིག་བཙས་སོ། །ཞེས་བྱ་བའི་སྒྲ་སེར་སྐྱའི་གནས་ཐམས་ཅད་དུ་གྲགས་སོ། །དེ་ནས་དེའི་བཙས་སྟོན་རྒྱས་པར་བྱས་ནས་བུ་མོ་འདིའི་མིང་ཅིར་ གདགས་ཞེས་མིང་འདོགས་པར་བྱེད་དེ། བུ་མོ་འདི་བཙས་པ་ན་སེར་སྐྱའི་གནས་ཐམས་ཅད་དུ་གཏམ་སྙན་པ་གྲགས་པས་ན། བུ་མོ་འདིའི་མིང་གྲགས་འཛིན་མར་ གདགས་སོ། །ཞེས་ཟེར་རོ། །དེ་ནས་བུ་མོ་གྲགས་འཛིན་མ་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུ་རྣམས་ཀྱིས་བསྐྱེད་བསྲིངས་ནས་དེ་མཚོའི་ནང་གི་པདྨ་ བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་བྱང་ཆུབ་སེམས་དཔའི་བཙུན་མོར་ཕུལ་ལོ། །དེ་ནས་གྲགས་འཛིན་མའི་རྐྱེན་གྱིས་བྱང་ཆུབ་སེམས་ དཔའ་ཁྱེའུ་མདའ་ཐོགས་དང་ཤིན་ཏུ་མཛའ་བར་གྱུར་ཏོ། །དེ་ནས་གང་གི་ཚེ་བྱང་ཆུབ་སེམས་དཔས་རྒན་པོ་དང་ནང་པ་དང་ཤི་བ་གཟིགས་ནས་ནགས་ཀྱི་ནང་དུ་གནས་ བཅས་པ་དེའི་ཚེ་ཁྱེའུ་མདའ་ཐོགས་ཤིན་ཏུ་མི་དགའ་བར་གྱུར་ཏེ་ཅི་ཞིག་མཐོང་ན་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་དང། བདག་གི་སྲིང་མོ་བོར་ཏེ་རབ་ཏུ་བྱུང་ཞིག་གུ་ [353B] ༑དེ་ནས་གང་གི་ཚེ་བྱང་ཆུབ་སེམས་དཔས་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས་གདུལ་བར་བྱ་བའི་དོན་མཛད་ཅིང་སེར་སྐྱའི་གནས་སུ་གཤེགས་ཏེ་ཡབ་སྲས་གདན་ འཛོམས་པར་མཛད་པ་དེར་ཤཱཀྱ་སྟོང་ཕྲག་དུ་མ་བཅོམ་ལྡན་འདས་ལ་བལྟ་བ་དང། བསྙེན་བཀུར་བྱ་བའི་ཕྱིར་དོང་ངོ། །ཤཱཀྱ་མདའ་ཐོགས་ནི། སྔར་མི་དགའ་བར་གྱུར་པས་ བཅོམ་ལྡན་འདས་ལ་ལྟ་ཞིང་འགྲོར་མ་བཏུབ་ནས་དེ་ཤཱཀྱ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཐད་དུ་ནན་གྱིས་ཁྲིད་ནས་གཞོན་ནུ་མདའ་ཐོགས་ཀྱིས་ཀྱང་ཤཱཀྱ་རྣམས་ཀྱི་ སེམས་བསྲུང་བའི་ཕྱིར་བཅོམ་ལྡན་འདས་ལས་བསླབ་པའི་གཞི་ལྔ་མནོས་སོ། །དེ་ནས་ཕྱི་ཞིག་ན་དེ་སྔོན་མི་དགའ་བའི་ཕྱིར་བློ་སྐྱེས་པ། བདག་གིས་དེ་ལས་བསླབ་པའི་གཞི་ ལྔ་བླངས་མོད་ཀྱི། འོན་ཀྱང་བདག་གིས་དེའི་བསླབ་པའི་གཞི་ལྔར་མཚར་གཅིག་བསྲུང་མི་དགོས་སོ་སྙམ་ནས་དེས་སྔོན་མི་དགའ་བའི་ཕྱིར་བསླབ་པའི་གཞི་ལྔ་ཉམས་ པར་བྱས་སོ། །དེ་ནས་དེར་ཤཱཀྱ་རྣམས་ཀྱིས་ཚོར་ཏེ་བསླབ་པའི་གཞི་རྣམས་དེས་འདི་ལྟར་ཉམས་པར་བྱས་སོ་སྙམ་དུ་རིག་ནས་དེ་དག་དེ་ལ་སྙིང་རྗེ་སྐྱེས་ཏེ་འདིས་བསླབ་པའི་ གཞི་རྣམས་ཉམས་པར་བྱས་པས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ན་མི་རུང་ངོ་སྙམ་མོ། །དེ་ནས་ཕྱི་ཞིག་ན་ཤཱཀྱ་མང་པོ་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ [354A]༄༅། །ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཤཱཀྱ་རྣམས་ ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ཤཱཀྱ་མདའ་ཐོགས་ཀྱིས་ནི། བསླབ་པའི་གཞི་རྣམས་ཉམས་པར་བགྱིས་ཏེ་སྐྱེམས་འཚལ་ན། བཅོམ་ ལྡན་འདས་ཀྱིས་དགོངས་ཏེ་ངན་སོང་དུ་མི་མཆི་བར་མཛད་དུ་གསོལ་དེ་ནས་བཅོམ་ལྡན་འདས་ཀྱིས་ཤཱཀྱ་མང་པོ་རྣམས་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་ཤཱཀྱ་མང་པོ་རྣམས་ཀྱིས་རིག་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་ ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ཀྱི་ཐད་ནས་དོང་ངོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། དེའི་དབང་པོ་ཡོངས་ སུ་སྨིན་པར་བྱ་དགོས་སོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་ཀྱིས་རེ་ཞིག་དེ་ལ་ཅིའང་བཀའ་མ་སྩལ་པ་ལས་ཚེའི་ལྷག་མ་ཞག་བདུན་ལུས་པ་གཟིགས་ནས་དེང་ བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཤཱཀྱ་མདའ་ཐོགས་ནི། ད་ནས་ཞག་བདུན་ན་འཆི་བར་འགྱུར་རོ། །ཞེས་བཀའ་སྩལ་ཏོ། །དེ་ནས་སྒྲ་དེ་འབྲུ་ [354B]ཀྱིས་བདག་ཞག་བདུན་ན་འཆི་བར་ལུང་བསྟན་ཏོ། །ཞེས་ཐོས་ནས་དེ་བཅོམ་ལྡན་འདས་ལ་མ་དད་པར་གྱུར་ཏེ་ ཁང་བཟང་གི་སྟེང་ན་འདུག་ཅིང་སྐྱེས་པ་དང་མ་འདྲེས་པའི་རོལ་མོའི་སྒྲས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། ངས་དེ་ལ་ཅི་ ཉན་ཐོས་ཆེན་པོ་དག་བཏང་ལ་ཕྱིས་ང་ཉིད་འགྲོ་བར་བྱའོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མ་འགགས་པ་ལ་བཀའ་སྩལ་པ། མ་འགགས་པ་ ཁྱོད་སོང་ལ་ཤཱཀྱ་མངའ་ཐོགས་ལ་སོམས་ཤིག་དེ་ནས་ཚེ་དང་ལྡན་པ་མ་འགགས་པས་བཙུན་པ་དེ་ལྟར་འཚལ་ལོ། །ཞེས་གསོལ་ནས་ཕྱི་བཞིན་འབྲང་བའི་དགེ་སློང་ཞིག་དང་ ཤཱཀྱ་མདའ་ཐོགས་ཀྱི་ཁྱིམ་དུ་སོང་ངོ། །དེ་ནས་ཤཱཀྱ་མདའ་ཐོགས་ཀྱིས་དགེ་སློང་མ་འགགས་པ་བདག་གི་ཁྱིམ་དུ་འོངས་སོ། །ཞེས་ཐོས་སོ། །ཐོས་ནས་ཀྱང་ཕུ་ནུ་བོ་ལ་དགའ་ བའི་ཕྱིར་དེའི་ཐད་དུ་སོང་ནས་རྐང་པ་ལ་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ་དེ་ནས་ཚེ་དང་ལྡན་པ་མ་འགགས་པས་དེ་ཡོངས་སུ་སྨིན་པར་འགྱུར་པའི་ གཏམ་བྱས་ནས་ཕྱིར་སོང་ངོ། །དེ་ནས་ཕྱིས་ཉིན་ཞག་གཉིས་པ་ལ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་བཏང་ངོ། །ཞག་གསུམ་པ་ལ་ནི་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་བཏང་ [355A]༄༅། །ངོ། །ཞག་བཞི་པ་ལ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་བཏང་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ལ་ཅི་ནས་དེ་བཅོམ་ལྡན་འདས་ལ་དད་པ་སྐྱེ་བར་འགྱུར་ པ་དེ་ལྟ་བུའི་ཆོས་བསྟན་ནས་དེ་འཆི་བས་འཇིགས་ཤིང་སྐྲག་པར་གྱུར་ཏོ། །དེ་ནས་ཞག་ལྔ་པ་ལ་བཅོམ་ལྡན་འདས་ཀྱིས་དེའི་སེམས་ཐུགས་ཀྱིས་མཁྱེན་ནས་ཉིད་ མདའ་ཐོགས་ཀྱི་ཁྱིམ་དུ་གཤེགས་སོ། །དེ་ནས་ཤཱཀྱ་མདའ་ཐོགས་ཀྱིས་བཅོམ་ལྡན་འདས་ཐག་རིང་པོ་ཞིག་ནས་མཐོང་ངོ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་ཤིན་ཏུ་ དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་བཅོམ་ལྡན་འདས་ཀྱི་གདན་བཤམས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཚུར་གཤེགས་ བཅོམ་ལྡན་འདས། གཤེགས་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས། གདན་བཤམས་པ་ལ་བཞུགས་སུ་གསོལ། དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་ ལ་བཞུགས་ནས་ཤཱཀྱ་མདའ་ཐོགས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབ་ལ་མགོ་བོས་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ་།དེར་བཅོམ་ལྡན་འདས་ཀྱིས་ ཤཱཀྱ་མདའ་ཐོགས་ལ་བཀའ་སྩལ་པ། མདའ་ཐོགས། འདི་ལྟར་འཆི་བའི་འཇིགས་པ་འདི་ནི། འཇིགས་པ་རྣམས་ཀྱི་ནང་ན་ཕྲན་ཚེགས་ཙམ་དུ་ཟད་དོ། །འདི་ལྟ་སྟེ་ [355B] དུད་འགྲོ་དང། ཡི་དྭགས་རྣམས་ཀྱི་ངན་སོང་གི་འཇིགས་པ་འདི་ནི། འཇིགས་པ་རྣམས་ཀྱི་ནང་ན་མཆོག་ཡིན་ནོ། །དེས་གསོལ་པ། བཙུན་པ་ སེམས་ཅན་དམྱལ་བ་དེ་དག་ཇི་ལྟ་བུ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐྱོ་བ་བསྐྱེད་པའི་ཕྱིར་རྫུ་འཕྲུལ་གྱིས་ཁྲིད་དེ་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་བསྟན་ནས་ དེས་གསོལ་པ། བཙུན་པ། ལས་གང་གིས་འདིར་སྐྱེ་བར་འགྱུར་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲོག་གཅོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་ པས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །གལ་ཏེ་དེ་ནས་ཤི་འཕོས་ནས་མི་རྣམས་དང། སྐལ་པ་མཉམ་པར་འདིར་སྐྱེས་ནའང་ཚེ་ཐུང་བར་འགྱུར་རོ། །དེ་བཞིན་དུ་ བཅོམ་ལྡན་འདས་ཀྱིས་དེ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་རྒྱས་པར་བསྟན་ནས་དེ་ཐོས་མ་ཐག་དེ་ལྷག་པར་ཡང་འཇིགས་པ་སྐྱེས་ཏེ་བདག་གིས་བཅོམ་ལྡན་འདས་ལས་ བསླབ་པའི་གཞི་བླངས་པ་ལས་མ་བསྲུངས་ན། བདག་སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་རྣམས་སུ་སྐྱེ་བར་མི་འགྱུར་གྲང་སྙམ་དུ་བསམ་ནས་དེས་ བསླབ་པ་ཉམས་པ་དེ་དག་བཤགས་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་ཤཱཀྱ་མདའ་ [356A]༄༅། །ཐོགས་ཀྱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མངོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་ མངོན་སུམ་དུ་བྱས་སོ། །དེས་བདེན་པ་མཐོང་སྟེ་ཤི་ནས་ལྷར་སྐྱེས་ཏེ། དེ་ལྷར་སྐྱེས་མ་ཐག་ཏུ་བསམ་པ། བདག་གང་ནས་ཤི་འཕོས་སྙམ་པ་དང་དེས་མི་ལས་ཤི་འཕོས་ པར་མཐོང་ངོ། །གང་དུ་སྐྱེས་སྙམ་པ་དང་ལྷར་སྐྱེས་པ་མཐོང་ངོ། །ལས་ཅི་ཞིག་བྱས་སྙམ་པ་དང་འཆི་ཁར་བསླབ་པའི་གཞི་རྣམས་བསྲུངས་པ་དང། བཅོམ་ལྡན་འདས་ ལའང་སེམས་དགའ་བ་བསྐྱེད་པར་མཐོང་ནས་དེས་བསམ་པ། བདག་ཞག་ལོན་ནས་གདོད་བཅོམ་ལྡན་འདས་ལ་བལྟ་བ་དང། བསྙེན་བཀུར་བྱ་བའི་ཕྱིར་འགྲོ་བ་ནི་ བདག་གི་ཆ་མ་ཡིན་ནོ་སྙམ་ནས་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བར་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ ཅོད་པན་ཅན། ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་སྦྲིག་ཀ་ལ་སོགས་པས་བྱུགས་པ་དེས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་ པདྨ་དཀར་པོ་དང་མནྡྷཱ་ར་བ་རྣམས་ཀྱིས་ཐུབ་བཀང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ལྷའི་མེ་ཏོག་རྣམས་ཀྱིས་གཏོར་ཏེ་ཆོས་མཉན་པའི་ཕྱིར་ [356B]དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དང་མཐུན་པའི་ཆོས་བསྟན་ཏེ་ཅང་མི་གསུང་བར་བཞུགས་སོ། །དེ་ནས་དེས་བཅོམ་ལྡན་འདས་ཀྱི་གཏམ་གྱི་མཇུག་ རྫོགས་པར་རིག་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ཅིང་རྗེས་སུ་ཡི་རང་སྟེ་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་དེ་ཉིད་དུ་མི་ སྣང་བར་གྱུར་ཏོ། །དེ་ཤི་བའི་ཚེ་ཤཱཀྱ་རྣམས་ཐེ་ཚོམ་སྐྱེས་ཏེ། ཤཱཀྱ་མདའ་ཐོགས་ཀྱིས་བསླབ་པ་ཉམས་པར་བྱས་ཏེ་ཆང་འཐུངས་ན། དེའི་འགྲོ་བ་ནི། གང་ཡིན། སྐྱེ་གནས་ ནི༑ གང་ཡིན། ཚེ་ཕྱི་མ་ནི། གང་ཡིན་ཞིག་གུ་མ་ལ་བདག་ཅག་གིས་དོན་འདི་བཅོམ་ལྡན་འདས་ལ་ཞུས་ལ་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཇི་སྐད་ལུང་བསྟན་པ་དེ་ བཞིན་དུ་གཟུང་བར་བྱའོ། །ཞེས་ཟེར་རོ། །དེ་ནས་ཤཱཀྱ་མང་པོ་དག་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་ བཙལ་ཏེ་ཕྱོགས་གཅིག་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཤཱཀྱ་མང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ཤཱཀྱ་མདའ་ཐོགས་ ཀྱིས་བསླབས་པ་ཉམས་པར་བགྱིས་ཏེ་སྐྱེམས་འཚལ་ནི། བཙུན་པ། དེའི་འགྲོ་བ་ནི། གང་ལགས། སྐྱེ་གནས་ནི། གང་ལགས། ཚེ་ཕྱི་མ་ནི་གང་ལགས། བཅོམ་ལྡན་ [357A]༄༅། །འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ལྷར་སྐྱེས་སོ་།དེ་དག་གིས་གསོལ་པ། བཙུན་པ། ཤཱཀྱ་མདའ་ཐོགས་ཀྱིས་བསླབ་པ་ཉམས་པར་ བགྱིས་ཏེ་སྐྱེམས་འཚལ་ན། དེ་ཇི་ལྟར་ལྷར་སྐྱེས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱཀྱ་མདའ་ཐོགས་ཀྱིས་འཆི་ཁར་བསླབ་པ་ཉམས་པ་བཤགས་ ཏེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས་ལྷར་སྐྱེས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཤཱཀྱ་རྣམས་ཡ་མཚན་དུ་གྱུར་ཏེ། དེ་དག་རྣམས་ཡ་མཚན་དུ་གྱུར་ནས་ཡང་སྨྲས་པ་ མ་སངས་རྒྱས། ཀྱེ་མ་ཆོས། ཀྱེ་མ་དགེ་འདུན། ཀྱེ་མ་ཆོས་ལེགས་པར་གསུངས་པ་འདི་ལྟར་ངན་སོང་དུ་འགྲོ་བའི་སེམས་ཅན་དག་ཀྱང་ངན་སོང་ནས་ཕྱུང་སྟེ་མཐོ་རིས་ སུ་འགྲོ་བར་བྱེད་དོ། །ཞེས་ཟེར་ནས་ལྷག་པར་ཡང་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བཀུར་སྟི་བྱེད་པ་ལ་ཞུགས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་ བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། ཤཱཀྱ་མདའ་ཐོགས་འཆི་བས་འཇིགས་ཤིང་སྐྲག་པ་ལས་བཅོམ་ལྡན་འདས་ཀྱིས་འཆི་བའི་འཇིགས་པ་ལས་སྐྱབས་ མཛད་དེ། གཡུང་དྲུང་གི་མཐར་ཐུགས་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཞག་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ [357B] ཇི་ལྟར་འདས་པའི་དུས་ནའང་འདི་འཆི་བས་འཇིགས་ཤིང་སྐྲག་ནས་ཞག་བདུན་བསླབ་པ་བསྲུངས་ཏེ་གཞི་དེ་ལས་མཐོ་རིས་སུ་སྐྱེས་པ་དེ་ཉོན་ཅིག་དགེ་ སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་ བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་ འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་ཝཱ་ར་ཎཱ་སིར་ཚོང་པ་དབུལ་པོ་ཞིག་འདུག་པ་དེས་ཕྱི་ཞིག་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དད་པ་རྙེད་དོ། ། ཚོང་པ་དེའང་སྦྱིན་པ་ལ་སྲེད་པ་ཞིག་སྟེ། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་འདོད་ནས་དེས་བསམ་པ། ཅི་བདོག་པ་འདི་ཙམ་གྱིས་ནི། བདག་གིས་སྦྱིན་པ་དག་སྦྱིན་ ཞིང་བསོད་ནམས་དག་བྱེད་མི་ནུས་ཀྱི། བདག་གིས་རྒྱ་མཚོའི་གྲུ་བོ་ཆེའི་དོན་བསྒྲུབ་བོ། །གལ་ཏེ་བདག་གིས་རྒྱ་མཚོའི་གྲུ་བོ་ཆེའི་དོན་ལན་གཅིག་ཙམ་ཞིག་སྒྲུབ་པར་ནུས་ནའང་ བདག་གིས་ཕ་མའི་བདུན་རྒྱུད་ཀྱི་བར་དུ་དར་བར་བྱེད་ནུས་པར་འགྱུར་རོ་སྙམ་དུ་བསམ་ནས་ཟོང་ཁྱེར་ཏེ་རྒྱ་མཚོ་ཆེན་པོར་ཞུགས་ནས་དེས་རྒྱ་མཚོའི་གྲུ་བོ་ཆེའི་དོན་བསྒྲུབས་ཏེ་ [358A]༄༅། །སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་སོ། །དེ་ཡང་ཚེ་ཐུང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དེ་ཉིད་སྐྱོ་བ་ བསྐྱེད་པའི་ཕྱིར་ཞག་བདུན་ན་འཆི་བར་འགྱུར་རོ། །ཞེས་དགེ་སློང་རྣམས་ལ་བཀའ་སྩལ་ཏེ། དགེ་སློང་དག་ཚོང་པ་ཆེ་གེ་མོ་ནི་ཞག་བདུན་ན་འཆི་བར་འགྱུར་རོ། །ཞེས་ བཀའ་སྩལ་ནས་སྒྲ་དེ་འབྲུ་མར་བཙིར་བ་བཞིན་དུ་ཀུན་ཏུ་གྲགས་སོ། །ཚོང་པ་དེས་ཀྱང་ཐོས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཇི་ལྟར་བདག་ཞག་ བདུན་ན་འཆི་བར་འགྱུར་རོ། །ཞེས་ལུང་བསྟན་པ་དེ་ཐོས་མ་ཐག་ཏུ་དེ་འཆི་བའི་འཇིགས་པ་ཆེན་པོ་སྐྱེས་ཏེ། དེ་འཇིགས་ཤིང་སྐྲག་ནས་དེ་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་ག་ལ་བ་དེར་དོང་སྟེ་ཕྱིན་ནས་སངས་རྒྱས་འོད་སྲུང་ལ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་ནས་དེ་ཤི་འཕོས་ཏེ་དུས་ལས་ འདས་ནས་ལྷར་སྐྱེས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཚོང་པར་གྱུར་པ་གང་ཡིན་པ་དེ་ནི། ཤཱཀྱ་མདའ་ཐོགས་འདི་ཁོ་ན་ཡིན་ཏེ། དེའི་ཚེའང་འདི་ འཆི་བས་འཇིགས་ཤིང་སྐྲག་ནས་བསླབ་པའི་གཞི་རྣམས་བསྲུངས་ཏེ་མཐོ་རིས་སུ་སྐྱེས་སོ། །ད་ལྟར་ཡང་འདི་འཆི་བས་འཇིགས་ཤིང་སྐྲག་ནས་སྐྱབས་སུ་འགྲོ་བ་ [358B] བསླབ་པའི་གཞི་རྣམས་བསྲུངས་ཏེ། གཞི་དེ་ལས་མཐོ་རིས་སུ་འགྲོ་བ་དང། ཐར་པར་འགྲོ་བ་ཐོབ་པར་གྱུར་ཏོ།། །།བརྫིས་པ་ཞེས་བྱ་བ་ནི། གླེང་གཞི་ མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཞིག་འདུག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་ དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ཏེ་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ་ དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་མཐུན་པའི་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུ་རྣམས་ཀྱིས་བསྐྱེད་བསྲིངས་ནས་དེ་ གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཁྱེའུ་དེ་ཡི་གེ་དང་བྲམ་ཟེའི་སྤྱོད་ལམ་དང་སྤྱོད་པ་དང་ཨོ་ཞེས་བྱ་བ་དང་བཧོ་ཞེས་བྱ་བ་དང་གཙང་སྦྲ་དང་ཆོ་ག་དང་ཐལ་བ་བླང་བ་དང་རིལ་བ་ ཐོགས་པ་དང་ངེས་བརྗོད་ཀྱི་རིག་བྱེད་དང་མཆོད་སྦྱིན་གྱི་རིག་བྱེད་དང་སྙན་ཚིག་གི་རིག་བྱེད་དང་སྲིད་སྲུང་གི་རིག་བྱེད་དང་མཆོད་སྦྱིན་བྱ་བ་དང་མཆོད་སྦྱིན་བྱེད་དུ་གཞུག་པ་ དང་སྦྱིན་པ་དང་བླང་བ་དང་ཁ་ཏོན་བྱ་བ་དང་ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས་ལས་རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་ [359A]༄༅། །གནས་བཅོ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་དེ་ལོ་བཅུ་དྲུག་ལོན་པ་དང་བསྟན་བཅོས་ཐམས་ཅད་རྟོགས་ཏེ་གཞུང་གིས་རྩོད་པ་ཐམས་ཅད་ཚར་ བཅད་དོ། །དེ་ནས་དེས་གཞུང་གིས་རྩོད་པའི་དམ་བཅས་ཏེ། ང་དང་མཚུངས་པའང་མེད་ན། ལྷག་པར་ལྟ་ཅི་སྨོས་ཞེས་ཟེར་ཞིང་དེ་གཞུང་གིས་རྩོད་པའི་རྒྱགས་ པས་དྲེགས་ནས་བྲམ་ཟེ་ཐམས་ཅད་ཁྱད་དུ་བསད་དོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་དེ་དག་གིས་སེམས་སྐྱེས་པ། དགེ་སྦྱོང་གོའུ་ཏ་མ་དེ་ནི། མེ་དུལ་བ་འདུལ་བ་ཡིན་ གྱི༑ ཁྱེའུ་འདི་དགེ་སྦྱོང་གཽ་ཏ་མ་ལ་བསྟན་པར་བྱའོ། །འོན་ཀྱང་དེས་འདི་རབ་ཏུ་ཕྱུང་ཡང་སྲིད་དེ། དེ་ལྟར་བྱས་ན་བདག་ཅག་འདི་ལས་ཐར་པར་འགྱུར་རོ་སྙམ་དུ་ བསམ་ནས་ཁྱད་དུ་བསད་པའི་བྲམ་ཟེ་དེ་དག་གིས་ཁྱེའུ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུས་བསྟན་ཏེ། ཁྱོད་ནི། བདག་ཅག་གི་བུ་དང་འདྲ་ན་ང་དང་ མཚུངས་པའང་མེད་ན། ལྷག་པ་ཅི་སྨོས་ཞེས་ཤེས་རབ་ཀྱི་རྒྱགས་པས་དྲེགས་ཤིང་འདུག་སྟེ་ཅི་བྱ། དགེ་སྦྱོང་གཽ་ཏ་མ་འདི་ནི། ལུས་ཀྱང་མཛེས་ལ་སེམས་ཀྱང་ མཛེས་ཏེ། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་ཡིན་པས་ན་ཁྱོད་ནི། དེའི་བྱད་གཟུགས་དང་ཤེས་པའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆར་ཡང་མི་ [359B] ༑འདུམ་གྱི་ཆར་ཡང་མི་ཕོད་དོ། །ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེའི་ཁྱེའུ་དེ་བཅོམ་ལྡན་འདས་ལྟ་འདོད་པར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་བཅོམ་ ལྡན་འདས་ག་ལ་བ་དེར་སོང་ནས་བྲམ་ཟེའི་ཁྱེའུ་དེས་ཐག་རིང་པོ་ཞིག་ནས་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་ བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ་མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟ་ བུ༑ བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་ པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི། ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་ པར་བྱས་པ་ལའང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ་།དེ་ལྟར་མཐོང་ནས་བྱད་གཟུགས་ཀྱི་རྒྱགས་པ་མེད་པར་གྱུར་ཏེ། དེས་བསམ་པ། འདི་བདག་པས་ཆེས་ བཟང་མོད་ཀྱི། ཤེས་རབ་ཀྱིས་ནི། བདག་དང་མཚུངས་པ་མ་ཡིན་ནོ་།འོན་ཀྱང་རེ་ཞིག་འདི་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་ཡིན་ནམ་མ་ཡིན་པ་དེ་ [360A]༄༅། །བག་མ་མོ་སྙམ་ནས་སེམས་ཀྱི་དྲི་བ་བསྔོགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་མངོན་སུམ་དུ་ཡང་དག་ པར་དགའ་བར་བྱ་བ་དང། ཡང་དག་པར་མགུ་བར་བྱ་བའི་གཏམ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་སེམས་ཐུགས་ ཀྱིས་མཁྱེན་ནས་སེམས་ཀྱི་དྲི་བ་བསྡོགས་པ་དེ་ལུང་བསྟན་ཏོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏེ། འདི་ནི། ཐམས་ཅད་ མཁྱེན་པ། ཐམས་ཅད་གཟིགས་པ་ཡིན་པར་ངེས་སོ་སྙམ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་ སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཞག་བདུན་གྱི་བར་དུ་ བདག་གི་ཁྱིམ་དུ་བཤོས་གསོལ་བར་ཅི་གནང། དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་དེ་ལ་ཅང་མི་གསུང་བས་གནང་ངོ། །དེ་ནས་བྲམ་ཟེའི་ཁྱེའུ་དེས་ བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ [360B] །དེ་ནས་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞག་བདུན་གྱི་བར་དུ་ཁྱིམ་དུ་བཤོས་གསོལ་ནས་ཐ་མའི་ཉིན་པར་སངས་རྒྱས་ལ་སོགས་པ་དགེ་ སློང་གི་དགེ་འདུན་ཞལ་ཟས་རོ་བརྒྱ་དང་ལྡན་པས་ཚིམ་པར་བྱས་ནས་བཅོམ་ལྡན་འདས་ལ་ན་བཟའ་འདུམ་རི་བ་ཕུལ་ལོ། །དགེ་སློང་གཞན་རྣམས་ལ་ནི། རེ་རེ་ལའང་ རས་ཟུང་རེ་ཕུལ་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེའི་ཁྱེའུ་དེའི་བསམ་པ་དང་བག་ལ་ཉལ་དང། ཁམས་དང་ ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་བྲམ་ཟེའི་ཁྱེའུ་དེ་འཁོར་དང་བཅས་པས་སྟན་དེ་དག་ལ་འཁོད་བཞིན་དུ་འཇིག་ ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་ཕ་མ་ལ་ གསོལ་ཏེ་བླ་གོས་ཕག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་ [361A]༄༅། །བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱོད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ ཚིག་གིས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ་དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་ སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ་ ནམ་མཁའ་དང་ལག་མཐིལ་དུ་མཉམ་པ་འདྲ་བའི་སེམས་དང་ལྡན་པ་ཙནྡན་སྤངས་པ་ལྟ་བུ་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་ དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ་དབང་པོ་དང་ཉེ་དབང་དང་བཅས་པའི་ ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བྲམ་ ཟེའི་ཁྱེའུ་འདིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ་བསྟན་བཅོས་ཐམས་ཅད་ [361B]བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་ དབང་ལས་གྱུར་ཏོ། །གསོལ་པ། བཙུན་པ། འདིས་གང་དུ་སྨོན་ལམ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་ པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་ འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་ བྱུང་སྟེ། དེ་གང་གི་ཚེ་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་ཟིན་ནས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་ཏེ། རྒྱལ་པོ་ ཀྲྀ་ཀཱིས་དེའི་སྐུ་གདུང་གི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་པ་རིན་པོ་ཆེ་ལས་བརྩིགས་ནས་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ཏེ་ [362A]༄༅། །མཆོད་པ་ཆེན་པོ་བྱས་ནས་དུས་སྟོན་གྱི་ལུགས་བཏོད་དོ་།དེ་ནས་རྒྱལ་པོ་དེས་དྲིལ་བསྒྲགས་ཏེ་ཝཱ་ར་ཎཱ་སི་འདི་ན་སྐྱེ་བོའི་ཚོགས་ཇི་སྙེད་གནས་ པ་དེ་དག་མཆོད་རྟེན་གྱི་དུས་སྟོན་ལ་བབ་པ་ན་དེར་དོང་ལ་བཀུར་སྟི་གྱིས་ཤིག་སུ་དེར་མ་སོང་བ་དེ་ཅི་བདག་པ་ཐམས་ཅད་སླར་བཞེས་སོ་ཞེས་བསྒོའོ། །རྒྱལ་པོ་ཀྲྀ་ ཀཱིའི་མདུན་ན་འདོན་ནི། མ་དད་པ་ཞིག་སྟེ། མདུན་ན་འདོན་དེའི་བུ་རྒྱལ་པོའི་བུ་དང་མཛའ་ཞིང་བཤེས་ལ་གཅུགས་སོ། །དེ་ནས་བྲམ་ཟེ་མདུན་ན་འདོན་མ་དད་པ་དེ་སྡང་ བའི་སེམས་ཀྱིས་དེར་མ་སོང་སྟེ་རྒྱལ་པོ་ཀྲྀ་ཀཱིས་ཐོས་ནས་མདུན་ན་འདོན་གྱིས་ངའི་བཀའ་བཅག་གོ་སྙམ་ནས་ཐོས་མ་ཐག་ཏུ་རྒྱལ་པོ་དེ་ཁྲོས་ནས་ངས་དེའི་ཅི་ བདོག་པ་ཐམས་ཅད་འཕྲོག་སྟེ་སུ་མི་གཏོང་ངོ། །ཞེས་བྱས་སོ། །དེ་ནས་དེའི་ཚིག་དེ་རྒྱལ་པོའི་བུས་ཐོས་ནས་མདུན་ན་འདོན་གྱི་བུ་ལ་སྦྲན་ཏེ། ཁྱོད་སོང་ལ་ཕ་ལ་ མཆོད་རྟེན་གྱི་དུས་སྟོན་ལ་སྐྱེན་པར་སོང་ཞིག་རྒྱལ་པོས་ཁྱོད་ཀྱི་ཅི་བདོག་པ་ཐམས་ཅད་འཕྲོག་ས་རེ་ཞེས་གྱིས་ཤིག་ཅེས་བྱས་སོ་།དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ ཟེ་མདུན་ན་འདོན་བུ་དང་ལྷན་ཅིག་ཏུ་གཙུག་ལག་ཁང་དུ་སོང་ངོ་།དེ་དེར་སོང་ནས་སྐྱེ་བོ་ཕལ་ཆེ་མཆོད་རྟེན་གྱི་མཆོད་པ་ལ་བརྩོན་ཞིང་འདུག་པ་མཐོང་ངོ། །དེ་ནས་ [362B]རྙེད་དོ། །དད་པ་རྙེད་ནས་མཆོད་རྟེན་དེ་ལ་བཀུར་སྟི་ཆེན་པོ་བྱས་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་ བ་འདིས་ན་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིག་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་ མཛེས་པར་གྱུར་ཅིག་བསྟན་བཅོས་ཐམས་ཅད་རྟོགས་པར་གྱུར་ཅིག་།གཞུང་གིས་རྩོད་པ་ཐམས་ཅད་ཚར་ཆོད་པར་གྱུར་ཅིག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་ཁྱེའུ་དེས་དེ་སྐད་དུ་སྨོན་ལམ་བཏབ་ ནས་ཁྱེའུ་དེ་སྐྱེ་བོ་མང་པོས་བརྫིས་ཏེ་ཤི་ནས་དེ་མཆོད་རྟེན་དེ་ལ་སེམས་དགའ་བཞིན་དུ་ཤི་འཕོས་ཏེ་དུས་ལས་འདས་ནས་ལྷར་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་ མ་ཐག་པ་ལ་ནི། ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། བདག་གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་གིས་ཨྶྐྱེས་སྙམ་མོ། །དེ་ནས་དེས་མི་ལས་ [363A]༄༅། །ཤི་འཕོས་པ་དང། ལྷར་སྐྱེས་པ་དང། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་སེམས་དགའ་བ་བསྐྱེད་པས་དེར་སྐྱེས་ པར་མཐོང་ངོ། །དེ་ནས་དེ་མཐོང་མ་ཐག་ཏུ་ལྷའི་བུ་དེས་སྔོན་གྱི་དྲིན་ཡང་དག་པར་དྲན་པས་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བར་ཐོགས་པ། ལུས་དོ་ཤལ་དང་སེ་མོ་ དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན། ལུས་གུར་གུམ་དང་ཏ་མ་ལའི་ལོ་མ་དང་སྤྲིག་ཀ་ལ་སོགས་པས་བྱུགས་པ་དེས་དེ་ཉིད་ཀྱི་མཚན་ མོ་ལྷའི་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུད་དང་པདྨ་དཀར་པོ་དང་མནྡཱ་ར་བ་རྣམས་ཀྱིས་ཐུ་བ་བཀང་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ག་ ལ་བ་དེར་སོང་སྟེ་ཕྱིན་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་ལྷའི་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུད་དང་པདྨ་དཀར་པོ་རྣམས་ཀྱིས་ གཏོར་ནས་ཨ་ག་རུའི་ཕྱེ་མ་དང་རྒྱ་སྤོས་ཀྱི་ཕྱེ་མ་དང་ལྷའི་མེ་ཏོག་མནྡཱ་ར་བ་རྣམས་ཀྱིས་གཏོར་ནས་སེམས་དགའ་བར་གྱུར་ཏེ་འདུག་གོ་དེ་དེ་ན་འདུག་པ་ན་དེའི་ཕས་ བདག་གི་བུ་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་ཇི་ལྟར་བརྫིས་ཏེ་ཤི་བའི་གཏམ་ཐོས་སོ། །ཐོས་མ་ཐག་ཏུ་དེར་སོང་སྟེ་བུའི་རུས་བུ་པང་དུ་འཁྱུད་ནས་ངུ་ཞིང་སྡུག་བསྔལ་ལ་ [363B]སྨྲས་པ། ཕ་གཅིག་བདག་ནི། མྱ་ངན་བྱར་མེད་བར་གྱུར་གྱི། མྱ་ངན་མ་བྱེད་ཅིག་སྡུག་བསྔལ་ཞིང་མ་འདུག་ཅིག་ སྨྲེ་སྔགས་མ་འདོན་ཅིག་བྲམ་ཟེས་སྨྲས་པ། ཁྱོད་སུ་ཞིག་དེས་སྨྲས་པ། བདག་ནི། ཁྱོད་ཀྱི་བུ་དེ་ཡིན་ནོ། །དེས་སྨྲས་པ། ཁྱོད་གང་དུ་སྐྱེས། དེས་སྨྲས་པ། ལྷར་སྐྱེས་སོ། ། དེས་སྨྲས་པ། ཁྱོད་ཀྱིས་ལས་ཅི་ཞིག་བྱས། དེས་སྨྲས་པ། མཆོད་རྟེན་འདི་ཉིད་ལ་བསྙེན་བཀུར་བྱས་ནས་སེམས་དགའ་བ་བསྐྱེད་དོ་།ཁྱོད་ཀྱིས་ཀྱང་སྔོན་གྱི་ལྟ་བའི་ རྣམ་པ་བོར་ལ་མཆོད་རྟེན་འདི་ལ་བསྙེན་བཀུར་བྱས་ཏེ་སེམས་དགའ་བར་གྱིས་ཤིག་དང། དེ་ལྟར་བྱས་ན་ཁྱོད་ཀྱི་ལེགས་པ་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་རོ། ། ཞེས་སྨྲས་ནས་ལྷའི་བུ་དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚིག་དེ་ཐོས་ནས་བྲམ་ཟེ་དེའང་བུའི་མྱ་ངན་མེད་པར་གྱུར་ཏེ། མཆོད་རྟེན་དེ་ལའང་ཤིན་ཏུ་དགའ་བར་གྱུར་ ཏོ༑ ༑དེ་དགའ་བར་གྱུར་ནས་མཆོད་རྟེན་དེ་ལ་བཀུར་སྟི་ཆེན་པོ་བྱས་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་ དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་བུ་འདི་ཉིད་ལ་བརྟེན་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་ [364A]༄༅། །བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་བར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བྲམ་ཟེ་མདུན་ན་འདོན་གྱི་བུ་གང་ཡིན་པ་དེ་ནི། བྲམ་ཟེའི་ཁྱེའུ་འདི་ཁོ་ན་ཡིན་ནོ། །དེའི་ཚེ་ཕར་གྱུར་པ་ གང་ཡིན་པ་དེ་ནི། བྲམ་ཟེ་འདི་ཁོ་ན་ཡིན་ཏེ། ཁྱེའུ་དེས་མཆོད་རྟེན་དེ་ལ་བཀུར་སྟི་བྱས་ནས་སྨོན་ལམ་བཏབ་བའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་ཕ་ དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པར་གྱུར་ནས་བསྟན་བཅོས་ཐམས་ཅད་ རྟོགས་ཏེ། གཞུང་གིས་རྒོལ་བ་ཐམས་ཅད་ཚར་བཅད་ནས་དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་ མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་ རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེའི་ཕས་མཆོད་རྟེན་དེ་ལ་བསྙེན་བཀུར་བྱས་ནས་སྨོན་ལམ་ [364B] གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། བུ་འདི་ཁོ་ནའི་རྐྱེན་གྱིས་འདིས་ ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་རྩ་གཅིག་པ། ཝ་ཞེས་བྱ་བ་ནི། གླིང་གཞི་མཉན་དུ་ཡོད་པ་ན་བཞུགས་ ཏེ༑ དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ་རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་ བུའི་ནོར་དང་འགྲན་པོ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྡན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན་དེའི་ཆུང་མ་ ལ་བུ་ཆགས་ནས་དེའི་ལུས་ཐོག་ཐག་ནས་བྱི་སའི་དྲི་མནམ་པར་གྱུར་ལ་ཡིད་ལ་འདོད་པ་འདི་ལྟ་བུའང་བྱང་སྟེ། ཕྱི་ས་དང་གཅིན་བཟའ་ཞིང་འཐུང་ངོ་སྙམ་མོ། །དེ་ནས་ དེས་ཁྱིམ་ཐབ་ལ་སྨྲས་པ། ཇོ་བོ། བདག་གི་ཡིད་ལ་འདོད་པ་དེ་ལྟ་བུ་བྱུང་ངོ། །ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་དེ་སྡུག་བསྔལ་ཆེན་པོ་སྐྱེས་ཏེ། བདག་ གི་ཆུང་མ་འདི་ལུས་སྲུལ་པོ་འགའ་ཞིག་གིས་ཐེབས་པར་མ་གྱུར་གྲང་སྙམ་ནས་དེས་མཚན་མཁན་རྣམས་ལ་བསྟན་ཏེ་མཚན་མཁན་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱི་ [365A]༄༅། །ཆུང་མ་འདི་ལུས་སྲུལ་པོས་ཐེབས་པ་ནི། མ་ཡིན་གྱི། ལྟོ་ན་འདུག་པའི་སེམས་ཅན་དེའི་དབང་གིས་གྱུར་པ་ཡིན་ཏེ། གང་གི་ཚེ་དེ་བཙས་པ་དེའི་ཚེ་ ནི། བུད་མེད་འདིའི་ལུས་ལ་ཕྱི་སའི་དྲི་དང། ཡིད་ལ་འདོད་པ་འདི་འདྲ་བ་དེ་མེད་པར་འགྱུར་རོ། །ཞེས་ཟེར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་དེས་ཆུང་མའི་ལུས་ སྤོས་སྣ་ཚོགས་ཀྱིས་བྱུགས་ཏེ། དེ་ཕྱི་ས་དང་གཅིན་ཟ་ཞིང་འཐུང་དུ་དོགས་ནས་བུད་མེད་དེའི་རིམ་གྲོ་བ་དང། སྲུང་མ་རྣམས་བསྐོས་སོ། །དེ་ནས་དེ་ཟླ་བ་དྒུའམ་བཅུ་ ལོན་པ་དེ་དང་ཁྱེའུ་ཕྱིས་དང་གཅིན་གྱིས་ཡོག་པ་ཞིག་བཙས་ནས་དེ་བཙས་མ་ཐག་ཏུ་ཁྱིམ་ད་ཐོག་ཐག་ཏུ་ཕྱི་སའི་དྲིས་གང་བར་གྱུར་ཏོ། །དེ་ནས་ཁྱེའུ་དེ་བུད་མེད་རྣམས་ ཀྱིས་དཀྲུས་ཏེ་མལ་དུ་བཞག་ཀྱང་དེའི་ལུས་ལས་ཕྱི་སའི་དྲི་དེ་མེད་པར་མ་གྱུར་ཏེ། མས་ཁྱེའུ་དེ་སྤོས་སྣ་ཚོགས་ཀྱིས་བསྐུས་ཏེ་བཞག་གོ་དེ་ནས་དེ་བཙས་མ་ཐག་ཏུ་ མའི་ཡིད་ལ་འདོད་པ་སྔ་མ་དེ་མེད་པར་གྱུར་ཏོ། །དེ་ནས་དེའི་བཙས་སྟོན་རྒྱས་པར་བྱ་ནས་རིགས་དང་མཐུན་པའི་མིང་བཏགས་ཏེ་འོ་མ་དང་ཞོ་དང་མར་དང་ཞུན་ མར་དང་མར་གྱི་ཉིང་ཁུ་རྣམས་ཀྱིས་བསྐྱེད་བསྲིངས་ནས་དེ་གང་གི་ཚེ་འགྲོ་ནུས་པར་གྱུར་པ་དེའི་ཚེ་བདག་གི་ཕྱི་ས་བླངས་ནས་ཁ་ཅིག་ནི། ཟ་བར་བྱེད། ཁ་ཅིག་ནི་ [365B] བུད་མེད་དེ་དག་གིས་བཀག་གོ་དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་སློབ་ཏུ་བཅུག་སྟེ། དེ་མཁན་པོའི་ཐང་དུ་བཏང་བ་ལས་ཕྱི་སའི་ འདམ་སྙག་སྙིག་ག་ལ་ཡོད་པར་སོང་ནས་ཕྱི་ས་ཟ་བར་བྱེད་དེ་དེ་ཕ་མ་གཉིས་ཀྱིས་ཚོར་ནས་དེས་སྡུག་བསྔལ་ཆེན་པོར་གྱུར་ཏེ་བདག་ཅག་གཉིས་ཀྱི་བུ་བྱུང་མོད་ཀྱི་ འོན་ཀྱང་སྐྱོན་འདི་ལྟ་བུས་མ་རུང་བར་གྱུར་ན། འཇིག་རྟེན་གྱིས་ཤིན་ཏུ་སྨད་པ་འདི་ལྟ་བུ་བདག་ཅག་ལ་ཅི་དགོས་སྙམ་དུ་བསམ་ནས་དེ་ཁྱིམ་ནས་བསྐྲད་དེ་བཏང་ངོ། །དེ་ ནས་དེ་མི་གཙང་བའི་འདམ་སྙག་སྙིག་དེ་དག་ཉིད་དུ་གནས་བཅས་ཏེ་ཕྱིས་དང་གཅིན་ཟ་ཞིང་འཐུང་བར་བྱེད་དོ། །དེ་ནས་དེ་མི་གཙང་བ་ཟ་བ་སྐྱེ་བོ་མང་པོས་མཐོང་ངོ། ། མཐོང་ནས་ཀྱང་དེ་དག་གཅིག་ལ་གཅིག་སྨྲས་པ། ཁྱེའུ་འདི་ནི། ཝ་བཞིན་དུ་ཕྱི་ས་དང་གཅིན་ཟ་ཞིང་འཐུང་ངོ། །ཞེས་ཟེར་ནས་དེའི་མིང་སྔ་མ་མེད་པར་གྱུར་ཏེ། དེ་ཝ་ བཞིན་དུ་ཕྱི་ས་དང་གཅིན་ཟ་ཞིང་འཐུང་བའི་ཕྱིར་མིང་ཝ་ཉིད་དུ་བཏགས་སོ། །དེ་ནས་ཕྱི་ཞིག་ན་དེ་འོད་སྲུང་རྫོགས་བྱེད་ཀྱིས་མཐོང་ནས་དེས་བསམ་པ། བདག་ཅག་ནི་ བ་ལང་གི་ལྕི་བ་ཟ་བའི་ཡི་དམ་བྱེད་པར་ཟད་ན། ཁྱེའུ་འདི་ནི་བདག་ཅག་པས་ཆེས་དགའ་བ་བྱེད་པ་ཡིན་ཏེ། གལ་ཏེ་འདི་བདག་གི་ཐད་དུ་རབ་ཏུ་བྱུང་ན་ནི། འདིར་འདི་ལ་ [366A]༄༅། །བསོད་ནམས་མང་པོ་འཕེལ་བར་འགྱུར་རོ་སྙམ་བསམ་ནས་ཁྱེའུ་དེ་ལ་སྨྲས་པ། ཅི་ཁྱེའུ་ཁྱོད་ཀྱིས་འདི་ཡི་དམ་དུ་བཅས་པ་ཡིན་ནམ། འོན་ཏེ་ གོམས་པའི་ཚུལ་ཅན་དུ་ཟད། ཁྱེའུ་སྨྲས་པ། བདག་ནི། ཡི་དམ་དུ་བཅས་པ་ཇི་ལྟ་བུ་ཡིན་པའང་མི་ཤེས་ཏེ། བདག་ནི། ཕྱི་ས་ཟ་བ་ལ་ཤིན་ཏུ་སྲེད་ཀྱི། ཟས་སྐོམ་ དག་ལ་ནི། མི་སྲེད་དོ། །འོད་སྲུང་རྫོགས་བྱེད་ཀྱིས་སྨྲས་པ་ཁྱེའུ། ངའི་ཐད་དུ་རབ་ཏུ་བྱུང་ལ་ཡི་དམ་དུ་ལོངས་ཤིག་དང་གཞི་དེ་ལས་ཁྱོད་ཀྱི་བསོད་ནམས་མང་དུ་འཕེལ་ བར་འགྱུར་རོ། །ཁྱེའུ་སྨྲས་པ། ཁྱོད་ཇི་ལྟར་དགྱེས་པ་བཞིན་དུ་བགྱིའོ། །ཞེས་སྨྲས་ནས་ཁྱེའུ་དེ་དེའི་ཕྱི་བཞིན་དུ་འབྲངས་ཏེ་སོང་ངོ། །དེ་ནས་དེས་གནས་ཁང་དུ་ཁྲིད་ནས་ སྐྲ་བཏོགས་ཏེ། ཕོར་བ་དང། རྨ་བྱའི་མདོངས་ཀྱི་ཕྱགས་མ་བྱིན་ནས་ཕྱི་ས་ཟ་བའི་ཡི་དམ་བྱིན་ཏེ་བཏང་ངོ། །དེ་ནས་དེ་ཕྱི་སའི་འདམ་ག་ལ་བ་དེར་སོང་སྟ་འདུག་གོ་ དེའི་ཚེ་མཉན་དུ་ཡོད་པ་ན་ཡི་དྭགས་ལྔ་བརྒྱ་ཙམ་འཁོད་པ་རྣམས་མཚན་མོ་གང་གི་ཚེ་སྐྱེ་བོ་མང་པོ་ཉལ་བ་དེའི་ཚེ་ཕྱི་སའི་འདམ་གཞན་ནས་གཞན་དུ་དོང་ནས་ཕྱི་ས་ དང་གཅིན་ཟ་ཞིང་འཐུང་བར་བྱེད་དོ། ཁྱེའུ་དེས་ཀྱང་ཡི་དྭགས་དེ་རྣམས་ཀྱི་སྒྲ་ནི། ཐོས་ལ། གཟུགས་མི་མཐོང་ངོ། །དེ་ནས་ཕྱི་ཞིག་ན་འོད་སྲུང་རྫོགས་བྱེད་ཀྱིས་དེ་ [366B] བུ། ཁྱོད་ཀྱིས་བརྟུལ་ཞུགས་ཡི་དམ་དུ་བླངས་པ་འདིས་ཁྱད་པར་ཅུང་ཟད་ལྟ་ཐོབ་བམ། དེས་སྨྲས་པ། ཁྱད་པར་ཞེས་བྱ་བ་ཇི་ལྟ་བུ་ཡིན། རྫོགས་བྱེད་ཀྱིས་ སྨྲས་པ༑ ཁྱོད་ཀྱིས་ལྷའི་གཟུགས་ལྟ་བུ་ལྟ་མཐོང་ངམ། ལྷའི་སྒྲ་སྐད་ལྟ་ཐོས་སམ་དེས་སྨྲས་པ། བདག་གིས་ལྷའི་གཟུགས་ལྟ་བུ་ནི། མ་མཐོང་གི་སྐྱེ་བོ་མང་པོའི་སྒྲ་ སྐད་དག་ཐོས་ན། འོན་ཀྱང་མངོན་སུམ་དུ་དེ་མ་མཐོང་ངོ་།རྫོགས་བྱེད་ཀྱིས་སྨྲས་པ། དེ་དག་ནི། བདག་ཉིད་ཆེན་པོ་བརྟུལ་ཞུགས་གྲུབ་པ་ཡིན་ནོ། །དའང་ཡི་དམ་བཅས་ པ་འདི་ཉིད་ཡི་དམ་དུ་བགྱིས་ཏེ་འདུག་ཅིག་དང། ཅི་སྟེ་ན་དེ་དག་གིས་ལུས་སྟོན་ཀྱང་སྲིད་དོ། །ཞེས་བྱས་སོ། །དེ་ནས་ཕྱི་ཞིག་ན་ཡི་དྭགས་དེ་རྣམས་ཀྱིས་བསམ་པ་ ཇི་ལྟར་བདག་ཅག་མི་དགེ་བའི་ལས་ཀྱིས་འདིར་སྐྱེས་ཏེ་སྡུག་བསྔལ་འདི་ལྟ་བུ་ཉམས་སུ་མྱོང་པ་དེ་བཞིན་དུ། ཁྱེའུ་འྡིའང་སྔོན་གྱི་མི་དགེ་བའི་ལས་ཀྱིས་སྡུག་ བསྔལ་འདི་ལྟ་བུ་མྱོང་བ་ཡིན་ན། ཅིའི་ཕྱིར་བདག་ཅག་གིས་འདི་ལ་ལུས་བསྟན་པར་ཅིས་མི་བྱ་ཞེས་ཟེར་ནས་ཡི་དྭགས་དེ་རྣམས་ཀྱིས་ཁྱེའུ་དེ་ལ་ལུས་བསྟན་ཏེ། དེ་ ཡི་དྭགས་དེ་རྣམས་དང་ལྷན་ཅིག་ཏུ་འགྲོགས་སོ། །དེ་ནས་ཕྱི་ཞིག་ན་འོད་སྲུང་རྫོགས་བྱེད་ཀྱིས་ཡང་དེ་ལ་བརྟགས་ཏེ། བུ། ཁྱོད་ལ་བརྟུལ་ཞུགས་གྲུབ་པ་དེ་དག་ [367A]༄༅། །གིས་ལུས་ཅུང་ཟད་ཙམ་བསྟན་ཏམ། ངེས་སྨྲས་པ། ལུས་ནི་བསྟན་མོད་ཀྱི། མི་སྡུག་པའི་ཚུལ་དུ་བསྟན་ཏོ། །འོད་སྲུང་རྫོགས་བྱེད་ཀྱིས་སྨྲས་ པ༑ ང་དུང་ཡི་དམ་དུ་བཅས་པ་དེ་ཉིད་ཡི་དམ་དུ་བགྱིས་ཏེ་འདུག་ཅིག་དང། རང་བཞིན་གྱི་གཟུགས་སྟོན་པར་འགྱུར་ཡང་སྲིད་དོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་ ཤཱ་རིའི་བུས་བསམ་པ། ཡི་དྭགས་འདི་རྣམས་ལས་ཟད་དེ་རིང་པོ་མི་ཐོགས་པར་འཆི་བར་འགྱུར་གྱི། བདག་གིས་འདི་རྣམས་གདུལ་པར་བྱའོ་སྙམ་སྟེ་ཚེ་དང་ལྡན་ པ་ཤཱ་རིའི་བུ་ཡི་དྭགས་ལྔ་བརྒྱ་པོ་རྣམས་ཀྱི་ཐད་དུ་སོང་ནས་སྨྲས་པ། བཞིན་བཟང་དག་འདི་ལྟར་འདུ་བྱེད་ཐམས་ཅད་ནི། མི་རྟག་གོ་ཆོས་ཐམས་ཅད་ནི། བདག་ མེད་པའོ། །མྱ་ངན་ལས་འདས་པ་ནི། ཞི་བའོ། །ང་ལ་སེམས་དགའ་བར་གྱིས་ཤིག་དང། ཡི་དྭགས་ཀྱི་སྐྱེ་གནས་དང་བྲལ་བར་འགྱུར་ཡང་སྲིད་དོ། །ཞེས་བྱས་ ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སོང་ངོ། །ཡི་དྭགས་དེ་རྣམས་ཀྱང་ཚེ་ཟད་ནས་དེ་དག་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སེམས་དགའ་བར་གྱུར་བཞིན་དུ་ཤི་ནས་ལྷ་ཡུལ་ དུ་སྐྱེས་སོ། །ལྷའི་བུའམ་ལྷའི་བུ་མོ་སྐྱེས་མ་ཐག་པ་ལ་ནི་ཆོས་ཉིད་ཀྱིས་སེམས་རྣམ་པ་གསུམ་སྐྱེ་བར་འགྱུར་ཏེ། བདག་གང་ནས་ཤི་འཕོས། གང་དུ་སྐྱེས་ [367B] །དེ་ནས་ཡི་དྭགས་ལས་ཤི་འཕོས་པ་དང། ལྷར་སྐྱེས་པ་དང། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སེམས་དགའ་བར་གྱུར་པར་དེ་དག་གིས་ མཐོང་ངོ། །དེ་ནས་སྔོན་ཡི་དྭགས་སུ་གྱུར་པའི་ལྷའི་བུ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ཞག་ལོན་ནས་གཟོད་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོ་བ་ ནི༑ བདག་ཅག་གི་ཆ་མ་ཡིན་གྱི། བདག་ཅག་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ་སྙམ་མོ། །དེ་ནས་སྔོན་ཡི་དྭགས་སུ་གྱུར་པའི་ལྷའི་བུ་རྣ་ཆ་ གདུབ་ཀོར་དག་ཅིང་འགུལ་བར་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཅོད་པན་ཅན། ལུས་གུར་གུམ་དང་ཏ་ མ་ལའི་ལོ་མ་དང་སྤྲིག་ཀ་ལ་སོགས་པས་བྱུགས་པ་དེ་དག་གིས་དེ་ཉིད་ཀྱི་མཚན་མོ་ལྷའི་མེ་ཏོག་ཨུཏྤ་ལ་དང་པདྨ་དང་ཀུ་མུ་ད་དང་པདྨ་དཀར་པོ་དང་མནྡཱ་ར་བ་ རྣམས་ཀྱིས་ཐུ་བ་བཀང་སྟེ་བཅོམ་ལྡན་འདས་ཀྱི་ཐད་དུ་ལྷགས་ནས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་གིས་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་ ཆོས་བསྟན་ཏེ། དེ་དག་ཐམས་ཅད་ཀྱིས་བདེན་པ་རྣམས་མཐོང་ངོ་།དེ་དག་གིས་[?]བདེན་པ་མཐོང་ནས་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་སྟེ་རང་གི་གནས་སུ་དོང་ [368A]༄༅། །བ་ན་དེ་དག་གིས་ཁྱེའུ་ཝ་ཡིད་ལ་དྲན་ནས་དེ་དག་གིས་བསམ་པ། བདག་ཅག་ནི། འཕགས་པ་ཤཱ་རིའི་བུ་ལ་བརྟེན་ཏེ་ཡི་དྭགས་ཀྱི་སྐྱེ་གནས་དང་ བྲལ་ནས་ལྷར་སྐྱེས་ཀྱི། བདག་ཅག་དོང་སྟེ་ཝའི་དོན་བྱའོ། །འོན་ཀྱང་དེའང་བཅོམ་ལྡན་འདས་ཀྱི་ཐང་དུ་སོང་ནས་བཅོམ་ལྡན་འདས་ལ་བརྟེན་ཏེ་སྡུག་བསྔལ་དེ་ལས་ཐར་ བར་འགྱུར་ཡང་སྲིད་དོ་སྙམ་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་མི་སྣང་བར་གྱུར་ཏེ་མཉན་དུ་ཡོད་པའི་ཕྱོགས་གང་ན་ཝ་འདུག་བའི་ཕྱོགས་དེའི་སྟེང་གི་བར་སྣང་ལ་ལྷའི་ གཞལ་མེད་ཁང་དང་བཅས་པར་འཁོད་དེ་མཉན་དུ་ཡོད་པ་ཐོག་ཐག་སྣང་བ་ཆེན་པོས་ཁྱབ་པར་བྱས་སོ། །དེ་ནས་ཝས་ལྷ་ལྔ་བརྒྱ་པོ་དེ་དག་མཐོང་ངོ། །མཐོང་ནས་ཀྱང་ཁྱེད་ སུ་དག་ཅི་བྱེད་ཅེས་བྱས་སོ། །དེ་དག་གིས་སྨྲས་པ། བདག་ཅག་ནི་སྔོན་ཁྱོད་ཀྱི་གྲོགས་པོ་དེ་དག་ཡིན་ནོ། །ཁྱེའུ་སྨྲས་པ། སྔོན་ནི། ངས་ཁྱེད་རྣམས་ཚུལ་དེ་ལྟ་མ་ཡིན་ པར་མཐོང་ལ། ད་ནི། ཚུལ་དེ་ལྟ་ཡིན་པར་མཐོང་ངོ། །ཞེས་བྱས་སོ། །དེ་དག་གིས་སྨྲས་པ། བདག་ཅག་ནི། གནས་འདི་ནས་ཤི་འཕོས་ཏེ་ལྷའི་ནང་དུ་སྐྱེས་སོ། །ཝས་སྨྲས་ པ༑ ཁྱེད་བརྟུལ་ཞུགས་ཡི་དམ་དུ་བླངས་པ་དེ་ཁོ་ནས་ལྷའི་ནང་དུ་སྐྱེས་སམ། དེ་དག་གིས་སྨྲས་པ། བརྟུལ་ཞུགས་ཡི་དམ་དུ་བླངས་པ་དེས་སྐྱེས་པ་མ་ཡིན་གྱི། སྔོན་ [368B] ངེད་ཀྱིས་འཕགས་པ་ཤཱ་རིའི་བུ་ལ་བརྟེན་ནས་ཡི་དྭགས་ཀྱི་སྐྱེ་གནས་དང་བྲལ་ཏེ་ལྷའི་སྐྱེ་གནས་ཐོབ་པར་གྱུར་ཏོ། །ཁྱོད་ ཀྱང་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ཞིག་དང་ཁྱོད་ཀྱང་སྡུག་བསྔལ་འདི་ལས་ཐར་བར་འགྱུར་ཡང་སྲིད་དོ་།ཞེས་བྱས་ནས་ལྷ་དེ་དག་དེ་ཉིད་དུ་མི་སྣང་བར་གྱུར་ ཏོ༑ ༑འོད་སྲུང་རྫོགས་བྱེད་ཀྱིས་ཀྱང་ལྷ་ལྔ་བརྒྱ་པོ་དེ་དག་ཝའི་ཐད་དུ་སོང་བ་མཐོང་ནས་གཞན་དག་ལ་བསྙད་དེ། འདི་ལྟར་འདི་ལ་ལྷ་རྣམས་ཀྱང་ལུས་སྟོན་པར་བྱེད་ཅིང་འོང་བ་ ལས་ན༑ བདག་ཉིད་ཆེན་པོ་འདིས་ནི། བརྟུལ་ཞུགས་གྲུབ་པར་གྱུར་ཏོ་།ཞེས་ཟེར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་སེམས་ཅན་མང་པོ་དག་གིས་ཕྱིས་བཟའ་བར་ཡི་དམ་བླངས་སོ། ། ཁྱེའུ་ཝས་ནི། ལྷ་རྣམས་ཀྱི་ཚིག་ཐོས་ནས་བསམ་པ། བདག་སོང་ལ་སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱའོ། །འོན་ཀྱང་བདག་གི་ལུས་འདི་ཁོ་ན་ལྟར་ཕྱི་སས་ཡོག་ བཞིན་དུ་བཅོམ་ལྡན་འདས་ལ་བལྟར་འགྲོ་བ་ནི། མི་ཕོད་དོ་སྙམ་སྟེ་ཆུ་ཀླུང་ཁང་ལྡན་གྱི་འགྲམ་དུ་སོང་ནས་ལུས་ཐམས་ཅད་སས་དྲུད་དེ་ཁྲུས་བྱས་ནས་བཅོམ་ལྡན་འདས་ག་ལ་བ་ དེར་སོང་ངོ། །དེ་ནས་ཁྱེའུ་ཝས་སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་ [369A]༄༅། །སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་བ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྦྲས་པ་ལྟ་ བུ༑ བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་ བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི། ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་ གོམས་པར་བྱས་པ་ལའང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཆོས་མཉན་པའི་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང་ རང་བཞིན་དང། ཤེས་པ་ཐུགས་སུ་ཆུད་ནས་དེ་དང་མཐུན་བའི་ཆོས་བསྟན་ཏེ། དེས་ན་ཁྱེའུ་ཝས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་བ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ [369B]སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལེགས་པར་གསུངས་པའི་ ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོའི་ཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་ འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ་དེས་ཀྱང་ བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་ དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་ སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་ པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། ཝས་ལས་ [370A]༄༅། །ཅི་བགྱིས་ཤིང་བསགས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ་བཙས་མ་ཐག་ཏུ་ལུས་ ཐམས་ཅད་ནས་ཕྱི་སའི་དྲི་འབྱུང་བ་དང། ཕྱི་ས་འཚལ་བ་དང། ཕྱི་སའི་འདམ་དུ་གནས་པར་གྱུར་ལགས། ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་འདིས་ བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་ པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་དེ་ལྟ་བུ་བྱས་ཤིང་བསགས་ཏེ། དགེ་སློང་དག་ སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་ གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ༑ ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་ འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་ཁྱིམ་བདག་བྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ [370B] རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་ལས། ཕྱི་ཞིག་ན་དེ་སངས་རྒྱས་ལ་དགའ་བ་དང། ཆོས་ལ་དགའ་བ་དང། དགེ་འདུན་ལ་དགའ་བར་ གྱུར་ནས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་ཏེ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ནས་དེས་བསམ་པ་བདག་ལ་བུ་ཡང་མེད། བུ་མོའང་མེད་ པས་ཤི་སྟེ་དུས་ལས་འདས་པའི་འོག་ཏུ་བདག་ལ་ཅི་བདོག་པ་ཐམས་ཅད་རྒྱལ་པོ་དབང་བྱེད་པར་གྱུར་ན། མ་ལ་བདག་གིས་སངས་རྒྱས་དང་ཆོས་དང། དགེ་འདུན་ལ་བཀུར་ སྟི་བྱའོ་སྙམ་སྟེ་དེས་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་གཙུག་ལག་ཁང་བརྩིགས་ནས་ཡོ་བྱད་ཐམས་ཅད་སྦྱར་ཏེ། དགེ་སློང་རྣམས་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་ བཀུར་བྱས་ནས་དེར་དགེ་སློང་ཞལ་ཏ་པ་ལ་བསྐོས་སོ། །དེ་ནས་ཕྱི་ཞིག་ན་ཞལ་ཏ་པ་དེ་ལྗོངས་སུ་བྱ་བ་ཞིག་ཡོད་དེ། ཁྱིམ་བདག་དེ་ལ་བཟླུགས་ནས་སོང་ངོ། །དེ་དེར་སོང་བའི་ འོག་ཏུ་དགྲ་བཅོམ་པ་ཞིག་ལྗོངས་རྒྱུ་ཞིང་སོང་སོང་བ་ལས་གཙུག་ལག་ཁང་དེར་ཕྱིན་ཏེ་ཁྱིམ་བདག་དེས་དེ་མཛེས་ཤིང་གཡོག་འཁོར་མཛེས་པ་མཐོང་ནས་མཐོང་མ་ཐག་ཏུ་ ཁྱིམ་བདག་དེ་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏེ། དགའ་བར་གྱུར་ནས་དེས་བསམ་པ། གལ་ཏེ་བདག་གིས་འདི་གཅིག་པུ་སྤྱན་དྲངས་ན་ནི་གནང་བར་མི་འགྱུར་ན། མ་ལ་ [371A]༄༅། །བདག་གིས་དེ་ཁོ་ནའི་ཕྱིར་དགེ་སློང་གི་དགེ་འདུན་ཁྱིམ་དུ་སྦྱན་དྲངས་ལ་བཤོས་གསོལ་ལོ་སྙམ་ནས་དེའི་རྐང་པ་ལ་ཕྱག་བཙལ་ཏེ་སྨྲས་པ། འཕགས་ པ༑ ཁྱོད་དགེ་སློང་གི་དགེ་འདུན་དང་བཅས་པ་སང་བདག་གི་ཁྱིམ་དུ་བཤོས་གསོལ་བར་ཅི་གནང་ཞེས་བྱས་སོ། །དེ་ནས་དགྲ་བཅོམ་པ་དེས་བསམ་པ། གལ་ཏེ་བདག་གིས་ ཁས་མ་བླངས་ན་ནི། དགེ་སློང་འདི་རྣམས་ཀྱི་རྙེད་པའི་བར་ཆད་དུའང་འགྱུར་ལ། སྦྱིན་བདག་འདིའི་བསོད་ནམས་ཀྱི་བར་ཆད་དུའང་འགྱུར་རོ་སྙམ་ནས་དེས་དེ་ལ་ཅང་མི་ གསུང་བས་གནང་ངོ། །དེ་ནས་ཁྱིམ་བདག་དེས་ཕྱི་དེ་ཉིན་དགེ་སློང་གི་དགེ་འདུན་གྱི་ཕྱིར་ཁྱིམ་དུ་ཆོ་ག་དང་ལྡན་པའི་ཁྲུས་དང། མལ་ཆ་དང། སྟན་བཤམས་ཏེ་ཆུ་ར་ བཅས་ནས་དགེ་སློང་རྣམས་ལ་སྤྱན་འདྲེན་བཏང་སྟེ། འཕགས་པ་རྣམས་གདུགས་ཚོད་དང། ཆོ་ག་དང་ལྡན་པའི་ཁྲུས་ལ་བབ་ན་འཕགས་པ་རྣམས་ཀྱིས་ད་དེའི་དུས་ལ་ བབ་པར་མཁྱེན་པར་མཛད་དུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་དགེ་སློང་རྣམས་དེའི་ཁྱིམ་དུ་ལྷགས་ནས་ཁྱིམ་བདག་དེས་འབྲེག་མཁན་བཀུག་སྟེ་དགེ་སློང་ཐམས་ཅད་ ཀྱི་སྐྲ་འབྲེག་ཏུ་བཅུག་ནས་ཆོ་ག་དང་ལྡན་པའི་ཁྲུས་ཀྱིས་ཁྲུས་བྱེད་དུ་བཅུག་སྟེ་ཆང་གི་ལག་ནས་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་སོ།། [371B]ལག་ཁང་དེར་ཕྱིར་འོངས་སོ། །དེ་ཕྱིར་འོངས་ནས་དེ་དགེ་སློང་དེ་དག་མི་སྣང་ན་གར་དོང་ཞེས་དྲིས་པ་དང། དེ་ དག་གིས་སྨྲས་པ། ཁྱིམ་བདག་གིས་ཁྱིམ་དུ་སྤྱན་དྲངས་སོ། །དེས་སྨྲས་པ། སུའི་ཕྱིར་སྤྱན་དྲངས། དེ་དག་གིས་སྨྲས་པ། དགེ་སློང་ཞིག་གསར་དུ་འོངས་བའི་ཕྱིར་སྤྱན་དྲངས་ སོ༑ ༑དེ་ནས་དེ་ཐོས་མ་ཐག་ཏུ་དེ་ཤས་ཆེར་མི་དགའ་བར་གྱུར་ཏེ་དེའི་བྱ་བ་ཐམས་ཅད་བྱེད་པ་ནི། ང་ཡིན་ན། དགེ་སློང་གསར་དུ་འོངས་པ་ཞིག་གི་ཕྱིར་དེས་དགེ་སློང་གི་དགེ་ འདུན་སྤྱན་དྲངས་སོ་སྙམ་དུ་རིག་ནས་ཁྲོས་ཏེ་ཁྱིམ་བདག་དེའི་ཁྱིམ་དུ་སོང་ངོ། །དེ་དེར་སོང་ནས་བལྟས་ན། ཁྱིམ་བདག་དེ་རང་ཉིད་དགྲ་བཅོམ་པ་དེ་ལ་གུས་པར་བསྙེན་བཀུར་ བྱེད་པ་མཐོང་ངོ། །དེ་ནས་དེ་ལྷག་པར་ཕྲག་དོག་གི་ཕྱིར་ཁྲོས་སོ། །དེས་དགེ་སློང་རྣམས་བཤོས་གསོལ་ནས་གཙུག་ལག་ཁང་དུ་དོང་བ་དེའི་ཚེ་དགྲ་བཅོམ་པ་དེའི་ཐད་དུ་སོང་ ནས་སྨྲས་པ། བཙུན་པ། ཁྱོད་ཀྱིས་ཁྱིམ་བདག་འདི་ལྟར་བྱེད་པ་འདི་སུ་ཡིན་ཤེས་སམ། དགྲ་བཅོམ་པས་སྨྲས་པ། ངས་ཤེས་ཏེ། ཕྱིར་མི་འོང་བ་ཡིན་ནོ། །ཞལ་ཏ་བྱེད་ པས་སྨྲས་པ། གལ་ཏེ་དེ་ལྟར་ན། ཁྱོད་ཀྱིས་དེ་ལས་སྐྲ་བྲེགས་པ་ཉམས་སུ་བླངས་པ་བས་ནི། ཁྱོད་ཀྱི་སྐྲ་བཏོགས་ཀྱང་སླའོ་།ཁྱོད་ཀྱིས་དེ་ལས་ཁྲུས་ཀྱི་ཡོ་བྱད་བླངས་པ་ [372A]༄༅། །བས་ནི༑ ཁྱོད་ཕྱི་སའི་འདམ་དུ་བྱིང་ཡང་སླའོ་།ཁྱོད་ཀྱིས་དེ་ལས་ཟས་སྐོམ་བླངས་བ་བས་ནི། ཁྱོད་ཀྱིས་ཕྱི་ས་དང་གཅིན་ཟོས་ཤིང་འཐུངས་ཀྱང་ སླའོ༑ ༑ཞེས་བྱས་སོ། །དེ་ནས་དགྲ་བཅོམ་པ་དེས་བསམ་པ། ཉོན་མོངས་པ་འདི་ནི། དམས་ཤིང་ཉམས་པར་གྱུར་ཏེ། གཏན་དུ་ཉམས་པར་གྱུར་ན་མི་རུང་གི་འདིའི་ ར་མདའ་བྱ་དགོས་སོ་སྙམ་ནས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཀྱིས་བསུ་ཡིན་པ་དང། ཁྱེད་བདག་སུ་ཡིན་པ་ཤེས་སམ། དེས་སྨྲས་པ། བདག་གིས་ཤེས་ཏེ། ཁྱོད་ ཀྱང་རབ་ཏུ་བྱུང་བ་ཡིན། ངའང་རབ་ཏུ་བྱུང་བ་ཡིན་ནོ། །དགྲ་བཅོམ་པས་སྨྲས་པ། འུ་བུ་ཅག་རབ་ཏུ་བྱུང་བར་འདྲ་མོད་ཀྱིས་ཁྱོད་ནི། སོ་སོའི་སྐྱེ་བོ་བཅིང་བ་ཐམས་ཅད་ཀྱིས་ བཅིངས་པ་ཡིན་ཏེ། ང་ནི། དགྲ་བཅོམ་པ་བཅིང་བ་ཐམས་ཅད་ལས་གྲོལ་བ་ཡིན་ནོ། །ཁྱོད་ཀྱིས་ངག་རྩུབ་པོ་སྨྲས་ཀྱི། ཉེར་བ་ལ་ཉས་སོ། །ཞེས་བཤགས་པར་གྱིས་ཤིག་ ཁྱོད་འཁོར་བ་ན་འཁོར་ཞིང་སྡུག་བསྔལ་ཆེན་པོ་རྙེད་ཏ་རེ། དེ་ནས་དེ་ཐོས་མ་ཐག་ཏུ་དགེ་སློང་དེ་འགྱོད་པ་ཆེན་པོ་སྐྱེས་སོ་།དེ་འགྱོད་པ་སྐྱེས་ནས་དགྲ་བཅོམ་པ་དེའི་རྐང་པ་ལ་ ཕྱག་བཙལ་ཏེ་བཟོད་པར་གསོལ་ཏོ། །དེ་ནས་དེས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། ཀྱེ་མ་འདི་ལྟར་བདག་གིས་དགྲ་བཅོམ་པ་དེ་ལ་ [372B]།ཕྱིས་བདག་གིས་ཆོས་བཞིན་དུ་དགེ་འདུན་གྱི་ཞལ་ཏ་བྱས་པ་དང་ཚེ་གཅིག་ཏུ་ཚངས་པར་སྤྱད་པའི་དགེ་བའི་ རྩ་བ་འདིས་ན། བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག་།ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་ བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ་།དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་ སློང་ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི། ཝ་འདི་ཁོ་ན་ཡིན་ཏེ། དེས་དེར་དགྲ་བཅོམ་པ་དེ་ལ་ཚིག་རྩུབ་པོ་སྨྲས་ཏེ། ཁྱོད་ཀྱིས་དེ་ལས་སྐྲ་བྲེགས་པ་ཉམས་སུ་བླངས་པ་བས་ ནི༑ ཁྱོད་ཀྱི་སྐྲ་བཏོགས་ཀྱང་སླའོ། །ཞེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེར་སྐྲ་བཏོགས་པར་གྱུར་ཏོ། །དེས་དེར་ཁྱོད་ཀྱིས་དེ་ལ་ཁྲུས་ ཀྱི་ཡེ་བྱད་བླངས་པ་བས་ནི། ཁྱོད་ཕྱི་སའི་འདམ་དུ་བྱིང་ཡང་སླའོ།། ཞེས་བྱས་བའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་ཏྒང་དུ་སྐྱེས་པ་དེ་དང་དེར་ཕྱི་སའི་འདམ་དུ་གནས་ [373A]༄༅། །པར་གྱུར་ཏོ། །དེས་དེར་དགྲ་བཅོམ་པ་དེ་ལ་ཁྱོད་ཀྱིས་དེ་ལས་ཟས་དང་སྐོམ་བླངས་པ་བས་ནི། ཁྱོད་ཀྱིས་ཕྱིས་དང་གཅིན་ཟོས་ཤིང་འཐུངས་ཀྱང་སླའོ། །ཞེས་ བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེར་ལས་ལས་ཕྱི་སའི་དྲི་འབྱུང་བ་དང་ཕྱིས་ཟ་བར་གྱུར་ཏོ། །དེས་དེར་ཆོས་བཞིན་དུ་ཞལ་ཏ་བྱས་ པ་དང། ཚེ་གཅིག་ཏུ་ཚངས་པར་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་ བར་གྱུར་ཅིག་ཅེས་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དགེ་སློང་ དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང་ཐབས་མཉམ་པ་བརྙེས་པར་གྱུར་ ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་ བྱས་སོ༑ ༑དགེ་སློང་རྣམས་ཀྱིས་གསོལ་པ། བཙུན་པ། ཡི་དྭགས་ལྔ་བརྒྱ་པོ་དེ་དག་གིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཡི་དྭགས་སུ་སྐྱེས་པར་གྱུར་ [373B] ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ལྷར་སྐྱེས་ནས་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་དག་ཉིད་ཀྱིས་ལས་དེ་ལྟ་བུ་བྱས་ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་འདི་དག་ཐམས་ཅད་དགེ་ བསྙེན་དུ་གྱུར་ནས་དེ་དག་གི་ཐད་དུ་དགེ་སློང་རྣམས་འགྲོ་ཞིང་གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་ཡང་དང་ཡང་དུ་སློང་ནས་དེ་དག་སེར་སྣའི་དབང་ དུ་གྱུར་ཏེ། དགེ་སློང་དེ་དག་ལ་འོད་སྲུང་གི་དགེ་སྦྱོང་འདི་དག་ནི། ཡི་དྭགས་བཞིན་དུ་ཁོར་ཟུག་ཏུ་གཞན་ལ་རེ་བ་ལྷུར་བྱེད་ཅིང་རྒྱུའོ། །ཞེས་དེ་ལྟ་བུའི་ཚིག་རྩུབ་པོ་སྨྲས་སོ། །དགེ་ སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་བསྙེན་ལྔ་བརྒྱར་གྱུར་པ་གང་ཡིན་པ་དེ་དག་ནི། ཡི་དྭགས་ལྔ་བརྒྱ་པོ་དེ་དག་ཁོ་ན་ཡིན་ཏེ། དེ་དག་གིས་དེར་དགེ་སློང་དེ་དག་ལ་ཚིག་ [374A]༄༅། །རྩུབ་པོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས་ནི། ཚེ་རབས་ལྔ་བརྒྱར་ཡི་དྭགས་སུ་སྐྱེས་སོ། །དེ་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ སྲུང་གི་གསུང་རབ་ལ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བསྲུངས་ཏེ་དབང་པོ་ཡོངས་སུ་སྨིན་པར་བྱས་པ་དེས་ནི། ད་ལྟར་རྣམ་པར་གྲོལ་བར་གྱུར་ཏེ།། །། ལས་བརྒྱ་ཐམ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་ལྔ་པ་རྫོགས་སོ།། །།སྡོམ་ནི། བྱ་གཉིས་དང་ནི་ལུས་འཕགས་དང། །སྟོན་པ་འོད་སྲུང་ཀུན་དགའ་བོ། །འཛིན་ བྱེད་བུ་དང་རབ་བཟང་དང། །ཡོན་རབས་དང་ནི་རྒན་ཞུགས་གཉིས་།བྱ་གཉིས་ཞེས་བྱ་བ་ལ། བྱ་དང་པོ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་ འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ཏེ་དེ་ན་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཤིང་ཆོས་སྟོན་པའི་སྐབས་སུ་རི་སྤོས་ཀྱི་ ངད་ལྡན་ནས་རྨ་བྱ་བལྟ་ན་སྡུག་ཅེས་བྱ་བ་ཞིག་འོངས་ནས་རྒྱལ་བུ་རྒྱལ་བྱེད་ཚལ་གྱི་སྟེང་གི་བར་སྣང་ལ་ལྡིང་བ་ལས་བྱ་དེས་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་ གུང་ལ་བཞུགས་ཤིང་ཆོས་སྟོན་པ་ཐོས་སོ། །ཐོས་ནས་ཀྱང་ས་ལ་བབས་ནས་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་ [374B] འདུ་བྱེད་ཐམས་ཅད་ནི། མི་རྟག་གོ་ཆོས་ཐམས་ཅད་ནི། བདག་མེད་དོ། །མྱ་ངན་ལས་འདས་པ་ནི། ཞི་བའོ་།ང་ལ་སེམས་དགའ་བར་གྱིས་ཤིག་དང་ དུད་འགྲོའི་སྐྱེ་གནས་དང་བྲལ་བར་འགྱུར་ཡང་སྲིད་དོ། །ཞེས་དེ་སྐད་ཅེས་བཀའ་སྩལ་ནས་བྱ་དེ་དགའ་བར་གྱུར་ཏེ་ཡུན་རིང་དུ་ཞལ་དུ་བརྟགས་ནས་སོང་བའི་འོག་ཏུ་དེ་སྟེང་གི་ ནམ་མཁའ་ལ་འགྲོ་བ་ལས་ཁྲས་བསད་དེ། དེ་བཅོམ་ལྡན་འདས་ལ་སེམས་དགའ་བཞིན་དུ་ཤི་འཕོས་ཏེ་དུས་ལས་འདས་ནས་རྒྱལ་པོའི་ཁབ་དེ་ཉིད་དུ་ཚོང་དཔོན་ཞིག་གི་ ཁྱིམ་དུ་ཉིད་མཚམས་སྦྱར་ཏེ། དེ་ཟླ་བ་དྒུའམ་བཅུ་ལེན་པ་དང་བུ་བྱུང་ནས་ཁྱེའུ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་མཐུན་པར་མིང་བཏགས་ཏེ་ འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་ཤོད་དགོད་པ་དང་ལག་རྩིས་དང་དབྱུང་བ་ དང་སྦ་བ་དང་འགམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་སྤོས་བརྟག་པ་དང་སྨན་བརྟག་པ་དང་གླང་པོ་ཆེ་བརྟག་པ་དང་རྟ་བརྟག་པ་དང་ གོ་མཚན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་བ་དང་ཡིད་གཞུངས་པ་དང་བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་ [375A]༄༅། །གྱུར་ཏོ༑ ༑དེ་ནས་ཕྱི་ཞིག་ན་དེ་སངས་རྒྱས་ལ་དགའ་བ་དང་ཆོས་ལ་དགའ་བ་དང་དགེ་འདུན་ལ་དགའ་བར་གྱུར་ནས་དེ་ཕ་མ་ལ་གསོལ་ཏེ་བཅོམ་ ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ། །དེ་རབ་ཏུ་བྱུང་ནས་ན་ཚོད་ཀྱིས་ལོ་བདུན་ལོན་པ་ཁོ་ན་ན་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་ དུ་བྱས་ནས་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏོ། །དེ་ནས་དེ་རྫུ་འཕྲུལ་གྱིས་འགྲོ་ཞིང་གནས་གཞན་དང་གཞན་དག་ཏུ་སོང་ནས་ལོ་མའི་ནང་དུ་མེ་ཏོག་དང་འབྲས་བུ་རྣམས་ བཅུག་སྟེ་ཁྱེར་ཏེ་འོང་ཞིང་དགེ་འདུན་ལ་འབུལ་བར་བྱེད་དོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་མཐོང་ནས་ངོ་མཚར་དུ་གྱུར་ཏེ་དེ་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་ བཙུན་པ། དགེ་ཚུལ་འདི་ལོ་བདུན་ནས་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས། དེ་ནས་བཅོམ་ལྡན་ འདས་ཀྱིས་དེ་དག་ཉིད་སྐྱོ་བ་བསྐྱེད་པའི་ཕྱིར་བཀའ་སྩལ་པ་ཁྱེད་ཀྱིས་ཆེ་གེ་མོ་ཞིག་གི་ཚེ་བྱ་ཞིག་ནམ་མཁའ་ལས་བབས་ནས་ངའི་མདུན་དུ་འདུག་པ་མཐོང་ངམ་ གསོལ་པ། བཙུན་པ་བཅོམ་ལྡན་འདས། མཐོང་ལགས་སོ། །བཀའ་སྩལ་པ་དགེ་སློང་དག་བྱ་དང་ལ་སེམས་དགའ་བར་གྱུར་ནས་སོང་བ་ལས་ཁྲས་བས་ད་དེ། དེ་ང་ལ་ [375B]དུ་ཚོང་དཔོན་གྱི་རིགས་སུ་སྐྱེས་ནས་ཆེར་སྐྱེས་པ་དང། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ། །དེ་རབ་ཏུ་བྱུང་ནས་ན་ ཚོད་ཀྱིས་ལོ་བདུན་ལོན་པ་ཁོ་ན་ན་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ ཞུས་པ༑ བཙུན་པ། དགེ་ཚུལ་འདིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་བྱར་སྐྱེས་ལགས། ལས་ཅི་བགྱིས་ན། དེ་ལས་ཤི་འཕོས་ནས་མིར་སྐྱེས་ལ་བཅོམ་ལྡན་ འདས་ཀྱང་འདིས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ཡུལ་ཀཱ་ཤིའི་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་ནི། རྒྱལ་པོ་ཚངས་ པས་བྱིན་རྒྱལ་པོ་བྱེད་དོ། །ཡུལ་ལུས་འཕགས་ན་ནི། ལུས་འཕགས་ཀྱི་རྒྱལ་པོ་བི་དེ་ཧ་རྒྱལ་པོ་བྱེད་དོ། །དེ་གཉིས་ཕན་ཚུན་མི་མཐུན་ནས་སྐྱེ་བོ་ཕལ་པོ་ཆེ་ཁ་འདོག་པར་བྱེད་དོ། ། དེ་ནས་ཕྱི་ཞིག་ན་ལུས་འཕགས་ཀྱི་རྒྱལ་པོས་དབུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་གཡུལ་འགྱེད་པའི་ཕྱིར་རྒྱལ་པོ་ཚངས་པས་བྱིན་གྱི་ཐོག་ཏུ་དྲངས་སོ། །ཀཱ་ཤིའི་རྒྱལ་ [376A]༄༅། །པོ་ཚངས་པས་བྱིན་གྱིས་ཀྱང་བི་དེ་ཧའི་རྒྱལ་པོས་དབུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་གཡུལ་འགྱེད་པའི་ཕྱིར་བདག་གི་ཐོག་ཏུ་དྲངས་སོ། ། ཞེས་ཐོས་སོ། །ཐོས་ནས་དེས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་གཡུལ་འགྱེད་པའི་ཕྱིར་པི་དེ་ཧའི་རྒྱལ་པོའི་ཐོག་ཏུ་དྲངས་པ་ལས། བི་དེ་ཧའི་རྒྱལ་པོས་ དེ་ཐུབ་ཅིང་བརྡུངས་པར་བྱས་ཏེ་ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས་རྒྱལ་པོ་གཅིག་པུ་ཐར་ཏེ་བྲོས་ནས་ནགས་ཁྲོད་ཅིག་ཏུ་ཞུགས་ཏེ། དེ་ལུས་ངལ་བ་དང་ ལུས་སྡུག་བསྔལ་བ་ལ་ལུས་ཤིག་ཤིག་པོར་གྱུར་ནས་རྟ་ལས་བབས་ཏེ་དགྲ་ཞུ་དང་འཐབ་བེར་ཕུང་དེ་ས་ལ་བཏིང་བའི་སྟེང་དུ་འདུག་གོ་ས་ཕྱོགས་དེ་ནས་ཐག་མི་རིང་བ་ ཞིག་ན་ནི། རྨ་བྱ་ཞིག་རྨ་བྱ་མོ་དག་གིས་བསྐོར་ཏེ་རྩེ་ཞིང་དགའ་ལ་དགའ་མགུར་སྦྱོད་དེ། དེ་དེས་མཐོང་ནས་དེ་ལ་སྨོན་པར་གྱུར་ཏེ། འདི་ནི། འདོད་པའང་སྤྱོད་ལ། འདི་ལ་ གནོད་པ་བྱེད་པ་ཡང་ཅིའང་མེད་པས་ན། སྐྱེ་གནས་འདི་ནི། བཟང་པོ་ཞིག་གོ་སྙམ་མོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་མི་བཞུགས་པའི་ཚེ་ན་རང་སངས་རྒྱས་རྣམས་ འཇིག་རྟེན་དུ་འབྱུང་སྟེ། རང་སངས་རྒྱས་ཤིག་རྒྱལ་པོ་དེའི་ཐད་ནས་རྒྱང་མི་རིང་བ་ཞིག་ན་ཤིང་བཞིག་གི་དྲུང་ན་རྟེན་ཅིང་འདུག་ནས་རང་སངས་རྒྱས་དེས་དེ་དྲང་བའི་ཕྱིར་ལུད་པ་ [376B] །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་འཇིགས་ཤིང་སྐྲག་སྟེ་ལངས་ནས་འདིར་ཡང་ཕ་རོལ་གྱི་དམག་ཚོགས་མ་འོངས་གྲང་སྙམ་པ་ལས། རྒྱལ་པོ་དེས་ ཤིང་ཞིག་གི་དྲུང་ན་རང་སངས་རྒྱས་རྟེན་ཅིང་འདུག་པ་མཐོང་ངོ། །མཐོང་ནས་ཀྱང་དེ་ལ་སེམས་དགའ་བར་གྱུར་ཏེ། འདི་དེ་ལྟར་མི་མེད་པའི་ནགས་ཁྲོད་དུ་དགའ་བ་ལས་ན། འདི་ ནི༑ བདག་ཉིད་ཆེན་པོ་ཞིག་ཡིན་གོར་མ་ཆག་སྙམ་མོ། །སྔོན་གྱི་རྒྱལ་རིགས་ཀྱི་རྒྱལ་པོ་རྣམས་ཀྱི་ལུགས་ཀྱིས་ན། གང་གི་ཚེ་གཡུལ་འགྱེད་དུ་འྒྲོའམ། རི་དྭགས་འཚོར་དུ་འགྲོ་ བ་དེའི་ཚེ་རྟའི་འཕོངས་ལ་ཁ་ཟས་ཅུང་ཟད་ཙམ་བཏགས་ཏེ་འགྲོའོ། །རྒྱལ་པོ་དེའི་རྟའི་འཕོངས་ལའང་ཁ་ཟས་ཅུང་ཟད་ཙམ་བཏགས་པ་ཡོད་དེ། ངེས་རང་སངས་རྒྱས་དེ་ལ་བཤོས་ གསོལ་ཏོ། །རང་སངས་རྒྱས་དེས་ཀྱང་རྒྱལ་པོ་དེ་སྟེང་གི་ནམ་མཁའ་ལ་ཁྱེར་ནས་འཇིགས་པ་མེད་པའི་གནས་སུ་བཞག་གོ་དེ་ནས་རྒྱལ་པོ་དེས་སྨོན་ལམ་བཏབ་པ། དགེ་བའི་རྩ་ བ་འདིས་ན་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་རྨ་བྱར་སྐྱེ་བར་གྱུར་ཅིག་འདི་བྲས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག་མི་ མཉེས་པར་བྱེད་པར་མ་གྱུར་ཅིག་ཡོན་ཏན་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་ [377A]༄༅། །མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོ་ཚངས་པས་བྱིན་དུ་གྱུར་པ་གང་ཡིན་པ་དེ་ནི། བྱ་དེ་ ཁོ་ན་ཡིན་ཏེ། དེས་དེར་རང་སངས་རྒྱས་ལ་བཤོས་གསོལ་ནས་སྨོན་ལམ་བཏབ་པ་དེས་ན། ད་ལྟར་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ།། །། བྱ་གཉིས་པ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་རི་སྤོས་ཀྱི་ངད་ལྡང་ལ་བྱ་ཀུ་མུ་ཏའི་དུས་སྟོན་སྣ་ཚོགས་ཅན་ཞེས་བྱ་བ་ནད་པ་རིང་པོར་མི་ཐོགས་པར་ འཆི་བར་འགྱུར་བ་ཞིག་འདུག་གོ་སངས་རྒྱས་བཅོམ་ལྡན་འདས་བགྲོད་པ་གཅིག་པུའི་ལམ་སྟོན་པ། རྣམ་པ་གཉིས་ཀྱི་ཤེས་བྱ་དང་ཡེ་ཤེས་ལ་མངའ་བརྙེས་པ། མ་ འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ལ་མཁས་པ། མི་འཇིགས་པ་བཞིས་མི་འཇིགས་པ། འགྲོ་བ་ལྔར་འགྲོ་བ་ལས་རྣམ་པར་གྲོལ་བ་སྐྱེ་མཆེད་དྲུག་ལ་ མཁས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་ཡུལ་བ། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ སྙོམས་པར་འཇུག་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཡང་དག་པའི་སེངྒེའི་སྒྲ་ཆེན་པོ་སྒྲོག་པ་རྣམས་ནི། ཆོས་ཉིད་ཀྱིས་ཉིན་དུས་གསུམ། མཚན་དུས་གསུམ་ [377B]རྟེན་ལ་གཟིགས་ཏེ། སུ་ནི། རྒུད། སུ་ནི། དར། སུ་ནི། ཕོངས་ཤིང་འདུག་སུ་ནི། ཉམ་ང་བར་གྱུར། སུ་ནི། གནོད་པ་དང་ ལྡན༑ སུ་ནི། ཕོངས་པ་དང་ཉམ་ང་བ་དང་གནོད་པ་དང་ལྡན་སུ་ནི། ངན་སོང་དུ་གཞོལ། སུ་ནི། ངན་སོང་དུ་འབབ། སུ་ནི། ངན་སོང་དུ་བབ། སུ་ནི། ངས་ངན་སོང་ནས་ཕྱུང་སྟེ་ མཐོ་རིས་དང་ཐར་བ་དང་འབྲས་བུ་ལ་གཞག་པར་བྱ། སུ་ནི། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་ལག་ནས་དྲང་བར་བྱ། སུ་ནི་འཕགས་པའི་ནོར་བདུན་མེད་པ་ ལས་འཕགས་པའི་ནོར་བདུན་གྱི་དབང་ཕྱུག་ལ་དབང་བྱེད་དུ་གཞུག་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་མ་བསྐྱེད་པ་ལས་བསྐྱེད་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ བསྐྱེད་ཟིན་པ་ལས་ཡོངས་སུ་སྨིན་པར་བྱ། སུ་ནི། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་ཟིན་པ་ལས་ཡེ་ཤེས་ཀྱི་མཚོན་གྱིས་བརྟོལ་བར་བྱ། སུ་ལ་ནི། སངས་རྒྱས་བྱུང་བས་ བརྒྱན་པའི་འཇིག་རྟེན་འབྲས་བུ་དང་བཅས་པར་བྱ་སྙམ་དུ་ཡེ་ཤེས་གཟིགས་པ་འཇུག་གོ་རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་ བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། བྱ་དེ་ལུང་བསྟན་པའི་དུས་ལ་བབ་སྟེ། འདི་ལ་བརྟེན་ནས་ [378A]༄༅། །གདུལ་བར་བྱ་བའི་སྐྱེ་བོ་མང་པོ་དྲང་དགོས་སོ་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ་རི་སྤོས་ཀྱི་ངད་ལྡང་ གི་ས་ཕྱོགས་བྱ་དེ་འདུག་པ་ནས་ཐག་མི་རིང་བ་ཞིག་ཏུ་བྱོན་ཏེ་བཅོམ་ལྡན་འདས་ཀྱིས་ཅི་ནས་བྱ་ཙ་ཤ་ལྔ་བརྒྱ་ལྷགས་ཏེ་བཅོམ་ལྡན་འདས་ལ་བསྐོར་བ་བྱེད་པར་འགྱུར་ བ་དེ་ལྟ་བུར་བྱིན་གྱིས་བརླབས་སོ། །དེ་ནས་བྱ་དེས་བྱ་ཅ་ཤ་ལྔ་བརྒྱ་ལྷགས་ཏེ་བཅོམ་ལྡན་འདས་ལ་བསྐོར་བ་བྱེད་པར་མཐོང་ངོ། །མཐོང་ནས་ཀྱང་ཀྱེ་མ་བདག་གིས་ཀྱང་ བཅོམ་ལྡན་འདས་ལ་བསྐོར་བ་བྱའོ་སྙམ་དུ་དེའི་འདོད་པ་སྐྱེས་སོ་།དེ་ནས་དེ་བཅོམ་ལྡན་འདས་ལ་སེམས་དགའ་བར་གྱུར་བཞིན་དུ་ཤི་ནས་ལྷར་སྐྱེས་སོ། །དེ་ལྷར་ གྱུར་ནས་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་བསྟན་ནས་དེས་བདེན་པ་མཐོང་སྟེ། བདེན་པ་མཐོང་ནས་དེ་རང་གི་གནས་སུ་སོང་ངོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱ་དེའི་རོ་ལ་བརྟེན་ཏེ་དགེ་སློང་གི་འཁོར་གྱི་ནང་དུ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ་ཤཱ་རིའི་བུ། བྱ་འདིས་ལས་ཅི་ཞིག་བྱས་ ན༑ ལས་དེའི་རྣམ་པར་སྨིན་པས་བྱར་སྐྱེས་པར་གྱུར་ཅེས་སྨྲས་པ་དང། དེ་ཐོས་མ་ཐག་ཏུ་ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་པ་ལ་ཞུགས་ཏེ། དེ་རབ་ཀྱི་མཐའི་བསམ་ [378B]བྱ་རྣམས་ལས་ཤི་འཕོས་ཤིང་བྱ་རྣམས་སུ་སྐྱེས་པ་འབའ་ཞིག་མཐོང་ངོ། །དེ་ནས་དེ་ཏིང་ངེ་འཛིན་དེ་ལས་ལངས་ ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ ལྡན་འདས། བདག་གིས་བྱ་འདིའི་རྩད་མ་འཁུམས་ཏེ། བྱ་རྣམས་ལས་ཤི་འཕོས་ཤིང་བྱ་རྣམས་སུ་སྐྱེས་པ་འབའ་ཞིག་མཐོང་ལགས་སོ་།བཙུན་པ། བཅོམ་ལྡན་འདས་ནི་ ཡེ་ཤེས་གཟིགས་པ་ཐོགས་པ་མི་མངའ་བ། ཡེ་ཤེས་གཟིགས་པ་མཐའ་ཡས་པ་ལགས་ན། བཙུན་པ། བཅོམ་ལྡན་འདས་ཉིད་ཀྱིས་བྱ་འདིས་ལས་ཅི་བགྱིས་པ་དང། ལས་ གང་གི་རྣམ་པར་སྨིན་པས་བྱ་འབའ་ཞིག་ཏུ་སྐྱེས་པ་ལུང་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྱ་འདི་ཉིད་ཀྱིས་ལས་དེ་ལྟ་བུ་བྱས་ཤིང་ བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ ལྡན་པ༑ བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དོན་ [379A]༄༅། །གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་རབ་ལ་བྱ་འདི་རབ་ཏུ་བྱུང་སྟེ་དགེ་སློང་ཞལ་ཏ་བྱེད་པར་གྱུར་ནས་དེས་སྦྱིན་བདག་དང། སྦྱིན་ པ་པོ་རྣམས་ལས་བཟའ་བ་དང། བཏུང་བ་བསླངས་ཏེ་ཁྱིམ་པ་ལ་རྟེན་པར་བྱེད་ནས་དགེ་སློང་མང་པོས་བཀག་པ་ལས་དེ་ཁྲོས་ཏེ་སྨྲས་པ། ཁྱེད་ནི། དུས་འགྲོ་བཞིན་དུ་ བསམ་མནོ་མེད་པ་ཡིན་ཏེ། དགེ་སློང་དག་གིས་བྱ་བ་གང་ཡིན་པ་ལྟར་བྱེད་པ་མ་ཡིན་ནོ། །ཞེས་བྱས་སོ། །དེ་ནས་ཕྱིས་དེ་འགྱོད་པ་སྐྱེས་ཏེ། དེས་ལས་དེ་ཉེས་པ་ལ་ཉེས་སོ། །ཞེས་ བཤགས་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ད་འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་སེམས་ཅན་དག་པ་འདི་ལྟ་བུ་དག་ལ་ཚིག་རྩུབ་པོ་སྨྲས་ པའི་ལས་འདི་བདག་ལ་འོང་བར་མ་གྱུར་ཅིག་སྟོན་པ་འདི་ཁོ་ན་གང་འདྲ་བ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་ བྱས་སོ༑ ༑དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་སློང་ཞལ་ཏ་བྱེད་པར་གྱུར་པ་གང་ཡིན་པ་དེ་ནི། བྱ་འདི་ཁོ་ན་ཡིན་ཏེ། དེས་དེར་དགེ་སློང་དེ་དག་ལ་ཚིག་ རྩུབ་པོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས་དུད་འགྲོ་རྣམས་སུ་སྐྱེས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དོན་གཟིགས་ཀྱི་རིང་ནས་ངའི་རིང་གི་བར་དུ་ [379B]སྐྱེས་སོ། །ད་ནི། ང་ལ་སེམས་དགའ་བ་བསྐྱེད་པས་ཤི་འཕོས་ཏེ་དུས་ལས་འདས་ནས་ལྷར་སྐྱེས་སོ། །ལྷར་ གྱུར་ནས་ཀྱང་ངའི་ཐད་དུ་འོངས་ཏེ་དེ་ལ་ངས་ཆོས་བསྟན་ཏོ་།དེས་ང་ལས་ཆོས་ཐོས་ནས་བདེན་པ་རྣམས་མཐོང་ངོ། །དེས་བདེན་པ་མཐོང་ནས་རང་གི་གནས་སུ་སོང་ངོ། །དེས་དེར་ ཆོས་བཞིན་དུ་ཞལ་ཏ་བྱས་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། བདག་གིས་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པ་ དེས་ན༑ དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་གཟིགས་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་ པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དགེ་སློང་དག་སྐྱོ་བ་ཆེན་པོ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་གི་ ཡིད་སྐྱོ་བར་གྱུར་པར་ཐུགས་སུ་ཆུང་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་དགེ་སློང་དེ་དག་གིས་སྟན་དེ་ཉིད་ལ་འཁོད་བཞིན་དུ་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་ དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ།། །།ལུས་འཕགས་ཞེས་བྱ་བ་ནི་གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེའི་རིགས་ཆེ་ [380A]༄༅། །ཞིང་མཐོ་བ། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ ནོར་དང་འགྲན་པ་ལུས་འཕགས་ཞེས་བྱ་བ་ཞིག་གནས་ཏེ། དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ ལས༑ ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ཏེ། དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་ལ་གསེར་གྱི་ཁ་དག་ ཅན༑ མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ་ཞིག་བཙས་ཏེ་དེའི་བཙས་སྟོན་རྒྱས་པར་ བྱས་ནས་ཁྱེའུ་འདིའི་མིང་ཅིར་གདགས་ཞེས་རིགས་དང་མཐུན་པར་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་བྲམ་ཟེ་ལུས་འཕགས་ཀྱི་བུ་ཡིན་པས་ན། དེའི་ཕྱིར་ཁྱེའུ་འདིའི་མིང་ ལྷག་འཕགས་ཞེས་གདགས་སོ། །ཞེས་ཟེར་རོ། །དེ་ནས་ཁྱེའུ་ལྷག་འཕགས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུ་རྣམས་ཀྱིས་བསྐྱེད་བསྲིངས་ནས་མཚོའི་ ནང་གི་པདྨ་བཞིན་དུ་སྐྱེ་དྲག་པར་གྱུར་ཏོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་བྲམ་ཟེའི་སྤྱོད་ལམ་དང་སྤྱོད་པ་དང་ཨོཾ་ཞེས་བྱ་བ་དང་བཧོ་ཞེས་བྱ་བ་དང་གཙང་སྦྲ་དང་ [380B]བརྗོད་ཀྱི་རིག་བྱེད་དང་མཆོད་སྦྱིན་གྱི་རིག་བྱེད་དང་སྙན་ཚིག་གི་རིག་བྱེད་དང་སྲིད་སྲུང་གི་རིག་བྱེད་དང་མཆོད་སྦྱིན་བྱ་བ་དང་མཆོད་ སྦྱིན་བྱེད་དུ་གཞུག་པ་དང་སྦྱིན་པ་དང་བླང་བ་དང་ཁ་ཏོན་བྱ་བ་དང་ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས་ལས་རྣམས་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་ རིག་པའི་གནས་བཅོ་བརྒྱད་ལ་བྱང་བར་གྱུར་ལ། གཞུང་གིས་རྩོད་པ་ཐམས་ཅད་ཀྱང་ཚར་བཅད་དོ། །དེ་ནས་ཕྱི་ཞིག་ན་བྲམ་ཟེ་ལུས་འཕགས་ཀྱི་སེམས་སྐྱེས་པ། མཆོད་སྦྱིན་བྱའོ་ སྙམ་མོ༑ ༑དེའི་འོག་ཏུ་ཡང་སེམས་སྐྱེས་པ། དགེ་སྦྱོང་གཽ་ཏ་མ་འདི་ནི། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་ཡིན་ཏེ། འདིས་ནི་འདི་ལྟ་སྟེ། འདས་པ་དང་མ་འོངས་པ་དང་ ད་ལྟར་བྱུང་བ་ཅིའང་མི་གཟིགས་པ་དང། མི་མཁྱེན་པ་དང་ཐུགས་སུ་མཆུད་པ་ཅིའང་མེད་དེ། བདག་གི་མཆོད་སྦྱིན་ཡན་ལག་འགའ་ཙམ་གི་སྒོ་ནས་ཀྱང་ཉམས་པར་གྱུར་ན་མི་ རུང་གི་བདག་དགེ་སྦྱོང་གཽ་ཏ་མའི་ཐད་དུ་སོང་ལ་དྲི་བར་བྱའོ་སྙམ་ནས་རྒོད་མ་དཀར་མོ་དང་སྦྱར་བའི་ཤིང་རྟ་ལ་ཞོན་ཏེ་གསེར་གྱི་འྑ་བ་དང། གསེར་གྱི་རིལ་བ་ཐོགས་ཤིང་བྲམ་ ཟེའི་ཁྱེའུ་ཚོགས་ཀྱིས་བསྐོར་ནས་མཉན་དུ་ཡོད་པ་ནས་བྱུང་སྟེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ། །ཇི་སྲིད་དུ་བཞོན་བས་འགྲོ་བར་བྱ་བའི་ས་དེ་སྲིད་དུ་བཞོན་པས་སོང་ནས་བཞོན་པ་ [381A]༄༅། །ལས་བབས་ཏེ་རྐང་པས་ཀུན་དགའ་ར་བར་སོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དང་མངོན་སུམ་དུ་ཡང་དག་ པར་དགའ་བ་དང། ཡང་དག་པར་མགུ་བའི་གཏམ་སྣ་ཚོགས་བྱས་ཏེ་མཇུག་བརྟུལ་ནས་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་བྲམ་ ཟེ་ལུས་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གཽ་ཏ་མ། འདིར་བདག་གིས་མཆོད་སྦྱིན་ཆེན་པོ་བརྩམས་ཏེ། མཆོད་སྦྱིན་ཆེན་པོ་བགྱི་བའི་སླད་དུ་ཁྱུ་མཆོག་ལྔ་བརྒྱ་ཡང་ སྡོང་པོ་ལ་བཏགས། བ་ལང་དང་མ་ཧེ་དང་མ་ཧེ་མོ་དང་བཞོན་པ་དང་བེའུ་དང་བེའུ་ཆུང་ངུ་དང་ར་དང་ལུག་དང་སྲོག་ཆགས་ཕྲ་མོ་རྣམས་ཀྱང་སྡོང་པོ་ལ་བཏགས་སོ། །མཆོད་ སྦྱིན་བགྱི་བའི་སླད་དུ་བཟའ་བ་དང་བཅའ་བ་མང་པོ་དག་ཀྱང་བཤམས་སོ། །ཉི་འོག་གི་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱང་ཕྱོགས་གཞན་དང་གཞན་དག་དང། ལྗོངས་གཞན་ དང་གཞན་དག་ནས་བདག་གི་མཆོད་སྦྱིན་དེ་ལྟ་བུ་ཉམས་སུ་མྱོང་བར་བགྱི་བའི་སླད་དུ་མཉན་དུ་ཡོད་པར་ལྷགས་ན། བཅོམ་ལྡན་འདས་གཽ་ཏ་མས་ཅི་ནས་བདག་གི་ མཆོད་སྦྱིན་ཡན་ལག་འགའ་ཙམ་གྱི་སྒོ་ནས་ཀྱང་ཉམས་པར་མི་འགྱུར་བ་དེ་ལྟ་བུར་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་མཆོད་སྦྱིན་དེ་ཁོ་ན་ལས་ [381B] དེས་ན་བྲམ་ཟེ་ལུས་འཕགས་དང། བྲམ་ཟེའི་ཁྱེའུ་ལྷག་འཕགས་གཉིས་ཀྱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་ བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་ནས་ལྷག་འཕགས་ཀྱིས་སྨྲས་པ། ཕྱིན་ཆད་བདག་ཅག་བྲམ་ ཟེ་རྣམས་སྟོན་མོ་སྩལ་ཅི་འཚལ། བྲམ་ཟེ་ལུས་འཕགས་ཀྱིས་སྨྲས་པ། ལྷག་འཕགས། དེ་སྐད་མ་ཟེར་ཅིག་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་བཤོས་གསོལ་ ཏེ་ཡོན་ཕུལ་བའི་འོག་ཏུ་དེའི་ལྷག་མ་ལས་བྲམ་ཟེ་རྣམས་ལའང་སྦྱིན་པར་བྱའོ། །དེ་ནས་ལྷག་འཕགས་ཀྱིས་སྨྲས་པ། མཁན་པོ། ཇི་ལྟར་དགྱེས་པ་བཞིན་དུ་བགྱིའོ། །དེ་ནས་ བྲམ་ཟེ་ལུས་འཕགས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་བདག་གི་མཆོད་སྦྱིན་གྱི་གནས་སུ་བཤོས་གསོལ་བར་ཅི་གནང། དེ་ནས་བཅོམ་ལྡན་ འདས་ཀྱིས་བྲམ་ཟེ་ལུས་འཕགས་ལ་ཅང་མི་གསུང་བས་གནང་ནས་བྲམ་ཟེ་ལུས་འཕགས་ཀྱིས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས་བཅོམ་ [382A]༄༅། །ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ། །དེ་ནས་དེ་མཆོད་སྦྱིན་གྱི་གནས་སུ་ཕྱིན་ནས་ཕྱུ་མཆོག་ ཐམས་ཅད་ཀྱང་བཏང། བ་ལང་དང་མ་ཧེ་དང་མ་ཧེ་མོ་དང་བཞོན་པ་དང་བེའུ་དང་བེའུ་ཆུང་ངུ་དང་ར་དང་ལུག་དང་སྲོག་ཆགས་ཕྲ་མོ་སྣ་ཚོགས་ཀྱང་བཏང་ནས་སྨྲས་པ། ཕྱོགས་ བཞི་ནས་རླུང་བསིལ་བར་ལྡང་གི་ཁྱེད་སོང་ལ་དེང་ཕན་ཆད་རྩི་མཆོག་མ་ཉམས་པ་ལ་ཟོ་ཞིག་ཆུ་མ་གློངས་པ་རྙོག་པ་མེད་ཅིང་དྲངས་པ་ལ་ནི། འཐུང་ཞིག་ཅེས་བྱས་ཏེ་ དེས་སྲོག་ཆགས་ཕྲ་མོ་སྣ་ཚོགས་དེ་དག་ཀྱང་བཀྱེ་ནས་བཅོམ་ལྡན་འདས་ཀྱི་ཕྱིར་དེ་ཉིད་ཀྱི་མཚན་མོ་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོ་སྟ་གོན་བྱས་ནས་ནང་ པར་སྔར་ལངས་ཏེ་གདན་བཤམས་ནས་ཆུར་བཀའ་སྟེ་བཅོམ་ལྡན་འདས་ལ་འཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་གསོས་ལགས་ ན༑ བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་བསྐོར་ཅིང་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདེར་ཏེ་བྲམ་ཟེ་ལུས་འཕགས་ཀྱི་བཀད་ས་གང་ན་བ་དེར་གཤེགས་ཏེ་ [382B]ལ་བཞུགས་སོ། །དེ་ནས་བྲམ་ཟེ་ལུས་འཕགས་དང། བྲམ་ཟེའི་ཁྱེའུ་ལྷག་འཕགས་ཀྱིས་སངས་རྒྱས་ལ་སོགས་ བ་དགེ་སློང་གི་དགེ་འདུན་རྣམས་བདེ་བར་བཞུགས་པར་རིག་ནས་རང་གི་ལག་ནས་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་སོ།། རང་གི་ལག་ནས་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་རེ་རེ་ལ་རས་ཟུང་རེ་ཕུལ་ལོ། །དེ་ནས་བཅོམ་ ལྡན་འདས་བཤོས་གསོལ་ཟིན་ཏེ་གསང་སྡེར་ནི། གྱུ། ཕྱག་ནི། བཅབས་པར་རིག་ནས་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་ ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་།ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་ སོ༑ ༑བཅོམ་ལྡན་འདས་གཤེགས་ནས་མཆོད་སྦྱིན་གྱི་གནས་དེར་བྲམ་ཟེ་ཐམས་ཅད་ཁྲོས་ཏེ་འདི་སྐད་དུ་ལྟོས་དང། བདག་ཅག་གི་ཕྱིར་མཆོད་སྦྱིན་བརྩམས་པ་ལས་དགེ་སྦྱོང་ གཽ་ཏ་མ་ལ་བྱིན་ནོ། །ཞེས་ཟེར་རོ། །དེ་ནས་བྲམ་ཟེ་ལུས་འཕགས་ཀྱིས་བྲམ་ཟེ་ཐམས་ཅད་བདག་ཅག་ལ་ཇི་ལྟར་ཁྲོས་པ་དེ་ཐོས་ནས་ཐོས་མ་ཐག་ཏུ་བྲམ་ཟེ་ལུས་འཕགས་ [383A]༄༅། །བྲམ་ཟེ་དེ་དག་གི་ཐང་དུ་སོང་སྟེ་སྨྲས་པ། ཁྱེད་ལ་དགེ་སྦྱོང་གཽ་ཏ་མ་ཅི་གནོད། བདག་གིས་ཁྱད་ཀྱི་ཡོན་བཤམས་པ་ནི། ཁྱེད་ལ་སྦྱིན་བར་བྱའོ། །བྲམ་ ཟེ་རྣམས་ཀྱིས་སྨྲས་པ། ངེད་ལ་ཕྱིན་ཆད་ཁྱོད་ཀྱི་ཡོན་མི་དགོས་སོ། །ཞེས་སྨྲས་ནས་དེ་སྤད་གཉིས་གསད་པར་བྱས་སོ། །དེ་ནས་དེ་སྤད་གཉིས་ཀྱིས་བསམ་པ། འདི་རྣམས་ ཀྱིས་བདག་ཅག་གསད་དུ་འོང་ངོ་སྙམ་ནས་བྲོས་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་ནས་བཅོམ་ལྡན་འདས་ལ་གཏམ་དེ་རྒྱས་ པར་བསྙད་དོ། །འདི་སྐད་ཅེས་ཀྱང་གསོལ་ཏོ། །བཙུན་པ། བདག་ཅག་གཉིས་ཁྱིམ་ན་གནས་པ་གཏང་ངོ། །བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་ འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཅག་གཉིས་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་ སྤྱད་པར་འཆལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་གཉིས་ལ་ལུང་ཡང་ ཕོག་གོ་དེ་གཉིས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ [383B] བཙུན་པ། བྲམ་ཟེ་ལུས་འཕགས་དང། བྲམ་ཟེའི་ཁྱེའུ་ལྷག་འཕགས་བྲམ་ཟེ་དེ་དག་གིས་དགུམ་པར་བགྱིས་པ་དང། དེ་ཁོ་ ནས་སྐྱོ་བར་གྱུར་ནས་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་འདི་གཉིས་བྲམ་ཟེ་འདི་རྣམས་ཀྱིས་གསད་པར་བྱས་ཏེ། དེ་དག་ཁོ་ནས་སྐྱོ་བར་གྱུར་ནས་རབ་ཏུ་བྱུང་སྟེ་ཚེ་གཅིག་ཏུ་ ཚངས་པར་སྤྱད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་བྲམ་ཟེ་ཞིག་གིས་མཆོད་སྦྱིན་བྱ་བར་བརྩམས་པ་ལས། མཆོད་སྦྱིན་བྱེད་པ་དེར་བྲམ་ཟེ་གཞན་ཞིག་གིས་འཐབ་ མོ་བརྒལ་ཏེ་དེ་ཁྲོས་པས་བྲམ་ཟེ་དེ་ལ་ལག་ཆས་བསྣུན་ནས་བྲམ་ཟེ་དེའང་ལག་ཆས་བསྣུན་པ་དེས་ཤིའོ། །གཞི་དེ་ལས་བྲམ་ཟེ་ཐམས་ཅད་ཁྲོས་ཏེ། ཕྱིན་ཆད་ངེད་ཁྱོད་ཀྱིས་ [384A]༄༅། །སྦྱིན་པ་ལོངས་སྤྱོད་པར་མི་བྱེད་དོ་ཟེར་ཞིང་བྲམ་ཟེ་མ་ཡིན་པར་བརྩིས་ནས་དམོད་པ་ལ་ཞུགས་ཏེ་གསད་པར་བྱས་སོ། །དེ་ནས་བྲམ་ཟེ་དེ་སྤད་གཉིས་ བྲམ་ཟེ་དེ་དག་གིས་འཇིགས་ནས་བྲོས་ཏེ། དེ་གཉིས་དྲང་སྲོང་སྨྲ་བའི་གནས་སུ་སོང་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཐད་དུ་རབ་ཏུ་བྱུང་ངོ། །དེ་ནས་ དེ་གཉིས་ཀྱིས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་པ་ལས་ཡོན་ཏན་གྱི་ཚོགས་ཅིའང་མ་ཐོབ་ནས་དེ་གཉིས་ཀྱིས་འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་ ཅག་གཉིས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཐད་དུ་རབ་ཏུ་བྱུང་སྟེ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅིའང་མ་ཐོབ་ཀྱི་ ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག་མི་ མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་ བྱས་སོ༑ ༑དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ཐད་དུ་བྲམ་ཟེ་སྤད་གཉིས་རབ་ཏུ་བྱུང་བ་གང་ཡིན་པ་དེ་གཉིས་ [384B] བྲམ་ཟེ་ལུས་འཕགས་དང། ལྷག་འཕགས་འདི་སྤད་གཉིས་ཁོ་ན་ཡིན་ཏེ། དེའི་ཚེའང་འདི་གཉིས་བྲམ་ཟེ་རྣམས་ཀྱིས་གསད་པར་བྱས་ནས་འཆི་པས་འཇིགས་ཤིང་སྐྲག་སྟེ་ རབ་ཏུ་བྱུང་ནས་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་དོ། །ད་ལྟར་ཡང་འདི་གཉིས་བྲམ་ཟེ་རྣམས་ཀྱིས་གསད་པར་བྱས་ནས་འཆི་བས་འཇིགས་ཤིང་སྐྲག་སྟེ་རབ་ཏུ་བྱུང་ནས་ཉོན་ མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་གཉིས་དེར་རབ་ཏུ་བྱུང་སྟེ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་སྟེ་ ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་ད་བདག་ཅག་གིས་མཉེས་པར་བྱེད་པར་ གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་ མཉམ་པ་བརྙེས་པར་གྱུར་ནས་འདི་གཉིས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་ [385A]༄༅། །བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་གཉིས་པ། སྟོན་པ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་ པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གནས་ཏེ། དེས་ཐབས་ཟླར་བབས་པ་ལས་ཆུང་མ་བླངས་ནས་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་ མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་སོ། །དེ་ནས་ ཕྱི་ཞིག་ན་ཁྱིམ་བདག་དེའི་བུ་སྔ་ཕྱིར་གཉིས་དང། གསུམ་དང་དེ་བཞིན་དུ་བུ་བདུན་བཙས་ནས་དེས་དེ་དག་གི་བཙས་སྟོན་རྒྱས་བར་བྱས་ཏེ། རིགས་དང་མཐུན་པར་མིང་ བཏགས་ནས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུ་རྣམས་ཀྱིས་བསྐྱེད་བསྲིངས་ནས་གང་གི་ཚེ་དེ་དག་ཆེར་སྐྱེས་པ་དེའི་ཚེ་ཡི་གེ་དང་ཁོང་རྩིས་དང་ཤོད་ དགོད་པ་དང་ལག་རྩིས་དང་དབྱུང་བ་དང་སྦ་བ་དང་དགྲམ་པ་དང་གོས་བརྟག་པ་དང་ནོར་བུ་བརྟག་པ་དང་རིན་པོ་ཆེ་བརྟག་པ་དང་སྤོས་བརྟག་པ་དང་སྨན་བརྟག་པ་དང་གླང་པོ་ཆེ་ བརྟག་པ་དང་རྟ་བརྟག་པ་དང་གོ་མཚེན་བརྟག་པ་ལ་བསླབས་ཏེ་ཡི་གེ་མཁས་པ་དང་ཀློག་མཁས་པ་དང་མཛངས་པ་དང་བྱ་བ་ལ་གསལ་པ་དང་ཡིད་གཞུངས་པ་དང་ [385B] །ཕྱི་ཞིག་ན་ཕས་དེ་དག་ལ་སྨྲས་པ། ངའི་ཚིག་གིས་ཁྱེད་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་རྟེན་ཆོས་ཤིག་དང། དེས་ཁྱེད་ཚེ་འདི་ དང། ཚེ་ཕྱི་མའི་ཕན་པ་ལ་འཛུང་བར་བྱེད་དོ། །ཞེས་བྱས་པ་ལས། དེའི་བུ་དྲུག་གིས་སྨྲས་པ། བདག་ཅག་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་རྟེན་བཅའ་ཅི་དགོས་ཞེས་ཟེར་ནས་ དེའི་ཚིག་མ་མཉན་ཏེ་བུ་གཅིག་ནི། འོད་སྲུང་རྫོགས་བྱེད་ལ་དགའ་བར་གྱུར་ཏོ། །གཉིས་པ་ནི། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་ལ་དགའ་བར་གྱུར་ཏོ། །གསུམ་པ་ནི། སྨྲ་འདོད་ཀྱི་བུ་ མོའི་བུ་ཡང་དག་རྒྱལ་བ་ཅན་ལ་དགའ་བར་གྱུར་ཏོ། །བཞི་པ་ནི་མི་ཕམ་སྐྲའི་ལ་བཅན་ལ་དགའ་བར་གྱུར་ཏོ། །ལྔ་པ་ནི། ཀཱ་ཏྱའི་བུ་ནོག་ཅན་ལ་དགའ་བར་གྱུར་ཏོ། །དྲུག་པ་ནི་ གཅེར་བུ་པ་གཉེན་གྱི་བུ་ལ་དགའ་བར་གྱུར་ཏོ། །བདུན་པ་ནི། ཕའི་ངག་ཉན་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་རྟེན་བཅས་ཏེ། དེས་དེ་ལ་བརྟེན་པས་བཅོམ་ལྡན་འདས་ ཀྱི་བསྟན་པ་ལ་དགའ་བར་གྱུར་ཏོ། །སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བླངས་སོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེའི་བུ་ཆེ་བས་འོད་སྲུང་རྫོགས་བྱེད་གཡར་དྲངས་ཏེ་ ཟན་ཕྱིན་ནོ། །གཉིས་པས་ནི། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་གཡར་དྲངས་ཏེ་ཟན་བྱིན་ནོ། །གསུམ་པས་ནི། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་གཡར་དྲངས་ཏེ་ཟན་བྱིན་ [386A]༄༅། །ནོ༑ ༑བཞི་པས་ནི། མི་ཕམ་སྐྲའི་ལ་བ་ཅན་གཡར་དྲངས་ཏེ་ཟན་བྱིན་ནོ། །ལྔ་པས་ནི། ཀཱ་ཏྱཱའི་བུ་ནོག་ཅན་གཡར་དྲངས་ཏེ་ཟན་བྱིན་ནོ། །དྲུག་པས་གཅེར་ བུ་པ་གཉེན་གྱི་བུ་གཡར་དྲངས་ཏེ་ཟན་བྱིན་ནོ། །དེ་ནས་བདུན་པས་ཕུ་བོ་དེ་དག་ལ་སྨྲས་པ། ཁྱེད་ཀྱིས་རང་རང་གི་སྟོན་པ་ལ་ཟན་བྱིན་ཏེ། བདག་གིས་ཀྱང་སངས་རྒྱས་བཅོམ་ ལྡན་འདས་ལ་བཤོས་གསོལ་གྱི། དེར་ཁྱེད་ཀུན་གྱིས་ཀྱང་བདག་གི་གྲོགས་གྱིས་ཤིག་ཅེས་བྱས་ནས་ཁྱེའུ་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ སོ༑ ༑སྤྱན་དྲངས་ནས་དེ་ཉིད་ཀྱི་ནུབ་མོ་བཟའ་བ་དང། བཅའ་བ་གཙང་མ་མང་པོ་སྟ་གོན་བྱས་ཏེ་ནང་པར་སྔར་ལངས་ནས་གདན་བཤམས་ཏེ་ཆུ་ར་བཀང་སྟེ་བཞག་ནས་བཅོམ་ ལྡན་འདས་ལ་འཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་དེ་དེའི་དུས་ལ་བབ་པར་དགོངས་ཏེ་ གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་ཁྱིམ་བདག་གི་བུ་དེའི་བཀད་ས་ག་ ལ་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་དེ་དང། བུ་འཁོར་དང་བཅས་པས་སངས་རྒྱས་ [386B]རིག་ནས་རང་གི་ལག་ནས་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་ བསྟབས་སོ། །རང་གི་ལག་ནས་བཟའ་བ་དང། བཅའ་བ་གཙང་མ་བཟང་པོ་མང་པོ་རྣམ་གྲངས་དུ་མས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་བཅོམ་ལྡན་འདས་བཤོས་གསོལ་ ཟིན་ཏེ་གསང་སྡེར་ནི། གྱུ། ཕྱག་ནི། བཅབས་པར་རིག་ནས་སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ དེ་བུ་དང་འཁོར་དང་བཅས་པའི་བསམ་པ་དང། བག་ལ་ཉལ་དང་ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་ཁྱིམ་ བདག་དེ་བུ་དང་འཁོར་དང་བཅས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ མངོན་སུམ་དུ་བྱས་ཏེ་ཁྱིམ་བདག་དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་ བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་བརྟེན་ནས་བདག་སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་རྣམས་ལས་ནི། ཕྱུང། ལྷ་ [387A]༄༅། །དང་མིའི་ནང་དུ་གོམ་པ་འདོར་དུ་སྩལ། ཁྲག་དང་མཆི་མའི་རྒྱ་མཚོ་རྣམས་ནི། བསྐམས། རུས་པའི་རི་རྣམས་ནི། བསྒྲལ་ངན་སོང་གི་སྒོ་རྣམས་ནི་ བཅད༑ མཐོ་རིས་དང་ཐར་པའི་སྒོ་རྣམས་ནི། ཕྱེ། ཡུན་རིང་པོ་ནས་གོམས་པའི་ཉོན་མོངས་པ་རྣམས་ནི། མཐར་གཏུགས་ཏེ་ཞི་བ་དང་སྤངས་པ་དང། བོར་བར་གྱུར་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བདག་ཇི་སྲིད་འཚོའི་བར་དུ་དགེ་སློང་གི་དགེ་འདུན་དང་ལྷན་ཅིག་ཏུ་བདག་ལ་ན་བཟའ་དང་ཞལ་ཟས་དང་གཟིམས་ཆ་དང་གདན་ དང་སྙུན་གསོས་དང་སྨན་ཟོང་རྣམས་བཞེས་བར་གནང་བར་མཛད་དུ་གསོལ། བཀའ་སྩལ་པ། ཁྱིམ་བདག་གཞན་དག་གི་དོན་ཡང་བྱ་དགོས་ཀྱི། ཐོང་ཞིག་ཅེས་བཀའ་ སྩལ་ཏེ་བཅོམ་ལྡན་འདས་སླར་གཤེགས་ནས་ཁྱིམ་བདག་གི་ཕུས་བསམ་པ། བདག་གིས་ཁྱིམ་ན་གནས་པ་བཏང་ལ་རབ་ཏུ་བྱུང་ངོ་སྙམ་ནས་ཕ་མ་ལ་བཟླུགས་ཏེ་བཅོམ་ ལྡན་འདས་ག་ལ་བ་དེར་སོང་སྟེ་བྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་ དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་ [387B]ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ་དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་ པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ་དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་ མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་ དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་ གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ཁྱིམ་བདག་འདིའི་བུ་དྲུག་ལྟ་བ་ དུ་མ་འཚལ་ཏེ། ཕན་ཚུན་མི་མཐུན་པར་སྨྲ་བ་ལས་ནུ་བོ་ཐ་ཆུང་གིས་ལྟ་བ་གཅིག་ཏུ་མཐུན་པ་ལ་བཀོད་ནས་དེ་དག་ཀྱང་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་ [388A]༄༅། །མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ད་ལྟར་ འབའ་ཞིག་མ་ཡིན་ཏེ། ཇི་ལྟར་འདས་པའི་དུས་ནའང་སྤུན་དྲུག་པོ་འདི་རྣམས་ཕན་ཚུན་མི་མཐུན་པ་ལས། ནུ་བོ་ཐ་ཆུང་འདི་ཁོ་ནས་གཅིག་ཏུ་མཐུན་པ་ལ་བཀོད་ནས་དེ་རྣམས་ ཀྱང་དྲང་སྲོང་ལ་རབ་ཏུ་བྱུང་སྟེ་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ཡུལ་དབུས་ཀྱི་རྒྱལ་པོ་ བདུན་རང་རང་གི་ཡུལ་ན་རྒྱལ་པོ་བྱེད་པ་ལས། དེ་རྣམས་ཕན་ཚུན་མི་མཐུན་ཏེ་དུས་དུས་སུ་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དོ། །དེ་ནས་ཕྱི་ཞིག་ན་ཡུལ་ཀཱ་ཤིའི་རྒྱལ་པོ་ཚངས་ པས་བྱིན་གྱི་བློ་སྐྱེས་པ། བདག་གིས་ཉི་འོག་གི་རྒྱལ་པོ་འདི་དག་ཐམས་ཅད་ཐབས་ཅི་ཞིག་གིས་བསྡུམ་པར་བྱ་སྙམ་མོ། །དེའི་ཚེ་ཡུལ་ཀཱ་ཤཱིའི་རྒྱལ་པོ་ཚངས་པས་བྱིན་གྱི་ ཡུལ་ན་དཀའ་ཐུབ་ཀྱི་གནས་ཤིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ། རྫུ་འཕྲུལ་ཚེ་ཞིང་མཐུ་ཆེ་བ་ཞིག་གནས་སོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་ བསམ་པ། བདག་གིས་དྲང་སྲོང་དེ་ལ་བཅོལ་ན། དེས་འདི་རྣམས་ཀྱི་བསྡུམས་བྱེད་ནུས་པར་འགྱུར་རོ་སྙམ་ནས་དྲང་སྲོང་དེ་ག་ལ་འདུག་པ་དེར་སོང་སྟེ་རྐང་པ་ལ་ཕྱག་ [388B] ཉི་འོག་གི་རྒྱལ་པོ་དྲུག་པོ་འདི་དག་ཐམས་ཅད་ནི། ཕན་ཚུན་མི་མཐུན་ཏེ། དུས་དུས་སུ་སྐྱེ་བོ་མང་པོ་ཁ་འདོག་པར་བྱེད་དོ། །དེ་བས་ན་ཁྱོད་ཀྱིས་ཐམས་ཅད་ བསྡུམ་པར་རིགས་སོ། །ཞེས་བྱས་སོ། །དེ་ནས་དྲང་སྲོང་དེས་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་ལ་ཅང་མི་སྨྲ་བས་གནང་ངོ། །དེ་ནས་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་གྱིས་དྲང་སྲོང་ ངེས་ཅང་མི་སྨྲ་བས་གནང་བར་རིག་ནས་རྐང་པ་ལ་ཕྱག་བཙལ་ཏེ་སོང་ངོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་དྲུག་པོ་རྣམས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ་ཡུལ་ཝཱ་ར་ཎཱ་ སིར་ལྷགས་ནས་གྲོང་ཁྱེར་ཐམས་ཅད་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་བསྐོར་ཏེ་འཁོད་དོ། །དེ་ནས་ཀཱ་ཤིའི་རྒྱལ་པོ་ཚངས་པས་བྱིན་གྱིས་དྲང་སྲོང་དེ་ལ་སྤྲན་ཏེ། དེ་ ཐོས་མ་ཐག་ཏུ་དྲང་སྲོང་དེ་གནས་དེ་ཁོ་ན་ནས་རྒྱལ་པོ་དྲུག་པོ་གང་ན་འཁོར་པ་དེར་ནམ་མཁའ་ལ་སོང་ངོ། །དེ་ནས་དེ་མཐོང་མ་ཐག་ཏུ་རྒྱལ་རིགས་ཀྱི་རྒྱལ་པོ་དྲུག་པོ་དེ་རྣམས་དྲང་ སྲོང་དེ་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་དྲང་སྲོང་ག་ལ་བ་དེར་དོང་སྟེ་ལྷགས་ནས་རྐང་པ་ལ་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་མདུང་དུ་འཁོད་དོ། །དེ་ནས་ དྲང་སྲོང་དེས་དེ་དག་ལ་ཆོས་བསྟན་ནས་ཐམས་ཅད་མཇལ་དུ་མ་བྱེད་དུ་བཅུག་གོ་དེ་དག་གིས་མཇལ་དུ་མ་བྱས་ནས་དྲང་སྲོང་དེ་ཉིད་ཀྱི་ཐད་དུ་རབ་ཏུ་འབྱུང་བར་འདོད་པའི་སེམས་ [389A]༄༅། །སྐྱེས་སོ༑ ༑དེ་ནས་དེ་དག་གིས་གཅིག་ལ་གཅིག་བཟླུགས་ནས་ཡུལ་ཡུལ་དུ་སོང་སྟེ་རང་རང་གི་བུ་རྒྱལ་པོར་བཅུག་ནས་སྦྱིན་པ་དག་བྱིན་ཞིང་བསོད་ ནམས་དག་བྱས་ནས་དྲང་སྲོང་དེ་ཉིད་ཀྱི་ཐད་དུ་རབ་ཏུ་བྱུང་ངོ། །དེ་དག་དེར་རབ་ཏུ་བྱུང་ནས་བསམ་གཏན་བཞི་དང། མངོན་པར་ཤེས་པ་ལྔ་བསྐྱེད་དོ། །དགེ་སློང་དག་ཇི་སྙམ་ དུ་སེམས། དེའི་ཚེ་དྲང་སྲོང་དུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་རྒྱལ་པོ་དྲུག་པོ་ཕན་ཚུན་མི་མཐུན་པར་གྱུར་པ་ གང་ཡིན་པ་དེ་དག་ནི། སྤུན་དྲུག་པོ་ཕན་ཚུན་མི་མཐུན་པར་སྨྲ་བར་གྱུར་པ་འདི་དག་ཁོ་ན་ཡིན་ནོ། །དེའི་ཚེ་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི་ ནུ་བོ་ཐ་ཆུང་འདི་ཁོ་ན་ཡིན་ཏེ། དེའི་ཚེའང་དྲང་སྲོང་དེས་ཕན་ཚུན་མི་མཐུན་པ་དེ་དག་འདུམ་ནས་དེ་དག་ཀྱང་རབ་ཏུ་བྱུང་སྟེ་བསམ་གཏན་བཞི་དང། མངོན་པར་ཤེས་པ་ ལྔ་བསྐྱེད་དོ། །ད་ལྟར་ཡང་འདིས་སྤུན་དྲུག་པོ་ཕན་ཚུན་ལྟ་བ་མི་མཐུན་པར་སྨྲ་བ་རྣམས་ལྟ་བ་གཅིག་ཏུ་མཐུན་པར་བྱས་ཏེ། དེ་དག་ཀྱང་རབ་ཏུ་བྱུང་ནས་ཉོན་མོངས་པ་ ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་བཙུན་པ། ཁྱིམ་བདག་བུ་ [389B] ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། བཅོམ་ལྡན་འདས་ ཀྱང་འདི་རྣམས་ཀྱིས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས། བུ་བདུན་ཡང་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་ བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། བཅོམ་ལྡན་འདས། འདི་རྣམས་ཀྱིས་གང་དུ་སྨོན་ལམ་བཏབ་ལགས་ བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་ འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཝཱ་ར་ཎཱ་སི་ན་ཁྱིམ་བདག་ཅིག་གནས་པ་དེའི་བུ་སྤུན་དྲུག་ཕན་ཚུན་ལྟ་བ་མི་མཐུན་པར་སྨྲ་བར་གྱུར་ཏོ། །ཁྱིམ་བདག་དེའི་བུ་ཐ་ ཆུང་ནི༑ སངས་རྒྱས་ལ་དགའ་སྟེ། དེས་ཕུ་བོ་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་བཙུད་ནས་དེ་དག་ཐམས་ཅད་ཀྱིས་ཕ་མ་ལ་གསོལ་ [390A]༄༅། །ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་ནས་དེ་དག་གིས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ ཁར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་ སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །ཁྱིམ་བདག་དེས་ཀྱང་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ བསྲུངས་ནས་འཆི་ཁར་སྨོན་ལམ་བཏབ་བོ། །དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་ བར་གྱུར་ཅིག་དེའི་ཚེའང་བུ་བདུན་པོ་འདི་དག་ཉིད་བདག་གི་བུར་གྱུར་ཅིག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་ པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ [390B] ཁྱིམ་བདག་འདི་ཁོ་ན་ཡིན་ཏེ། དེས་དེར་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ བསྲུངས་ཏེ་འཆི་ཁར་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས་འདིས་ང་ མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། འདི་དག་ཀྱང་འདིའི་བུ་ཁོ་ནར་གྱུར་ཏོ། །བུ་འདི་རྣམས་ཀྱིས་ཀྱང་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ་ དེས་ན༑ དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་ པར་གྱུར་ནས་འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་ མངོན་སུམ་དུ་བྱས་སོ།། །།འོད་སྲུང་ཞེས་བྱ་བ་ནི། གླིང་གཞི་རྒྱལ་པོའི་ཁབ་ན་བཞུགས་སོ། །དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དགོན་པའི་གནས་ མལ་ཞིག་ཏུ་ཡུན་རིང་དུ་ལོན་ཏེ་སྐྲ་དང་ཁ་སྤུ་རིང་ཞིང་གོས་སྙིངས་པར་གྱུར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ། །དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ [391A]༄༅། །ལ་བཞུགས་ཏེ་དགེ་སློང་གི་དགེ་འདུན་ལ་ཆོས་སྟོན་ཏོ། །དེ་ནས་དགེ་སློང་དེ་དག་གིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཐག་རིང་པོ་ཞིག་ནས་མཐོང་ནས་ ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བརྙས་པའི་སེམས་སྐྱེས་ཏེ་ཚེ་དང་ལྡན་པ་དགེ་སློང་སྐྲ་དང་ཁ་སྤུ་རིང་ཞིང་གོས་ངན་ལ་མ་བརྟགས་པའི་ཆ་ལུགས་ཅན་འདི་ག་ལས་ འོངས་ཤིག་གུ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་གི་བསམ་པ་ཐུགས་ཀྱིས་མཁྱེན་ནས་དགེ་སློང་འོད་སྲུང་འདི་ནི་ང་ཡོངས་སུ་མྱ་ངན་ལས་ འདས་པའི་འོག་ཏུ་ངའི་བསྟན་པའི་དོན་བྱེད་པར་འགྱུར་ཏེ། མདོ་སྡེ་དང་ཆོས་མངོན་པ་དང་འདུལ་བ་ཡང་དག་པར་སྡུད་པར་འགྱུར་བ་ཡིན་ལ། དགེ་སློང་འདི་རྣམས་ཀྱིས་ ནི༑ འདི་ལ་ཤིན་ཏུ་བརྙས་པའི་སེམས་བསྐྱེད་ཀྱི། མ་ལ་ངས་འདི་རྣམས་ལ་གྱོད་གདབ་པར་བྱའོ། །འོན་ཀྱང་འདི་ལྷ་དང་མི་དང་བཅས་པའི་འཇིག་རྟེན་གྱིས་མཆོད་ཅིང་རྗེད་ པ་དང་གུས་པར་སྨྲ་བའི་གནས་སུ་འགྱུར་རོ་སྙམ་དུ་དགོངས་ནས་དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང། ཁྱེད་ཀྱིས་དགེ་སློང་འདི་ལ་ ཤིན་ཏུ་བརྙས་པའི་སེམས་མ་སྐྱེད་ཅིག་འདི་ནི། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ངའི་བསྟན་པའི་དོན་བྱེད་པར་འགྱུར་ཏེ་སྡེ་སྣོད་གསུམ་ཡང་དག་པར་སྡུད་ [391B] །ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུང་ཚུར་ཤོག་འོད་ སྲུང་འོངས་པ་ལེགས་སོ། །སྟན་ཕྱེད་འདི་ལ་འདུག་ཅིག་བདག་ཅག་གཉིས་ལས་ཁྱོད་སྔར་རབ་ཏུ་བྱུང་ངམ། ང་སྔར་རབ་ཏུ་བྱུང་བ་བརྟག་གོ་ཞེས་བཀའ་སྩལ་ཏོ། །དེ་ནས་དགེ་ སློང་དེ་དག་འཇིགས་ཤིང་སྐྲག་ལ་འགྱོད་དེས་ཀྱི་བུང་ཞེས་བྱེད་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དེ་ལྟར་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། ད་སྟོན་པས་ཉན་ཐོས་ལ་གདན་གྱི་ཕྱེད་ བསྟབས་པ་ནི། ངོ་མཚར་ཏོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་ འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི། བདག་གི་སྟོན་པ་ལགས། བདག་ནི། བཅོམ་ ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །བདེ་བར་གཤེགས་པ་ནི། བདག་གི་སྟོན་པ་ལགས། བདག་ནི། བདེ་བར་གཤེགས་པའི་ཉན་ཐོས་ལགས་སོ་།བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། འོད་སྲུང། དེ་ནི། དེ་བཞིན་ནོ། །དེ་ནི། དེ་བཞིན་ཏེ། ང་ནི། འོད་སྲུང་ཁྱོད་ཀྱི་སྟོན་པ་ཡིན། ཁྱོད་ནི། ངའི་ཉན་ཐོས་ཡིན་ནོ། །འོད་སྲུང། ཁྱོད་བདག་གི་སྟན་གང་ཡིན་པ་ [392A]༄༅། །ལ་འདུག་ཅིག་དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འདུག་གོ། དེ་ ནས་བཅོམ་ལྡན་འདས་ཀྱིས་ལྷག་པར་ཡང་སྐྱོ་བ་སྐྱེད་པར་བཞེད་པ་དང། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཆོས་ཀྱིས་ཐོབ་པའི་ཆེ་བ་དང། རྒྱ་ཆེ་བ་ལ་གཞག་པར་བཞེད་ནས་ དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ནི། གལ་ཏེ་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་ དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་པར་འདོད་ནའང་ང་ནི། གནས་དེས་ཉིན་ གཅིག་གམ། མཚན་གཅིག་མ། ཉིན་ཞག་གཅིག་གམ། གཉིས་སམ། གསུམ་མམ་ཉིན་ཞག་བདུན་གྱི་བར་དུའང་གནས་སོ། །དགེ་སློང་དག་དགེ་སློང་འོད་སྲུང་ ཡང་གལ་ཏེ། འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་དབེན་པ་ལས་སྐྱེས་པའི་ དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་པར་འདོད་ནའང་དགེ་སློང་འོད་སྲུང་ཡང་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ་ [392B] གཉིས་སམ། གསུམ་མམ། ཉིན་ཞག་བདུན་གྱི་བར་དུའང་གནས་སོ། །དགེ་སློང་དག། ང་ནི། གལ་ཏེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་ སྟེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ་དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་ པར་འདོད་ནའང་གནས་དེས་ཉིན་གཅིག་གམ། མཚན་གཅིག་གམ། ཉིན་ཞག་གཅིག་གམ། གཉིས་སམ། གསུམ་མམ། ཉིན་ཞག་བདུན་གྱི་བར་དུའང་གནས་སོ། །དགེ་སློང་ དག་དགེ་སློང་འོད་སྲུང་ཡང་གལ་ཏེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང། ནང་ཡོངས་སུ་དད་སྟེ་སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ་དཔྱོད་པ་མེད་པ། ཏིང་ངེ་འཛིན་ ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་པར་འདོད་ནའང་དགེ་སློང་འོད་སྲུང་ཡང་གནས་དེས་ཉིན་གཅིག་གམ། མཚན་གཅིག་ གམ༑ ཉིན་ཞག་གཅིག་གམ། གཉིས་སམ། གསུམ་མམ། ཉིན་ཞག་བདུན་གྱི་བར་དུའང་གནས་སོ། །དགེ་སློང་དག་ང་ནི། དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ ལ་གནས་ཤིང། དྲན་པ་དང་ཤེས་བཞིན་ཅན། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ་བཏང་སྙོམས་པའོ། །ཞེས་བརྗོད་པ། དགའ་ [393A]༄༅། །བ་མེད་པ། བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་པར་འདོད་ནའང་ང་ནི། གནས་དེས་ཉིན་གཅིག་གམ། མཚན་གཅིག་གམ་ཉིན་ཞག་ གཅིག་གམ། གཉིས་སམ། གསུམ་མམ། ཉིན་ཞག་བདུན་གྱི་བར་དུའང་གནས་སོ། །དགེ་སློང་དག་དགེ་སློང་འོད་སྲུང་ཡང་གལ་ཏེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་ སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ། བཏང་སྙོམས་པའོ། །ཞེས་བརྗོད་ པ༑ དགའ་བ་མེད་པ། བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་པར་འདོད་ནའང་དགེ་སློང་འོད་སྲུང་ཡང་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ། ཉིན་ ཞག་གཅིག་གམ། གཉིས་སམ། གསུམ་མམ། ཉིན་ཞག་བདུན་གྱི་བར་དུའང་གནས་སོ། །དགེ་སློང་དག་ང་ནི། གལ་ཏེ་བདེ་བའང་སྤངས་དེ་སྔ་ནས་སྡུག་བསྔལ་ཡང་སྤངས་ ཤིང། ཡིད་བདེ་བ་དང་ཡིད་མི་བདེ་བའང་ནུབ་པས་བདེ་བའང་མ་ཡིན་སྡུག་བསྔལ་བའང་མ་ཡིན་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ། བསམ་གཏན་བཞི་པ་ཡོངས་ སུ་རྫོགས་པར་བྱས་ཏེ་གནས་པར་འདོད་ནའང་ང་ནི། གནས་དེས་ཉིན་གཅིག་གམ། མཚན་གཅིག་གམ། ཉིན་ཞག་གཅིག་གམ། གཉིས་སམ། གསུམ་མ་ཉིན་ཞག་ [393B] །དགེ་སློང་འོད་སྲུང་ཡང་གལ་ཏེ་བདེ་བ་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང། ཡིད་བདེ་བ་དང་ཡིད་མི་བདེ་བའང་ནུབ་པས་བདེ་བའང་མ་ཡིན་ སྡུག་བསྔལ་བའང་མ་ཡིན་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ། བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་པར་འདོད་ནའང་དགེ་སློང་འོད་སྲུང་ཡང་གནས་དེས་ཉིན་ གཅིག་གམ། མཚན་གཅིག་གམ། ཉིན་ཞག་གཅིག་གམ། གཉིས་སམ། གསུམ་མམ། ཉིན་ཞག་བདུན་གྱི་བར་དུའང་གནས་སོ། །དགེ་སློང་དག་ང་ནི། གལ་ཏེ་བྱམས་པ་དང་ལྡན་ པའི་སེམས་འཁོན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ་ཡེངས་པ་རྒྱ་ཆེན་པོར་གྱུར་པ་གཉིས་སུ་མེད་པ་ཚད་མེད་པ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ ནས་རྫོགས་པར་བྱས་ཏེ་གནས་པ་དང། དེ་བཞིན་དུ་གཉིས་པ་དང་དེ་བཞིན་དུ་གསུམ་པ་དང། དེ་བཞིན་དུ་བཞི་པ་དང། བླ་དང་འོག་དང་ཐད་ཀར་རྣམ་པ་ཐམས་ཅད་དུ་འཇིག་རྟེན་ འདི་དག་ཐམས་ཅད་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ་ཡངས་པ་རྒྱ་ཆེན་པོར་གྱུར་པ་གཉིས་སུ་མེད་པ་ཚད་མེད་པ་ཤིན་ཏུ་བསྒོམས་ པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པར་འདོད་ནའང་དགེ་སློང་དག། ང་ནི། གནས་དེས་ཉིན་གཅིག་གམ། མཚན་གཅིག་གམ། ཉིན་ཞག་ [394A]༄༅། །གཅིག་གམ། གཉིས་སམ། གསུམ་མམ། ཉིན་ཞག་བདུན་གྱི་བར་དུའང་གནས་སོ། །དགེ་སློང་དག་དགེ་སློང་འོད་སྲུང་ཡང་གལ་ཏེ་བྱམས་པ་དང་ལྡན་ པའི་སེམས་འཁོན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ་ཡངས་པ་རྒྱ་ཆེན་པོར་གྱུར་པ་གཉིས་སུ་མེད་པ་ཚད་མེད་པ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་ པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པར་འདོད་ནའང་དགེ་སློང་འོད་སྲུང་ཡང་གནས་དེས་ཉིན་གཅིག་གམ། མཚན་གཅིག་གམ། ཉིན་ཞག་གཅིག་གམ། གཉིས་སམ་ གསུམ་མམ། ཉིན་ཞག་བདུན་གྱི་བར་དུའང་གནས་སོ། །དེ་བཞིན་དུ་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་དང་ལྡན་པའི་སེམས་ཀྱང་དེ་དང་འདྲ་བར་རྒྱས་པར་བརྗོད་པར་བྱའོ། ། དགེ་སློང་དག་ང་ནི། གལ་ཏེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང། སྣ་ཚོགས་ཀྱི་ འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱ་མཆེད་རྫོགས་པར་བྱས་ཏེ་གནས་པར་འདོད་ནའང་ང་ནི། གནས་དེས་ ཉིན་གཅིག་གམ། མཚན་གཅིག་གམ། ཉིན་ཞག་གཅིག་གམ། གཉིས་སམ་གསུམ་མམ། ཉིན་ཞག་བདུན་གྱི་བར་དུའང་གནས་སོ། །དགེ་སློང་དག་།དགེ་སློང་འོད་སྲུང་ [394B]ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ཡང་དག་པར་ནུབ་པར་གྱུར་ཅིང། སྣ་ཚོགས་ཀྱི་འདུ་ ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པར་འདོད་ནའང་དགེ་སློང་འོད་སྲུང་ཡང་གནས་ དེས་ཉིན་གཅིག་གམ། མཚན་གཅིག་གམ། ཉིན་ཞག་གཅིག་གམ། གཉིས་སམ་གསུམ་མམ། ཉིན་ཞག་བདུན་གྱི་བར་དུའང་གནས་སོ། །དགེ་སློང་དག་།ང་ནི། གལ་ཏེ་རྣམ་ པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ ཏེ་གནས་པར་འདོད་ནའང་ང་ནི། གནས་དེས་ཉིན་གཅིག་གམ། མཚན་གཅིག་གམ། ཉིན་ཞག་གཅིག་གམ། གཉིས་སམ། གསུམ་མམ། ཉིན་ཞག་བདུན་གྱི་བར་དུའང་ གནས་སོ། །དགེ་སློང་དག་དགེ་སློང་འོད་སྲུང་ཡང་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་རྣམ་པར་ཤེས་པ་མཐའ་ཡས་སོ་ སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པར་འདོད་ནའང་དགེ་སློང་འོད་སྲུང་ཡང་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ། ཉིན་ཞག་ [395A]༄༅། །གཅིག་གམ། གཉིས་སམ། གསུམ་མམ། ཉིན་ཞག་བདུན་གྱི་བར་དུའང་གནས་སོ། །དགེ་སློང་དག་ང་ནི། གལ་ཏེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་ མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅིའང་མེད་དོ་སྙམ་ནས་ཅིའང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པར་འདོད་ནའང་ང་ནི། གནས་དེས་ཉིན་ གཅིག་གམ། མཚན་གཅིག་གམ། ཉིན་ཞག་གཅིག་གམ། གཉིས་སམ། གསུམ་མམ། ཉིན་ཞག་བདུན་གྱི་བར་དུའང་གནས་སོ། །དགེ་སློང་དག་དགེ་སློང་འོད་སྲུང་ཡང་ གལ་ཏེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅིའང་མེད་དོ་སྙམ་ནས་ཅིའང་མེད་པའི་སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་ པར་འདོད་ནའང་དགེ་སློང་འོད་སྲུང་ཡང་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ། ཉིན་ཞག་གཅིག་གམ། གཉིས་སམ། གསུམ་མམ། ཉིན་ཞག་བདུན་གྱི་བར་ དུའང་གནས་སོ། །དགེ་སློང་དག་ང་ནི། གལ་ཏེ་རྣམ་པ་ཐམས་ཅད་དུ་ཅིའང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ རྫོགས་པར་བྱས་ཏེ་གནས་པར་འདོད་ནའང་ང་ནི། གནས་དེས་ཉིན་གཅིག་གམ། མཚན་གཅིག་གམ། ཉིན་ཞག་གཅིག་གམ། གཉིས་སམ། གསུམ་མམ། ཉིན་ཞབ་དུན་ [395B] །དགེ་སློང་དག་དགེ་སློང་འོད་སྲུང་ཡང་གལ་ཏེ་རྣམ་པ་ཐམས་ཅད་དུ་ཅིའང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་ སྐྱེ་མཆེད་རྫོགས་པར་བྱས་ཏེ་གནས་པར་འདོད་ནའང་དགེ་སློང་འོད་སྲུང་ཡང་གནས་དེས་ཉིན་གཅིག་གམ། མཚན་གཅིག་གམ། ཉིན་ཞག་གཅིག་གམ། གཉིས་སམ། གསུམ་མམ་ ཉིན་ཞག་བདུན་གྱི་བར་དུའང་གནས་སོ། །དགེ་སློང་དག་ང་ནི་གལ་ཏེ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་མྱོང་བར་བྱེད་འདོད་ནའང་ང་ནི། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང་ མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་དང། སྣང་བར་གྱུར་ཅིང་མི་སྣང་བར་ཡང་འགྱུར་བའི་ཡེ་ཤེས་མཐོང་བ་མྱོང་བར་བྱེད་དོ་།རྩིག་པ་ལའང་ཐད་ཀར་འགྲོའོ། །ར་བ་ལའང་ཐད་ ཀར་འགྲོའོ། །རི་ལའང་མི་ཐོགས་པར་ལུས་ཀྱིས་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ས་ལའང་སྟེང་དུ་འབྱུང་བ་དང་བྱིའུ་ཟུལ་བྱེད་དེ། དཔེར་ན། ཆུ་ལ་བྱ་བ་ བཞིན་ནོ། །ཆུ་ལའང་མི་ནུབ་པར་འགྲོ་སྟེ། དཔེར་ན། ས་ཆེན་པོ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལའང་སྐྱིལ་མོ་ཀྲུང་འཆའ་བར་བྱེད་དེ། དཔེར་ན། འདབ་ཆགས་བྱ་བཞིན་ནོ། །ཟླ་བ་ དང་ཉི་མ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་གཟི་བརྗིད་ཆེ་བ་ལའང་ལག་པས་འཛིན་ཅིང་ཀུན་ཏུ་ཉུག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་ [396A]༄༅། །བར་དུའང་ལུས་ཀྱིས་དབང་སྒྱུར་རོ། །དགེ་སློང་དག་དགེ་སློང་འོད་སྲུང་ཡང་གལ་ཏེ་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་མྱོང་བར་བྱེད་འདོད་ནའང་དགེ་སློང་ འོད་སྲུང་ཡང་གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་དང། སྣང་བར་གྱུར་ཅིང་མི་སྣང་བར་འགྱུར་བའི་ཡེ་ཤེས་མཐོང་བ་མྱོང་ བར་བྱེད་དོ། །རྩིག་པ་ལའང་ཐད་ཀར་འགྲོའོ། །ར་བ་ལའང་ཐད་ཀར་འགྲོའོ། །རི་ལའང་མི་ཐོགས་པར་ལུས་ཀྱིས་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །ས་ ལའང་སྟེང་དུ་འབྱུང་བ་དང། བྱིའུ་ཟུལ་བྱེད་དེ། དཔེར་ན། ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལའང་མི་ནུབ་པར་འགྲོ་སྟེ། དཔེར་ན། ས་ཆེན་པོ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལའང་ སྐྱིལ་མོ་ཀྲུང་འཆའ་བར་བྱེད་དེ། དཔེར་ན། འདབ་ཆགས་བྱ་བཞིན་ནོ། །ཟླ་བ་དང་ཉི་མ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་ལྟར་མཐུ་ཆེ་བ། འདི་ལྟར་གཟི་བརྗིད་ཆེ་བ་ ལའང་ལག་པས་འཛིན་ཅིང་ཀུན་ཏུ་ཉུག་པར་བྱེད་དོ། །ཚངས་པའི་འཇིག་རྟེན་གྱི་བར་དུའང་ལུས་ཀྱི་དབང་སྒྱུར་རོ། །དགེ་སློང་དག་།ངས་ནི། ལྷའི་སྙན་རྣམ་པར་དག་པ་ མི་ལས་འདས་པས་མི་དང་མི་མ་ཡིན་པ་གཉིས་ཀའི་སྒྲའང་རིང་བ་གང་ཡིན་པ་དང། ཉེ་བ་གང་ཡིན་པའང་ཐོས་སོ། །དགེ་སློང་དག་།དགེ་སློང་འོད་སྲུང་གིས་ཀྱང་ལྷའི་ [396B]གཉིས་ཀའི་སྒྲའང་རིང་བ་གང་ཡིན་པ་དང། ཉེ་བ་གང་ཡིན་པ་ཡང་ཐོས་སོ། །དགེ་སློང་དག་ངས་ནི། སེམས་ཅན་ ཕ་རོལ་རྣམས་དང། གང་ཟག་ཕ་རོལ་རྣམས་ཀྱི་རྟོག་པ་དང་དཔྱོད་པའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཀྱིས་ཤེས་སོ། །འདོད་ཆགས་དང་བཅས་པའི་སེམས་དང་ འདོད་ཆགས་དང་བྲལ་བའི་སེམས་ཀྱང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་བཅས་པའི་སེམས་དང་ཞེ་སྡང་དང་བྲལ་བའི་སེམས་དང། གཏི་མུག་དང་ བཅས་པའི་སེམས་དང་གཏི་མུག་དང་བྲལ་བའི་སེམས་དང། བསྡུས་པ་དང་འཕྲོས་པ་དང། ཞུམ་པ་དང་བསྔམས་པ་དང། རྒོད་པ་དང་རྒོད་པ་མ་ཡིན་པ་དང། ཆེན་པོར་གྱུར་ པ་དང་ཆེན་པོར་གྱུར་པ་མ་ཡིན་པ་དང། རྣམ་པར་ཞི་བ་དང་རྣམ་པར་མ་ཞི་བ་དང། མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པ་དང། བསྒོམས་པ་དང་མ་བསྒོམས་ པ་དང། རྣམ་པར་གྲོལ་བ་དང་རྣམ་པར་མ་གྲོལ་བའི་སེམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཤིན་ཏུ་རྣམ་པར་གྲོལ་བའི་སེམས་ལའང་ཤིན་ཏུ་རྣམ་པར་ གྲོལ་བའི་སེམས་ཡིན་པར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དགེ་སློང་དག་དགེ་སློང་འོད་སྲུང་གིས་ཀྱང་སེམས་ཅན་ཕ་རོལ་རྣམས་དང། གང་ཟག་ཕ་རོལ་ [397A]༄༅། །རྣམས་ཀྱི་རྟོག་པ་དང་དཔྱོད་པའི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་སེམས་ཀྱིས་ཤེས་སོ། །འདོད་ཆགས་དང་བཅས་པའི་སེམས་དང་འདོད་ཆགས་ དང་བྲལ་བའི་སེམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་བཅས་པའི་སེམས་དང་ཞེ་སྡང་དང་བྲལ་བའི་སེམས་དང། གཏི་མུག་དང་བཅས་པའི་སེམས་ དང་གཏི་མུག་དང་བྲལ་བའི་སེམས་དང། བསྡུས་པ་དང་འཕྲོས་པ་དང། ཞུམ་པ་དང་བསྡམས་པ་དང། རྒོད་པ་དང་རྒོད་པ་མ་ཡིན་པ་དང། ཆེན་པོར་གྱུར་པ་དང་ཆེན་པོར་ གྱུར་པ་མ་ཡིན་པ་དང། རྣམ་པར་ཞི་བ་དང་རྣམ་པར་མ་ཞི་བ་དང། མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པ་དང། བསྒོམས་པ་དང་མ་བསྒོམས་པ་དང། རྣམ་ པར་གྲོལ་བ་དང་རྣམ་པར་མ་གྲོལ་བའི་སེམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཤིན་ཏུ་རྣམ་པར་གྲོལ་བའི་སེམས་ལའང་ཤིན་ཏུ་རྣམ་པར་གྲོལ་བའི་ སེམས་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དགེ་སློང་དག་ངས་ནི། སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ་འདི་ལྟ་སྟེ། སྐྱེ་བ་གཅིག་དང་གཉིས་དང་ གསུམ་དང་བཞི་དང་ལྔ་དང་དྲུག་དང་བདུན་དང་བརྒྱད་དང་དགུ་དང་བཅུ་དང་ཉི་ཤུ་དང་སུམ་ཅུ་དང་བཞི་བཅུ་དང་ལྔ་བཅུ་དང་སྐྱེ་བ་བརྒྱ་དང་སྐྱེ་བ་སྟོང་དང་སྐྱེ་བ་འབུམ་དང་སྐྱེ་བ་ [397B]བ་འབུམ་ཕྲག་དུ་མ་དང་འཇིག་པའི་བསྐལ་པ་དང་འཆགས་པའི་བསྐལ་པ་དང་འཇིག་པ་དང་འཆགས་པའི་བསྐལ་པ་དང་འཇིག་པའི་ བསྐལ་པ་དུ་མ་དང་འཆགས་པའི་བསྐལ་པ་དུ་མ་དང་འཇིག་པ་དང་འཆགས་པའི་བསྐལ་པ་དུ་མ་དང། སེམས་ཅན་དེ་དག་ནི། མིང་འདི་ཞེས་བྱ་བར་གྱུར། ག་གེ་མོ་ཞིག་ན་བདག་ མིང་འདི་ཞེས་བྱ་བར་གྱུར། རིགས་ནི། འདི་ཞེས་བྱ། རུས་ནི། འདི་ཞེས་བྱ། ཟས་ནི། འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི། འདི་ལྟ་བུ་ཞིག་མྱོང། ཡུན་ནི། འདི་སྲིད་ ཅིག་གནས་གནས། ཚེ་ནི། འདི་ལྟར་རིང། ཚེ་ནི། འདི་ཙམ་ཞིག་ཐུབ་ང་དེ་ནས་ཤི་འཕོས་ནས་ག་གེ་མོ་ཞིག་ཏུ་སྐྱེས། ག་གེ་མོ་ཞིག་ནས་ཡང་ཤི་འཕོས་ནས་ཡང་འདི་ལྟ་བུ་ ཞིག་ཏུ་སྐྱེས་སོ་སྙམ་དུ་རྣམ་པ་དང་བཅས་པ་དང། ཡུལ་ཕྱོགས་དང་བཅས་པ་དང། གཏན་ཚིགས་དང་བཅས་པར་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ནོ། །དགེ་སློང་ དག་དགེ་སློང་འོད་སྲུང་གིས་ཀྱང་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ་འདི་ལྟ་སྟེ། སྐྱེ་བ་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་དང་དྲུག་དང་བདུན་དང་བརྒྱད་དང་ དགུ་དང་བཅུ་དང་ཉི་ཤུ་དང་སུམ་ཅུ་དང་བཞི་བཅུ་དང་ལྔ་བཅུ་དང་སྐྱེ་བ་བརྒྱ་དང་སྐྱེ་བ་སྟོང་དང་སྐྱེ་བ་འབུམ་དང་སྐྱེ་བ་བརྒྱ་ཕྲག་དུ་མ་དང་སྐྱེ་བ་སྟོང་ཕྲག་དུ་མ་དང་སྐྱེ་བ་འབུམ་ [398A]༄༅། །ཕྲག་དུ་མ་དང་འཇིག་པའི་བསྐལ་པ་དང་འཆགས་པའི་བསྐལ་པ་དང་འཇིག་པ་དང་འཆགས་པའི་བསྐལ་པ་དང་འཇིག་པའི་བསྐལ་པ་དུ་མ་དང་འཆགས་ པའི་བསྐལ་པ་དུ་མ་དང་འཇིག་པ་དང་འཆགས་པའི་བསྐལ་པ་དུ་མ་དང། སེམས་ཅན་དེ་དག་ནི། མིང་འདི་ཞེས་བྱ་བར་གྱུར། ག་གེ་མོ་ཞིག་ན་བདག་མིང་འདི་ཞེས་བྱ་བར་ གྱུར༑ རིགས་ནི། འདི་ཞེས་བྱ། རུས་ནི། འདི་ཞེས་བྱ། ཟས་ནི། འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི། འདི་ལྟ་བུ་ཞིག་མྱོང། ཡུན་ནི། འདི་སྲིད་ཅིག་གནས་ གནས༑ ཚེ་ནི། འདི་ལྟར་རིང། ཚེ་ནི། འདི་ཙམ་ཞིག་ཐུབ། དེ་ནས་ཤི་འཕོས་ནས་ག་གེ་མོ་ཞིག་ཏུ་སྐྱེས། ག་གེ་མོ་ཞིག་ནས་ཤི་འཕོས་ནས་ཡང་འདི་ལྟ་བུ་ཞིག་ཏུ་སྐྱེས་སོ་ སྙམ་དུ་རྣམ་པ་དང་བཅས་པ་དང། ཡུལ་ཕྱོགས་དང་བཅས་པ་དང་གཏན་ཚིགས་དང་བཅས་པར་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ནོ། །དགེ་སློང་དག་ངས་ནི་ ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས། སེམས་ཅན་རྣམས་འཆི་འཕོ་ཞིང་འདུག་པ་དང། སྐྱེ་ཞིང་འདུག་པ་དང། ཁ་དོག་བཟང་པོ་དང་ཁ་དོག་ངན་པ་དང། བཟང་ པོ་དང་ངན་པ་དང། བདེ་འགྲོར་འགྲོ་བ་དང་ངན་འགྲོར་འགྲོ་བའང་རུང་སྟེ། སེམས་ཅན་རྣམས་ལས་ཇི་ལྟ་བ་བཞིན་དུ་འགྲོ་བ་ཡང་དག་པར་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ། [398B] ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་ཡིན། ངག་གིས་ཉེས་པར་སྤྱོད་པ་དང་ལྡན་པ་ཡིན། ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་ཡིན། འཕགས་པ་ རྣམས་ལ་སྐུར་པ་འདེབས་པ་ཡིན། ལོག་པར་ལྟ་བ་ཡིན་ཏེ། ལོག་པར་ལྟ་བའི་ལས་དང། ཆོས་ཡང་དག་པར་བླངས་པའི་རྒྱུ་དེ་དང་རྐྱེན་དེས་ན་ལུས་དང་བྲལ་ཏེ་ཤི་བའི་འོག་ ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །སེམས་ཅན་འདི་དག་ནི། ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་ཡིན། ངག་གིས་ ལེགས་པར་སྤྱོད་པ་དང་ལྡན་པ་ཡིན། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་ཡིན། འཕགས་པ་རྣམས་ལ་སྐུར་པ་མི་འདེབས་པ་ཡིན་ཡང་དག་པར་ལྟ་བ་ཡིན་ཏེ། ཡང་ དག་པར་ལྟ་བའི་ལས་དང། ཆོས་ཡང་དག་པར་བླངས་པའི་རྒྱུ་དེ་དང་རྐྱེན་དེས་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ བར་མཐོང་ངོ། །དགེ་སློང་དག་དགེ་སློང་འོད་སྲུང་གིས་ཀྱང་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས། སེམས་ཅན་རྣམས་འཆི་འཕོས་ཤིང་འདུག་པ་དང། སྐྱེ་ཞིང་འདུག་པ་དང་ ཁ་དོག་བཟང་པོ་དང་ཁ་དོག་ངན་པ་དང། བཟང་པོ་དང་ངན་པ་དང། བདེ་འགྲོར་འགྲོ་བ་དང་ངན་འགྲོར་འགྲོ་བའང་རུང་སྟེ་སེམས་ཅན་རྣམས་ལས་ཇི་ལྟ་བ་བཞིན་དུ་འགྲོ་བ་ཡང་དག་ [399A]༄༅། །པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སེམས་ཅན་འདི་དག་ནི། ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་ཡིན། ངག་གིས་ཉེས་པར་སྤྱོད་པ་དང་ལྡན་པ་ཡིན་ ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་ཡིན། འཕགས་པ་རྣམས་ལ་སྐུར་པ་འདེབས་པ་ཡིན། ལོག་པར་ལྟ་བ་ཡིན་ཏེ། ལོག་པར་ལྟ་བའི་ལས་དང། ཆོས་ཡང་དག་པར་ བླངས་པའི་རྒྱུ་དེ་དང་རྐྱེན་དེས་ན་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །སེམས་ཅན་འདི་དག་ནི་ ལུས་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་ཡིན། ངག་གིས་ལེགས་པར་སྤྱོད་པ་དང་ལྡན་པ་ཡིན། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ་ཡིན། འཕགས་པ་རྣམས་ལ་སྐུར་པ་ མི་འདེབས་པ་ཡིན། ཡང་དག་པར་ལྟ་བ་ཡིན་ཏེ། ཡང་དག་པར་ལྟ་བའི་ལས་དང། ཆོས་ཡང་དག་པར་བླངས་པའི་རྒྱུ་དེ་དང་རྐྱེན་དེས་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་བདེ་འགྲོ་ མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་མཐོང་ངོ། །དགེ་སློང་དག་ངས་ནི། ཚེ་འདི་ཉིད་ལ་ཟག་པ་རྣམས་ཟད་པས། ཟག་པ་མེད་པའི་སེམས་རྣམ་པར་ གྲོལ་བ་དང། ཤེས་རབ་རྣམ་པར་གྲོལ་བ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ནི། ཟད་དོ་།ཚངས་པར་སྤྱོད་པ་ནི། སྤྱད་ཟིན་ཏོ།། [399B] བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་སྙམ་དུ་ཉམས་སུ་མྱོང་ངོ། །དགེ་སློང་དག་དགེ་སློང་འོད་སྲུང་གིས་ཀྱང་ཚེ་འདི་ཉིད་ལ་ཟག་པ་རྣམས་ཟད་པས། ཟག་པ་ མེད་པའི་སེམས་རྣམ་པར་གྲོལ་བ་དང། ཤེས་རབ་རྣམ་པར་གྲོལ་བ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ནི། ཟད་དོ། །ཚངས་པར་སྤྱོད་ པ་ནི༑ སྤྱད་ཟིན་ཏོ། །བྱ་བ་ནི། བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་སྙམ་དུ་ཉམས་སུ་མྱོང་ངོ། །དེར་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འཁོར་ བརྒྱ་ཕྲག་དུ་མའི་ནང་དུ་བདག་ཉིད་དང་འདྲ་བར་ཆེ་བ་དང་རྒྱ་ཆེ་བ་ལ་བཞག་པ་དེའི་ཚེ་ལྷག་པར་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་བླ་མར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་བ། བཙུན་པ། བཅོམ་ལྡན་འདས་ཀྱིས་གང་གི་ཚེ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་ཉིད་དང་འདྲ་བར་ཆེ་བ་དང། རྒྱ་ཆེ་བ་ལ་ བཞག་པ་དེའི་ཚེ་ལྷག་པར་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་བླ་མར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། ཇི་ལྟར་ འདས་པའི་དུས་ནའང་གང་གི་ཚེ་ངས་འདི་ལ་བཀུར་སྟི་བྱས་པ་དེའི་ཚེ་ཡུལ་ན་གནས་པའི་སྐྱེ་བོ་མང་པོ་ཐམས་ཅད་ཀྱི་བླ་མར་གྱུར་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་ [400A]༄༅། །འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་པས་བྱིན་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་བ་དང་རྒྱས་པ་དང། བདེ་བ་དང། ལོ་ལེགས་པ་ དང། སྐྱེ་བོ་དང་མི་མང་པོས་གང་བ་དང། རྩོད་པ་དང་འཐབ་པ་ཞི་བ་དང། འཁྲུག་པ་དང་ནང་འཁྲུག་དང་ཆོམ་རྐུན་པ་དང་ནད་དང་མུ་གེ་མེད་པ་དང། འབྲས་སཱ་ལུ་དང་བུ་ རམ་ཤིང་དང་བ་ལང་དང་མ་ཞེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་རྒྱལ་སྲིད་བྱས་སོ། །རྒྱལ་པོ་དེ་ལ་བཙུན་ མོ་མང་སྟེ། བཙུན་མོ་ལྔ་བརྒྱ་ཡོད་དོ། །བདག་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ཀྱང་བུ་མེད་ནས་བུ་འདོད་དེ་ལྷའི་ཅོག་ལ་གསོལ་བ་འདེབས་སོ། །དེ་གསོལ་ བ་འདེབས་པ་ལྷུར་བྱེད་ཀྱང་བུ་མ་སྐྱེས། བུ་མོའང་མ་སྐྱེས་སོ་།རྒྱལ་པོ་དེ་ལ་བློན་པོ་ལྔ་བརྒྱ་ཡོད་ན་ཐམས་ཅད་ཀྱང་རྒྱགས་ཤིང་བག་མེད་པར་གནས་པ་ཤ་སྟག་གོ་ དེའི་བློན་པོའི་མཆོག་མཛོད་ཅེས་བྱ་བ། མཁས་ཤིང་གསལ་ལ་ཡིད་གཞུངས་པ། གཞུངས་ལུགས་ཅན། དུལ་བ་དང་ལྡན་པ། བག་ཡོད་པ་ཞིག་ཀྱང་ཡོད་དོ། །དེ་ནས་ རྒྱལ་པོ་ཚངས་པས་བྱིན་ཉི་འོག་གི་རྒྱལ་པོ་ཞིག་དང་མི་མཐུན་པར་གྱུར་ནས་རྒྱལ་པོ་ཚངས་པས་ཕྱིན་གྱིས་བསམ་པ། བདག་གིས་བློན་པོ་གང་ཉི་འོག་གི་ཡུལ་དེར་ [400B]པར་འགྱུར་ཞིག་གུ་སྙམ་མོ། །དེ་ནས་དེས་བལྟས་ན་བློན་པོའི་མཆོག་མཛོད་ཅེས་བྱ་བ། མཁས་ཤིང་གསལ་ལ་ ཡིད་གཞུངས་པ། གཞུང་ལུགས་ཅན། དུལ་བ་དང་ལྡན་པ། བག་ཡོད་པ་ཞིག་འདུག་པ་དེས་རྒྱལ་པོ་དེ་དང་མཇལ་དུམ་བྱས་ནས་བདག་གི་ཡུལ་སྲུང་ནུས་པར་འགྱུར་རོ་སྙམ་ནས་ རྒྱལ་པོ་དེས་དེ་མཐའ་འཁོབ་རི་ཁྲོད་ཀྱི་ཡུལ་དེར་བསྐོས་ཏེ། ཁྱོད་སོང་ལ་དེར་འདུག་སྟེ་ངའི་ཡུལ་སྲུངས་ཤིག་དེས་གསོལ་པ། ལྷས་ཇི་སྐད་བཀའ་སྩལ་པ་བཞིན་དུ་འཚལ་ལོ། །ཞེས་ སྨྲས་ནས་དེ་རི་ཁྲོད་དེར་སོང་ནས་འདུག་གོ་དེ་དེར་སོང་ནས་ཀྱང་ཉི་འོག་གི་ཡུལ་དེ་བཟུང་ནས་ཅི་ནས་ཡུལ་དེར་གནོད་པ་ཅུང་ཟད་ཀྱང་བྱེད་མི་ནུས་པར་བྱས་སོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ ཚངས་པས་བྱིན་རྒས་པའི་འོག་ཏུ་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་ རྒྱས་པར་བྱས་ནས་རིགས་དང་མཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་ཁུ་རྣམས་ཀྱིས་བསྐྱེད་བསྲིངས་ནས་དེ་གང་གི་ཚེ་འགྲོ་ནུས་པར་གྱུར་ བ་དེའི་ཚེ་རྒྱལ་པོ་སེམས་པ་ལ་ཞུགས་ཏེ། ད་ནི། བདག་རྒས་བས་རིང་པོ་མི་ཐོགས་པར་འཆི་བར་འགྱུར་ན། བདག་འདས་པའི་འོག་ཏུ་བྱིས་པ་གཞོན་ནུ་འདིས་རྒྱལ་སྲིད་འཛིན་མི་ [401A]༄༅། །ནུས་ན༑ འདིས་ན་བདག་ཤི་བའི་འོག་ཏུ་བདག་གི་བློན་པོའི་ནང་ན་གང་ཞིག་གིས་བདག་གི་བུ་དང། རྒྱལ་སྲིད་སྲུང་ནུས་ཤིག་གུ་སྙམ་མོ། །དེ་ནས་ དེས་བལྟས་ན་བློན་པོ་ལྔ་བརྒྱ་པོ་ཐམས་ཅད་ནི། རྒྱགས་ཤིང་བག་མེད་པར་གནས་ན་གཞན་སུ་ཡོད་སྙམ་སྟེ་བརྟགས་ན། བློན་པོའི་མཆོག་མཛོད་ཅེས་བྱ་བ། མཁས་ ཤིང་གསལ་ལ་ཡིད་གཞུངས་པ། གཞུང་ལུགས་ཅན། དུལ་བ་དང་ལྡན་པ། བག་ཡོད་པ་དེས་ནི། བདག་འདས་པའི་འོག་ཏུ་བུ་དང། རྒྱལ་སྲིད་སྲུང་ནུས་སོ་སྙམ་མོ། །དེ་ ནས་དེས་བསམ་པ། བདག་གིས་ཅི་ནས་དེ་ཡུལ་ན་གནས་པའི་སྐྱེ་བོ་མང་པོ་ཐམས་ཅད་ཀྱིས་བཀུར་བར་འགྱུར་བ་དེ་ལྟ་བུར་བཀུར་སྟི་བྱའོ་སྙམ་ནས་རྒྱལ་པོ་དེས་དེ་ལ་ཕོ་ ཉ་བཏང་སྟེ། ང་ཁྱོད་དང་ཕྲད་པར་འདོད་ཀྱི། ཤོག་ཅིག་ཅེས་སྤྲིང་ངོ། །དེ་ནས་བློན་པོའི་མཆོག་མཛོད་ཅེས་བྱ་བས་དེ་ཐོས་མ་ཐག་ཏུ་ཝཱ་ར་ཎཱ་སིར་ཆས་སོ། །རྒྱལ་པོ་ དེས་ཀྱང་དེ་ལ་བཀུར་སྟི་བྱ་བའི་ཕྱིར་ལམ་དང། གྲོང་ཁྱེར་མཛེས་པར་བྱེད་དུ་བཅུག་ནས་རྒྱལ་པོ་དེས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ནས་རང་ཉིད་ཀྱིས་བློན་ པོའི་མཆོག་མཛོད་ཅེས་བྱ་བ་བསུ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བར་སྐབས་གང་དུ་དེ་དང་ཕྲད་པའི་བར་སྐབས་དེར་གླང་པོ་ཆེ་ལས་བབས་ནས་ཡང་དག་པར་དགའ་ [401B]འབྱོར་བ་ཆེན་པོ་དང་ལྡན་པས་གྲོང་ཁྱེར་ཝཱ་ར་ཎཱ་སིར་སོང་ནས་སྟན་གཅིག་ལ་འདུག་ཏུ་བཅུག་སྟེ་ཁ་ཟས་ གཅིག་ཏུ་གཡོས་པ་དང། སྡེར་གཅིག་ཏུ་ཟན་ཟོས་ནས་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནོ། །བྱིན་ནས་ཀྱང་རྒྱལ་པོ་དེས་དེ་ལ་སྨྲས་པ་མཛོད། དེ་ནི། ང་རྒས་ཏེ་རིང་པོར་མི་ཐོགས་ པར་འཆི་བར་འགྱུར་ལ། བློན་པོ་ལྔ་བརྒྱ་པོ་འདི་རྣམས་ཀྱིས་ང་ཤི་བའི་འོག་ཏུ་རྒྱལ་པོ་བྱིས་པ་ཡིན་སྙམ་སྟེ་གཞོན་ནུ་ལ་བརྙས་པར་འགྱུར་དུ་འོང་ལ། ང་ཤི་བའི་འོག་ཏུ་ཁྱོད་ཀྱིས་ བུ་དང། རྒྱལ་སྲིད་སྲུང་ནུས་པས་ན། ངས་ཁྱོད་ལ་བུ་དང་རྒྱལ་སྲིད་གཏད་ཀྱི། ང་ཤི་བའི་འོག་ཏུ་འདི་གཉིས་སྲུང་བར་གྱིས་ཤིག་ཅེས་བྱས་སོ། །བློན་པོའི་མཆོག་མཛོད་ཀྱིས་ གསོལ་པ། ལྷས་ཇི་སྐད་བཀའ་སྩལ་པ་བཞིན་དུ་འཚལ་ལོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཚངས་བྱིན་ནད་ཀྱིས་ཐེབས་ནས་དེ་རྩ་བ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུའི་ སྨན་རྣམས་ཀྱིས་རིམ་གྲོ་བྱས་ཀྱང་སོས་པར་བྱེད་མ་ནུས་ནས་དེས་རྒྱལ་བུ་རྒྱལ་སར་བཅུག་སྟེ་བློན་པོའི་མཆོག་མཛོད་ལ་གཏད་ནས་ཤི་བའི་འོག་ཏུ་རྒྱལ་པོའི་བུ་དང། ཡུལ་ བསྲུངས་ནས་ཕྱོགས་སུ་བསྒྲགས་སོ། །དེ་ནས་དེས་རྒྱལ་པོ་བགྲེས་པོ་ཤི་བའི་འོག་ཏུ་དེས་དེའི་འདབ་བཏང་ནས་བློན་པོ་ལྔ་བརྒྱ་པོ་བསྡུས་ཏེ་བསྒོ་བ། ཁྱོད་ཇི་ལྟར་ཡང་རྒྱལ་པོ་བགྲེས་ [402A]༄༅། །པོ་ནོངས་པས་གཞན་སུའང་བདག་ཅག་སྡུད་པ་མེད་དོ་སྙམ་དུ་མ་སེམས་ཤིག་ངས་ཁྱེད་ཀུན་ལ་ཡུལ་གྱི་བགོ་བཤའ་བྱའོ། །བདག་ཅག་གིས་ཅི་ནས་ རྒྱལ་པོ་འདི་བྱིས་པ་ཡིན་ཡང་སུས་ཀྱང་མི་ཚུགས་པར་བྱའོ། །ཞེས་བྱས་ནས་དེས་བློན་པོ་ལྔ་བརྒྱ་པོ་དེ་དག་ལ་ཡུལ་གྱི་བགོ་བཤའ་བྱས་སོ། །རྒྱལ་པོའི་བུ་དེའང་ནང་མི་དང་བཅས་ པར་དེ་ཉིད་ཀྱིས་བསྲུངས་སོ། །དེ་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་བློན་པོའི་མཆོག་མཛོད་ཀྱིས་གསོལ་པ། ལྷ། རྒྱལ་པོ་ཡབ་ཀྱིས་ལྷ་དང། རྒྱལ་སྲིད་བདག་ལ་གཏད་ནས་ ཡབ་ནོངས་པའི་འོག་ཏུ་བདག་གིས་ལྷ་དང། རྒྱལ་སྲིད་བསྲུངས་སོ་།ཞེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བློན་པོའི་མཆོག་མཛོད་ཅེས་བྱ་བར་གྱུར་པ། བྱང་ ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པར་གྱུར་པ་གང་ཡིན་པ་དེ་ནི་འོད་སྲུང་འདི་ཁོ་ན་ཡིན་ཏེ། དེར་ཡང་གང་གི་ཚེ་ངས་བཀུར་སྟི་ཆེན་པོས་བཀུར་སྟི་བྱས་པ་དེའི་ཚེ་ཡུལ་ན་གནས་ པའི་སྐྱེ་བོ་མང་པོ་ཐམས་ཅད་ཀྱི་བླ་མར་གྱུར་ཏོ། །ད་ལྟར་ཡང་གང་གི་ཚེ་ངས་འདི་ལ་བཀུར་སྟི་བྱས་ཏེ། བདག་ཉིད་དང་འདྲ་བར་ཆེ་བ་དང། རྒྱ་ཆེ་བ་ལ་བཞག་པ་དེའི་ཚེ་འཇིག་རྟེན་ ཐམས་ཅད་ཀྱི་བླ་མར་གྱུར་ཏོ།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་གསུམ་པ། ཀུན་དགའ་བོ་ཞེས་བྱ་བ་ནི། གང་གི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་རབ་ཏུ་བྱུང་སྟེ་ [402B]འདས་ཀྱིས་ཀྱང་ཐོས་པ་འཛིན་པ་རྣམས་དང། ཐོས་པ་བསགས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དང། ཚེ་དང་ལྡན་པ་འོད་སྲུང་ ཆེན་པོའང་བཅོམ་ལྡན་འདས་ཀྱིས་བདག་ཉིད་དང་འདྲ་བར་ཆེ་བ་དང། རྒྱ་ཆེ་བར་སྟོན་པ་དེའི་ཚེ་དེ་གཉིས་ཀ་ལྷ་དང་བཅས་པའི་འཇིག་རྟེན་གྱི་བླ་མར་གྱུར་ཏོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་དགོངས་པ། དགེ་སློང་འདི་གཉིས་ཀྱིས་ནི། ང་ཡོངས་སུ་མྱ་ངན་ལས་འདས་ནས་བསྟན་པའི་དོན་བྱེད་ནུས་པར་འགྱུར་ཏེ། གཅིག་གིས་ནི། ཐོས་པའི་མཛོད་སྲུང་བར་ ནུས་སོ༑ ༑གཅིག་གིས་ནི། བསྟན་པའི་དོན་བྱེད་ནུས་པར་འགྱུར་སྙམ་དུ་དགོངས་ནས་བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་དུ་ཆས་ཏེ་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་ ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་འདི་སྙམ་དུ་དགོངས་ཏེ། གལ་ཏེ་མི་རྣམས་འབའ་ཞིག་ལ་བསྟན་པ་གཏད་དེ་མི་མ་ཡིན་པ་རྣམས་ལ་མ་གཏད་ནའང་ཡུན་རིང་དུ་གནས་པར་མི་ འགྱུར་ལ། གལ་ཏེ་མི་མ་ཡིན་པ་རྣམས་འབའ་ཞིག་ལ་གཏད་དེ་མི་རྣམས་ལ་མ་གཏད་ནའང་ཡུན་རིང་དུ་གནས་པར་མི་འགྱུར་གྱི། མ་ལ་དས་ལྷ་དང་མི་རྣམས་དང། དགེ་སློང་དེ་ གཉིས་ལ་བསྟན་པ་གཏད་ན། ལྷ་དང་མི་རྣམས་ཀྱིས་ཀྱང་ཡོངས་སུ་གཟུང་ལ་དགེ་སློང་གཉིས་ཀྱིས་ཀྱང་བཟུང་བས་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་རོ་སྙམ་དུ་དགོངས་ [403A]༄༅། །ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུང། ཁྱོད་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པའི་ དོན་བྱས་ཏེ་སྡེ་སྣོད་གསུམ་ཡང་དག་པར་བསྡུས་ནས་དགེ་སློང་ཀུན་དགའ་བོས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་མ་བྱས་ཀྱི་བར་དུ་ཡོངས་ སུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག་དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱང་དྲང་སྲོང་ཉི་མའི་གུང་རབ་ཏུ་ མ་བྱུང་གི་བར་དུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག་དེ་ལའང་ཁྱོད་ཀྱིས་འདི་སྐད་ཅེས་གྱིས་ཤིག་ཀླུའི་རྒྱལ་པོ་ཧུ་ལུ་རུ་བཏུལ་ཏེ་ཁ་ཆེའི་ཡུལ་བཙུགས་ནས་དེར་བསྟན་པ་ གནས་པར་བྱས་ཏེ་རྒྱས་པར་བྱས་ནས་དེ་བཞིན་དུ་ཁྱིམ་བདག་གསོ་མ་ཅན་རབ་ཏུ་གྱུར་སྟེ། དེས་ཀྱང་ཉོན་མོངས་པ་ཐམས་ཅད་སླངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་ དུ་བྱས་ཏེ། དེ་ལ་ཁྱོད་ཀྱིས་ཐོས་པ་རྣམས་མ་གཏད་ཀྱི་བར་དུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག་གསོ་མ་ཅན་ལའང་འདི་སྐད་ཅེས་གྱིས་ཤིག་ཁྱོད་ཀྱིས་ཀྱང་ཀླུའི་རྒྱལ་ པོ་གར་མཁན་དང་དཔའ་བོ་གཉིས་བཏུལ་ཏེ། གར་མཁན་དང་དཔའ་བོའི་དགོན་པའི་གནས་བཙུགས་ནས་དེ་བཞིན་དུ་ཡུལ་བཅོམ་བརླག་ཏུ་སྤོས་ཚོང་སྲུང་བ་ཞེས་བྱ་བ་ [403B] དེའི་བུ་ཉེ་སྲུང་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་བ་དེ་རབ་ཏུ་བྱུང་ནས་དེས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་དེ་ལའང་ཐོས་པ་རྣམས་མ་གཏད་ཀྱི་བར་དུ་ མྱ་ངན་ལས་འདའ་བར་མ་བྱེད་ཅིག་ཉེ་སྲུང་ལའང་འདི་སྐད་ཅེས་གྱིས་ཤིག་ཁྱོད་ཀྱིས་ཀྱང་རིགས་ཀྱི་བུ་བློ་ལྡན་རབ་ཏུ་བྱུང་སྟེ་དེས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་ ལའང་ཐོས་པ་རྣམས་མ་གཏད་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག་དེ་ལའང་འདི་སྐད་ཅེས་གྱིས་ཤིག་ཁྱོད་ཀྱིས་ཀྱང་ཡུལ་དམར་ཅན་གྱི་བུ་ཞེས་བྱ་བར་ཟས་ དུག་ཅན་གྱི་བསམ་པས་མ་བྱས་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག་ཅེས་གྱིས་ཤིག་ཅེས་གསུངས་སོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང། ཚེ་དང་ལྡན་ པ་ཀུན་དགའ་བོ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་བཞིན་དུ་འཚལ་ལོ། །དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུང་ ཁྱོད་སོང་ལ་སོ་སོ་སྐྱེ་བོའི་དགེ་འདུན་དག་ཁྲིད་ལྗོངས་རྒྱུ་ཞིང་སོང་ཞིག་ང་ཡོངས་སུ་མྱ་ངན་ལས་འདས་པ་དང། དེའི་སྔ་རོལ་ཏུ་འཁྲུག་ལོང་བྱེད་པར་མི་འགྱུར་བར་གྱིས་ཤིག་ [404A]༄༅། །གསོལ་པ། བཙུན་པ། དེ་བཞིན་དུ་འཚལ་ལོ། །ཞེས་བྱས་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སོ་སོ་སྐྱེ་བོའི་དགེ་འདུན་དག་ཁྲིད་དེ་ལྗོངས་རྒྱུ་ཞིང་སོང་ ངོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སོང་ནས་རིང་པོ་མ་ལོན་པར་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་དགོངས་པ་བསྐྱེད་དེ། ཀྱེ་མ་ལྷའི་དབང་པོ་བརྒྱ་བྱིན་དང། རྒྱལ་པོ་ ཆེན་པོ་བཞི་པོ་ཡུལ་འཁོར་སྲུང་དང། འཕགས་སྐྱེས་པོ་དང། མིག་མི་བཟད་དང། རྣམ་ཐོས་ཀྱི་བུ་རྣམས་ང་ལ་བལྟར་འོངས་ན་ལེགས་སོ་སྙམ་དུ་དགོངས་ནས་བཅོམ་ལྡན་ འདས་ཀྱིས་ཅི་ནས་ལྷའི་དབང་པོ་བརྒྱ་བྱིན་དང། རྒྱལ་པོ་ཆེན་པོ་བཞི་ལྷའི་ནང་ནས་མི་སྣང་བར་གྱུར་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པར་འགྱུར་བ་དེ་ལྟར་བྱིན་གྱིས་བརླབས་ སོ༑ ༑དེ་ནས་དེ་དག་གིས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་ཨུཏྤ་ལ་དང་ཀུ་མུ་ད་དང་པདྨ་དཀར་པོ་རྣམས་ཀྱིས་གཏོར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དེ། དེར་བཅོམ་ ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་དང། རྒྱལ་པོ་ཆེན་པོ་བཞི་ལ་བཀའ་སྩལ་པ། དབང་པོ་དག་དེ་བཞིན་གཤེགས་པ་ནི། རིང་པོ་མི་ཐོགས་པར་ཕུང་པོ་ལྷག་མ་མེད་པའི་ མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱི། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཁྱེད་ཀྱིས་བསྟན་པ་སྲུང་བར་གྱིས་ཤིག་ [404B]ལོ་སྟོང་འདས་པའི་འོག་ཏུ་བསྟན་པ་ནུབ་ཏུ་ཆ་བའི་ཚེ་འཇིག་རྟེན་ན་ཆོས་མ་ཡིན་པའི་ཤས་ཆེ་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་ལས་ཡོངས་སུ་ཉམས་པར་གྱུར་པ་ན་ཛམྦུའི་ གླིང་དུ་མི་བདེ་བའི་རླུང་ལྡང་བར་འགྱུར་ཏེ། མི་བདེ་བའི་རླུང་ལངས་པས་ཆར་འབབ་པར་མི་འགྱུར་རོ། །ཆར་མ་བབ་པས་ཆུ་ཀླུང་དང་ཁྲོན་པ་རྣམས་ཆུ་ཉུང་བར་འགྱུར་ཞིང། ཤིང་ ལྗོན་པ་རྣམས་ཀྱང་མེ་ཏོག་དང་འབྲས་བུ་མེད་པར་འགྱུར་རོ། །ལོ་ཏོག་རྣམས་ཀྱང་འབྲས་བུ་མེད་པ་དང་མཐུ་མེད་པར་འགྱུར་ལ། དེ་དག་ཀྱང་སེར་བས་མེད་པར་བྱེད་དོ། །འབྲུ་རྣམས་ ཀྱང་མ་རུང་བར་གྱུར་པས་མུ་གེ་འབྱུང་བར་འགྱུར་རོ། །མུ་གེ་བྱུང་ནས་མི་རྣམས་ཟས་ཁྲོ་རྒོད་ཟ་བར་འགྱུར་ཏེ། ཉམས་སྟོབས་ཆུང་ཞིང་གཟི་བྱིན་ཆུང་བར་འགྱུར་རོ། །ཤ་ཀའི་མི་དང་ ཡ་བ་ན་དང་བ་ལི་ཀ་དང་རྒྱལ་པོ་དང་ཆོམ་རྐུན་གྱིས་འཇིག་རྟེན་རྣམས་ལ་གནོད་པ་བྱེད་པར་འགྱུར་རོ། །ཤ་ཀའི་མི་དང་ཡ་བ་ན་དང་བ་ལི་བ་དང་རྒྱལ་པོ་དང་ཆོམ་རྐུན་གྱིས་གནོད་ པ་བྱས་ནས་དེ་བཞིན་གཤེགས་པའི་གཙུག་ཏོར་དང་མཆེ་བ་དང་ལྷུང་བཟེད་མཆོད་རྟེན་དང་འདྲ་བ་རྣམས་ཤར་ཕྱོགས་ཀྱི་ཡུལ་དུ་ཁྱེར་བའི་འོག་ཏུ་ལྷོ་ཕྱོགས་ནས་མཐའ་འཁོབ་ཀྱི་ རྒྱལ་པོ་ཤ་ཀ་ཞེས་བྱ་བ་གཡོག་འཁོར་འབུམ་དང་ལྡན་པ་འོང་བར་འགྱུར་ཏེ། དགེ་འདུན་གྱི་གཙུག་ལག་ཁང་རྣམས་འཇིག་པར་བྱེད་ཅིང། མཆོད་རྟེན་རྣམས་འདྲལ་བར་བྱེད་ལ་ [405A]༄༅། །དགེ་སློང་རྣམས་ཀྱང་སོད་པར་བྱེད་དོ། །ནུབ་ཕྱོགས་ནས་ནི། མཐའ་འཁོབ་ཀྱི་རྒྱལ་པོ་བ་ལི་ཀ་ཞེས་བྱ་བ་གཡོག་འཁོར་འབུམ་དང་ལྡན་པ་འོང་བར་ འགྱུར་ཏེ། དགེ་འདུན་གྱི་གཙུག་ལག་ཁང་རྣམས་འཇིག་པར་བྱེད་ཅིང་མཆོད་རྟེན་རྣམས་འདྲལ་བར་བྱེད་ལ་དགེ་སློང་རྣམས་ཀྱང་གསོད་པར་བྱེད་དོ། །བྱང་ཕྱོགས་ནས་ནི་ མཐའ་འཁོབ་ཀྱི་རྒྱལ་པོ་ཡ་བ་ན་ཞེས་བྱ་བ་གཡོག་འཁོར་འབུམ་དང་ལྡན་པ་འོང་བར་འགྱུར་ཏེ། དགེ་འདུན་གྱི་གཙུག་ལག་ཁང་རྣམས་འཇིག་པར་བྱེད་ཅིང་མཆོད་རྟེན་རྣམས་ འདྲལ་བར་བྱེད་ལ། དགེ་སློང་རྣམས་ཀྱང་གསོད་པར་བྱེད་དོ། །དེ་ནས་མི་དང་ཆོམ་རྐུན་དང་རྒྱལ་པོའི་ནན་ཏན་གྱིས་དཔྱས་གནོད་པར་གྱུར་ནས་དགེ་སློང་རྣམས་ཤར་ཕྱོགས་ཀྱི་ ཡུལ་དུ་འདོང་བར་འགྱུར་རོ། །དབང་པོ་དག་དེའི་ཚེ་ཡུལ་ཀཽ་ཤམྦྷི་ཞེས་བྱ་བར་རྒྱལ་པོ་དབང་ཆེན་སྡེ་ཞེས་བྱ་བ་གཡོག་འཁོར་འབུམ་དང་ལྡན་པ་ཞིག་འབྱུང་བར་འགྱུར་ཏེ། དེའི་ བུ་ལུས་གོ་ཆ་གྱོན་པ། ལག་པ་ཁྲག་ཅན། ཚན་པོ་ཆེའི་སྟོབས་དང་ལྡན་པ་ཞིག་བཙའ་བར་འགྱུར་ལ། དེ་ཁོ་ནའི་ཉིན་པར་རྒྱལ་པོ་དེའི་བློན་པོ་ལྔ་བརྒྱའི་བུའང་ལུས་གོ་ཆ་གྱོན་ པ༑ ལག་པ་ཁྲག་ཅན། ཚན་པོ་ཆེའི་སྟོབས་དང་ལྡན་པ་ཤ་སྟག་བཙའ་བར་འགྱུར་ཏེ། དེ་ཁོ་ནའི་ཉིན་དང་ཡུལ་ཀོའུ་ཤམྦྷཱི་ར་ཁྲག་གི་ཆར་འབབ་པར་འགྱུར་རོ། །དེ་ནས་རྒྱལ་ [405B] དེ་དག་ན་རེ། ལྷ། འདི་ནི། ས་སྟེང་ཐམས་ཅད་དུ་རྒྱལ་པོ་གཅིག་པུར་འགྱུར་ཏེ། དེ་ལྟ་ལགས་ཀྱིས་ཀྱང་སེམས་ཅན་མང་པོ་ཁ་འདོག་པར་ འགྱུར་ལགས་སོ། །ཞེས་ལུང་བསྟན་ཏོ། །དེ་ནས་བཙས་སྟོན་བྱས་ནས་བུ་དེ་ཆེ་བར་གྲགས་པ་དང། བཟོད་པར་དཀའ་བ་ཞིག་སྟེ། དེའི་མིང་བཟོད་པར་དཀའ་བ་ཞེས་བྱ་བར་འདོགས་ པར་འགྱུར་རོ། །དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་མཐའ་འཁོབ་ཀྱི་རྒྱལ་པོ་དེ་དག་གིས་ལོ་བཅུ་གཉིས་ཀྱི་བར་དུ་སྐྱེ་བོ་ཕལ་པོ་ཆེ་ཁ་འདོག་པར་བྱེད་ཅིང་ཤར་ཕྱོགས་ཀྱི་ཡུལ་དུ་ འགྲོ་བར་འགྱུར་རོ། །དེ་ནས་རྒྱལ་པོ་དབང་ཆེན་སྡེས་དེ་ཐོས་ཏེ་འཇིགས་ཤིང་མི་དགའ་བ་སྐྱེས་ནས་དེ་ལ་ལྷ་རྣམས་ཀྱིས་བསྟན་པ་གཞོན་ནུ་བཟོད་པར་དཀའ་བ་རྒྱལ་སར་ཆུག་ ཅིག་དང། དེས་མཐའ་འཁོབ་ཀྱི་རྒྱལ་པོ་དེ་དག་ཚར་ཆོད་པར་འགྱུར་རོ། །ཞེས་སྟོན་པར་འགྱུར་རོ། །དེ་ནས་རྒྱལ་པོ་དབང་ཆེན་སྡེས་མགོ་བོ་ལས་ཅོད་པན་དང་དབུ་རྒྱན་ཕུད་དེ་ གཞོན་ནུ་བཟོད་པར་དཀའ་བ་རྒྱལ་སར་བཅུག་པར་འགྱུར་རོ། །དེ་ནས་རྒྱལ་པོ་བཟོད་པར་དཀའ་བས་བློན་པོ་ལྔ་བརྒྱའི་བུ་དེ་དག་བློན་པོའི་མཆོག་ཏུ་བཅུག་ནས་བློན་པོ་ལྔ་བརྒྱ་པོ་ དེ་དག་དང་ལྷན་ཅིག་ཏུ་གོ་བགོས་ཏེ་མཐའ་འཁོབ་ཀྱི་རྒྱལ་པོ་དེ་དག་དང་གཡུལ་འགྱེད་པའི་ཕྱིར་འདྲེན་པར་འགྱུར་ཏེ། དེས་མཐའ་འཁོབ་ཀྱི་རྒྱལ་པོ་གསུམ་པོ་གཡོག་འཁོར་ [406A]༄༅། །འབུམ་འབུམ་དང་ལྡན་པ་དེ་དག་ཁ་བཏགས་ནས་སའི་སྟེང་ཐམས་ཅད་དུ་རྒྱལ་པོ་གཅིག་པུར་འགྱུར་ཏེ། བཀའ་འོག་ཏུ་བཅུག་ནས་ཕྱིར་ཀོའུ་ཤམྦྷཱིར་འོང་ བར་འགྱུར་རོ། །དབང་པོ་དག་དེའི་ཚེ་ཡུལ་དམར་ཅན་གྱི་བུ་ཞེས་བྱ་བར་བྲམ་ཟེ་མེས་བྱིན་ཞེས་བྱ་བ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་མཐར་ཕྱིན་པ་ཞིག་འབྱུང་བར་འགྱུར་ཏེ་ དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱད་པར་འགྱུར་ལ། སེམས་ཅན་གཞན་ཞིག་ཀྱང་དེའི་ཆུང་མའི་ལྟོར་འཇུག་པར་འགྱུར་རོ། །དེ་ནས་ བྲམ་ཟེ་མོ་དེ་ཡིད་ལ་འདོད་པ་སྐྱེས་ཏེ། གཞུང་གིས་རྩོད་པ་རྣམས་དང་ལྷན་ཅིག་ཏུ་སྨྲའང་ཅི་མ་རུང་སྙམ་མོ། །དེ་ནས་བྲམ་ཟེ་དེས་མཚན་མཁན་རྣམས་ལ་བསྟན་ནས་མཚན་མཁན་ རྣམས་ན་རེ། ལྟོ་ན་འདུག་པའི་སེམས་ཅན་དེ་བསྟན་བཅོས་ཐམས་ཅད་རྟོགས་པར་འགྱུར་ཞིང། གཞུང་གིས་རྩོད་པ་ཐམས་ཅད་ཚར་ཆོད་པར་འགྱུར་ཏེ། དེའི་མཐུས་ན་བྲས་ ཟེ་མོའི་ཡིད་ལ་འདོད་པ། གཞུང་གིས་རྩོད་པ་རྣམས་དང་ལྷན་ཅིག་ཏུ་སྨྲའང་ཅི་མ་རུང་སྙམ་པ་དེ་ལྟ་བུ་སྐྱེས་པ་ཡིན་ནོ། །ཞེས་ཟེར་རོ། །དེ་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་ དང་བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་པར་གྱུར་ཏེ། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་བསྟན་བཅོས་ཐམས་ཅད་མཐར་ཕྱིན་པར་འགྱུར་ཞིང་ [406B] བྲམ་ཟེ་ལྔ་བརྒྱ་བྲམ་ཟེའི་སྔགས་སློབ་པའི་སློབ་དཔོན་བྱེད་དེ། དེ་ལ་སློབ་མ་མང་པོ་ཡོད་པས་ན། དེའི་མིང་སློབ་མ་ཅན་ཞེས་ བཏགས་སོ། །དེ་ནས་དེས་ཕ་མ་ལ་གསོལ་ནས་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ཞིང་སྡེ་སྣོད་གསུམ་ལོབས་པར་འགྱུར་ཏེ། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་ བར་འགྱུར་ལ་འཁོར་མང་པོ་འདུ་བར་འགྱུར་རོ། །དབང་པོ་དག་དེ་ཁོ་ནའི་ཚེ་ཡུལ་དམར་ཅན་གྱི་བུ་ཞེས་བྱ་བར་ཚོང་དཔོན་ནོར་བཟང་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། དེས་ཐབས་ ཟླར་བབ་པ་ལས་ཆུང་མ་བླངས་ནས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་འགྱུར་ལ། སྲིད་པ་ཐ་མའི་སེམས་ཅན་ཞིག་ཀྱང་དེའི་ཆུང་མའི་ལྟོར་ཞུགས་ནས་བུད་མེད་དེ་བཟོད་པ་ དང་ལྡན་ཞིང་དེས་ལ་ཁ་མཆུ་ཉུང་ཞིང་ཞིག་བར་འགྱུར་རོ་།དེ་ནས་ཚོང་དཔོན་ནོར་བཟང་གིས་མཚན་མཁན་རྣམས་ལ་བསྟན་ན་དེ་དག་ན་རེ། སེམས་ཅན་ལྟོར་ཞུགས་པ་དེ་དེས་པར་ འགྱུར་ཏེ། དེའི་མཐུས་ན་ཆུང་མ་འདི་བཟོད་པ་དང་ལྡན་ཞིང་དེས་ལ་ཁ་མཆུ་ཉུང་ཞིང་ཞི་བར་གྱུར་ཏོ། །ཞེས་ཟེར་རོ། །དེ་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་བུ་གཟུགས་བཟང་ཞིང་ བལྟ་ན་སྡུག་ལ་མཛེས་པ་ཞིག་བཙའ་བར་འགྱུར་ཏེ། དེའི་མིང་དེས་པ་ཞེས་འདོགས་པར་འགྱུར་རོ། །དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ལམ་ལ་གསོལ་ནས་ངའི་བསྟན་པ་ལ་རབ་ཏུ་ [407A]༄༅། །འབྱུང་བར་འགྱུར་ཏེ། དེས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ལ། ཐོས་པ་ཉུང་ཞིང་འདོད་པ་ཆུང་ལ་ ཀུན་གྱིས་ཤེས་པ་དང། བས་མཐའི་གནས་མལ་དུ་གནས་པར་འགྱུར་རོ་།དེ་ནས་རེ་ཞིག་ན་རྒྱལ་པོ་བཟོད་པར་དཀའ་བའི་ཡབ་དབང་ཆེན་སྡེ་ཤི་ནས་རྒྱལ་པོ་བཟོད་པར་དཀའ་བས་ ཕའི་རུས་བུ་ལག་པ་གཉིས་ཀྱིས་བང་དུ་བླངས་ཏེ་མྱ་ངན་བྱེད་ཅིང་སྡུག་བསྔལ་ལ་སྨྲེ་སྔགས་འདོན་པར་བྱེད་དེ། སུའང་དེའི་མྱ་ངན་སེལ་ནུས་པ་མེད་དོ། །དེ་ནས་རེ་ཞིག་ན་ གནས་བརྟན་སློབ་མ་ཅན་འཁོར་བརྒྱ་ཕྲག་དུ་མ་དང་ཡུལ་ཀོའུ་ཤམྦྷཱིར་འགྲོ་བར་འགྱུར་ཏེ། དེ་རྒྱལ་པོ་བཟོད་པར་དཀའ་བའི་ཐད་དུ་སོང་ནས་ཆོས་སྟོན་པར་འགྱུར་རོ། །དེ་ནས་དེ་ ཐོས་ནས་རྒྱལ་པོ་དེ་ཕའི་མྱ་ངན་ཡང་སངས་པར་འགྱུར་ལ་བསྟན་པ་ལའང་དད་པ་རྙེད་པར་འགྱུར་རོ། །དེ་དད་པར་གྱུར་ནས་དགེ་སློང་རྣམས་ལ་མི་འཇིགས་པ་སྦྱིན་པར་ འགྱུར་རོ། །དེ་ནས་དེས་དགེ་སློང་རྣམས་ལ་སྨྲས་པ། བཅོམ་ལྡན་འདས་ཀྱི་བསྟན་པ་མཐའ་འཁོབ་ཀྱི་རྒྱལ་པོ་རྣམས་ཀྱིས་བཤིག་ནས་ཇི་སྲིད་ལོན། དེ་དག་ན་རེ། ལོ་བཅུ་གཉིས་ ལོན་ནོ༑ ༑ཞེས་ཟེར་རོ། །དེ་ནས་རྒྱལ་པོ་དེས་སེངྒེའི་སྒྲ་བསྒྲགས་ཏེ། ངས་ལོ་བཅུ་གཉིས་ཀྱི་བར་དུ་ཀོའུ་ཤམྦྷཱིར་བཅོམ་ལྡན་འདས་ཀྱི་བསྟན་པ་ལོ་ལྔ་པའི་དུས་སྟོན་བྱའོ། །ཞེས་ [407B]གྱི་ལུགས་བཏོད་དེ་གང་གི་ཉིན་པར་ལོ་ལྔ་པའི་དུས་སྟོན་བརྩམས་པ་དེ་ཁོ་ནའི་ཉིན་པར་ཆར་འབབ་པར་འགྱུར་ཏེ། སའི་སྟེང་ རྒྱ་མཚོའི་མཐས་གཏུགས་པ་ཆུས་ངོམས་པར་འགྱུར་རོ། །དེ་ནས་ཛམྦུ་གླིང་ན་གནས་པའི་སྐྱེ་བོ་མང་པོ་རྣམས་ལྷག་པར་ཡང་ཀོའུ་ཤམྦྷཱིར་ལོ་ལྔ་པའི་དུས་སྟོན་བྱེད་དུ་འགྲོ་ཞིང། དགེ་ སློང་རྣམས་ཀྱི་མཆོད་པའི་ལས་ལ་བརྩོན་པར་འགྱུར་རོ། །དེ་ནས་དགེ་སློང་རྣམས་རྙེད་པ་དང་བཀུར་སྟི་ཆེན་པོ་ལ་ཞེན་ནས་དེ་དག་གིས་དད་པས་བྱིན་པ་ལོངས་སྤྱོད་པར་བྱེད་དོ། །ལུང་ ནོད་པར་མི་བྱེད། ཀློག་པར་མི་བྱེད། ཉིན་མོ་ནི། བྲེ་མོ་གཏམ་གྱིས་དུས་འདའ་བར་བྱེད། མཚན་མོ་ནི། རྨུགས་པ་དང་གཉིད་ཀྱིས་དུས་འདའ་བར་བྱེད་ཅིང་ཁེ་དང་བཀུར་སྟི་འདོད་ལ་ ལུས་ཀྱི་བྱི་དོར་གྱིས་གཡེན་སྤྱོ་ཞིང་གོས་ཀྱིས་བརྒྱན་པ་ལ་བརྩོན་ཏེ། ངེས་པར་འབྱུང་བ་དང་ཉེ་བར་ཞི་བ་དང་དབེན་པ་དང་རྫོགས་པར་བྱང་ཆུབ་པ་དང་བྲལ་ཞིང། ཆ་བྱད་འབའ་ཞིག་ གཅེས་བར་བྱེད་པར་འགྱུར་ཏེ། དགེ་སྦྱོང་གི་ཡོན་ཏན་དང་བྲལ་བ་དམ་པའི་ཆོས་ཀྱི་དགྲར་གྱུར་པ། རྩོད་པའི་དུས་ཀྱི་གྲོགས་སུ་གྱུར་པ་དེ་དག་གིས་ཆོས་ཀྱི་རྒྱལ་མཚན་བསྙལ་བར་ འགྱུར༑ བདུད་ཀྱི་རྒྱལ་མཚན་བསྒྲེང་བར་འགྱུར། ཆོས་ཀྱི་མེ་ལྕེ་གསོད་པར་འགྱུར། ཉོན་མོངས་པའི་མེ་སྤོར་བར་འགྱུར། ཆོས་ཀྱི་རྔ་འདྲལ་བར་འགྱུར། དམ་པའི་ཆོས་ཀྱི་འཁོར་ལོ་ [408A]༄༅། །ཕྱེ་མར་རློག་པར་འགྱུར། དམ་པའི་ཆོས་ཀྱི་རྒྱ་མཚོ་སྐེམ་པར་འགྱུར། དམ་པའི་ཆོས་ཀྱི་རི་བོ་རྣམ་པར་འཐོར་བར་འགྱུར་ཆོས་ཀྱི་གྲོང་ཁྱེར་འཇིག་པར་ བྱེད་པར་འགྱུར། ཆོས་ཀྱི་ཤིང་ལྗོན་པ་དྲུང་ནས་འབྱིན་པར་འགྱུར་ཞི་གནས་དང་ལྷག་མཐོང་གཉིས་སྤོང་བར་བྱེད། ཚུལ་ཁྲིམས་ཀྱི་རྒྱན་རྣམས་གཅོད་པར་བྱེད། དེས་ན་དེ་དག་ལ་ ལྷ་རྣམས་དང། ཀླུ་རྣམས་དང། གནོད་སྦྱིན་རྣམས་དམོད་པར་འགྱུར་སྤོང་བར་འགྱུར། བརྒྱལ་བར་འགྱུར་ཏེ། ཀྱེ་སེམས་ཅན་ཐ་ཆད་འདི་ལྟ་བུ་དག་གིས་བཅོམ་ལྡན་འདས་ཀྱི་ གསུང་རབ་མི་མཛེས་པར་བྱས་སོ། །ཞེས་ཟེར་ཏོ། །འདི་སྐད་ཅེས་ཀྱང་ཟེར་ཏེ། ད་ནི་མ་བསྔམས་ངན་སྤྱོད་དང། ལོག་པར་ལྟ་བས་ཉམས་པའི་བདག་རྨོངས་པ་དག་གིས་བཅོམ་ ལྡན་གྱི༑ ༑བསྟན་པའི་ལྗོན་ཤིང་བཅད་ཀྱིས་མེད། །ད་ནི་སྙིང་རྗེ་མེད་པ་དང། །ཆོས་ལུགས་བོར་ཞིང་བདེན་ཆོས་སྤངས། །བརྐམ་ཆགས་རྣམས་ཀྱིས་བཅོམ་ལྡན་གྱི། །བསྟན་པའི་རྒྱལ་ མཚན་བསྙལ་གྱིས་མེད། །ད་ནི་གདུལ་དཀའ་མ་གྲངས་པ། །སྡིག་པའི་ལས་ལ་དགའ་བའི་མི། །སྡིག་ཅན་རྣམས་ཀྱིས་ཐུབ་པ་ཡི། །བསྟན་པའི་ཟམ་པ་བཅད་ཀྱིས་མེད། །ད་ནི་མགོ་ རེག་ངན་པ་པོ། །སྤྱོད་འཆལ་སྨད་པ་ཚུལ་འཆོས་གནས། །ངན་གཡོ་ཅན་གྱིས་ཐུབ་པ་ཡི། །བསྟན་པའི་ཚོང་འདུས་བཅོམ་གྱིས་མེད། །ད་ནི་ཁྲོ་དང་ང་རྒྱལ་དང། །རྒྱགས་པས་བརླམས་ [408B] །སྙིང་རྗེ་མེད་པ་དེ་དག་གིས། །སྡིག་པ་མི་བྱེད་ཅི་ཡང་མེད། །ད་ནི་དམ་ཆོས་འཇིག་པའི་ཚེ། །རྟགས་མཚན་ཤིན་ཏུ་མི་བཟད་པ། །དགེ་བ་རྣམས་ནི་སྐྱོ་འགྱུར་བ། །སྟོན་པ་ དེ་ཉིད་གཟིགས་པ་པོ། །དྲང་སྲོང་དམ་པས་གང་གསུངས་པ། །དེ་དག་ཀྱང་ནི་སྣང་བར་འགྱུར། །ད་ནི་ཐུབ་པའི་བསྟན་པ་ཡང། །ཅུང་ཟད་ཙམ་ཞིག་ལུས་པར་ཟད། །ཐུབ་པའི་བསྟན་པ་གང་ཆེན་ མཚོ༑ ༑རིང་པོར་མི་ཐོགས་སྐམ་པར་འགྱུར། །མ་རབས་ཤེས་རབ་འཆལ་པ་དང། །ལས་མེད་གནས་པས་གནོད་པར་བྱས། །ཚུལ་ཅན་དག་དང་སྟེན་མི་ཤེས། །ཉེས་པ་འཛིན་ཅིང་ཚུལ་ ཁྲིམས་སྤངས། །བྱིས་པ་དབེན་པས་འཇིགས་པ་དང། །མི་དབེན་པ་དང་མི་མཁས་དང། །བསླབ་ཉེས་སློབ་དཔོན་ངན་པ་དང། །རྗེས་སུ་སྟོན་པ་རྨོངས་པ་དང། །ངན་པ་དག་ལ་ཡིད་རྟོན་ པས༑ ༑དམ་ཆོས་འདི་ནི་མ་རུང་བྱས། །དེ་སྐད་ཅེས་ཟེར་ཅིང་མི་མགུ་ལ་མ་རངས་ནས་ཕྱིན་ཆད་དགེ་སློང་རྣམས་ལ་སྲུང་བ་དང། སྦེད་པར་མི་བྱེད་དོ། །དེ་ནས་ཞག་བདུན་ན་དམ་པའི་ཆོས་ ནུབ་པར་འགྱུར་བ་ན་ལྷ་རྣམས་ཡིད་མི་དགའ་ནས་ནམ་མཁའ་ལ་འཁོར་དེ་སྐད་འབྱིན་ཅིང་སྒྲ་བསྒྲགས་ཏེ། གྲོགས་པོ་དག་ད་སྟེ་ཞག་བདུན་ན་གསོ་སྦྱོང་གི་དུས་ལ་བབ་པའི་ཚེ་ དེ་བཞིན་གཤེགས་པའི་དམ་པའི་ཆོས་འཐབ་མོས་ནུབ་པར་འགྱུར་རོ་།ཞེས་ཟེར་ཏོ། །དེ་ནས་དེ་ཐོས་ནས་ཀོའུ་ཤམྦྷཱི་ན་གནས་པའི་དགེ་བསྙེན་ལྔ་བརྒྱ་གཙུག་ལག་ཁང་དུ་དོང་ [409A]༄༅། །ནས་དགེ་སློང་རྣམས་འཐབ་པ་དང། མཚང་འདྲུ་བ་དང་འགྱེད་བ་དང། རྩོད་པ་བྱུང་ངོ་ཅོག་ཞི་བར་བྱེད་དེ། འདི་སྐད་དུ་ཀྱི་ཧུད་སངས་རྒྱས་ཀྱི་བསྟན་པ་ རིང་པོ་མི་ཐོགས་པར་འཐབ་མོས་ནུབ་པར་འགྱུར་རོ། །ཞེས་ཟེར་རོ་།འདི་སྐད་ཅེས་ཀྱང་ཟེར་ཏེ། སེམས་ཅན་ཀུན་ལ་བདེ་བྱེད་པ། །ཤཱཀྱ་སེངྒེའི་བསྟན་པ་ནི། །དུས་ཀྱི་འཁོར་ལོས་རབ་ བཅོམ་ནས། །མྱུར་བ་ཉིད་དུ་འཇིག་པར་འགྱུར། །གང་དག་འདི་འདྲའི་དུས་བབ་ཚེ། །སྙིང་ནི་སྟོང་དུ་མ་གས་པ། །བདག་ཉིད་ཆེན་པོ་དེ་དག་གི་སྙིང་གི་ལྕགས་ཀྱི་སྙིང་པོ་ཟད། །ཞི་བའི་དུས་ ནི་འདས་པར་གྱུར། །མི་བཟད་དུས་ནི་བྱུང་གིས་མེད། །ཤེས་རབ་ཅན་གྱི་མི་རྣམས་ནི། །འཇིག་རྟེན་དག་ན་ཟད་པར་འགྱུར། །ས་སྟེང་རྟགས་རྣམས་ཅི་འདྲ་བར། །རྣམ་པ་དུ་མ་སྣང་བ་ ལས༑ ༑ངེས་པར་ཐུབ་པའི་བསྟན་པ་ནི། །རིང་པོ་མི་ཐོགས་འཇིག་པར་འགྱུར། །བདེ་འདོད་རྣམས་ཀྱིས་ཕན་པའི་དོན། །ད་ནི་ལེགས་པར་བརྟག་པར་རིགས། །ད་ནི་དམ་པའི་ཆོས་ནུབ་ པས༑ ༑མཆོད་པ་དཔག་ཏུ་མེད་པ་ལས། །ཚད་ཡོད་པ་ཅན་དུ་འགྱུར་རོ་།དེ་བས་ན་བདག་གིས་ལོངས་སྤྱོད་སྙིང་པོ་མེད་པ་ལས་སྙིང་པོ་བླང་བར་བྱའོ་སྙམ་ནས་དགེ་བསྙེན་ལྔ་བརྒྱ་པོ་དེ་ དག་གིས་གང་གི་ཉིན་པར་དམ་པའི་ཆོས་ནུབ་པར་འགྱུར་བ་དེ་ཁོ་ནའི་ཉིན་པར་གཙུག་ལག་ཁང་ལྔ་བརྒྱ་ཞལ་སྲོ་བར་འགྱུར་རོ་།དེ་ནས་གསོ་སྦྱོང་གི་དུས་ལ་བབ་པ་ན་དགེ་བསྙེན་ [409B]པར་འགྱུར། དེ་ནས་རེ་ཞིག་ན་དགེ་སློང་དེས་པ་རི་སྤོས་ཀྱི་ངད་ལྡང་ན་གནས་པ་ལས་གང་དུ་གསོ་སྦྱོང་བྱ་སྙམ་སྟེ་ཛམྦུའི་གླིང་དུ་ བལྟས་ན་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཐམས་ཅད་ཀོའུ་ཤམྦྷཱིར་འདུས་པར་མཐོང་ངོ། །དེ་ནས་དེ་གསོ་སྦྱོང་བྱ་བའི་ཕྱིར་ཀོའུ་ཤམྦྷཱིར་འགྲོ་བར་འགྱུར་རོ། །དེར་དགེ་སློང་འབུམ་གསོ་སྦྱོང་ལ་ འདུ་བར་འགྱུར་ཏེ། དེའི་ནང་ན་དགྲ་བཅོམ་པ་ནི། དེས་པ་ཞེས་བྱ་བ་གཅིག་པུ་ཡོད་དོ། །སྡེ་སྣོད་གསུམ་པ་ནི། སློབ་མ་ཅན་ཞེས་བྱ་བ་གཅིག་པུ་ཡོད་དོ། །དབང་པོ་དག་དེ་ནི། དེ་བཞིན་གཤེགས་ པའི་འདུས་པ་ཐ་མ་ཡིན་ཏེ། འདི་ལྟ་སྟེ། དགེ་སློང་འབུམ་ཡོད་དོ་།དེ་ནས་དགེ་སློང་གི་དགེ་འདུན་འདུས་པའི་ནང་དུ་དགེ་སློང་མཛེས་ཆོས་འདུག་པས་ཚུལ་ཤིང་བྲིམས་ནས་གནས་བརྟན་ སློབ་མ་ཅན་ལ་སྨྲས་པ། གནས་བརྟན། དགེ་སློང་གི་དགེ་འདུན་འདུས་པ་ལགས་ཀྱི། སོ་སོར་ཐར་པ་གདོན་དུ་གསོལ། སློབ་མ་ཅན་གྱིས་སྨྲས་པ། ཛམྦུའི་གླིང་ན་བཅོམ་ལྡན་འདས་ ཀྱི་ཉན་ཐོས་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འདིར་འོངས་ཏེ་འདི་ལྟ་སྟེ། དགེ་སློང་འབུམ་ཡོད་ན། དེ་ལྟར་དགེ་འདུན་མང་པོའི་ནང་ན་བདག་དགེ་འདུན་གྱི་གནས་བརྟན་ཡིན་ལ། ཐོས་ པས་ཀྱང་མཐར་ཕྱིན་པ་ཡིན་ན། བདག་ཀྱང་བསླབ་པ་འདི་དག་ལ་སློབ་པར་མི་ཆུད་ན། གཞན་ལྟ་ལགས་ཀྱང་བསླབ་པ་རྣམས་ལ་སློབ་པར་མི་ཆུད། དེ་ལྟ་ན་སུའི་དོན་དུ་བདག་གིས་ [410A]༄༅། །སོ་སོར་ཐར་པ་གདོན་པར་བྱ་སྙམ་མོ། །འདི་སྐད་ཅེས་ཀྱང་ཟེར་ཏེ། དོ་ནུབ་རྒྱུ་སྐར་ཚོགས་པ་ཡི། །བཅོ་ལྔའི་མཚན་མོ་དགའ་བ་ལ། །གསོ་སྦྱོང་འདོད་པའི་དགེ་ སློང་དག་ཤིན་ཏུ་བསྒྲིམས་ཏེ་ངེས་པར་འཁོད། །འཛམ་གླིང་འདི་ན་ཤཱཀྱ་ཡི། །སྲས་ཀྱི་དགེ་སྦྱོང་ཇི་སྙེད་པ། །དེ་དག་ཐམས་ཅད་འདིར་ལྷགས་ཏེ། །འདི་ནི་འདུས་པ་ཐ་མ་ཡིན། །དགེ་ སློང་དགེ་འདུན་དེ་དག་ལས། །བདག་ནི་ཐོས་པའི་མཐར་ཕྱིན་ཀྱང་།བདག་ཀྱང་བསླབ་ལ་སློབ་མི་ནུས། །སྐྱེ་བོ་གཞན་ལྟ་ཅི་ཞིག་སྨོས། །འོན་ཏེ་འདི་ན་ཐུབ་དབང་པོ། །ཤཱཀྱ་སེངྒེ་བློ་ ལྡན་གྱི། །བསླབ་ལ་ལེགས་བསླབས་འགའ་ཡོད་ན། །རང་གི་ཡོན་ཏན་བརྗོད་པར་རིགས། །དེ་ནས་དགྲ་བཅོམ་པ་དེས་པ་སྟན་ལས་ལངས་ཏེ་གྲལ་དཔོན་གྱི་མདུན་དུ་འདུས་ནས་དགེ་ འདུན་ལ་ཐལ་མོ་སྦྱར་བ་བཏུད་དེ་གནས་བརྟན་སློབ་མ་ཅན་ལ་སྨྲས་པ། གནས་བརྟན། སོ་སོར་ཐར་པ་གདོན་པར་གྱིས་ཤིག་ཇི་ལྟར་བཅོམ་ལྡན་འདས་བཞུགས་པའི་ཚེ་ཤཱ་རིའི་ བུ་དང། མཽངྒལ་གྱི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་ཀྱིས་བསླབ་པ་ཡང་དག་པར་བསྲུངས་པ་དེ་བཞིན་དུ་བདག་གིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ ལས་འདས་ནས་ལོ་སྟོང་ལྷག་ཙམ་ལོན་གྱི་འོག་ཏུ་བསྟན་པ་ཡང་དག་པར་བསྲུངས་སོ། །ཞེས་ཟེར་རོ། །ཡང་བཀའ་སྩལ་པ། སློབ་མ་ཅན་གྱིས་སྨྲས་པ་ཡི། །ཚིག་འདི་ཐོས་པར་ [410B] །དེས་པ་བདེ་བར་གཤེགས་པའི་སྲས། །སེངྒེའི་སྒྲ་ནི་སྒྲོག་པར་བྱེད། །བདག་ནི་ཐུབ་པའི་བསླབ་པ་རྣམས། །མ་འཁྲུགས་པར་ནི་འཛིན་པར་བྱེད། །བདག་ནི་སྟོན་པའི་འདུལ་བ་ ཡི༑ ༑བསླབ་པ་རྣམས་ལ་ཇི་བཞིན་བསླབས། །དེ་ནས་སློབ་མ་ཅན་གྱི་སློབ་མ་དཔུང་རྒྱན་ཞེས་བྱ་བ་འཇིགས་སུ་རུང་བ་དེ་ལངས་ཏེ་སྨྲས་པ། ཁྱོད་ནི། གསར་དུ་ཐོས་པ་ཉུང་དུ་ཡིན་ན། མཁན་ པོ་ལ་ཕྱིར་འཁྱལ་ལམ་ཞེས་བྱས་ནས་དེས་མཚོན་རྣོན་པོ་བླངས་ཏེ་དགྲ་བཅོམ་པ་དེས་པ་དེ་གསོད་པར་འགྱུར་རོ། །ཡང་བཀའ་སྩལ་པ་སློབ་མ་ཅན་གྱི་སློབ་མ་ནི། །དཔུང་རྒྱན་ཞེས་བྱ་ འཇིགས་སུ་རུང། །དེ་ཡིས་བདེ་བར་གཤེགས་པའི་སྲས། །དགྲ་བཅོམ་དེས་པ་གསོད་པར་འགྱུར། །དེ་ནས་དེར་གནོད་སྦྱིན་ཞོ་གདོང་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ་དེས་བསམ་པ། དགྲ་ བཅོམ་པ་གཅིག་པུ་ཡོད་པ་དེའང་ངན་པ་པོ་འདིས་བསད་དོ་སྙམ་ནས་དེས་རྡོ་རྗེ་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་ཏེ་འབར་བ་གཅིག་ཏུ་གྱུར་པ་ཐོགས་ནས་དགེ་སློང་དཔུང་ རྒྱན་གྱི་མགོ་བོ་ཚལ་པ་བདུན་དུ་གཤེག་པར་འགྱུར་རོ། །ཡང་བཀའ་སྩལ་པ། དེ་ནས་གནོད་སྦྱིན་ཞོ་གདོང་གིས། །རྡོ་རྗེ་འབར་བ་ཐོགས་ནས་ནི། །དགེ་སློང་དཔུང་རྒྱན་ངན་པ་ཡི། །མགོ་ བདུན་ཚལ་པར་གཤེག་པར་འགྱུར། །དེ་ནས་དགྲ་བཅོམ་པ་དེས་པའི་སློབ་མ་རྣམས་སྟན་ལས་ལངས་ནས་སྡེ་སྣོད་གསུམ་པ་སློབ་མ་ཅན་གསོད་པར་འགྱུར་རོ། །དེ་ལྟར་དགྲ་བཅོམ་པ་དེས་ [411A]༄༅། །པ་དང། སྡེ་སྣོད་གསུམ་པ་སློབ་མ་ཅན་བསད་ནས་དེ་བཞིན་གཤེགས་པའི་དམ་པའི་ཆོས་ནུབ་པར་འགྱུར་རོ། །དམ་པའི་ཆོས་ནུབ་ནས་ས་ཆེན་པོ་གཡོ་བར་ འགྱུར་ཞིང་སྐར་མདའ་དག་ལྟུང་ལ་ལྕི་བ་འབྱུང་ཞིང། བར་སྣང་ལས་ལྷའི་རྔ་སྒྲ་དག་སྒྲོག་སྟེ་ཕྱོགས་བཞི་ནས་གཟའ་མཇུག་རིང་འབྱུང་བར་འགྱུར་ལ། ལྷ་འབུམ་སྙེད་སྙིང་རྗེ་རྗེ་ སྐད་དུ་སྨྲེ་སྔགས་འདོད་ཅིང་ཀྱི་ཧུད་དེ་བཞིན་གཤེགས་པས་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་བསྒྲུབས་པའི་དམ་པའི་ཆོས་ནུབ་ཀྱིས་མེད་དོ། །ཞེས་ཟེར་ཏོ། །ཡང་བཀའ་སྩལ་ པ༑ དེ་ནས་ཡུད་ཙམ་དེ་ཉིད་ལ། །དགེ་སློང་དེས་པ་བསད་པའི་ཚེ་།ས་སྟེང་འདི་དག་མ་ལུས་པར། །རྣམ་པ་དྲུག་ཏུ་གཡོ་བར་འགྱུར་།བདག་ཉིད་ཆེན་པོ་ཐུབ་པ་ཡི། །དམ་ཆོས་དེ་ནི་ ནུབ་པའི་ཚེ། །དེར་ནི་སྲོག་ཆགས་མང་པོ་རྣམས། །སྡུག་བསྔལ་ལྡན་ཞིང་བརླག་པར་འགྱུར། །གནོད་སྦྱིན་སངས་རྒྱས་མཐོང་བ་དང་།རྒྱལ་བའི་བསྟན་ལ་དགའ་བ་རྣམས། །ཁ་ སྦུབ་ཏུ་ནི་བསྒྱེལ་ནས་ཀྱང། །སྨྲེ་སྔགས་འདོན་ཅིང་སྡུག་བསྔལ་འགྱུར། །དེ་རིང་ཕྱིན་ཆད་འཇིག་རྟེན་དུ། །དམ་པའི་ཆོས་ཀྱང་མེད་པར་འགྱུར། །འདུལ་བ་སོ་སོར་ཐར་པའང་རུང། ། ཕྱིན་ཆད་སྤྱོད་པར་མི་འགྱུར་རོ། །ཆོས་ཀྱི་ཆུ་ལོན་རལ་གྱིས་མེད་།ཆོས་ཀྱི་རྒྱུན་ཡང་བཟློག་གིས་མེད། །ཆོས་ཀྱི་རྒྱ་མཚོ་འདི་ཡང་བསྐམས། །ཆོས་ཀྱི་རི་བོ་སྙིལ་གྱིས་མེད། །ཆོས་ [411B] །ཆོས་ཀྱི་མཆོད་སྡོང་བསྙལ་གྱིས་མེད། །ཆོས་ཀྱི་རྐང་པ་བཅག་གིས་མེད། །སྡོམ་པ་དག་ཀྱང་ཟད་ཀྱིས་མེད། །དེང་དུ་ཆོས་ཀྱི་སྒྲོན་མ་བསད། །ཆོས་ཀྱི་འཁོར་ ལོ་བཟློག་གིས་མེད། །བདུད་རྩིའི་སྒོ་ཡང་བཅད་ཀྱིས་མེད། །ཆོས་སྨྲ་རྣམས་ཀྱང་ཟད་ཀྱིས་མེད། །ལམ་བཟང་སྟོན་པར་བྱེད་པ་ཡི། །སྐྱེས་མཆོག་རྣམས་ཀྱང་བརླག་གིས་མེད། །མི་རྣམས་ རིང་པོ་མི་ཐོགས་པར། །རི་དྭགས་ཀྱི་ནི་འདུ་ཤེས་འགྱུར། །ཞེས་ཟེར་ཏོ། །དེ་ནས་ལྷ་མོ་སྒྱུ་འཕྲུལ་ཆེན་པོ་སུམ་ཅུ་རྩ་གསུམ་པའི་གནས་ནས་བབས་ནས་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ ཏེ༑ ཀྱི་ཧུད་ད་ནི། ངའི་བུས་བསྐལ་པ་གྲངས་མེད་གསུམ་གྱི་བར་དུ་བསྒྲུབས་པའི་དམ་པའི་ཆོས་འཐབ་མོས་ནུབ་པར་བྱས་ཀྱིས་མེད་དོ་།ཞེས་ཟེར་རོ། །འདི་སྐད་ཅེས་ཀྱང་ཟེར་ཏེ། ཀྱེ་མ་ དེས་པ་ཡོན་ཏན་ཅན། །སངས་རྒྱས་སྲས་ཀྱི་ཐ་ཆུང་སྟེ། །དཔུང་རྒྱན་ཕྲག་དོག་ཞེ་སྡང་གི་དབང་དུ་གྱུར་པས་བསད་པ་ན་།སངས་རྒྱས་ཡུམ་ནི་བརྟུལ་ཞུགས་བཟང། །ལྷ་མོ་ཆེན་མོ་སྒྱུ་འཕྲུལ་མ། ། དམ་པའི་ཆོས་ནི་ནུབ་པའི་ཕྱིར། །མི་དགའ་སྙིང་རྗེ་བླ་མར་འགྱུར། །ཀྱི་ཧུད་མི་ནི་ལྷག་མཆོག་གི་བསྟན་པ་ཉམས་པར་འགྱུར་གྱིས་མེད། །སྡེ་སྣོད་གསུམ་པ་སློབ་མ་ཅན། །དགེ་སློང་དེས་པ་ གཉིས་བསད་པས། །དེང་དུ་ཟླ་བ་གནམ་ལས་ལྟུང། །ཉི་མ་ཡང་ནི་འཕོས་ཀྱིས་མེད། །བསྟན་པའི་ཉི་མ་མེད་གྱུར་པས། །ད་ནི་འཇིག་རྟེན་སྣང་བ་མེད། །ཟླ་བའི་དཀྱིལ་འཁོར་དག་པ་ནི། སྒྲ་ [412A]༄༅། །གཅན་གྱིས་ནི་ཟིན་པ་ལྟར། །དེང་དུ་འཇིགས་པ་ཆེན་པོ་ཡི་།མུན་པ་འཇིག་རྟེན་བྱུང་གིས་མེད། །མྱ་ངན་འདས་པའི་གནས་འགྲོ་བའི། །ཆོས་ཀྱི་གྲུ་ནི་དེ་རིང་དུ། ། དཔུང་རྒྱན་ལ་སོགས་བྱིས་པ་རྣམས། །སྙིང་མེད་པས་ནི་བསད་ཀྱིས་མེད། །རྟགས་ཙམ་ལྷག་མ་ལུས་པར་ཟད། ཆོས་མ་ཡིན་པ་སྣང་བར་འགྱུར། །བདུད་རྣམས་རྒྱལ་བའི་སྒྲ་སྐད་ནི། ། བདུད་ཀྱི་འཁོར་རྣམས་སྒྲོག་པར་བྱེད། །སེངྒེའི་སྒྲ་ནི་བསྒྲགས་པ་ཡི། །ལུས་འཕགས་རི་བོ་དེ་ཉིད་དུ། ཟད་ནི་བརྒྱ་བྱིན་འཁོར་དང་བཅས། །མྱ་ངན་ཟུག་རྡུས་ཕོག་པར་གྱུར། །ཚངས་བཅས་ འཇིག་རྟེན་དེ་རིང་དུ། །མགོན་མེད་ཡི་ཡང་ཆད་པར་གྱུར། །འཁོར་བཅས་བདུད་ནི་དགྲ་ཟླ་མེད། །རྒྱགས་པས་ལྡན་ཞིང་བདོ་བར་གྱུར་།ཐར་པའི་ལམ་ནི་མཚོན་པ་དང། །མཐར་སྟོན་མྱ་ ངན་འདས་པ་ན། །ཐུབ་པ་ཡི་ནི་བྱང་ཆུབ་ཕྱོགས། །ཐར་པའི་ལམ་རྣམས་བཅད་ཀྱིས་མེད། །ཀཽཎྜི་ནྱ་སོགས་གང་དག་ཏུ། །ཁྲུས་བྱས་མཐར་ཕྱིན་རིམས་ནད་མེད། །བྱང་ཆུབ་ཡན་ལག་ མེ་ཏོག་རྒྱས། །ཆོས་ཀྱི་མཚོ་ནི་དེང་དུ་བསྐམས། །བསྟན་པའི་ཚོགས་དེ་གང་དུ་སོང། །བསྟན་འཛིན་འདི་དག་གང་དུ་དོང། །འཛམ་གླིང་སྤྲོ་བ་མེད་གྱུར་པ། །མཐོང་བས་དེང་དུ་ཡི་ཆད་ དོ༑ ༑སངས་རྒྱས་སྲས་པོ་བརྟུལ་ཞུགས་བཟང། །ཆོས་ཀྱི་རྒྱལ་པོའི་གསུང་ལས་སྐྱེས། །རུ་སྐྱ་འཛིན་པ་ཉོན་མོངས་སྤངས། །སྨྲ་བའི་སྟག་རྣམས་གང་དུ་དོང། །འཇིག་རྟེན་དག་ན་མགོན་ [412B] །སངས་རྒྱས་སྲོག་ཤིང་འཛིན་པ་རྣམས། །ཕྱག་དར་ཁྲོད་དང་རི་སུལ་དང། །ནགས་ཚལ་བོར་ཏེ་གང་དུ་དོང། །དེ་ནི་དེ་ཡིས་སྤངས་པས་ན། །ཟླ་བ་སྒྲ་གཅན་ཟིན་པ་བཞིན། ། དགོན་པ་རྣམས་ཀྱང་མི་མཛེས་ཏེ། །ཀུན་ནས་མཛེས་པ་མེད་པར་གྱུར་།ཤེས་དང་ཚུལ་ཁྲིམས་དུལ་བར་ལྡན། །དད་པའི་རིན་ཆེན་རྣམས་ཀྱིས་བརྒྱན། །བཟོད་དང་དེས་པ་ལྡན་པ་དང། ། དགེ་དང་མི་དགེ་རྟོག་བྱེད་པའི། །དག་པའི་བློ་ཅན་གང་དག་གིས་།གཙུག་ལག་ཁང་དང་སྐྱེད་མོས་ཚལ། །མཆོད་རྟེན་སོགས་པས་ས་སྟེང་འདི། །བརྒྱན་པའི་སྐྱེས་བུ་དེ་དག་མེད། །འཇིག་ རྟེན་འདྲེན་པ་མེད་མཐོང་ནས། །ཤིན་ཏུ་སྡུག་བསྔལ་སྙིང་རྗེ་བས། །ལྷ་རྣམས་དེ་ལ་སོགས་པ་ཡི། །སྨྲེ་སྔགས་འདོན་ཏེ་དོང་བར་འགྱུར། །དེ་ནས་ཀཽ་ཤམྦྷཱི་ན་གནས་པའི་དགེ་བསྙེན་ལྔ་ བརྒྱས་དེ་ཐོས་ནས་གཙུག་ལག་ཁང་ནས་བྱུང་སྟེ་ལག་པ་བསྒྲེངས་ནས་ཆོ་དེ་རྡུང་ཞིང། ཀྱི་ཧུད་བཅོམ་ལྡན་འདས་དེས་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་བསྒྲུབས་པའི་བསྟན་ པ་དེང་དུ་འཐབ་མོས་ནུབ་པར་གྱུར་ཏོ། །ཞེས་ཟེར་ཏོ། །ཡང་སྨྲས་པ། འཇིགས་སུ་རུང་བའི་འཇིག་རྟེན་ན། །ལེགས་གསུངས་བྲལ་བའི་མི་རྣམས་ལ། །སུ་ཞིག་དམ་ཆོས་སྨྲ་བར་འགྱུར། ། སུ་ཞིག་མྱ་ངན་འདའ་བར་འགྱུར། །སྣང་བ་ནུབ་སྟེ་མུན་པས་བསྒྲིབས། །རྣམ་པར་རྨོངས་ཤིང་རྒྱུ་བར་བྱེད། །ཐུབ་པའི་གསུང་རབ་མེད་པས་ན། །དགེ་བའི་ལས་ནི་རྣམ་སྤངས་ཤིང། །རི་ [413A]༄༅། །དྭགས་བཞིན་དུ་སྐྱོ་བ་མེད། །རྟག་ཏུ་སྡིག་པའི་ཆོས་དང་ལྡན། །དེ་ནས་ཀཽ་ཤམྦྷཱིའི་རྒྱལ་པོས་དགྲ་བཅོམ་པ་དེས་པ་དང། སྡེ་སྣོད་གསུམ་པ་སློབ་མ་ཅན་ བསད་དོ། །ཞེས་ཐོས་ནས་ཁྲོས་ཤིང་རྔམ་ལ་འཁྲུགས་པར་འགྱུར་ཏེ་མ་རངས་ནས་དེས་བསྟན་པ་ལ་གནོད་པ་བྱེད་ཅིང། དགེ་འདུན་གྱི་གཙུག་ལག་ཁང་རྣམས་འཇིག་པར་བྱེད་ ལ༑ མཆོད་རྟེན་རྣམས་འདྲལ་བར་བྱེད་ཅིང་དགེ་སློང་རྣམས་གསོད་པར་འགྱུར་རོ། །དབང་པོ་དག་ཕྱི་མའི་དུས་ན་གང་དུ་བསྟན་པ་ལ་གནོད་པ་ཆེན་པོ་འབྱུང་བར་འགྱུར་བ་དེར་ ཁྱེད་གཅིག་ཏུ་བསྡོམས་ལ་བསྟན་པ་སྲུང་བར་གྱིས་ཤིག་དེ་ནས་དེ་ལྟར་འཚལ་ལོ། །ཞེས་གསོལ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གིས་གསོལ་པ། བཙུན་པ། བདག་ གིས་ནི༑ ཤར་ཕྱོགས་ནས་བསྟན་པ་སྲུང་བར་འཚལ་ལོ། །འཕགས་སྐྱེས་པོས་གསོལ་པ། བཙུན་པ། བདག་གིས་ནི། ལྷོ་ཕྱོགས་ནས་སྲུང་བར་འཚལ་ལོ། །མིག་མི་བཟང་གིས་ གསོལ་པ། བཙུན་པ། བདག་གིས་ནི། ནུབ་ཕྱོགས་ནས་སྲུང་བར་འཚལ་ལོ། །རྣམ་ཐོས་ཀྱི་བུས་གསོལ་པ། བཙུན་པ། བདག་གིས་ནི། བྱང་ཕྱོགས་ནས་སྲུང་བར་འཚལ་ལོ། །ལྷའི་ དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཙུན་པ། བདག་གིས་ནི། ཐམས་ཅད་ནས་སྲུང་བར་འཚལ་ལོ། །དེ་སྐད་ཅེས་གསོལ་ནས་ལྷའི་དབང་པོ་བརྒྱ་བྱིན་དང། རྒྱལ་པོ་ཆེན་པོ་བཞི་ [413B]སུ་ཡི་རང་ནས་བཅོམ་ལྡན་འདས་ལ་མགོ་བོས་ཕྱག་བཅལ་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེར་གང་གི་ཚེ་བཅོམ་ ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང། ཀུན་དགའ་བོ་ལ་བསྟན་པ་གཏད་པ་དེའི་ཚེ་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། བཅོམ་ ལྡན་འདས་ཀྱིས་དགེ་སློང་འོད་སྲུང་ལ་བསྟན་པ་གཏད་དེ། ཀུན་དགའ་བོ་ལ་ཐོས་པའི་མཛོད་གཏད་ནས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་འདི་གཉིས་ཀྱིས་ བསྟན་པ་རྒྱས་པར་བགྱིད་པར་འགྱུར་བ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། ཇི་ལྟར་འདས་པའི་དུས་ནའང་ངས་དགེ་སློང་འོད་སྲུང་ལ་ དཔུང་གི་ཚོགས་ཡན་ལག་བཞི་དང་ཡུལ་གཏད་དེ། ཀུན་དགའ་བོ་ལ་ནོར་གྱི་མཛོད་གཏད་ནས་འདི་གཉིས་ཀྱིས་ང་ཤི་བའི་འོག་ཏུ་བསྲུངས་ཏེ་རྒྱལ་པོའི་ཕོ་བྲང་རྒྱས་པར་བྱས་པ་དེ་ཉོན་ ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་མི་ཐི་ལི་ན་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་རྒྱལ་པོ་བྱེད་པ་ལས། ཕྱི་ཞིག་ན་དེའི་བཙུན་མོ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་ བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ནས་དེའི་བཙས་སྟོན་རྒྱས་པར་བྱས་ཏེ། རིགས་དང་མཐུན་པའི་མིང་བཏགས་ནས་འོ་མ་དང་ཞོ་དང་མར་ [414A]༄༅། །དང་ཞུན་མར་དང་མར་གྱི་ཉིང་ཁུས་བསྐྱེད་བསྲིངས་སོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་དེ་ནད་ཀྱིས་བཏབ་ནས་དེ་རྩ་བ་དང་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་ བུའི་སྨན་རྣམས་ཀྱིས་རིམ་གྲོ་བྱས་ཀྱང་སོས་པར་བྱེད་མ་ནུས་ནས་རྒྱལ་པོ་དེས་བསམ་པ། བདག་ནི། ནད་འདིས་འཆི་བར་འགྱུར་ལ། བུ་འྡིའང་ཤིན་ཏུ་ཆུང་བས། བདག་ཤི་བའི་ འོག་ཏུ་རྒྱལ་པོ་བྱིས་པ་ཡིན་ནོ་སྙམ་ནས་ཐམས་ཅད་ཀྱིས་བརྙས་པར་འགྱུར་རོ་སྙམ་མོ། །དེ་ནས་བདག་ཤི་སྟེ་དུས་ལས་འདས་པའི་འོག་ཏུ་འདི་ན་རྒྱལ་པོའི་ཕོ་བྲང་གི་གཞི་འཛིན་ ནུས་ཤིང་མཐུ་དང་ལྡན་པ་སུ་ཡོད་སྙམ་པ་ལས། རྒྱལ་པོ་དེ་ལ་བློན་པོའི་མཆོག་མཁས་ཤིང་གསལ་ལ་ཡིད་གཞུངས་པ། གཞུང་ལུགས་ཅན། དུལ་བ་དང་ལྡན་པ། བག་ཡོད་པ་ དགའ་བོ་ཞེས་བྱ་བ་དང། ཉེ་དགའ་བོ་ཞེས་བྱ་བ་གཉིས་ཡོད་དོ་།དེ་ནས་རྒྱལ་པོ་ལྷ་ཆེན་པོས་བསམ་པ། དགའ་བོ་དང། ཉེ་དགའ་བོ་གཉིས་ཀྱིས་བདག་ཤི་སྟེ་དུས་ལས་འདས་པའི་ འོག་ཏུ་རྒྱལ་པོའི་ཕོ་བྲང་སྲུང་ནུས་སོ་སྙམ་ནས་རྒྱལ་པོ་དེས་བློན་པོ་དེ་གཉིས་ཕོ་ཉས་བཀུག་སྟེ་བསྒོ་བ། ཁྱེད་གཉིས་ཤེས་པར་གྱིས་ཤིག་ང་ནི། རིང་པོ་མི་ཐོགས་པར་མེད་པར་ འགྱུར་གྱི། ང་ཤི་སྟེ་དུས་ལས་འདས་པའི་འོག་ཏུ་ཁྱེད་གཉིས་ཀྱིས་རྒྱལ་པོའི་ཕོ་བྲང་སྲུངས་ཤིག་ཅེས་བསྒོ་ནས་རྒྱལ་པོ་དེས་དེ་གཉིས་ལས་གཅིག་ལ་ནི། རྒྱལ་པོའི་བུ་དང་རྒྱལ་ [414B] །གཅིག་ལ་ནི། དཔུང་གི་ཚོགས་ཡན་ལག་བཞི་དང་ཡུལ་གཏད་དེ། ང་འདས་པའི་འོག་ཏུ་ཁྱེད་གཉིས་ཀྱིས་རྒྱལ་པོའི་ཕོ་བྲང་བསྲུངས་ལ་རྒྱས་པར་བགྱིས་ཤིག་ ཅེས་བསྒོ་ནས་རྒྱལ་པོ་དེས་བུ་རྒྱལ་སར་བཅུག་སྟེ་དུས་ལས་འདས་སོ་།དེ་ནས་དེ་དུས་ལས་འདས་པའི་འོག་ཏུ་བློན་པོ་དེ་གཉིས་ཀྱིས་འདབ་བཏང་ནས་གཅིག་གིས་ནི། རྒྱལ་པོའི་བུ་དང་ རྒྱལ་པོའི་དཀོར་མཛོད་བསྲུངས་སོ། །གཅིག་གིས་ནི། དཔུང་གི་ཚོགས་ཡན་ལག་བཞི་དང་རྒྱལ་སྲིད་བསྲུངས་སོ། །དེ་ནས་གང་གི་ཚེ་རྒྱལ་པོའི་བུ་དེ་ཤེད་བྱེ་ཞིང་མཐར་སོན་པར་གྱུར་པ་དེའི་ ཚེ་དེ་ལ་དེ་གཉིས་ཀྱི་གཅིག་གིས་ནི། དཀོར་དང་དཀོར་མཛོད་ཕུལ་ལོ་།གཅིག་གིས་ནི། དཔུང་གི་ཚོགས་ཡན་ལག་བཞི་དང་ཡུལ་ཕུལ་ཏེ། ལྷ་འདི་ནི། ཁྱེད་ཀྱི་ཡབ་ཀྱི་ནོར་ལགས་ཀྱི་ ཆོས་བཞིན་དུ་རྒྱལ་པོ་མཛོད་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོ་བགྲེས་པོར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ ཉིད་ཡིན་ནོ། །དེའི་ཚེ་གང་གིས་དཔུང་གི་ཚོགས་ཡན་ལག་བཞི་དང་ཡུལ་བསྲུངས་པ་དེ་ནི། དགེ་སློང་འོད་སྲུང་འདི་ཁོ་ན་ཡིན་ནོ་།དེའི་ཚེ་གང་གིས་རྒྱལ་པོའི་བུ་དང་རྒྱལ་པོའི་དཀོར་མཛོད་གསུངས་ པ་དེ་ནི། ཀུན་དགའ་བོ་འདི་ཁོ་ན་ཡིན་ནོ། །དེའི་ཚེ་རྒྱལ་པོའི་བུར་གྱུར་པ་གང་ཡིན་པ་དེ་ནི། གསོ་མ་ཅན་ཡིན་ཏེ། དེའི་ཚེའང་ངས་རྒས་གར་གཅིག་ལ་ནི། རྒྱལ་པོའི་བུ་དང་དཀོར་མཛོད་གཏད་ [415A]༄༅། །དོ༑ ༑གཅིག་ལ་ནི། དཔུང་གི་ཚོགས་ཡན་ལག་བཞི་དང་ཡུལ་གཏད་དོ། །དེ་གཉིས་ཀྱིས་ཀྱང་ང་ཤི་སྟེ་དུས་ལས་འདས་པའི་འོག་ཏུ་རྒྱལ་པོའི་ཕོ་བྲང་བསྲུངས་ ཏེ་རྒྱས་པར་བྱས་སོ། །ད་ལྟར་ཡང་ངས་དུས་ཀྱི་ཐ་མ་ལ་ཐུག་པ་ན་གཅིག་ལ་ནི། ཐོས་པའི་མཛོད་གཏད་དོ། །གཅིག་ལ་ནི། བསྟན་པ་གཏད་དེ། འདི་གཉིས་ཀྱིས་ང་ཡོངས་སུ་མྱ་ངན་ ལས་འདས་པའི་འོག་ཏུ་བསྟན་པ་རྒྱས་པར་བྱེད་དོ། །གཞན་ཡང་དགེ་སློང་ཀུན་དགའ་བོ་དང། འོད་སྲུང་གིས་སྨོན་ལམ་བཏབ་སྟེ། གཅིག་གིས་ནི། བདག་དེའི་ཐོས་པ་འཛིན་པ་ རྣམས་ཀྱི་མཆོག་ཏུ་གྱུར་ཅིག་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུའང་ཐོས་པའི་མཛོད་རྒྱས་པར་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །གཅིག་གིས་ཀྱང་ཀྱེ་མ། ཤཱཀྱ་ཐུབ་པ། ཤཱཀྱ་ རྒྱལ་པོའི་མཆོག་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བདག་གིས་དེའི་བསྟན་པའི་དོན་བྱེད་པར་ཤོག་ཅེས་བྱས་སོ། །གསོལ་པ་བཙུན་པ། འདི་གཉིས་ཀྱིས་གང་དུ་སྨོན་ ལམ་བཏབ་ལགས། བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་ རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་ [415B]སྟེ། དེའི་གསུང་རབ་ལ་དགེ་སློང་ཀུན་དགའ་བོ་རབ་ཏུ་བྱུང་ནས་ད་སུ་ལས་རབ་ཏུ་བྱུང་བ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་གིས་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཇི་ལྟར་བདག་གི་མཁན་པོ་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་གིས་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ་བདག་ཀྱང་ཤཱཀྱ་ཐུབ་པ། ཤཱཀྱའི་རྒྱལ་པོའི་མཆོག་དེས་ཐོས་པ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་ པར་གྱུར་ཅིག་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུའང་བདག་གིས་ཐོས་པའི་མཛོད་རྒྱས་པར་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ དགེ་སློང་དུ་གྱུར་པ་གང་ཡིན་པ་དེ་ནི། ཀུན་དགའ་བོ་འདི་ཁོ་ན་ཡིན་ཏེ། དེས་དེར་སྨོན་ལམ་བཏབ་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ [416A]༄༅། །ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་ པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་ལ། འདི་ཡང་ངས་ཐོས་པ་འཛིན་པ། ། རྣམས་ཀྱི་མཆོག་ཏུ་བསྟན་ཏེ། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུའང་ཐོས་པ་རྒྱས་པར་བྱེད་པར་འགྱུར་རོ། །དགེ་སློང་དག་།དགེ་སློང་འོད་སྲུང་ཡང་ཡང་དག་པར་རྫོགས་པའི་ སངས་རྒྱས་འོད་སྲུང་དེ་ཉིད་ཀྱི་གསུང་རབ་ལ་རབ་ཏུ་བྱུང་ནས་དེ་གང་ལས་རབ་ཏུ་བྱུང་བ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་སྦྱངས་པའི་ཡོན་ཏན་དང་ལྡན་ པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ སྲུང་གིས་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅིའང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་ [416B]ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་འདི་ལྟར་བདག་གི་མཁན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ གིས་སྦྱངས་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་དེ་བཞིན་དུ། བདག་ཀྱང་ཤཱཀྱ་ཐུབ་པ། ཤཱཀྱའི་རྒྱལ་པོའི་མཆོག་དེས་སྦྱངས་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱི་ མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་བྱས་ན་ས་དེ་དེ་ནས་ཤི་འཕོས་ཏེ་དུས་ལས་འདས་ནས་གྲོང་ཁྱེར་ཝཱ་ར་ཎཱ་སི་དེ་ཉིད་དུ་བློན་པོའི་མཆོག་གི་ཁྱིམ་དུ་ཉིང་མཚམས་བླངས་ནས་དེ་གང་གི་ཚེ་ བཙས་ནས་ཆེར་སྐྱེས་པ་དེའི་ཚེ་དེའི་རྒྱལ་པོ་ཀྲྀ་ཀཱི་ས་བློན་པོར་བཅུག་གོ་དེ་ནས་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་ཟིན་ནས་ ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ་རྒྱལ་པོ་ཀྲི་ཀཱི་ས་དེའི་སྐུ་གདུང་ལ་མཆོད་པ་བྱས་ནས་རིན་པོ་ཆེའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་ དཔག་ཚད་གཅིག་ཡོད་པ་ཞིག་བྱེད་དུ་བཅུག་སྟེ། རྒྱལ་པོ་དེས་བློན་པོའི་བུ་དེ་མཆོད་རྟེན་དེའི་ལག་དཔོན་དུ་བསྐོས་སོ། །དེ་ནས་ཕྱི་ཞིག་ན་རྒྱལ་པོ་ཀྲྀ་ཀཱི་ས་མཆོད་རྟེན་དེ་རྣམ་པ་ཐམས་ ཅད་ཡོངས་སུ་རྫོགས་པར་བྱས་ནས་དེར་མཆོད་རྟེན་གྱི་དུས་སྟོན་བྱ་བར་འདོད་དོ། །དེས་བཟའ་བ་དང་བཅའ་བ་དང་གོས་མང་པོ་སྦྱར་ནས་དགེ་སློང་རྣམས་ལ་འབོད་དུ་བཅུག་གོ་ [417A]༄༅། །གཡར་འདྲེན་བཏང་ངོ། །དེར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡོངས་སུ་མྱ་ངན་འདས་ནས་ཞག་བདུན་ལོན་ནས་བསྟན་པ་ནུབ་སྟེ་དེ་ཡོངས་སུ་ མྱ་ངན་ལས་འདས་ནས་དགེ་སློང་དབང་ཐོབ་པ་གང་ཡིན་པ་དེ་དག་ནི། ཡོངས་སུ་མྱ་ངན་ལས་འདས་སོ། །སོ་སོའི་སྐྱེ་བོ་གང་ཡིན་པ་དེ་དག་ནི། ཁྱིམ་པར་གྱུར་ཏོ། །དེ་ནས་དེར་གཡར་ འདྲེན་པ་དེ་དག་གིས་དགེ་སློང་གཅིག་ཀྱང་མ་རྙེད་ནས་རྒྱལ་པོ་ཀྲྀ་ཀཱི་ས་དགེ་སློང་དེ་དག་གར་དོང་ཞེས་སྨྲས་པ་དང། བློན་པོ་རྣམས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ ཡོངས་སུ་མྱ་ངན་ལས་འདས་ཏེ་ཞག་བདུན་ལོན་ནས་བསྟན་པ་ནུབ་ལགས་སོ། །ཞེས་གསོལ་ཏོ། །རྒྱལ་པོས་བཀའ་སྩལ་པ། དེའི་དགེ་སློང་གང་གིས་དེའི་བསྟན་པ་འཛིན་པར་ འགྱུར་བ་དེ་ལྟ་བུ་གཅིག་ཀྱང་མེད་དམ་ཞེས་བྱས་ནས་རྒྱལ་པོ་ཀྲྀ་ཀཱི་ས་མཆོད་རྟེན་དེ་ལ་བཀུར་སྟི་བྱས་ཏེ་སོང་ངོ། །བློན་པོའི་བུ་དེས་ཀྱང་མཆོད་རྟེན་དེ་ལ་བཀུར་སྟི་བྱས་ནས་སྨོན་ ལམ་བཏབ་པ། དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག་ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་ [417B]དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་བས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་གཞན་ཡང་བདག་གིས་དེ་ཡོངས་སུ་མྱ་ ངན་ལས་འདས་ནས་བསྟན་པ་འཛིན་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བློན་པོའི་བུ་གང་ཡིན་པ་དེ་ནི། དགེ་སློང་འོད་སྲུང་འདི་ཁོ་ན་ཡིན་ཏེ། འདིས་ དེར་སྨོན་ལམ་བཏབ་བོ།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་བཞི་པ། འཛིན་བྱེད་ཀྱི་བུ་ཞེས་བྱ་བ་ནི། གླེང་གཞི་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་རྒྱལ་པོའི་ཁབ་ན་ བྲམ་ཟེ་ཆེ་ཞིང་མཐོ་བ་འཛིན་བྱེད་ཅེས་བྱ་བ་ཞིག་གནས་སོ་།འདམ་བུ་སྦྱིན་ཞེས་བྱ་བའི་གྲོང་ན་ནི། བྲམ་ཟེ་རྒྱལ་ཞེས་བྱ་བ་ཞིག་གནས་ཏེ། དེ་གཉིས་འཛའ་ཞིང་བཤེས་ལ་གཅུགས་ པར་གྱུར་ཏོ། །དེ་ནས་བྲམ་ཟེ་རྒྱལ་ཆུང་མ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ ཞིང་བལྟན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་མིང་ཤཱ་རིའི་བུ་ཞེས་བྱ་བ་དང། ཉེ་རྒྱལ་ཞེས་བྱ་བར་བཏགས་སོ། དེ་ནས་ཕྱི་ཞིག་ན་བྲམ་ཟེ་འཛིན་ བྱེད་ཀྱི་ཆུང་མ་ལའང་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་ [418A]༄༅། །འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ་ཁྱེའུ་འདི་བྲམ་ཟེ་ཆེ་ཞིང་མཐོ་བ་འཛིན་བྱེད་ཀྱི་བུ་ཡིན་པས་ཁྱེའུ་འདིའི་མིང་འཛིན་བྱེད་ཀྱི་བུ་ ཞེས་གདགས་སོ། །ཞེས་ཟེར་རོ། །དེ་ནས་ཁྱེའུ་འཛིན་བྱེད་ཀྱི་བུ་འོ་མ་དང་མར་དང་ཞོ་དང་ཞུན་མར་དང་མར་གྱི་ཉིད་ཁུས་བསྐྱེད་བསྲིངས་ནས་གང་གི་ཚེ་དེ་གཉིས་ཆེར་སྐྱེས་པ་དེའི་ ཚེ་དེ་གཉིས་ཀ་བྱིས་པ་སློབ་པའི་གྲྭར་གཏད་ནས་དེ་གཉིས་ཀ་ཡང་ཡི་གེ་མཐར་ཕྱིན་པར་ལོབས་ཏེ། དེ་གཉིས་ཀས་བསྟན་བཅོས་ཐམས་ཅད་ལོབས་སོ། །ཉེ་རྒྱལ་གྱིས་ནི། ལོ་བཅུ་ དྲུག་ལོན་ནས་དབང་པོའི་བརྡ་སྤྲོད་པའང་ལོབས་ཏེ་གཞུང་གིས་རྒོལ་བ་ཐམས་ཅད་ཚར་བཅད་དོ། །དེ་ནས་ཕྱི་ཞིག་ན་དཀའ་ཐུབ་ཀྱི་ནགས་ཚལ་དུ་རྟེན་བཅས་ནས་དེ་ཀུན་ཏུ་རྒྱུ་དག་གི་ ནང་དུ་རབ་ཏུ་བྱུང་ངོ། །དེར་གང་གི་ཚེ་སངས་རྒྱས་འཇིག་རྟེན་དུ་བྱུང་བ་དེའི་ཚེ་བྲམ་ཟེའི་བུ་ཤཱ་རིའི་བུ་དང་མཽངྒལ་གྱི་བུ་གཉིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དེར་ དེ་གཉིས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་དེ་གཉིས་ལས་གཅིག་ནི་ཤེས་རབ་ཆེ་བ་རྣམས་ཀྱི་མཆོག་ ཏུ་བསྟན་ཏོ། །གཅིག་ནི། རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །བྲམ་ཟེའི་ཁྱེའུ་འཛིན་བྱེད་ཀྱི་བུ་ནི། རྒྱལ་པོའི་ཞམ་རིང་བ་དཔའ་བོར་གྱུར་ཏེ། རྒྱལ་པོའི་ཕོ་བྲང་དེར་རྟག་ [418B]གཟུགས་ཅན་སྙིང་པོས་བློན་པོའི་མཆོག་ཏུ་བསྐོས་ནས་ལོངས་སྤྱོད་ཀྱི་གཞི་ཆེན་པོའང་བྱིན་ཏེ། འཇིག་རྟེན་དག་ནི། འབྱོར་པ་ འདོད་པ་ཡིན་ནོ། །དེ་ནས་ཕྱི་ཞིག་ན་དེས་ཀྱང་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྡན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ལ། དེས་ཁྱིམ་གྱི་འབྱོར་པ་རྒྱས་པར་ བྱས་ཏེ་བཞག་གོ་དེ་ནས་དེས་རྒྱལ་པོའི་ཁབ་དེར་རྒྱལ་པོ་ལ་བརྟེན་ཅིང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ནོར་ལེན་པར་བྱེད་དོ་།བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བརྟེན་ཅིང་རྒྱལ་པོའི་ ནོར་ལེན་པར་བྱེད་དོ། །དེ་ནས་ཕྱིལ་ཤིག་ན་ཚེ་དང་ལྡན་པ་ཤཱ་རིའི་བུས་འཛིན་བྱེད་ཀྱི་བུ་གདུལ་བའི་དུས་ལ་བབ་པར་མཐོང་ནས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ཏེ་ལྷུང་བཟེད་ ཐོགས་ནས་བྲམ་ཟེ་འཛིན་བྱེད་ཀྱི་བུའི་ཁྱིམ་ག་ལ་བ་དེར་སོང་ངོ། །དེའི་ཚེ་བྲམ་ཟེ་འཛིན་བྱེད་ཀྱི་བུ་ཤིང་མལླི་ཀའི་འདབས་ན་བ་འཇོ་བའི་ཞལ་ཏ་བྱེད་ཅིང་འདུག་པ་ལས། བྲམ་ཟེ་འཛིན་ བྱེད་ཀྱི་བུས་ཐག་རིང་པོ་ཞིག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་མཐོང་ངོ། །མཐོང་ནས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ཡན་ལག་ ཐམས་ཅད་ཀྱིས་འཁྱུད་ནས་ཁྱིམ་གྱི་ནང་དུ་ཁྲིད་དེ་སྟན་བཤམས་པ་ལ་འདུག་དུ་བཅུག་སྟེ། ཀྱེ་ཤཱ་རིའི་བུ། བཤོས་གསོལ་ལ་འོ་མའང་གསོལ་ཅིག་ཅེས་བྱས་སོ། །ཤཱ་རིའི་བུ་ན་རེ་ [419A]༄༅། །འཛིན་བྱེད་ཀྱི་བུ། ང་ལ་སེམས་དགའ་བ་བྱས་ཟིན་བྱ་དེས་ཚོགས། །འཛིན་བྱེད་ཀྱི་བུས་སྨྲས་པ། ཀྱེ་ཤཱ་རིའི་བུ། ཁྱོད་ཡུན་རིང་མོ་ཞིག་ན་གདོད་བདག་གི་ཁྱིམ་ དུ་ཕྱིན་ན། ཅིའི་ཕྱིར་ཟན་གཅིག་ཙམ་ཡང་ཟར་མི་བཏུབ། ཤཱ་རིའི་བུས་སྨྲས་པ། འཛིན་བྱེད་ཀྱི་བུ། འདི་ལྟར་ཁྱོད་ནི། ངང་ཚུལ་འཚལ་ཅིང་ངང་ཚུལ་ཉམས་པ་ཡིན་ཏེ། རྒྱལ་པོ་ལ་བརྟེན་ ཅིང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་ནོར་ལེན་པར་བྱེད་ལ། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བརྟེན་ཅིང་རྒྱལ་པོའི་ནོར་ལེན་པར་བྱེད་པའི་ཕྱིར་རོ། །འཛིན་བྱེད་ཀྱི་བུས་སྨྲས་པ། ཀྱེ་ ཤཱ་རིའི་བུ། བདག་ནི། ཁྱིམ་པ་སྟེ། ཁྱིམ་ན་གནས་པ་ལགས་པས་ན། བདག་གིས་ནི། བདག་ཉིད་དང་ཕ་མ་དང་བུ་དང་ཆུང་མ་དང་བྲམ་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་ བ་དང་མཛའ་བོ་དང་སྙིང་ཉེ་བ་དང་ཉེ་དུ་དང་རྒན་རབས་ཀྱང་ཡང་དག་པར་བདེ་བར་ཚིམ་པར་བྱ་དགོས་སོ། །རྒྱལ་པོ་ལའང་ས་གཞིའི་རག་ལུས་ལ་ལྷ་ཡང་རྗེད་དགོས། སྔོན་གྱི་མཚུན་ དག་ཀྱང་གཏོར་དགོས། དགེ་སྦྱོང་དང་བྲམ་ཟེ་རྣམས་ལའང་ཟན་སྦྱིན་དགོས་ཏེ། བདག་གིས་ནི། ཆོས་བཞིན་དུ་བྱེད་པ་འབའ་ཞིག་གིས་བདེ་བླག་ཏུ་འབྱོར་པར་མི་ནུས་སོ། །ཤཱ་རིའི་ བུས་སྨྲས་པ། འཛིན་བྱེད་ཀྱི་བུ། འོ་ན་ཁྱོད་ཉིད་ལ་དྲི་བར་བྱའི། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་དེའི་ལན་ཐོབ་ཅིག་།དཔེར་ན། མི་ཞིག་གིས་ཕ་མ་གཉིས་ཀྱི་ཕྱིར་ཆོས་མ་ [419B] དེ་ཆོས་མ་ཡིན་པ་སྤྱོད་ཅིང་ལོག་པར་སྤྱོད་པ་དེས་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་ སུ་སྐྱེས་ནས་དེ་སེམས་ཅན་དམྱལ་བའི་སྲུང་མ་རྣམས་ཀྱིས་བཟུང་སྟེ་སྡུག་བསྔལ་དྲག་པ་དང། མི་བཟད་པ་དང། ཚ་བ་དང། ཡིད་དུ་མི་འོང་བའི་ཚོར་བ་མྱོང་དུ་བཅུག་ནས་དེ་ན་རེ། སེམས་ ཅན་དམྱལ་བའི་སྲུང་མ་དག་བདག་ལ་གནོད་པ་འདི་དང་འདི་ལྟ་བུ་དག་མ་བྱེད་ཅིག་དེ་ཅིའི་ཕྱིར་ཞེ་ན། བདག་གིས་ཕ་མའི་ཕྱིར་ཆོས་མ་ཡིན་པ་སྤྱད་ཅིང་ལོག་པར་སྤྱད་པས། བདག་ཆོས་ མ་ཡིན་པ་སྤྱད་ཅིང་ལོག་པར་སྤྱད་པ་དེས་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བཟང་ངོ། །ཞེས་ཟེར་ན། འཛིན་བྱེད་ཀྱི་ བུ༑ ཇི་སྙམ་དུ་སེམས། མི་དེ་སེམས་ཅན་དམྱལ་བའི་སྲུང་མ་རྣམས་ལས་དོན་དེ་འགྲུབ་པར་འགྱུར་རམ། འཛིན་བྱེད་ཀྱི་བུས་སྨྲས་པ། ཤཱ་རིའི་བུ། དེ་ནི། མི་འགྲུབ་བོ། ཤཱ་རིའི་བུས་སྨྲས་ པ༑ འཛིན་བྱེད་ཀྱི་བུ། དད་པ་དང་ལྡན་པའི་རིགས་ཀྱི་བུས་ཆོས་དང་ལྡན་པ་དང། ལས་ཀྱི་ཡོན་ཏན་དག་གིས་ལོངས་སྤྱོད་རྣམས་བསྒྲུབས་ཏེ་ཕ་མ་གཉིས་ལ་དུས་དུས་སུ་ཡང་ཡང་དག་ པར་རི་མོ་བྱེད་པ་དང། ཡང་དག་པར་བསྙེན་བཀུར་བྱེད་པ་དང་ཡང་དག་པར་བདེ་བས་སྟེན་པར་བྱེད་དེ། སྡིག་པའི་ལས་ཀྱང་ཅུང་ཟད་ཀྱང་མི་བྱེད་ལ། བསོད་ནམས་ཀྱི་ལམ་ཡང་དག་ [420A]༄༅། །པར་བླངས་ཏེ་འདུག་ན། དེ་ལ་ཕ་མའང་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་འདི་ནི། དད་པ་དང་ལྡན་ཞིང་སྒྲུབ་ཕོད་ལ་རིགས་པས་འཚོ་བ་ཡིན་ཏེ། རིགས་ཀྱི་བུ་ འདིས་ནི། ཆོས་དང་ལྡན་པ་དང། ལས་ཀྱི་ཡོན་ཏན་དག་གིས་ལོངས་སྤྱོད་རྣམས་བསྒྲུབས་ནས་དུས་དུས་སུ་བདག་ཅག་ལའང་ཡང་དག་པར་རི་མོ་བྱེད། ཡང་དག་པར་བསྙེན་བཀུར་ བྱེད༑ ཡང་དག་པར་བདེ་བས་སྟེན་པར་བྱེད་དེ། སྡིག་པའི་ལས་ཀྱང་ཅུང་ཟད་ཀྱང་མི་བྱེད་ལ། བསོད་ནམས་ཀྱི་ལམ་ཡང་ཡང་དག་པར་བླངས་ཏེ་འདུག་གོ་སྙམ་མོ། །རིགས་ཀྱི་བུ་ ཕ་མ་ལ་སླར་སྙིང་བརྩེ་བར་བྱེད་པ་དེ་ནི། དགེ་བའི་ཆོས་རྣམས་འཕེལ་བ་འབའ་ཞིག་ཏུ་འགྱུར་བར་རེ་བར་བྱ་སྟེ། ཡོངས་སུ་འགྲིབ་པར་མི་འགྱུར་རོ། །འཛིན་བྱེད་ཀྱི་བུ། དཔེར་ན་ མི་ཞིག་གིས་པུ་དང་ཆུང་མ་དང་བྲན་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་རྣམས་དང་མཛའ་བོ་དང་སྙིང་ཉེ་བ་དང་ཉེ་དུ་དང་རྒན་རབས་རྣམས་དང་རྒྱལ་པོ་དང་ལྷ་རྣམས་ དང་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཕྱིར་ཆོས་མ་ཡིན་པ་སྤྱོད་ཅིང་ལོག་པར་སྤྱོད་དེ། དེ་ཆོས་མ་ཡིན་པ་སྤྱོད་ཅིང་ལོག་པར་སྤྱོད་པ་དེས་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་ འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ནས་དེ་སེམས་ཅན་དམྱལ་བའི་སྲུགྣ་བ་རྣམས་ཀྱིས་བཟུང་སྟེ་སྡུག་བསྔལ་དྲག་པ་དང། མི་བཟད་པ་དང། ཚ་བ་དང་ [420B]སེམས་ཅན་དམྱལ་བའི་སྲུང་མ་དག་བདག་ལ་གནོད་པ་འདི་དང་འདི་ལྟ་བུ་དག་མ་བྱེད་ཅིག་དེ་ཅིའི་ཕྱིར་ཞེ་ན། བདག་གིས་ དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་ཕྱིར་ཆོས་མ་ཡིན་པ་སྤྱད་ཅིང་ལོག་པར་སྤྱོད་པར་ཟད་དོ། །ཞེས་ཟེར་ན། འཛིན་བྱེད་ཀྱི་བུ། ཇི་སྙམ་དུ་སེམས། མི་དེ་སེམས་ཅན་དམྱལ་བའི་སྲུང་མ་ རྣམས་ལས་དོན་དེ་འགྲུབ་པར་འགྱུར་རམ། འཛིན་བྱེད་ཀྱི་བུས་སྨྲས་པ། ཤཱ་རིའི་བུ། དེ་ནི། མི་འགྲུབ་བོ། ཤཱ་རིའི་བུས་སྨྲས་པ་འཛིན་བྱེད་ཀྱི་བུ། དད་པ་དང་ལྡན་པའི་རིགས་ཀྱི་ བུས་ཆོས་དང་ལྡན་པ་དང། ལས་ཀྱི་ཡོན་ཏན་དག་གིས་ལོངས་སྤྱོད་རྣམས་བསྒྲུབས་ཏེ་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་ཟས་སྦྱིན་པར་བྱེད་དེ། སྡིག་པའི་ལས་ཀྱང་ཅུང་ཟད་ཀྱང་མི་ བྱེད་ལ༑ བསོད་ནམས་ཀྱི་ལམ་ཡང་ཡང་དག་པར་བླངས་ཏེ་འདུག་ན་དེ་ལ་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་དགེ་བའི་སེམས་ཀྱིས་སླར་སྙིང་བརྩེ་བར་བྱེད་དོ། །འཛིན་བྱེད་ཀྱི་བུ། དེ་ ལྟར་དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱིས་དགེ་བའི་སེམས་ཀྱིས་སླར་སྙིང་བརྩེ་བར་བྱ་བའི་སྐྱེས་བུ་གང་ཟག་དེའི་ནི། དགེ་བའི་ཆོས་རྣམས་འཕེལ་བ་འབའ་ཞིག་ཏུ་འགྱུར་བར་རེ་བར་བྱས་ཏེ་ ཡོངས་སུ་འགྲིབ་པར་མི་འགྱུར་རོ། །དེ་སྐད་ཅེས་སྨྲས་ནས་བྲམ་ཟེ་འཛིན་བྱེད་ཀྱི་བུ་དུས་ཏེ་མཆི་མ་བླགས་སོ། །དེ་ནས་བྲམ་ཟེ་འཛིན་བྱེད་ཀྱི་བུས་གོས་ཀྱི་མཐའ་མས་མཆི་མ་ཕྱིས་ནས་ [421A]༄༅། །ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ་།ཀྱེ་ཤཱ་རིའི་བུ། འདི་ནི། བདག་གི་མཆིས་བྲང་བག་གསར་བླངས་ནས་རིང་པོ་མ་ལགས་བ་ཞིག་མཆིས་ ཏེ༑ དེའི་སླད་དུ་བདག་གིས་བག་མ་མཆིས་པར་སྡིག་པ་ཁ་ན་མ་ཐོབ་མང་པོ་བགྱིས་ཀྱི། བཙུན་པ་ཤཱ་རིའི་བུ། བག་གསར་འདི་བདག་གིས་གཏན་དུ་སླར་བཏང་ལ། དེང་སླན་ ཆད་བཙུན་པ་ཤཱ་རིའི་བུ་ལས་ཚངས་པར་སྤྱོད་པ་ལྔ་བའི་བསླབ་པའི་གཞི་རྣམས་ཡང་དག་པར་ནོད་པར་འཚལ་ལོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ ཚངས་པར་སྤྱོད་པ་ལྔ་པའི་བསླབ་པའི་གཞི་རྣམས་ལ་གནས་པར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལྷོ་ཕྱོགས་ཀྱི་རིའི་ནགས་ཁྲོད་ག་ལ་བ་ དེར་སོང་བ་ལས། དགེ་སློང་གཞན་ཞིག་འོད་མའི་ཚལ་བྱ་ཀ་ལནྟ་ཀ་གནས་པ་ལས་ལྷོ་ཕྱོགས་ཀྱི་རིའི་ནགས་ཁྲོད་ག་ལ་བ་དེར་སོང་ནས་དགེ་སློང་དེས་ཐག་རིང་པོ་ཞིག་ནས་ཚེ་ དང་ལྡན་པ་ཤཱ་རིའི་བུ་མཐོང་ངོ། །མཐོང་ནས་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་ གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དགེ་སློང་དེ་ལ་འདི་སྐད་ཅས་སྨྲས་སོ། །དགེ་སློང། ཁྱོད་ད་གདོད་ག་ལས་འོངས། དགེ་སློང་དེས་སྨྲས་ [421B] བཙུན་པ་ཤཱ་རིའི་བུ། བདག་ད་གཟོད་འོད་མའི་ཚལ་བྱ་ཀ་ལནྟ་ཀ་གནས་པ་ནས་མཆིས་སོ། །ཤཱ་རིའི་བུས་སྨྲས་པ། བྲམ་ཟེ་འཛིན་བྱེད་ཀྱི་བུ་ཤེས་སམ། ཚེ་དང་ལྡན་པ་ཤཱ་རིའི་བུ་ བདག་འཚལ་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུའི་སྔོན་གྱི་ཁྱིམ་ན་གནས་པའི་ཚེའི་གྲོགས་པོ་ལགས་སོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ། བྲམ་ཟེ་འཛིན་བྱེད་ཀྱི་བུ་གནོད་པ་ཆུང་ངམ་ ཉམ་ང་བ་ཉུང་ངམ། བདེ་བ་དང་ལྡན་ནམ། ནད་མེད་དམ། སྟོབས་དང་ལྡན་པར་རྒྱལ་པོའི་ཁབ་ན་གནས་སམ། སྟོན་པ་མཐོང་བར་དགཱམ། ཆོས་མཉན་པར་དྒའམ། དགེ་སློང་དེས་ སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ། བྲམ་ཟེ་འཛིན་བྱེད་ཀྱི་བུ་ནི། སྟོན་པ་བལྟ་བར་ཡང་དགའ། ཆོས་མཉན་པར་ཡང་དགའ་མོད་ཀྱི། གནོད་པ་དང་ལྡན་ཞིང་སྡུག་བསྔལ་དང་ལྡན་ཏེ་ ནད་པར་གྱུར་པས་གལ་ཏེ་ན་ནད་དེ་ཁོ་ནས་འཆི་བར་འགྱུར་ཡང་སྲིད་དོ། །དེ་ནས་ཤཱ་རིའི་བུས་ཆོས་གོས་སྣམ་སྦྱར་བགོས་ཏེ་བྲམ་ཟེ་འཛིན་བྱེད་ཀྱི་བུའི་ཁྱིམ་ག་ལ་བ་དེར་སོང་བ་ལས་ བྲམ་ཟེ་འཛིན་བྱེད་ཀྱི་བུས་ཐག་རིང་པོ་ཞིག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་མཐོང་ངོ། །མཐོང་ནས་ཀྱང་ཁྲི་ལས་ལྡང་དུ་རྩོལ་ལོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ ཁྲི་ལས་ལྡང་བར་རྩོལ་བ་མཐོང་ནས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ལ་སྨྲས་པ། འཛིན་བྱེད་ཀྱི་བུ། ང་འདུག་པའི་སྟན་གཞན་དག་ཀྱང་ཡོད་ཀྱི། ཁྱོད་ཁྲི་ལས་མ་ལྡང་ཞིག་ཅེས་བྱས་ནས་ཚེ་ [422A]༄༅། །དང་ལྡན་པ་ཤཱ་རིའི་བུ་སྟན་བཤམས་པ་ལ་འདུག་གོ་འདུག་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཛིན་བྱེད་ ཀྱི་བུ༑ ཅི་ཁྱོད་བཟོད་པ་དང་ལྡན་ནམ། འྪོའམ། ཅི་ཁྱོད་ཀྱི་སྡུག་བསྔལ་དྲག་པ་དང། མི་བཟད་པ་དང། ཚ་བ་དང། ཡིད་དུ་མི་འོང་བའི་ཚོར་བ་དྲག་པོ་རྣམས་མེད་པར་གྱུར་ཏམ། ཕྱིར་ ཐུ་བར་མ་གྱུར་ཏམ། མེད་པར་གྱུར་པར་མངོན་ནམ། ཕྱིས་ཐུ་བར་གྱུར་པར་མི་མངོན་གྲང། འཛིན་བྱེད་ཀྱི་བུས་སྨྲས་པ། བཙུན་པ་ཤཱ་རིའི་བུ། བདག་ནི། བཟོད་པ་དང་ལྡན་པ་མ་ཡིན་ འཚོ་བ་དང་ལྡན་པ་མ་ཡིན་ཏེ། བདག་གི་ལུས་ལ་སྡུག་བསྔལ་དྲག་པ་དང། མི་བཟད་པ་དང། ཚ་བ་དང། ཡིད་དུ་མི་འོང་བའི་ཚོར་བ་ཚབས་ཆེན་པོ་དག་གིས་ཐེབས་ཏེ་བདག་གི་ཚོར་ བ་དེ་དག་ཕྱིས་ཐུ་ཞིང་ཕྱིས་ན་བར་མངོན་གྱི། མེད་པར་མ་གྱུར་ཏོ། །བཙུན་པ་ཤཱ་རིའི་བུ། དཔེར་ན། མི་སྟོབས་ཆེ་རབ་ཅིག་གིས་མི་ཉམ་ཆུང་རབ་ཅིག་གི་མགོ་བོ་འབྲེང་བ་བཟང་པོ་རིང་ པོས་དམ་དུ་བཅིངས་ན། དེའི་མགོ་པོ་མི་བཟད་པར་ན་པར་འགྱུར་བ་དེ་བཞིན་དུ་བཙུན་པ་ཤཱ་རིའི་བུ། བདག་གི་མགོ་པོ་ལ་ཚོར་བ་མི་བཟད་ཅིང་འདུག་སྟེ། བདག་གི་ཚོར་བདག་ཕྱིས་ ཐུ་ཞིང་ཕྱིས་ལ་ན་བར་མངོན་གྱི། མེད་པར་མ་གྱུར་ཏོ། །བཙུན་པ་ཤཱ་རིའི་བུ། དཔེར་ན། བ་ལང་གསོད་པའམ། བ་ལང་གསོད་པའི་སློབ་མས་བ་ལང་བཤའ་བའི་གྲི་རྣོན་པོས་བ་ལང་ [422B] དེའི་ལྟོ་བའི་ཚོར་བ་མི་བཟད་པར་འགྱུར་བ་དེ་བཞིན་དུ་བཙུན་པ་ཤཱ་རིའི་བུ། བདག་གི་སྟོ་བའི་ནད་མི་བཟད་པར་འདུག་སྟེ་བདག་གི་ཚོར་བ་དེ་དག་ཕྱིས་ཐུ་ཞིང་ཕྱིས་ལ་ན་བར་ མངོན་གྱི། མེད་པར་མ་གྱུར་ཏོ། །བཙུན་པ་ཤཱ་རིའི་བུ། དཔེར་ན་མི་སྟོབས་ཆེ་རབ་གཉིས་ཀྱིས་མི་སྟོབས་ཆུང་རབ་གཅིག་དཔུང་པ་གཡས་གཡོན་ནས་བཟུང་སྟེ་མེ་མདག་གི་ནང་དུ་སྲེག་ པར་བྱེད་ན། དེའི་ལུས་མི་བཟད་པར་ཚ་བར་འགྱུར་བ་དེ་བཞིན་དུ་བཙུན་པ་ཤཱ་རིའི་བུ། བདག་གི་ལུས་ཤིན་ཏུ་ཚ་ཞིང་འདུག་སྟེ་བདག་གི་ཚོར་བ་དེ་དག་ཕྱིས་ཐུ་ཞིང་ཕྱིས་ལ་ན་བར་མངོན་གྱི་ མེད་པར་མ་གྱུར་ཏོ། །བཙུན་པ་ཤཱ་རིའི་བུ། དེས་ན། བདག་ནི། བཟོད་པ་དང་ལྡན་པ་མ་ཡིན། འཚོ་བ་དང་ལྡན་པ་མ་ཡིན་ཏེ། བདག་གི་ལུས་ལ་སྡུག་བསྔལ་དྲག་པ་དང། མི་བཟད་པ་དང་ ཚ་བ་དང། ཡིད་དུ་མི་འོང་བའི་ཚོར་བ་ཚབས་ཆེན་པོ་དག་གིས་ཐེབས་ཏེ་བདག་གི་ཚོར་བ་དེ་དག་ཕྱིས་ཐུ་ཞིང་ཕྱིས་ལ་ན་བར་མངོན་གྱི། མེད་པར་མ་གྱུར་ཏོ། །ཤཱ་རིའི་བུས་སྨྲས་པ། འཛིན་ བྱེད་ཀྱི་བུ། འོ་ན་ཁྱོད་ཉིད་ལ་དྲི་བར་བྱའི། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཅིག་འཛིན་བྱེད་ཀྱི་བུ། ཇི་སྙམ་དུ་སེམས། སེམས་ཅན་དམྱལ་བ་དང། དུད་འགྲོ་གང་བདམ་ བཙུན་པ་ཤཱ་རིའི་བུ། སེམས་ཅན་དམྱལ་བ་བས་ནི། དུད་འགྲོ་བདམ་མོ། །དུད་འགྲོ་དང། ཡི་དྭགས་གང་བདམ། བཙུན་པ་ཤཱ་རིའི་བུ་དུད་གྲོ་བས་ནི། ཡི་དྭགས་བདམ་མོ། །ཡི་དྭགས་དང་ [423A]༄༅། །མི་གང་བདམ། བཙུན་པ་ཤཱ་རིའི་བུ། ཡི་དྭགས་པས་ནི་མི་བདམ་མོ། །མི་དང། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་གང་བདམ་བཙུན་པ་ཤཱ་རིའི་བུ། མི་བས་རྒྱལ་ ཆེན་བཞིའི་རིས་ཀྱི་ལྷ་བདམ་མོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང། སུམ་ཅུ་རྩ་གསུམ་པའི་ལྷ་གང་བདམ། བཙུན་པ་ཤཱ་རིའི་བུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་བས་ནི། སུམ་ཅུ་རྩ་གསུམ་ བའི་ལྷ་བདམ་མོ། །སུམ་ཅུ་རྩ་གསུམ་པའི་ལྷ་དང། འཐབ་བྲལ་གྱི་ལྷ་གང་བདམ། བཙུན་པ་ཤཱ་རིའི་བུ། སུམ་ཅུ་རྩ་གསུམ་པའི་ལྷ་བས་ནི། འཐབ་བྲལ་གྱི་ལྷ་བདམ་མོ། །འཐབ་ བྲལ་གྱི་ལྷ་དང། དགའ་ལྡན་པའི་ལྷ་གང་བདམ། བཙུན་པ་ཤཱ་རིའི་བུ། འཐབ་བྲལ་བའི་ལྷ་བས་ནི། དགའ་ལྡན་པའི་ལྷ་བདམ་མོ་།དགའ་ལྡན་པའི་ལྷ་དང། འཕྲུལ་དགའི་ལྷ་གང་བདམ་ བཙུན་པ་ཤཱ་རིའི་བུ། དགའ་ལྡན་པའི་ལྷ་བས་ནི། འཕྲུལ་དགའ་བའི་ལྷ་བདམ་མོ། །འཕྲུལ་དགའ་བའི་ལྷ་དང། གཞན་འཕྲུལ་དབང་བྱེད་པའི་ལྷ་གང་བདམ། བཙུན་པ་ཤཱ་རིའི་བུ་ འཕྲུལ་དགའ་བའི་ལྷ་བས་ནི། གཞན་འཕྲུལ་དབང་བྱེད་པའི་ལྷ་བདམ་མོ། །གཞན་འཕྲུལ་དབང་བྱེད་པའི་ལྷ་དང། ཚངས་པའི་འཇིག་རྟེན་པ་གང་བདམ། བཙུན་པ་ཤཱ་རིའི་བུ། གཞན་ འཕྲུལ་དབང་བྱེད་པའི་ལྷ་བས་ནི། ཚངས་པའི་འཇིག་རྟེན་བདམ་མོ་།འཛིན་བྱེད་ཀྱི་བུ། ཚངས་པའི་འཇིག་རྟེན་བདམ་ཞེས་ཟེར་རམ་བཙུན་པ་ཤཱ་རིའི་བུ། ཚངས་པའི་འཇིག་ [423B] །དེ་ནས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ཡུད་ཙམ་ཞིག་ཅང་མི་ཟེར་བར་འདུག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ། དེ་ལྟར་གཞན་ འཕྲུལ་དབང་བྱེད་ཀྱི་ལྷ་བས་ཚངས་པའི་འཇིག་རྟེན་བདམ་པར་གྱུར་ན། ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལམ་མཆིས་སམ་འཛིན་བྱེད་ཀྱི་བུ། ལམ་ཡང་ཡོད། སྲང་ཡང་ཡོད་ དེ༑ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དང་ལྡན་པས་དེ་བསྒོམས་ན། འདོད་པའི་འདུན་པ་སྤངས་ནས་དེ་ལ་ཤས་ཆེར་གནས་པས་ཚངས་པའི་འཇིག་རྟེན་དུ་སྐལ་བ་མཉམ་པར་སྐྱེ་བར་ འགྱུར་བ་དེ་ངས་བཤད་ན། དེ་ཁྱོད་ཀྱིས་ཤེས་པར་ནུས་སམ། བཙུན་པ་ཤཱ་རིའི་བུ། ཁྱོད་ཀྱིས་ཤོད་ཅིག་དང་བདག་གིས་མཉན་ཏོ་།ཤཱ་རིའི་བུས་སྨྲས་པ། འཛིན་བྱེད་ཀྱི་བུ། འདི་ན་ འཕགས་པ་ཉན་ཐོས་ནི། འདོད་པའི་ཡོན་ཏན་ལྔ་སེམས་ཀྱི་ཉེ་བའི་ཉོན་མོངས་པ་སྐྱེད་པ། ཤེས་རབ་ཀྱི་གནས་ངན་ལེན་སྐྱེད་པ་ཕོངས་པར་གྱུར་པའི་ཕྱོགས་མྱ་ངན་ལས་འདའ་བར་ མི་འགྱུར་བ་སྤངས་ནས་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ་དགྲ་ཟླ་མེད་པ། གནོད་པ་མེད་པ། ཡངས་པ། ཆེན་པོར་གྱུར་པ་གཉིས་སུ་མེད་པ། ཚད་མེད་པ་ཤིན་ཏུ་བསྒོམས་ པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ། །དེ་བཞིན་དུ་ཕྱོགས་གཉིས་པ་དང། དེ་བཞིན་དུ་གསུམ་པ་དང། དེ་བཞིན་དུ་བཞི་བ་དང། བླ་དང་ [424A]༄༅། །འོག་དང། ཐད་ཀར་རྣམ་པ་ཐམས་ཅད་དུ་འཇིག་རྟེན་འདི་དག་ཐམས་ཅད་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ། དགྲ་ཟླ་མེད་པ། གནོད་པ་མེད་པ་ ཡངས་པ། ཆེན་པོར་གྱུར་པ། གཉིས་སུ་མེད་པ། ཚད་མེད་པ་ཤིན་ཏུ་བསྒོམས་པས་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་སོ་།དེ་བཞིན་དུ་སྙིང་རྗེ་དང། དགའ་བ་ དང། བཏང་སྙོམས་ཆེན་པོར་གྱུར་པའི་བར་དུ་རྒྱས་པར་བརྗོད་པར་བྱས་ཏེ། འཛིན་བྱེད་ཀྱི་བུ། འདི་ནི། ལམ་ཡིན། འདི་ནི། སྲང་ཡིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ དང་ལྡན་པས་དེ་བསྒོམས་ན། འདོད་པའི་འདུན་པ་སྤངས་ནས་དེ་ལ་ཤས་ཆེར་གནས་པས་ཚངས་པའི་འཇིག་རྟེན་དུ་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ཞེས་བྱས་སོ། །དེ་ ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ཚད་མེད་པ་བཞི་ལ་གནས་པར་བྱས་ནས་སོང་ངོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སོང་ནས་རིང་པོ་མ་ལོན་པར་ བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་ཤཱ་རིའི་བུས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ལ་དེའི་སྟེང་དུ་བདེན་པ་རྣམས་མ་བཤད་པ་ནི་ཚར་ཕྱིན་པ་མ་ཡིན་ནོ་སྙམ་དུ་དགོངས་ནས་ འོད་མའི་ཚལ་ནས་མི་སྣང་བར་གྱུར་ཏེ། བྲམ་ཟེ་འཛིན་བྱེད་ཀྱི་ཁྱིམ་དུ་བཞུགས་པར་གྱུར་ཏོ། །དེ་ནས་བྲམ་ཟེ་འཛིན་བྱེད་ཀྱི་བུས་བཅོམ་ལྡན་འདས་གདན་ལ་བཞུགས་པར་ [424B] །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་ཀྱང་ཁྲི་ལས་ལངས་ཏེ་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་དེ་དང་མཐུན་པའི་ཆོས་ བསྟན་ཏེ། དེ་ནས་བྲམ་ཟེ་འཛིན་བྱེད་ཀྱི་བུས་སྟན་དེ་ཉིད་ལ་འདུག་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ཕྱིར་ མི་འོང་བའི་འབྲས་བུ་ལ་གནས་པར་མཛད་ནས་འཛིན་བྱེད་ཀྱི་བུའི་ཁྱིམ་ནས་མི་སྣང་བར་གྱུར་ཏེ། ཚེ་དང་ལྡན་པ་ཤཱ་རིའི་བུ་འོད་མའི་ཚལ་དུ་མ་ཕྱིན་པར་བཅོམ་ལྡན་འདས་ཆེས་སྔར་འོད་མའི་ ཚལ་དུ་གཤེགས་ནས་ཉིད་ཀྱི་གདན་ལ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་གཤེགས་ནས་རིང་པོ་མ་ལོན་པར་བྲམ་ཟེ་འཛིན་བྱེད་ཀྱི་བུ་ཤི་སྟེ་དུས་ལས་འདས་ནས་ཚངས་པའི་ འཇིག་རྟེན་དུ་སྐྱེས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་ འདུག་ནས་དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ། ཁྱོད་ད་གཟོད་ག་ལས་འོངས། ཤཱ་རིའི་བུས་གསོལ་པ། བཙུན་པ། བདག་གིས་བྲམ་ ཟེ་འཛིན་བྱེད་ཀྱི་བུ་ཚངས་པའི་གནས་བཞི་ལ་གནས་པར་བགྱིས་ན་ད་གཟོད་དེ་ནས་མཆིས་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ། ཅིའི་ཕྱིར་ཁྱོད་ཀྱིས་བྲམ་ཟེ་འཛིན་བྱེད་ཀྱི་བུ་ལ་ [425A]༄༅། །དེའི་སྟེང་དུ་བདེན་པ་རྣམས་མ་བསྟན། ཅི་སྟེ་བསྟན་དུ་ཟིན་ན། ཆོས་འདུལ་བ་འདི་རྟོགས་པ་ཞིག་ཤཱ་རིའི་བུ། དེ་ལྟ་མོད་ཀྱི། ཁྱོད་སོང་བའི་འོག་ཏུ་ང་འོད་མའི་ ཚལ་འདི་ནས་མི་སྣང་བར་གྱུར་ཏེ་བྲམ་ཟེ་འཛིན་བྱེད་ཀྱི་བུའི་ཁྱིམ་དུ་འདུག་ནས་ངས་དེ་ལ་དེའི་སྟེང་དུ་བདེན་པ་རྣམས་བསྟན་ཏེ། དེས་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ ནས་དེ་ཤི་སྟེ་དུས་ལས་འདས་ནས་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེ་ལྟར་ངས་འཛིན་བྱེད་ཀྱི་བུ་བདེན་པ་རྣམས་ལ་གནས་པར་བྱས་ནས་ཁྱོད་འོད་མའི་ཚལ་དུ་མ་ཕྱིན་པར་ང་ ཐོག་མར་ཕྱིན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་ལྟར་ངོ་མཚར་གྱི་ཆོས་དང་ ལྡན་པ་ནི། ངོ་མཚར་ལགས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བྲམ་ཟེ་འཛིན་བྱེད་ཀྱི་པུས་ལས་ཅི་ཞིག་བགྱིས་ན། ལས་ དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལ། བཅོམ་ལྡན་འདས་ཀྱང་དེས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ་།བཙུན་པ། དེས་སྨོན་ལམ་གང་དུ་བཏབ་ལགས། བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་ [425B]ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་རིང་ལ་འབྱོར་པ་དང། རྒྱས་པ་དང། བདེ་བ་དང། ལོ་ལེགས་པ་དང། སྐྱེ་བོ་དང་མི་མང་པོས་གང་ བ་དང། རྩོད་པ་དང་འཐབ་པ་ཞི་བ་དང། འཁྲུག་པ་དང་ནང་འཁྲུག་དང་ཆོམ་རྐུན་དང་ནད་དང་མུ་གེ་མེད་པ་དང། འབྲས་སཱ་ལུ་དང་བུ་རམ་ཤིང་དང་བ་ལང་དང་མ་ཧེ་དང་ལྡན་པར་འདུག་སྟེ་ གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ་བུ་གཅིག་བ་སྡུག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ། །དེའི་ཚེ་གྲོང་ཁྱེར་འཐབ་མེད་ན་རྒྱལ་པོ་ཀླུ་ལྷའི་མདུན་ན་འདོན་ཕྱུག་ཅིང་ ནོར་མང་ལ་ལོངས་སྤྱོད་ཆེ་བ། ནོར་དང་གསེར་དུ་མ་དང་ལྡན་པ་ཡོངས་སུ་འཛིན་པ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་ འདུག་པ་དེས་རྒྱལ་པོ་ལ་བརྟེན་ཅིང་བྲམ་ཟེ་དང། ཁྱིམ་བདག་རྣམས་ཀྱི་ནོར་ལེན་པར་བྱེད། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བརྟེན་ཅིང་རྒྱལ་པོའི་ནོར་ལེན་པར་བྱེད་དོ། །དེ་ནས་དེའི་ ཚེ་བྲམ་ཟེ་དབུལ་པོ་གཞན་ཞིག་བྲམ་ཟེ་མདུན་ན་འདོན་དེའི་ཐད་ནས་ཐག་མི་རིང་བ་ཞིག་ན་འདུག་བ་དེས་བྲམ་ཟེ་མདུན་ན་འདོན་དེས་རྒྱལ་པོ་ལ་བརྟེན་ཅིང་བྲམ་ཟེ་དང་ཁྱིམ་བདག་ རྣམས་ཀྱི་ནོར་ལེན་པར་བྱེད། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་བརྟེན་ཅིང་རྒྱལ་པོའི་ནོར་ལེན་པར་བྱེད་དེ། གཞི་དེས་ན་ཁང་བཟང་གི་སྟེང་ན་འདུག་ཅིང་སྐྱེས་པ་མེད་པར་བུད་མེད་ [426A]༄༅། །འབའ་ཞིག་དང་སིལ་སྙན་རྣམས་ཀྱིས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་རིག་གོ་དེ་ནས་བྲམ་ཟེ་དབུལ་བོ་དེས་བསམ་པ་འདི་དཔལ་འདི་ལྟ་བུ་ དག་ཉམས་སུ་མྱོང་བ་ཅིའང་རུང་བ་དེ་དག་ཐམས་ཅད་ནི། སྦྱིན་པ་དང། དུལ་བ་དང། ཡང་དག་པར་སྡོམ་པའི་ལས་རྣམ་བ་གསུམ་གྱི་འབྲས་བུ་ཡིན་གྱི། མ་ལ་བདག་གིས་ཀྱང་ དགེ་བའི་རྩ་བའི་ཆོས་ཅུང་ཟད་ཙམ་ཡང་དག་པར་བླངས་ཏེ་གནས་པར་བྱ་གོར་མ་ཆག་འོན་ཀྱང་དེས་དབུལ་བ་ཆད་པར་འགྱུར་རོ་སྙམ་དུ་དེ་ལྟ་བུའི་སེམས་སྐྱེས་སོ། །སངས་རྒྱས་ བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་མི་འབྱུང་བའི་ཚེ་རང་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་སྟེ། རང་སངས་རྒྱས་ཤིག་དེའི་ཁྱིམ་སྒོར་འོངས་སོ། །དེ་ནས་བྲམ་ཟེ་དབུལ་ པོ་དེ་ཐག་རིང་པོ་ཞིག་ནས་རང་སངས་རྒྱས་དེ་མཐོང་ངོ་།མཐོང་ནས་ཀྱང་དེ་ལ་ཤིན་ཏུ་དགའ་བ་སྐྱེས་སོ། །དགའ་བ་སྐྱེས་ནས་བྲམ་ཟེ་དེས་རང་སངས་རྒྱས་དེ་ལ་བསོད་སྙོམས་ཕུལ་ ལོ༑ ༑བདག་ཉིད་ཆེན་པོ་དེ་དག་ནི། ལུས་ཀྱིས་ཆོས་སྟོན་པར་བྱེད་ཀྱི། ངག་གིས་མ་ཡིན་ཏེ། དེས་བསོད་སྙོམས་དེ་བླངས་ནས་དེ་ཁོ་ན་ནས་ནམ་མཁའ་ལ་སོང་ངོ། །དེ་ནས་བྲམ་ཟེ་ ལྷག་པར་ཡང་དགའ་བ་སྐྱེས་ནས་རྐང་པ་ལ་དམིགས་ཏེ་ཕྱག་བཙལ་ནས་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བ་དེ་དང་དེར་ཕྱུག་ཅིང་ [426B]།བདག་གིས་ཀྱང་རྒྱལ་པོ་ལ་བརྟེན་ཅིང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ནོར་ལེན་པ་དང། བྲམ་ཟེ་དང་ཁྱིམ་བདག་རྣམས་ ལ་བརྟེན་ཅིང་རྒྱལ་པའི་ནོར་ལེན་པ་དང། འདི་བས་ཀྱང་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་ སོ༑ ༑དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བྲམ་ཟེ་དབུལ་པོར་གྱུར་པ་གང་ཡིན་པ་དེ་ནི། འཛིན་བྱེད་ཀྱི་བུ་འདི་ཁོ་ན་ཡིན་ཏེ་དེས་རང་སངས་རྒྱས་དེ་ལ་བསོད་སྙོམས་ཕུལ་ནས་ སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པ་དེས་ན། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། དེས་དེར་བྲམ་ཟེ་དང་ཁྱིམ་བདག་ རྣམས་ལ་བརྟེན་ཅིང་རྒྱལ་པོའི་ནོར་ལ་ལེན་པར་བྱེད། རྒྱལ་པོ་ལ་བརྟེན་ཅིང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ནོར་ལ་ལེན་པར་བྱེད་ལ། དགེ་སློང་དག་ང་རང་སངས་རྒྱས་བྱེ་བ་ཕྲག་ འབུམ་བས་ཀྱང་ཆེས་ལྷག་པར་ཁྱད་པར་དུ་འཕགས་པ་ང་ལྟ་བུ་འདིས་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ། །གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ བསྟན་པ་ལ་དགེ་བསྙེན་དུ་གྱུར་ཏེ། དེས་དེར་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བསྲུངས་ནས་འཆི་ཁར་སྨོན་ལམ་བཏབ་པ། ཡང་དག་པར་རྫོགས་པའི་ [427A]༄༅། །སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་ མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་བསྙེན་དུ་གྱུར་པ་གང་ཡིན་པ་དེ་ནི་འཛིན་བྱེད་ཀྱི་བུ་འདི་ཁོ་ན་ཡིན་ཏེ། དེས་ཚེ་ གཅིག་ཏུ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བསྲུངས་ནས་འཆི་ཁར་སྨོན་ལམ་བཏབ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཡིན་པ་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པ་དེས་ན་ དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ།། །།རབ་བཟང་ཞེས་བྱ་བ་ནི། སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་དྲི་ཟའི་རྒྱལ་ པོ་རབ་དགའ་ཞེས་བྱ་བ་ཞིག་ཡོད་དེ། དེས་ལྷའི་དབང་པོ་བརྒྱ་བྱིན་དགའ་བར་བྱ་བའི་ཕྱིར་དེ་དང་འབྲེལ་བའི་གླུ་དབྱངས་སྦྱོར་བ་ལ་ཞུགས་སོ། །དེ་ནས་གང་གི་ཚེ་བྱང་ཆུབ་ [427B]བཞིའི་གཟིགས་པས་འཇིག་རྟེན་ལ་གཟིགས་ནས་ཡུམ་གྱི་ལྷུམས་སུ་གཤེགས་པ་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་ གྱིས་དྲི་ཟའི་རྒྱལ་པོ་རབ་དགའ་ལ་སྨྲས་པ། རབ་དགའ། བྱང་ཆུབ་སེམས་དཔའ་ལྷའི་རིས་དགའ་ལྡན་ནས་ཤི་འཕོས་ཏེ་ཡུམ་གྱི་ལྷུམས་སུ་ཉིང་མཚམས་སྦྱར་ནས་གང་གི་ཚེ་དེ་ བལྟམས་ཏེ་ཆེར་སྐྱེས་པ་དེའི་ཚེ་བདུད་རྩི་བརྙེས་ནས་དེས་འགྲོ་བ་རྣམས་ཚིམ་པར་མཛད་པར་འགྱུར་གྱི། ཁྱོད་ཀྱིས་ཀྱང་ཛམྦུའི་གླིང་དུ་ཉིང་མཚམས་སྦྱོར་ཅིག་དང། ཁྱོད་ལའང་དེས་ བདུད་རྩིའི་སྐལ་བ་སྦྱིན་པར་འགྱུར་རོ། །རབ་དགས་སྨྲས་པ། ཀཽ་ཤི་ཀ་བདག་གིས་གླུ་དབྱངས་སྦྱར་བ་བརྩམས་ལགས་ཏེ། རེ་ཞིག་དེ་ལགས་པར་བགྱིས་ནས་སླད་ཀྱིས་སླེབས་སོ། ། ཞེས་ཟེར་རོ། །དེ་ནས་དེའི་ཚེ་གྲོང་ཁྱེར་ཀུ་ཤི་ན་ཀུན་ཏུ་རྒྱུ་རབ་བཟང་ཞེས་བྱ་བ་རྫུ་འཕྲུལ་ཅན་གྲོང་ཁྱེར་ཀུ་ཤི་ན་གནས་པའི་གྱད་ཀྱི་བུ་ཐམས་ཅད་ཀྱིས་བཀུར་སྟི་བྱེད། བླ་མར་བྱེད། རི་མོ་ བྱེད༑ མཆོད་པར་བྱེད་ཅིང་དགྲ་བཅོམ་པར་བཀུར་བ་ཞིག་ཡོད་དེ། དེ་མཚོ་མ་དྲོས་པའི་འགྲམ་ན་ཉིན་པར་གནས་སོ། །དེར་ཡང་དེ་ལ་ལྷ་དང་ཀླུ་རྣམས་ཀྱིས་བཀུར་སྟི་བྱེད། བླ་མར་བྱེད་ རི་མོ་བྱེད་མཆོད་པར་བྱེད་དོ། །དེ་རེས་འགའ་ནི། མཚོ་མ་དྲོས་པའི་འགྲམ་དེ་ཉིད་ན་ཉིན་པར་གནས་ཤིང་འདུག་གོ་རེས་འགའ་ནི། མཚོ་མ་དྲོས་པ་དེ་ཉིད་ནས་ཐག་མི་རིང་བ་ཞིག་ན་ [428A]༄༅། །ཤིང་ཨུ་དུམ་ཝ་རའི་ཚལ་ཞིག་ཡོད་པ་དེར་སོང་ནས་འདུག་གོ་དེ་ནས་གང་གི་ཚེ་བྱང་ཆུབ་སེམས་དཔའ་བལྟམས་པ་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ དྲི་ཟའི་རྒྱལ་པོ་རབ་དགའ་ལ་སྨྲས་བ། རབ་དགའ། བྱང་ཆུབ་སེམས་དཔའ་བལྟམས་ཀྱི། ཚུར་དོང་བདག་ཅག་གིས་དེའི་མཆོད་པའི་ལས་ལ་བརྩོན་པར་བྱའོ། །རབ་དགས་སྨྲས་ པ༑ ཀཽ་ཤི་ཀ། བདག་གིས་གླུ་དབྱངས་སྦྱར་བ་བརྩམས་ལགས་ཏེ། དེ་རེ་ཞིག་དེ་ལགས་པར་བགྱིས་ནས་སླད་ཀྱིས་སླེབས་སོ། །ཞེས་ཟེར་རོ་།དེ་ནས་བྱང་ཆུབ་སེམས་དཔའི་ཆེ་བ་ ཉིད་ཀྱིས་ཨུ་དུམ་ཝ་རའི་ཚལ་དེར་ཨུ་དུམ་ཝ་རའི་མེ་ཏོག་རྣམས་ཁ་འབུས་པར་གྱུར་ཏོ། །དེ་ནས་ཀུན་ཏུ་རྒྱུ་རབ་བཟང་གིས་ཤིང་ཨུ་དུམ་ཝ་རའི་མེ་ཏོག་ཁ་འབུས་པ་མཐོང་ནས་ མཐོང་མ་ཐག་ཏུ་ཡིད་དགའ་བར་གྱུར་ཏེ་དེས་བསམ་པ། གནའི་ཀུན་ཏུ་རྒྱུ་རྒས་ཤིང་འཁོགས་ལ་གཏུགས་པ། སྡེ་ཚན་གྱི་སློབ་དཔོན་ཆེན་པོ་དག་ལས་བདག་གིས་ཐོས་ན། དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང། ཨུ་དུམ་ཝ་རའི་མེ་ཏོག་ནི། བརྒྱ་ལམ་ན་འབྱུང་བར་ ཟད་དོ༑ ༑ཞེས་ཟེར་བ་ལས་ན། ཨུ་དུམ་ཝ་རའི་ཚལ་འདིར་ཡང་བདག་གི་བསོད་ནམས་ཀྱིས་ཨུ་དུམ་ཝ་ར་རྣམས་ཀྱི་མེ་ཏོག་ཁ་འབུས་པར་གྱུར་ཏོ་སྙམ་མོ། །དེར་གང་གི་ཚེ་བྱང་ [428B] ནད་པ་དང། ཤི་བ་གཟིགས་ནས་ནགས་ཁྲོད་དུ་གནས་བཅས་པ་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དྲི་ཟའི་རྒྱལ་པོ་རབ་དགའ་ལ་སྨྲས་པ། རབ་དགའ་ བྱང་ཆུབ་སེམས་དཔའ་དེ་ནི། རྒན་པོ་དང། ནད་བ་དང། ཤི་བ་གཟིགས་ནས་ནགས་ཁྲོད་དུ་གནས་བཅས་ཀྱི། བདག་ཅག་དོང་ལ་དེའི་མཆོད་པའི་ལས་ལ་བརྩོན་པར་བྱའོ། །རབ་ དགས་སྨྲས་པ། ཀཽ་ཤི་ཀ་བདག་གིས་གླུ་དབྱངས་སྦྱར་བ་བརྩམས་ལགས་ཏེ། དེ་རེ་ཞིག་ལགས་པར་བགྱིས་ནས་སླད་ཀྱིས་སླེབས་སོ། །ཞེས་ཟེར་རོ། །དེར་གང་གི་ཚེ་བྱང་ཆུབ་སེམས་དཔས་བླ་ན་ མེད་པའི་ཡེ་ཤེས་བརྙེས་ནས་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ཆོས་བཞིན་དུ་བསྐོར་བ་དེའི་ཚེ་བརྒྱ་བྱིན་གྱིས་ཡང་དྲི་ཟའི་རྒྱལ་བོ་རབ་དགའ་ལ་སྨྲས་པ་ རབ་དགའ། བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་བསྐོར་བར་བཞེད་ཀྱི། ཚུར་བདག་ཅག་སོང་ ལ་ཆོས་མཉན་པར་བྱའོ། །རབ་དགས་སྨྲས་པ། ཀཽ་ཤི་ཀ་བདག་གིས་གླུ་དབྱངས་སྔར་བརྩམས་ལགས་ཏེ། རེ་ཞིག་དེ་ལགས་པར་བགྱིས་ནས་སླད་ཀྱིས་སླེབས་སོ། །ཞེས་ཟེར་རོ། ། དེར་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་བསྐོར་བ་དེའི་ཚེ་ཨུ་དུམ་ཝ་རའི་ཚལ་དེ་དག་རྣམ་པ་ཐམས་ཅད་དུ་མེ་ཏོག་ [429A]༄༅། །རྒྱས་པར་གྱུར་ཏེ། དེས་ན་དཔག་ཚད་མང་པོར་དྲི་བསུང་གིས་རྒྱས་པར་གྱུར་ཏེ། རྒྱུ་དེས་ན་ཀུན་ཏུ་རྒྱུར་བ་བཟང་ལྷག་པར་ཡང་ཡིད་དགའ་བར་གྱུར་ནས་འདི་དག་ནི་ བདག་གི་བསོད་ནམས་ལས་གྱུར་པ་ཡིན་ནོ་སྙམ་མོ། །དེར་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་ཆོས་བཞིན་དུ་བསྐོར་བ་ དེའི་ཚེ་ལྔ་སྡེ་དང། ཉེ་བའི་ལྔ་སྡེ་རྣམས་དང། གྲོང་གི་བྱིས་པ་མགོ་མཐོ་མཐོ་ལྔ་བཅུ་བཏུལ་ཏོ། །ཤིང་བལ་གྱི་ཤིང་གི་ནགས་ཁྲོད་དུ་གཤེགས་ནས་བཟང་སྡེ་དྲུག་ཅུའི་ཕ་ཚན་བདེན་ པ་རྣམས་ལ་བཀོད་དོ། །སྡེ་པའི་གྲོང་དུ་གཤེགས་ནས་གྲོང་ན་གནས་པའི་བུ་མོ་དགའ་མ་དང། དགའ་སྟོབས་མ་གཉིས་བདེན་པ་རྣམས་ལ་བཀོད་དོ། །ལྟེང་རྒྱས་སུ་གཤེགས་ནས་ རལ་པ་ཅན་སྟོང་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་དོ། །ག་ཡའི་རྩེ་མོའི་མཆོད་རྟེན་གྱི་དྲུང་དུ་གཤེགས་ནས་དགེ་སློང་སྟོང་པོ་དེ་དག་ཆོ་འཕྲུལ་རྣམ་པ་གསུམ་གྱིས་ཡིད་ཆེས་ པར་མཛད་དེ་གཡུང་དྲུང་གི་མཐར་ཐུག་པ། བླ་ན་མེད་པའི་གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ། །སྨྱིག་མའི་ནགས་ཁྲོད་དུ་གཤེགས་ནས་ཡུལ་མ་ག་དཧའི་རྒྱལ་པོ་ བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལྷ་བརྒྱད་ཁྲི་དང། ཡུལ་མ་ག་དཧའི་བྲམ་ཟེ་དང། ཁྱིམ་བདག་འབུམ་ཕྲག་དུ་མ་དང་ཐབས་ཅིག་ཏུ་བདེན་པ་རྣམས་ལ་གནས་པར་མཛད་དོ། ། [429B]རིའི་བུ་དང། མཽངྒལ་གྱི་བུ་གཡོག་འཁོར་ཉིས་བརྒྱ་ལྔ་བཅུ་དང་ལྡན་པ་གཉིས་རབ་ཏུ་ཕྱུང་ནས་བསྙེན་པར་རྫོགས་པར་མཛད་དོ།། མཉན་དུ་ཡོད་པར་གཤེགས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་བཞེས་ཏེ་ཆོ་འཕྲུལ་ཆེན་པོ་བསྟན་ནས་དགེ་ཚུལ་སྐུལ་བྱེད་རབ་ཏུ་ཕྱུང་སྟེ་དེས་ཀྱང་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་ བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་རྫུ་འཕྲུལ་གྱིས་འགྲོ་ཞིང་གནས་གཞན་དང་གཞན་དག་ནས་དུས་མ་ཡིན་པའི་མེ་ཏོག་དང་འབྲས་བུ་རྣམས་བླངས་ཤིང་མཁན་པོ་དང་དགེ་འདུན་ ལ་འབུལ་བར་བྱེད་དོ། །དེ་ནས་ཕྱི་ཞིག་ན་དེ་མཚོ་མ་དྲོས་པའི་འགྲམ་དུ་སོང་ནས་དེ་དེར་དགའ་བར་གྱུར་ཏེ། དེས་དེར་ཉིན་པར་གྱི་གནས་བཏབ་པ་ལས་ཀུན་ཏུ་རྒྱུ་རབ་བཟང་གིས་སྨྲས་པ་ གྲོགས་པོ། འདི་ནི། ངའི་ཉིན་པར་གྱི་གནས་ཡིན་གྱི། འདིར་མ་འདུག་ཅིག་དགེ་ཚུལ་སྐུལ་བྱེད་ཀྱིས་སྨྲས་པ། འདི་ནི། ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ། །ཀུན་ཏུ་རྒྱུ་རབ་བཟང་གིས་ སྨྲས་པ༑ ང་དང་རྫུ་འཕྲུལ་གྱིས་འགྲན་པར་གྱིས་ཤིག་དང། དེ་ནས་འདིའུ་བུ་ཅག་གཉིས་གང་རྒྱལ་བ་དེའི་ཉིན་པར་གྱི་གནས་སུ་བྱའོ། །ཞེས་བྱས་ནས་དེ་གཉིས་རྫུ་འཕྲུལ་སྟོན་པ་ ལ་ཞུགས་པ་ལས། དེར་དགེ་ཚུལ་སྐུལ་བྱེད་ཀྱིས་ཀུན་ཏུ་རྒྱུ་རབ་བཟང་ཕམ་པར་བྱས་ནས་དེ་ཡུལ་ཡུལ་པོར་གྱུར་ཏེ། ཨུ་དུམ་ཝ་རའི་ཚལ་དེ་ཉིད་དུ་སོང་ནས་འདུག་གོ་དེར་གང་ [430A]༄༅། །གི་ཚེ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས་ཀུ་ཤའི་གྲོང་ཁྱེར་དུ་གཤེགས་ཏེ་གཟིམས་མལ་གྱི་ཐ་མར་ཞུགས་ནས་ བཞུགས་སོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་དགོངས་པ། ད་ནི། དེ་བཞིན་གཤེགས་པས་གདུལ་བར་བྱ་བ་ཀུན་ཏུ་རྒྱུ་རབ་བཟང་དང། དྲི་ཟའི་རྒྱལ་པོ་རབ་དགའ་གཉིས་ ལུས་སོ་སྙམ་དུ་དགོངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དགོངས་པ། ཀུན་ཏུ་རྒྱུ་རབ་བཟང་ངས་གདུལ་བར་སླ་ན། དྲི་ཟའི་རྒྱལ་པོ་རབ་དགའ་ནི། རྒྱགས་ཤིང་བག་མེད་ པར་གནས་ཏེ། དེ་ངའི་ཐད་དུ་མི་འོང་གི་ང་ཉིད་དེའི་ཐད་དུ་འགྲོའོ་སྙམ་དུ་དགོངས་སོ། །བཅོམ་ལྡན་འདས་ཀྱིས་དེར་སྤྲུལ་པ་ཞིག་བཞག་ནས་ཤིང་སཱ་ལ་ཟུང་གི་ཚལ་ནས་མི་ སྣང་བར་གྱུར་ཏེ། སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་གཤེགས་ནས་དྲི་ཟའི་རྒྱལ་པོ་རབ་དགའི་ཕོ་བྲང་གི་སྒོར་བྱོན་ཏེ། དེར་བཅོམ་ལྡན་འདས་ཀྱིས་དགོངས་པ། འདིའི་ང་རྒྱལ་ བཅག་ནས་གདོད་དེའི་འོག་ཏུ་བདེན་པ་རྣམས་ཀྱི་སྣོད་དུ་རུང་ངོ་སྙམ་དུ་དགོངས་ཏེ། བཅོམ་ལྡན་འདས་ཀྱིས་དེ་གདུལ་བའི་ཕྱིར་དྲི་ཟའི་རྒྱལ་པོ་ཞིག་ཏུ་སྤྲུལ་ནས་བཻ་ཌཱུརྱའི་པི་ ཝང་རྒྱུད་སྟོང་པ་ཞིག་བསྣམས་ཏེ། དྲི་ཟའི་རྒྱལ་པོ་རབ་དགའི་སྒོ་དྲུང་དུ་གཞེས་ནས་འཕྲིན་གྱིས་བཟླུགས་ཏེ་དྲི་ཟའི་རྒྱལ་པོ་ཞིག་སྒོ་ན་སྡོད་དེ། དེ་ཁྱོད་དང་ལྷན་ཅིག་ཏུ་པི་ཝང་ [430B] །ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དྲི་ཟའི་རྒྱལ་པོ་རབ་དགས་བསམ་པ། མ་ལ་དྲི་ཟའི་རྒྱལ་པོ་གཞན་འགའ་ཞིག་མ་བྱུང་གྲང། དེ་ནི། བདག་གིས་ཚར་ གཅད་པར་བྱའོ་སྙམ་དུ་བསམ་ནས་སྨྲས་པ། ནང་དུ་བོས་ཤིག་དང་བདག་གིས་ཅི་ནུས་པ་བསྟན་ཏོ། །ཞེས་བྱས་ཏེ། དེས་དེ་ནང་དུ་བོས་ནས་པི་ཝང་ལེན་པ་ལ་ཞུགས་སོ། །དེ་ནས་ བཅོམ་ལྡན་འདས་དེ་གདུལ་བའི་ཕྱིར་པི་ཝང་གི་རྒྱུ་གཅིག་བཅད་པ་དང། དྲི་ཟའི་རྒྱལ་པོ་རབ་དགས་ཀྱང་དེ་མཐོང་ནས་རྒྱུད་གཅིག་བཅད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ མཐར་གྱིས་རྒྱུད་ཐམས་ཅད་བཅད་དེ་རྒྱུད་གཅིག་བུ་ལུས་པར་གྱུར་ནས་དེ་ལས་ཀྱང་སྒྲ་ཐམས་ཅད་འབྱུང་བར་མཛད་དོ། །དེ་ནས་རབ་དགས་ཀྱང་རྒྱུད་ཐམས་ཅད་བཅད་དེ་དེས་ཀྱང་རྒྱུད་ གཅིག་པུ་དེ་ལས་སྒྲ་ཐམས་ཅད་འབྱུང་བར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱུད་གཅིག་པུ་དེའང་བཅད་དེ་སྒྲ་ཐམས་ཅད་ཀྱང་འབྱུང་བར་མཛད་དོ། །དེ་ནས་དྲི་ཟའི་རྒྱལ་པོ་ རབ་དགས་བསམ་པ། བདག་གིས་ནི། དེ་ལས་ལྷག་པར་ཅུང་ཟད་ཀྱང་བསྟན་པར་མི་ནུས་པས་ན། འདི་ནི། བདག་པས་ཆེས་ཁྱད་པར་དུ་འཕགས་པ་ཞིག་གོ་སྙམ་མོ། །དེ་ནས་ དེའི་སྐབས་སུ་བཅོམ་ལྡན་འདས་ཀྱིས་དགོངས་པ། འདི་ང་རྒྱལ་ང་དང་མཚུངས་པ་སུའང་མེད་དོ་སྙམ་དུ་དེ་ལྟར་འཛིན་པ་དེ་མེད་པར་གྱུར་ཏོ་སྙམ་དུ་ཐུགས་སུ་ཆུད་དེ་བཅོམ་ [431A]༄༅། །ལྡན་འདས་ཀྱིས་དེ་ང་རྒྱལ་བཅག་ནས་རང་བཞིན་གྱི་སྐུར་བསྒྱུར་ཏོ། །དེ་ནས་དེས་བཅོམ་ལྡན་འདས་མཐོང་ནས་དེ་ཤིན་ཏུ་དགའ་བ་སྐྱེས་ཏེ་དགའ་བར་ གྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་བ་དང་ ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་དྲི་ཟའི་རྒྱལ་པོ་རབ་དགའ་བསྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །དེ་ནས་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ ལྷའི་ནང་ནས་མི་སྣང་བར་གྱུར་ཏོ། །དེའི་ཚེ་ཨུ་དུམ་ཝ་རའི་ཚལ་དེའི་མེ་ཏོག་རྣམས་རྙིས་པར་གྱུར་ཏེ། ཀུན་ཏུ་རྒྱུ་རབ་བཟང་གིས་ཨུ་དུམ་ཝ་རའི་ཚལ་དེའི་མེ་ཏོག་རྣམས་ རྙིས་པར་གྱུར་པ་མཐོང་ངོ། །མཐོང་ནས་ཀྱང་དེ་མྱ་ངན་ཆེན་པོ་སྐྱེས་ཏེ་དེས་བསམ་པ། བདག་གི་བསོད་ནམས་ཀྱིས་ཨུ་དུམ་ཝ་རའི་ཚལ་འདི་རྣམ་པ་ཐམས་ཅད་དུ་མེ་ཏོག་ རྒྱས་པར་གྱུར་པ་ལས། ད་ནི། བདག་རྒས་ཤིང་འཁོགས་ལ་གཏུགས་པར་གྱུར་ཏེ་ན་ཚོད་ལོ་བརྒྱ་ཉི་ཤུ་ལོན་ན། ཨུ་དུམ་ཝ་རའི་ཚལ་གྱི་མེ་ཏོག་འདི་དག་རྙིས་པར་གྱུར་ [431B] བདག་རིང་པོ་མི་ཐོགས་པར་འཆི་བར་འགྱུར་རོ་སྙམ་ནས་རྒྱུ་དེས་ན་ཤིན་ཏུ་མྱ་ངན་བྱེད་ཅིང་སྡུག་བསྔལ་ལ་སྨྲེ་སྔགས་འདོན་པར་བྱེད་དོ། །དེ་ནས་དེ་ལ་དགའ་བའི་ལྷ་ ཞིག་གིས་རབ་བཟང་ལ་སྨྲས་པ། ཨུ་དུམ་ཝ་རའི་ཚལ་འདི་ནི། ཁྱོད་ཀྱི་བསོད་ནམས་ཀྱིས་རྣམ་པ་ཐམས་ཅད་དུ་མེ་ཏོག་རྒྱས་པར་གྱུར་པ་མ་ཡིན་གྱི། ས་ཕྱོགས་འདི་ནི། འཁོར་ལོས་ བསྒྱུར་བའི་རྒྱལ་པོའི་སྐྱེད་མོས་ཚལ་གྱི་ས་ཡིན་ཏེ། གང་གི་ཚེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འབྱུང་ངམ། བྱང་ཆུབ་སེམས་དཔའ་འབྱུང་བར་འགྱུར་བ་དེའི་ཚེ་ནི། ཨུ་དུམ་ཝ་རའི་ཚལ་ འདིར་མེ་ཏོག་རྣམས་ཁ་འབུ་བར་འགྱུར་རོ། །གང་གི་ཚེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྒྱལ་སར་ཞུགས་པའམ། བྱང་ཆུབ་སེམས་དཔས་བླ་ན་མེད་པའི་ཡེ་ཤེས་བརྙེས་པར་ གྱུར་པ་དེའི་ཚེ་ནི། ཨུ་དུམ་ཝ་རའི་ཚལ་འདི་རྣམ་པ་ཐམས་ཅད་དུ་མེ་ཏོག་རྒྱས་པར་འགྱུར་རོ། །གང་གི་ཚེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་གྲོངས་སུ་ཉེ་བའམ། དེ་བཞིན་གཤེགས་ པ་ཡོངས་སུ་མྱ་ངན་ལས་འདར་ཉེ་བར་གྱུར་པ་དེའི་ཚེ་ནི། ཨུ་དུམ་ཝ་རའི་ཚལ་གྱི་མེ་ཏོག་འདི་རྣམས་རྙིས་པར་འགྱུར་རོ། །གང་གི་ཚེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་གྲོངས་ སམ༑ དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེའི་ཚེ་ནི། ཨུ་དུམ་ཝ་རའི་ཚལ་འདིའི་མེ་ཏོག་རྣམས་སྐམ་པར་འགྱུར་ཏེ། ད་ལྟར་ཡང་དེ་བཞིན་གཤེགས་ [432A]༄༅། །པ་འཇིག་རྟེན་དུ་བྱུང་ནས་དེ་གཟིམས་མལ་གྱི་ཐ་མར་ཞུགས་ཏེ། དོ་ནུབ་ནམ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་ མྱ་ངན་ལས་འདའ་བར་འགྱུར་ཏེ། དེའི་དབང་གིས་ཨུ་དུམ་ཝ་རའི་ཚལ་དེ་རྙིས་པར་གྱུར་གྱི། ཁྱོད་དེའི་རྒྱུས་ཧ་ཅང་མྱ་ངན་མ་བྱེད་ཅིག་སྡུག་བསྔལ་བར་མ་བྱེད་ཅིག་སྨྲེ་སྔགས་ མ་འདོན་ཅིག་ཅེས་བྱས་སོ། །དེ་ནས་ཀུན་ཏུ་རྒྱུ་རབ་བཟང་འདི་སྙམ་དུ་སེམས་ཏེ། བདག་ཆོས་རྣམས་ལའང་ཐེ་ཚོམ་ཡོད། བདག་ལ་རེ་བའང་ཡོད་ལ། བཅོམ་ལྡན་འདས་གཽ་ཏ་ མ་དེས་ཀྱང་བདག་གི་ཐེ་ཚོམ་དེ་སེལ་བར་ནུས་ཀྱི། མ་ལ་བདག་བཅོམ་ལྡན་འདས་གཽ་ཏ་མ་དེ་ག་ལ་བ་དེར་སོང་ལ་དེར་ཕྱིན་ནས་ཞུ་བ་ལུང་བསྟན་པར་གནང་ན་ཕྱོགས་འགའ་ཞིག་ ཞུའོ་སྙམ་ནས་ཨུ་དུམ་ཝ་རའི་ཚལ་ནས་མི་སྣང་བར་གྱུར་ཏེ་གྲོང་ཁྱེར་ཀུ་ཤི་ན་གྱད་ཀྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་ཚལ་དུ་ཕྱིན་པར་གྱུར་ཏོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བ་ ནི༑ ཀུན་དགའ་ར་བའི་སྒོའི་ཐད་ཀྱི་འཆག་ས་ན་འཆག་ཅིང་འདུག་གོ། དེ་ནས་ཀུན་ཏུ་རྒྱུ་རབ་བཟང་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་ཐག་རིང་པོ་ཞིག་ནས་མཐོང་ངོ། །མཐོང་ནས་ ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ། བདག་གིས་ཐོས་ན། བཅོམ་ [432B]མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་གྲགས་ན། བདག་ཆོས་ རྣམས་ལའང་ཐེ་ཚོམ་མཆིས། བདག་རེ་བའང་མཆིས་ལ། བཅོམ་ལྡན་འདས་གཽ་ཏ་མ་དེས་ཀྱང་བདག་གི་ཐེ་ཚོམ་དེ་སེལ་བར་ནུས་ན། གལ་ཏེ་བཙུན་པ་ཀུན་དགའ་བོ་འོ་མི་ བརྒྱལ་ན། བཅོམ་ལྡན་འདས་གཽ་ཏ་མ་དེ་ག་ལ་བཞུགས་པ་དེར་བཞུད་ལ། དེར་ཕྱིན་ནས་གལ་ཏེ་ཞུ་བའི་བཀའ་ལན་སྩལ་བར་གནང་ན་ཕྱོགས་འགའ་ཞིག་ཞུའོ། །ཞེས་བྱས་ སོ༑ ༑ཚེ་དང་ལྡན་པ་ཀུན་དགའ་བོའང་ལྟས་ལ་མཁས་ཏེ། དེས་བསམ་ན། བཅོམ་ལྡན་འདས་ཀྱིས་སྤྲུལ་པ་ཞིག་བཞག་སྟེ་འདུལ་བའི་དབང་གིས་གཞིག་ཏུ་གཤེགས་པར་རིག་ ནས་ཀུན་ཏུ་རྒྱུ་རབ་བཟང་ལ་སྨྲས་པ། རབ་བཟང་ཐོང། བཅོམ་ལྡན་འདས་ནི། སྐུ་མཉེལ། བདེ་བར་གཤེགས་པ་ནི། སྐུ་མཉེལ་གྱི། དེ་བཞིན་གཤེགས་པ་ལ་གནོད་པ་མ་བྱེད་ ཅིག་ཅེས་བྱས་སོ། །དེ་ནས་ཀུན་ཏུ་རྒྱུ་རབ་བཟང་གིས་ཚེ་དང་ལྡན་ཕ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཀུན་དགའ་བོ་སྔོན་གྱི་ཀུན་ཏུ་རྒྱུ་དེས་ཤིང་འཁོགས་ལ་གཏུགས་ པ་རྣམས་ལས་བདག་གིས་ཐོས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། བརྒྱ་ལམ་བརྒྱ་ལམ་ན་འཇིག་རྟེན་དུ་འབྱུང་བར་ཟད་ [433A]༄༅། །དེ༑ དཔེར་ན། ཨུ་དུམ་ཝ་རའི་མེ་ཏོག་བཞིན་ནོ། །ཞེས་མཆི་ལ། བཅོམ་ལྡན་འདས་གཽ་ཏ་མ་དེ་ཡང་དོ་ནུབ་ན་མ་ཕྱེད་ན་ཕུང་བོའི་ལྷག་མ་མེད་པའི་མྱ་ ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ན། བདག་ཆོས་རྣམས་ལའང་ཐེ་ཚོམ་མཆིས། བདག་ལ་རེ་བའང་མཆིས་ལ། བཅོམ་ལྡན་ འདས་གཽ་ཏ་མ་དེས་ཀྱང་བདག་གི་ཐེ་ཚོམ་སེལ་བར་ནུས་ན། གལ་ཏེ་བཙུན་པ་ཀུན་དགའ་བོའི་མི་བརྒྱལ་ན། བཅོམ་ལྡན་འདས་གཽ་ཏ་མ་དེ་ག་ལ་བཞུགས་པ་དེར་བཞུད་ ལ་དེར་ཕྱིན་ནས་གལ་ཏེ་ཞུ་བའི་བཀའ་ལན་སྩལ་བར་གནང་ན་ཕྱོགས་འགའ་ཞིག་ཞུའོ། །ཞེས་བྱས་སོ། །དེ་ནས་ལན་གསུམ་གྱི་བར་དུ་ཚེ་དང་ལྡན་པ་ཀུན་དགའ་བོས་ ཀུན་ཏུ་རྒྱུ་རབ་བཟང་ལ་སྨྲས་པ། རབ་བཟང་ཐོང། བཅོམ་ལྡན་འདས་ནི། སྐུ་མཉེལ། བདེ་བར་གཤེགས་པ་ནི། སྐུ་མཉེལ་གྱི། དེ་བཞིན་གཤེགས་པ་ལ་གནོད་པ་མ་བྱེད་ ཅིག་ཅེས་བྱས་སོ། །དེ་ནས་དེའི་སྐབས་སུ་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ནས་མི་སྣང་བར་གྱུར་ཏེ་གཟིམས་མལ་དུ་ཞུགས་ནས་བཅོམ་ལྡན་འདས་ ཀྱིས་ལྷའི་སྙན་རྣམ་པར་དག་པ་མི་ལས་འདས་པ་མངའ་བས་ཚེ་དང་ལྡན་པ་ཀུན་དགའ་བོ་ཀུན་ཏུ་རྒྱུ་རབ་བཟང་དང་དེ་ལྟ་བུའི་ཚིག་བརྗོད་པ་གསན་ཏོ། །གསན་ནས་ཀྱང་ཚེ་ [433B] ཀུན་དགའ་བོ་ཐོང། ཀུན་ཏུ་རྒྱུ་རབ་བཟང་མ་དགག་པར་ནང་དུ་ཐོང་ལ་ཅི་དང་ཅི་འདོད་པ་འདྲིར་ཆུག་གཅིག་དེ་ཅིའི་ཕྱིར་ཞེ་ན། འདི་ ནི༑ ང་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་དག་དང་བར་སྐབས་ཀྱི་གཏམ་རྗོད་པའི་ཐ་མ་ཡིན་ནོ། །འདི་ལྟ་སྟེ། ཀུན་ཏུ་རྒྱུ་རབ་བཟང་འདི་ནི། ངས་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ་ ཕྱུང་བ་རྣམས་ཀྱི་ཐ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་ནས་ཀུན་ཏུ་རྒྱུ་རབ་བཟང་དགའ་ཞིང་མགུ་ལ་ཡིད་རངས་ཤིང་མགུ་ལ་རབ་ཏུ་དགའ་སྟེ། ཡིད་རངས་ཤིང་ དགའ་བ་དང་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ག་ལས་ཞུགས་པ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་མངོན་སུམ་དུ་ཡང་དག་པར་དགའ་བ་དང། ཡང་དག་ པར་མགུ་བར་འགྱུར་བའི་གཏམ་སྣ་ཚོགས་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཀུན་ཏུ་རྒྱུ་རབ་བཟང་གིས་འདི་སྐད་ཅེས་གསོལ་ ཏོ༑ ༑ཀྱེ་གཽ་ཏ་མ། འཇིག་རྟེན་ན་མུ་སྟེགས་ཀྱི་གནས་ཐ་དད་པ་འདི་དག་ནི། འདི་ལྟ་སྟེ། འོད་སྲུང་རྫོགས་བྱེད་དང། ཀུན་ཏུ་རྒྱུ་སྣག་ལྷས་ཀྱི་བུ་དང། སྨྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་ བ་ཅན་དང། མི་ཕམ་སྐྲའི་ལ་བ་ཅན་དང། ཀཱ་ཀྱཱའི་བུ་ནོག་ཅན་དང། གཅེར་བུ་པ་གཉེན་གྱི་བུ་དེ་རྣམས་ཀྱིས་རང་རང་གིས་དམ་བཅས་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ [434A]༄༅། །ཚེ་ཚིགས་སུ་བཅད་པ་བཀའ་སྩལ་པ། རབ་བཟང་ང་ནི་ན་ཚོད་ཉི་ཤུ་དགུ་ལོན་ན། །ལེགས་པ་གང་ཡིན་ཚོལ་ཕྱིར་རབ་ཏུ་བྱུང་བར་གྱུར། །རབ་བཟང་ང་ནི་རབ་ཏུ་ བྱུང་བའི་ཕྱིན་ཆད་ནས། །ལོ་གྲངས་ལྔ་བཅུའི་བར་དུ་ཏིང་འཛིན་བསྒོམ་པ་བྱས། །ང་ནི་ཚུལ་ཁྲིམས་རྣམས་དང་ཞབས་དང་རིག་པ་དང། །སེམས་ཀྱི་རྩེ་གཅིག་བཏུད་པ་དག་ཀྱང་བསྒོམ་ པ་བྱས༑ ༑རིགས་པར་ལྡན་པའི་ཆོས་ཀྱི་ཕྱོགས་ཙམ་བརྗོད་པ་ཡང་།འདི་ལས་ཕྱི་རོལ་པ་ཡི་དགེ་སྦྱོང་གཞན་ལ་མེད། །རབ་བཟང། ཆོས་འདུལ་བ་གང་ལ་འཕགས་པའི་ལམ་ཡན་ལག་ བརྒྱད་པ་མེད་པ་དེ་ལ་ནི། དགེ་སྦྱོང་དང་པོའང་མེད་དོ། །དེ་ལ་ནི། དགེ་སྦྱོང་གཉིས་པ་དང། གསུམ་པ་དང། བཞི་པའང་མེད་དོ་།རབ་བཟང། ཆོས་འདུལ་བ་གང་ལ་འཕགས་པའི་ལམ་ ཡན་ལག་བརྒྱད་པ་ཡོད་པ་དེ་ལ་ནི། དགེ་སྦྱོང་དང་པོ་དང། གཉིས་པ་དང། གསུམ་པ་དང། བཞི་པའང་ཡོད་དེ། དེ་བས་ན། འདི་ལས་ཕྱི་རོལ་པའི་དགེ་སྦྱོང་རྣམས་སམ། བྲམ་ཟེ་ རྣམས་ནི། མེད་དེ། ཕ་རོལ་རྒོལ་བའི་དགེ་སྦྱོང་རྣམས་སམ། བྲམ་ཟེ་རྣམས་ཀྱིས་སྟོང་ངོ། །ཞེས་ང་ནི། དེ་སྐད་དུ་འཁོར་འདིར་སེངྒེའི་སྒྲ་ཡང་དག་པར་སྒྲོག་གོ་ཞེས་གསུངས་སོ། ། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ཀུན་ཏུ་རྒྱུ་རབ་བཟང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་སྟེ། ཀུན་ཏུ་རྒྱུ་ཆོས་མཐོང་ལ་ཆོས་རྙེད་པ། ཆོས་ [434B] ཆོས་ཀྱི་གཏིང་སླེབས་པ། སོམ་ཉི་ལས་རྒལ་བ། ཐེ་ཚོམ་ལས་རྒལ་བ། གཞན་གྱི་དྲིང་མི་འཇོག་པ། གཞན་གྱིས་བཀྲིར་མེད་པ། སྟོན་པའི་བསྟན་པའི་ཆོས་རྣམས་ལ་མི་འཇིགས་ པ་ཐོབ་པར་གྱུར་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྨྲས་པ་ བཙུན་པ་ཀུན་དགའ་བོས་ནི། རྙེད་པ་ལེགས་པར་རྙེད་དོ། །བཙུན་པ་ཀུན་དགའ་བོ། སློབ་དཔོན་ཆེན་པོས་སློབ་དཔོན་ཆེན་པོའི་ཉེ་གནས་སུ་དབང་བསྐུར་བ་ལགས་སོ། །བདག་ཀྱང་རྙེད་པ་ ལེགས་པར་རྙེད་པ་ལགས་ཏེ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ་།ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་ འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ཀུན་ཏུ་རྒྱུ་འདི་ནི། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ ཏུ་བྱུང་བ་དང། བརྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོར་འགྱུར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་རབ་ཏུ་འབྱུང་བར་མཛད་པར་གསོལ། དེ་ [435A]༄༅། །ནས་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་རབ་བཟང་ལ་དགེ་སློང་ཚུར་ཤོག་ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་ནས་ཚིག་དེ་ཐོས་མ་ཐག་ཏུ་སྐྲ་དང་ཁ་སྤུ་ནི་ བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། ཆོས་གོས་སྣམ་སྦྱར་ནི་གྱོན། སྤྱོད་ལན་ནི། བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་བ་ལྟ་བུར་འདུག་པར་གྱུར། ལག་ན་ནི། ལྷུང་ བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ། །འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པས། །དེ་ནི་སྐྲ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །སངས་རྒྱས་ཀྱིས་ནི་ དགོངས་པས་གོས་བགོས་ནས། །མོད་ལ་དབང་པོ་རབ་ཏུ་ཞི་བར་གནས་།དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ལུང་ཕོག་སྟེ། དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོང་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་ བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་པར་གྱུར་པ། རིག་པས་སྒོ་ངའི་སྤུབས་བཅོམ་པ། རིག་པ་དང་ མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་ [435B]།དེ་ནས་ཚེ་དང་ལྡན་པ་རབ་བཟང་འདི་སྙམ་དུ་སེམས་ཏེ། བདག་གིས་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་བར་བྱ་ བ་ནི༑ བདག་གི་ཆ་མ་ཡིན་གྱི། མ་ལ་བདག་གིས་བྱིན་གྱིས་བརླབ་རྣམ་པ་ལྔ་བྱིན་གྱིས་བརླབས་ལ། དེ་བས་སྔར་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་ནས་ཚངས་པ་མཚུངས་ པར་སྤྱོད་པ་རྣམས་ཀྱིས་ནི། བདག་དགེ་སློང་གི་ཆ་ལུགས་སུ་མཐོང་བར་གྱུར་ཅིག་མུ་སྟེགས་པ་གཞན་རྣམས་ཀྱིས་ནི། མུ་སྟེགས་པའི་ཆ་ལུགས་སུ་མཐོང་བར་གྱུར་ཅིག་ཚངས་པ་ མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི། བདེ་བླག་ཏུ་བདག་གི་ཐད་དུ་འོང་ནུས་པར་གྱུར་ཅིག་མུ་སྟེགས་པ་གཞན་དག་ཅིག་གིས་ནི། ཆུ་ཆེན་པོས་བསྐོར་བར་མཐོང་བར་གྱུར་ཅིག་ ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི། བདག་གི་རུས་བུ་ཁྱོགས་སུ་ཁྱེར་ནུས་པར་གྱུར་ཅིག་འདི་ལས་ཕྱི་རོལ་པ་རྣམས་ཀྱིས་ནི། བྲྒྱའམ། སྟོང་གིས་ཀྱང་ཁྱེར་མི་ནུས་ པར་གྱུར་ཅིག་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི། བདག་གི་རུས་བུ་སྲེག་པའི་མེ་སྦར་ནུས་པར་གྱུར་ཅིག་འདི་ལས་ཕྱི་རོལ་པ་རྣམས་ཀྱིས་ནི། བྲྒྱའམ། སྟོང་གིས་ཀྱང་ སྤར་མི་ནུས་པར་གྱུར་ཅིག་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི། བདག་གི་རུས་བུ་མཐོང་བར་གྱུར་ལ། མཐོང་ནས་ཀྱང་རུས་བུ་ལ་མཆོད་པ་བྱེད་པར་གྱུར་ཅིག། མུ་སྟེགས་པ་ [436A]༄༅། །གཞན་རྣམས་ཀྱིས་ནི། མཐོང་བར་མ་གྱུར་ཅིག་ཅེས་བྱས་ནས་དེར་ཚེ་དང་ལྡན་པ་རབ་བཟང་གིས་བྱིན་གྱིས་བརླབ་རྣམ་པ་ལྔ་བྱིན་གྱིས་བརླབས་ཏེ་ ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ཀུ་ཤའི་གྲོང་ཁྱེར་དུ་ལྷ་རྣམས་ཀྱིས་རབ་བཟང་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་སྒྲ་བསྒྲགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་མུ་ སྟེགས་པ་གཞན་ཀུན་ཏུ་རྒྱུ་རྣམས་ཀྱིས་རས་ཀྱི་བ་དན་དག་བསྒྲེངས་ཏེ་ལམ་པོ་ཆེ་དང། སྲང་དང། བཞི་མདོ་དང། སུམ་མདོ་རྣམས་སུ་སྒྲ་བསྒྲགས་པ། དགེ་སྦྱོང་གཽ་ཏ་མ་ན་ རེ༑ ཕྱི་རོལ་པའི་དགེ་སྦྱོང་དང། བྲམ་ཟེ་མེད་དེ། ཕ་རོལ་སྨྲ་བ་རྣམས་ནི། དགེ་སྦྱོང་ངམ་བྲམ་ཟེས་སྟོང་ངོ། །ཞེས་དེ་སྐད་དུ་འཁོར་འདིར་ང་ཡང་དག་པའི་སེངྒེའི་སྒྲ་སྒྲོག་གོ་ ཞེས་ཟེར་ལ། ང་ནི། བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་འྡིའང་ཡོངས་སུ་མྱན་ངན་ལས་འདས་སོ། །ཞེས་ཀུ་ཤའི་གྲོང་ཁྱེར་ཐོག་ཐག་ཏུ་བསྒྲགས་ནས་ཤིང་སཱ་ལ་ ཟུང་གི་ཚལ་དུ་དོང་སྟེ་རབ་བཟང་ག་ལ་འདུག་པ་དེར་ཆས་པ་ལས་དེའི་ཐད་དུ་འགྲོ་མ་ནུས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་དག་མཐོང་ནས་ཀྱེ་ཁྱེད་རྣམས་འདིར་ཅི་ལ་འོངས་ དེ་དག་གིས་སྨྲས་པ། བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཡོངས་སུ་མྱ་ངན་ལས་འདས་ཏེ། བདག་ཅག་གིས་དེའི་རུས་བུ་ལ་མཆོད་པར་བྱའོ། །དགེ་སློང་རྣམས་ཀྱིས་ [436B] འདི་ནི། ངེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱི། ཁྱེད་ཀྱི་མ་ཡིན་ནོ། །ཅི་ཁྱེད་ཀྱིས་སྐྲ་བྲེགས་ལ་ཆོས་གོས་རྣམ་སྦྱར་གྱོན་པ་མ་མཐོང་ངམ། དེ་དག་གིས་སྨྲས་པ། བདག་ ཅག་གིས་ནི། དབྱུག་གུ་གསུམ་དང། རིལ་པ་སྤྱི་བླུགས་ཐོགས་པ་དེ་ལྟ་བུར་མཐོང་ངོ། །དགེ་སློང་རྣམས་ཀྱིས་སྨྲས་པ། གལ་ཏེ་འདི་ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཞེ་ན་ འདིའི་ཐད་དུ་ཤོག་ལ་མཆོད་པ་གྱིས་ཤིག་དེ་ནས་དེ་ཐོས་མ་ཐག་ཏུ་མུ་སྟེགས་པ་གཞན་དག་རབ་བཟང་གི་ཐད་དུ་འགྲོ་འདོད་པ་ལས་ཆུ་ཆེན་པོས་བསྐོར་པར་མཐོང་ནས་འགྲོ་མ་ནུས་སོ། ། དེ་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། འདི་ནི། ངེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱི། ཁྱེད་ཀྱི་མ་ཡིན་ནོ། །འདི་ལྟར་ངེད་ནི། འདིའི་ཐད་དུ་བདེ་བླག་ཏུ་འགྲོ་ནུས་པ་ཡིན་ཏེ། ཁྱེད་ཀྱང་ ངེད་ཀྱི་མཐུས་འདིའི་ཐད་དུ་ཤོག་ཅིག་ཅེས་བྱས་ནས་དེ་དག་ཐམས་ཅད་རུས་བུའི་ཐད་དུ་དོང་ངོ། །དེ་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། གལ་ཏེ་ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ ཡིན་ཞེ་ན། འདིའི་ཁྱོགས་ཁྱེར་ཅིག། དེ་ནས་དེ་ཐོས་མ་ཐག་ཏུ་མུ་སྟེགས་པ་གཞན་ཀུན་ཏུ་རྒྱུ་དེ་དག་གིས་ཁྱོགས་བཀུར་ཞེས་བྱས་ནས་གདེག་པར་མ་ནུས་སོ། །དེ་ནས་དགེ་སློང་རྣམས་ ཀྱིས་སྨྲས་པ། འདི་ནི། ངེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཏེ། ངེད་ཀྱིས་འདིའི་ཁྱོགས་ཁྱེར་ཏེ་བཀུར་སྟི་བགྱིའོ། །ལྟོས་ཤིག་ཅེས་བྱས་ནས་དགེ་སློང་རྣམས་ཀྱིས་ཁྱོགས་ཁྱེར་ [437A]༄༅། །ཏེ་གང་དུ་བསྲེག་པའི་གནས་སུ་བཞག་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། གལ་ཏེ་འདི་ཁྱེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཞེ་ན། རུས་བུ་སྲེག་ པའི་མེ་བུས་ཤིག་དེ་ནས་མུ་སྟེགས་པ་གཞན་དག་གིས་རུས་བུ་བསྲེག་པའི་མེ་སྦར་ཞེས་བྱས་ན། སྤར་མ་ནུས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། འདི་ནི། ངེད་ཀྱི་ཚངས་པ་ མཚུངས་པར་སྤྱོད་པ་ཡིན་ཏེ། འདིའི་རུས་བུ་སྲེག་པའི་མེ་བདག་ཅག་གིས་སྦར་རོ། །ཞེས་བྱས་ནས་དགེ་སློང་རྣམས་ཀྱིས་དེའི་རུས་བུ་སྲེག་པའི་མེ་སྦར་རོ། །རུས་བུ་སྲེག་པའི་མེ་ སྦར་ནས་ཡང་སྨྲས་པ། གལ་ཏེ་འདི་ཁྱོད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཞེ་ན། ཁྱོད་ཀྱིས་འདིའི་རུས་བུ་སྲེག་པའི་མེ་འོ་མས་སོད་ཅིག་ཅེས་བྱས་ནས་མུ་སྟེགས་པ་གཞན་ དག་གིས་དེའི་རུས་བུ་བསྲེགས་པའི་མེ་གསད་ཅེས་བྱས་ན། གསོད་མ་ནུས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། འདི་ནི། ངེད་ཀྱི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཏེ་ ངེད་ཀྱིས་འདིའི་རུས་བུ་བསྲེགས་པའི་མེ་གསད་དོ། །ཞེས་བྱས་ནས་དགེ་སློང་རྣམས་ཀྱིས་དེའི་རུས་བུ་བསྲེགས་པའི་མེ་བསད་དོ། །མེ་བསད་ནས་ཡང་སྨྲས་པ། གལ་ཏེ་འདི་ ཁྱེད་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཞེ་ན། འདིའི་རུས་བུ་འདི་རྣམས་ལོངས་ལ་མཆོད་པ་གྱིས་ཤིག། དེ་ནས་མུ་སྟེགས་པ་གཞན་ཀུན་ཏུ་རྒྱུ་རྣམས་ཀྱིས་རུས་བུ་བླང་ [437B] །དེ་ནས་དགེ་སློང་རྣམས་ཀྱིས་རུས་བུ་དེ་དག་བླངས་ཏེ་རུས་བུ་མཆོད་རྟེན་གྱི་ནང་དུ་བཞག་ནས་བདུག་པ་དང། བྱེ་མ་དང། མེ་ཏོག་རྣམས་ཀྱིས་བཀུར་ སྟི་བྱས་ཏེ་དོང་ངོ།། །།བམ་པོ་ཉི་ཤུ་ལྔ་པ། དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། ཚེ་དང་ལྡན་པ་རབ་བཟང་འདི་ཀུན་ གྱི་འོག་ཏུ་རབ་ཏུ་བྱུང་ལ་ཐོག་མ་ཁོ་ནར་ཡོངས་སུ་མྱ་ངན་ལས་འདས་ཏེ། དེའི་འོག་ཏུ་གདོད་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ལ་གཟིགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ་།གསོལ་པ། བཙུན་པ། འདིས་སྨོན་ལམ་གང་དུ་བཏབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཀྲི་ཀྲི་ཞེས་བྱ་བ་རྒྱལ་པོ་བྱེད་དེ། དེའི་ཚེ་ རྒྱལ་པོ་ཀྲི་ཀྲིའི་མདུན་ན་འདོན་གྱི་བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་བཟང་པ། གསེར་གྱི་མདོག་ཅན། མགོ་བོ་གདུགས་ལྟར་འདུག་པ། ལག་པ་རིང་བ་ དཔྲལ་བའི་དབྱེས་ཆེ་བ། སྣ་མཐོ་བ། སྣ་ལེགས་པ། སྨིན་མ་སྟུག་པ། ལུས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་ [438A]༄༅། །མཛེས་པར་བྱས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདིའི་ རུས་འོད་སྲུང་ཡིན་པས་ན། ཁྱེའུ་འདིའི་མིང་འོད་སྲུང་ཉིད་དུ་གདགས་སོ། །ཞེས་ཟེར་རོ། །དེ་ནས་ཁྱེའུ་འོད་སྲུང་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་སྙིང་ཁུས་ བསྐྱེད་བསྲིངས་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་མཚན་མཁན་བྱེ་བྲག་ཕྱེད་པ་དག་གིས་ལུང་བསྟན་པ། ཁྱེའུ་འོད་སྲུང་འདི་གལ་ཏེ་རབ་ཏུ་མ་བྱུང་ན་ནི། འཁོར་ལོས་ བསྒྱུར་བའི་རྒྱལ་པོར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ནས་ཆོས་གོས་ཚོན་ཅན་གྱོན་ཏེ་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། འཇིག་རྟེན་དུ་གྲགས་པ་ཆེན་པོ་དང་ལྡན་པར་འགྱུར་རོ་།ཞེས་ཟེར་རོ། །དེ་ནས་བྱུང་ཆུབ་ སེམས་དཔའ་འོད་སྲུང་གི་མཛའ་བོ་བཤེས་པ་བྲམ་ཟེའི་ཁྱེའུ་མྱ་ངན་མེད་ཅེས་བྱ་བ་ཞིག་ཡོད་པ་དེས་དེའི་ལུང་བསྟན་པ་དེ་ཐོས་ནས་དེ་ཐོས་མ་ཐག་ཏུ་སྨྲས་པ། གྲོགས་པོ་ ཤེས་པར་གྱིས་ལ་ང་དང་མ་འགྲོགས་པར་ཁྱེད་དཀའ་ཐུབ་ཀྱི་ཚལ་དུ་མ་འགྲོ་ཞིག་ཅེས་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདའ་བ་ལ་དགོངས་ནས་ང་ [438B] །ཞེས་བྱས་སོ་།དེ་ནས་དེར་གང་གི་ཚེ་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་རྒན་པོ་དང། ནད་པ་དང། ཤི་བ་གཟིགས་ནས་ནགས་ཚལ་ གྱི་ནང་དུ་གཤེགས་པ་དེའི་ཚེ་མྱ་ངན་མེད་མི་དགའ་བར་གྱུར་ཏེ་དེས་ཇི་ལྟར་དམ་བཅས་པ་བཞིན་དུ་མ་བྱས་སོ་སྙམ་མོ། །དེ་ནས་གང་གི་ཚེ་བྱང་ཆུབ་སེམས་དཔའ་འོད་སྲུང་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཝཱ་ར་ཎཱ་སིར་གཤེགས་པ་དེའི་ཚེ་དེས་དེར་ལན་གསུམ་དུ་བཟླས་ཏེ་ཆོས་ཀྱི་འཁོར་ལོ་རྣམ་ པ་བཅུ་གཉིས་ཆོས་བཞིན་དུ་བསྐོར་ནས་དེ་རྒྱལ་པོ་ཀྲི་ཀྲིས་བཤོས་ལ་སྤྱན་དྲངས་ཏེ། རྒྱལ་པོས་དེ་ཁོ་ནའི་མཚན་མོ་ལམ་ཡང་མཛེས་པར་བྱེད་དུ་བཅུག་དེ་ཁོ་ནའི་མཚན་མོ་ བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་རྣམས་ཀྱང་སྦྱར་ཏེ་གདན་བཤམས་ནས་ཆུ་ར་བཀང་སྟེ་བཅོམ་ལྡན་འདས་ལ་འཕྲིན་གྱིས་གདུགས་ཚོད་བསྐུལ་ནས་རྒྱལ་པོ་དེ་ཉིད་ཀྱིས་ བདུག་པ་དང། ཕྱེ་མ་དང། སྤོས་དང། མེ་ཏོག་དང། གདུགས་དང་རྒྱལ་མཚན་དང། བ་དན་རྣམས་ཁྱེར་ཏེ་སིལ་སྙན་གྱི་སྒྲ་ཆེན་པོ་སྒྲོག་ཅིང་དྲང་སྲོང་སྨྲ་བ་ནས་ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་བསུ་ནས་འབྱོར་པ་ཆེན་པོས་ཝཱ་ར་ཎཱ་སིར་སྤྱན་དྲངས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་མྱ་ངན་མེད་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་འོད་སྲུང་བླ་ན་མེད་པ་ཡང་དག་པར་རྫོགས་ [439A]༄༅། །པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཝཱ་ར་ཎཱ་སིར་གཤེགས་ཏེ། དེ་རྒྱལ་པོ་ཀྲི་ཀྲིས་བཤོས་ལ་སྤྱན་དྲངས་ནས་རྒྱལ་པོ་དེས་དེ་ཁོ་ནའི་ མཚན་མོ་ལམ་ཡང་མཛེས་པར་བྱེད་དུ་བཅུག་དེ་ཁོ་ནའི་མཚན་མོ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་རྣམས་ཀྱང་སྦྱར་ཏེ་གདན་བཤམས་ནས་ཆུར་བཀང་སྟེ་བཅོམ་ ལྡན་འདས་ལ་འཕྲིན་གྱིས་གདུགས་ཚོད་བསྐུལ་ནས་རྒྱལ་པོ་དེ་ཉིད་ཀྱིས་བདུག་པ་དང། ཕྱེ་མ་དང། སྤོས་དང། མེ་ཏོག་དང། གདུགས་དང། རྒྱལ་མཚན་དང། བ་དན་རྣམས་ ཁྱེར་ཏེ་སིལ་སྙན་གྱི་སྒྲ་ཆེན་པོ་སྒྲོག་ཅིང་དྲང་སྲོང་སྨྲ་བ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་བསུ་ནས་འབྱོར་བ་ཆེན་པོས་ཝཱ་ར་ཎཱ་སིར་སྤྱན་དྲངས་སོ། །ཞེས་ཐོས་སོ། ། ཐོས་ནས་ཀྱང་སྔོན་གྱི་མི་དགའ་བར་གྱུར་པས་ཐག་མི་རིང་བ་ཞིག་ཏུ་འདུག་སྟེ་ལྟ་བར་བྱེད་ལ་དྲུང་དུ་བལྟར་མི་འདོད་དོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དགོངས་ ནས་ཕྱག་གླང་པོ་ཆེའི་སྣ་ལྟ་བུ་བརྐྱངས་ཏེ་ཕྱག་གིས་བཟུང་ནས་དྲངས་ཏེ་བཀའ་སྩལ་པ། མྱ་ངན་མེད། ཁྱོད་ཅིའི་ཕྱིར་ང་དང་ཕྲད་དུ་འོང་བར་མི་འདོད། དེས་གསོལ་བ། སྔོན་ བདག་ལ་དམ་བཞེས་པ་ནི། ང་གང་དུ་འགྲོ་བ་དེར་ཁྱོད་ཁྲིད་དེ་འགྲོའོ། །ཞེས་ཁྱོད་ཀྱིས་དམ་བཅས་པ་ལས་གཅིག་བུ་དཀའ་ཐུབ་ཀྱི་ནགས་ཚལ་དུ་བཞུད་དེ། སྔོན་བདག་མི་ [439B] །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བཀའ་སྩལ་པ། ངས་ནི། མྱ་ངན་ལས་འདའ་བ་ལས་བསམ་སྟེ་སྨྲས་ པ་ཡིན་ན། ཡོང་ཡང་ཁྱོད་དེར་ཕྱིན་དུ་ཟིན་ན་ཅི་ལ་ཕན་ཏེ། ད་ནི། དམ་བཅས་པ་དེའི་དུས་ལ་བབ་བོ། །མྱ་ངན་མེད་ཀྱིས་གསོལ་པ་བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་ འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་སྟེ། དེས་ ལུང་དེ་མནོས་པའི་འོག་ཏུ་ལེ་ལོ་བྱེད་ཅིང་འདུག་པ་ལས། དེར་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དགོན་པའི་བསྔགས་པ་བསྟན་པ་དེའི་ཚེ་དེ་ཡིད་ལ་བྱ་བ་ མནོས་ནས་དགོན་པའི་གནས་ཤིག་ཏུ་སོང་སྟེ་འདུག་པ་ལས། གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་སངས་རྒྱས་ཀྱིས་འཕྲིན་ལས་ཐམས་ཅད་མཛད་ནས་ གཟིམས་[?]མ་ལ་གྱི་ཐ་མར་ཞུགས་པ་དེའི་ཚེ་ལྷ་རྣམས་ཀྱིས་ཀུན་ཏུ་སྒྲ་བསྒྲགས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དོ་ནུབ་ནམ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ [440A]༄༅། །ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་བསྒྲགས་སོ། །དེ་ནས་དགེ་སློང་མྱ་ངན་མེད་ཀྱིས་ལྷ་ནམ་མཁའ་ལ་འགྲོ་བ་ དེ་དག་གི་སྒྲ་ཐོས་སོ། །ཐོས་ནས་ཀྱང་དེ་སྡུག་བསྔལ་ཆེན་པོ་སྐྱེས་ཏེ། བཅོམ་ལྡན་འདས་ནི། མྱ་ངན་ལས་འདའ་བར་འགྱུར་ལ། བདག་གིས་ནི། ཁྱད་པར་ཅི་ཡང་མ་ཐོབ་བོ་སྙམ་ ནས་དེ་གཞི་དེ་ལས་ཤིན་ཏུ་མྱ་ངན་བྱེད་ཅིང་སྡུག་བསྔལ་ལ་སྨྲེ་སྔགས་འདོན་པར་བྱེད་དོ། །དེ་ནས་དེ་ལ་དགའ་བའི་ལྷས་དེ་མཐོང་ནས་སྨྲས་པ། མྱ་ངན་མེད། ཅིའི་ཕྱིར་ཁྱོད་ ཤིན་ཏུ་མྱ་ངན་བྱེད་ཅིང་སྡུག་བསྔལ་ལ་སྨྲེ་སྔགས་འདོན་པར་བྱེད། གལ་ཏེ་ཁྱོད་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་མཐོང་ནས་དེ་ལ་བྱ་བ་ཅི་ཞིག་ཡོད། མྱ་ངན་ མེད་ཀྱིས་སྨྲས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་བྱའོ། །དེ་ནས་དེ་ཐོས་མ་ཐག་ཏུ་ལྷ་དེས་ཁྱེར་ཏེ་ཡང་དག་ པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་སྤྱན་སྔར་བབ་པར་བཞག་ནས་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཞབས་ལ་མགོ་བོས་ ཕྱག་བཙལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་དེ་དང་མཐུན་པའི་ཆོས་བསྟན་ཏེ་དེས་ན་མྱ་ངན་མེད་ཀྱིས་སྟན་དེ་ལ་ [440B]པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་མྱ་ངན་མེད་ཀྱིས་དགྲ་བཅོམ་པ་ཉིད་ཐོབ་ནས་འདི་སྙམ་དུ་མ་ལ་བདག་གིས་སྟོན་ པ་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་བར་བྱ་བ་ནི། བདག་གི་ཆ་མ་ཡིན་གྱི། བདག་སྔར་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་མོ། །དེ་ནས་མྱ་ངན་མེད་ཡོངས་སུ་མྱ་ངན་ལས་ འདས་ནས་དེའི་འོག་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ལྷ་དེས་བསམ་པ་འདིས་ཁྱད་པར་འདི་ལྟ་བུ་ཐོབ་པ་ཅིའང་རུང་ བ་དེ་དག་ཐམས་ཅད་ནི། བདག་གི་མཐུ་ཡིན་ནོ་སྙམ་ནས་ཀྱེ་མ་དགེ་བའི་རྩ་བ་འདིས་ན། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་ གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་བདག་དེ་ བས་སྔར་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ལ། དེའི་འོག་ཏུ་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དགེ་སློང་དག་ཇི་སྙམ་དུ་སེམས་ དེའི་ཚེ་ལྟར་གྱུར་པ་གང་ཡིན་པ་དེ་ནི། རབ་བཟང་འདི་ཁོ་ན་ཡིན་ཏེ། དེས་དེར་སྨོན་ལམ་བཏང་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་ [441A]༄༅། །བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་ པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ལ། བདག་སྔར་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་འོག་ཏུ་སྟོན་པ་ ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་བྱས་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་ པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་ མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །བདག་སྔར་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་འོག་ཏུ་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་ བར་གྱུར་ཅིག་ཅེས་དེས་དེར་སྨོན་ལམ་དེ་ལྟར་བཏབ་པ་དེས་ནི། འདི་ལྔར་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་འོག་ཏུ་ང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དགེ་ སློང་དག་གཞན་ཡང་འདས་པའི་དུས་ན་ནགས་ཁྲོད་ཅིག་ན་དྲང་སྲོང་ལྔ་བརྒྱ་ཙམ་གནས་སོ། །ནགས་ཁྲོད་དེ་ན་ལྷ་ཞིག་ཀྱང་གནས་ཏེ། དེ་དྲང་སྲོང་དེ་དག་ལ་ཤིན་ཏུ་དགའ་བར་ [441B] ༑དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེར་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ གིས་འདུ་བ་ཆེན་པོ་བསྟན་པ་དེའི་ཚེ་ལྷ་དེའང་འདུ་བ་ཆེན་པོ་དེར་འདུས་ཏེ། དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ལས་ཆོས་ཐོས་ནས་ནགས་ཁྲོད་དུ་ སོང་སྟེ༑ དེས་དྲང་སྲོང་དེ་དག་གི་མདུན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་བསྔགས་པ་བརྗོད་དོ། །དེ་ནས་དེ་ཐོས་མ་ཐག་ཏུ་དྲང་སྲོང་དེ་དག་ཡང་དག་པར་ རྫོགས་པའི་སངས་རྒྱས་འཁོར་བ་འཇིག་མཐོང་འདོད་ཆེ་བའི་སེམས་སྐྱེས་ནས་དེ་དག་གིས་ལྷ་དེ་ཉིད་ཀྱི་མདུན་དུ་བདར་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ ག་ལ་བ་དེར་དོང་སྟེ། དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་ཐག་རིང་པོ་ཞིག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་ བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ་མེ་ལྕེ་མར་གྱིས་བཏབ་པ་ལྟ་བུ། མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ [442A]༄༅། །ཀྱིས་སྤྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་།མཐོང་ནས་ཀྱང་མཆོག་ཏུ་ དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི། ལོ་བཅུ་གཉིས་ཀྱི་བར་ དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལའང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་དགའ་བ་སྐྱེས་ནས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ འཁོར་བ་འཇིག་ག་ལ་བ་དེར་དོང་སྟེ་ལྷགས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་ འདུག་གོ་དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས་དེ་རྣམས་ཀྱི་བསམ་པ་དང། བག་ལ་ཉལ་དང། ཁམས་དང་ཤེས་པ་དང། རང་བཞིན་ཐུགས་ སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་དྲང་སྲོང་ལྔ་བརྒྱ་པོ་དེ་དག་གིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་བདེན་པ་རྟོགས་མ་ཐག་ཏུ་ཕྱིར་མི་འོང་བའི་འབྲས་བུ་ མངོན་སུམ་དུ་བྱས་སོ། །དེ་དག་གིས་བདེན་པ་མཐོང་ནས་གསོལ་བ་བཙུན་པ། བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་ [442B] བདག་ཅག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་ རྒྱས་འཁོར་བ་འཇིག་གིས་དྲང་སྲོང་ལྔ་བརྒྱ་པོ་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་དག་ལ་ལུང་ཡང་ཕོག་སྟེ། དེ་ དག་གིས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ་དེ་དག་དགྲ་བཅོམ་པ་ཁམས་གསུམ་པའི་ འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ་ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ་ རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་ དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་སངས་ རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་བཞེད་དེ་གཟིམས་མལ་གྱི་ཐ་ [443A]༄༅། །མར་བཞུགས་པ་དེའི་ཚེ་དགེ་སློང་ལྔ་བརྒྱ་པོ་དེ་དག་གིས་བསམ་པ། བདག་ཅག་གི་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བ་ནི། བདག་ཅག་གི་ཆེ་ མ་ཡིན་གྱི། མ་ལ་བདག་ཅག་སྔར་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་སྔར་ཡོངས་སུ་མྱ་ངན་ལས་འདས་ཏེ། དེའི་འོག་ཏུ་ཡང་དག་ པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ལྷ་དེས་སྨོན་ལམ་བཏབ་པ། འདི་རྣམས་ཀྱི་ཡོན་ཏན་གྱི་ཚོགས་འདི་ལྟ་བུ་ཐོབ་ པ་ཅིའང་རུང་བ་དེ་དག་ཐམས་ཅད་ནི། བདག་གི་མཐུ་ཡིན་གྱི། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་གིས་ཀྱང་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་ བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ལ། བདག་ཀྱང་སྟོན་པ་དེ་ གཟིམས་མལ་གྱི་ཐ་མར་བཞུགས་པའི་སྔ་རོལ་ཏུ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ལྷར་གྱུར་པ་གང་ ཡིན་པ་དེ་ནི། རབ་བཟང་འདི་ཁོ་ན་ཡིན་ཏེ། དེས་དེར་སྨོན་ལམ་བཏབ་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་དང་ཤིན་ [443B] ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་བསྟན་ པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་ང་གཟིམས་མལ་གྱི་ཐ་མར་ཞུགས་པ་ན་འདི་སྔར་ཡོངས་སུ་མྱ་ངན་ལས་འདས་ཏེ་ དེའི་འོག་ཏུ་ཡོངས་སུ་མྱ་ངན་ལས་འདའོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་འཆི་ཁའི་ན་ཚ་ཉམས་སུ་མྱོང་ བ་ན་ཚེ་དང་ལྡན་པ་རབ་བཟང་གི་སྐྱབས་མཛད་དེ་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པ་ལ་གནས་པར་མཛད་པ་ལ་གཟིགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དེ་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་འཆི་ཁའི་ན་ཚ་ཉམས་སུ་མྱོང་བ་ན་འདི་འཇིགས་པ་ཡོད་པའི་ས་ཕྱོགས་ནས་ཕྱུང་སྟེ་འཇིགས་པ་མེད་པའི་ གནས་སུ་ཇི་ལྟར་བཞག་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། རྒྱལ་པོ་ཚངས་པས་ བྱིན་གྱི་རྟ་ཅང་ཤེས་མཆོག་ཏུ་བཟང་པོ་ཞིག་ཡོད་དེ། དེའི་མཐུས་ན་རྒྱལ་པོ་ཚངས་པས་བྱིན་གྱིས་ཉི་འོག་གི་རྒྱལ་པོ་ཐམས་ཅད་ལ་དབྱ་ཕབ་བོ། །དེ་ནས་ཕྱི་ཞིག་ན་རྟ་ཅང་ཤེས་དེ་ཤི་ [444A]༄༅། །ནས་དེའི་གཏམ་ཀུན་ཏུ་གྲགས་པར་གྱུར་ཏེ། རྒྱལ་པོ་ཚངས་པས་བྱིན་གྱིས་རྟ་ཅང་ཤེས་དེ་ཤིའོ། །ཞེས་འཛེར་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཉི་འོག་གི་ རྒྱལ་པོ་ཐམས་ཅད་ཀྱིས་བསམ་པ། དེས་བདག་ཅག་ལ་དཔྱ་ཕབ་པ་ཅིའང་རུང་བ་དེ་དག་ཐམས་ཅད་ནི། རྟ་ཅང་ཤེས་དེའི་དྲིན་ཁོ་ནར་ཟད་དེ། དེ་ནི། ད་ཤི་ཟིན་པས་ད་ནི། གལ་ ཏེ་བདག་ཅག་གིས་དེ་ཕྱི་རོལ་ཏུ་བྱུང་བ་མཐོང་བ་ན་ནི། བདག་ཅག་གིས་དེ་དེར་ཅི་དགའ་མགུར་བྱར་ཡོད་དོ་སྙམ་ནས་དེ་དག་དེ་ལ་གླགས་ལྟ་ཞིང་འཁོད་དོ། །རྒྱལ་པོ་ཚངས་པས་ བྱིན་གྱིས་ཀྱང་ཇི་ལྟར་ཉི་འོག་གི་རྒྱལ་པོ་དེ་དག་གླགས་ལྟ་ཞིང་འཁོད་པའི་གཏམ་ཐོས་ནས་ཐོས་མ་ཐག་ཏུ་དེ་དག་གིས་འཇིགས་ནས་གྲོང་ཁྱེར་གྱི་ནང་ནས་ཕྱི་རོལ་ཏུ་འབྱུང་བའི་ ཐུགས་མི་ཐུབ་བོ། །དེ་ནས་ཕྱི་ཞིག་ན་བྱང་ཕྱོགས་ནས་ཚོང་བ་དག་གིས་ཟོང་དུ་རྟ་དེད་དེ་ཝཱ་ར་ཎཱ་སིར་ལྷགས་སོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བྱང་ཕྱོགས་ནས་ཚོང་པ་དག་ གིས་ཟོང་དུ་རྟ་དེད་དེ་འོངས་སོ། །ཞེས་ཐོས་ནས་ཐོས་མ་ཐག་ཏུ་རྒྱལ་པོ་དེས་རྟ་བརྟག་པ་ལ་མཁས་པའི་མི་དག་བཏང་སྟེ། ཁྱེད་དེངས་ལ་ཟོང་དུ་རྟ་དེད་དེ་འོངས་པ་ཐམས་ཅད་ཉོས་ ཤིག་ལྷག་པར་ཡང་དེ་དག་གི་ནང་ན་རྟ་ཅང་ཤེས་འགའ་ཡོད་ཀྱང་སྲིད་དེ། ལྟོས་ཤིག་ཅེས་བསྒོའོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱི་ཞབས་འབྲིང་བ་རྣམས་ཀྱིས་ལྷ། བཀའ་ [444B] །ཞེས་གསོལ་ནས་རྟ་དེ་དག་ཐམས་ཅད་ཉོས་ཏེ་དེ་དག་གིས་བལྟས་ན། དེའི་ནང་ན་རྟའི་མཆོག་གང་ཡིན་པ་དེ་རྟ་ཅང་ཤེས་ཡིན་པར་གྱུར་ནས་དེ་དག་གིས་ རྒྱལ་པོ་དེ་ལ་གསོལ་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་ཤིན་ཏུ་མགུ་བར་གྱུར་ནས་དེ་རྟའི་ཚོང་པ་དེ་དག་ལ་གསེར་དང་དངུལ་མང་པོ་བྱིན་ནོ། །དེ་ནས་ཕྱི་ཞིག་ན་རྟ་ཅང་ཤེས་དེ་ལ་ཞོན་ ནས་སྐྱེད་མོས་ཚལ་གྱི་སར་བྱུང་བ་དང། ཉི་འོག་གི་རྒྱལ་པོ་རྣམས་ཀྱིས་རྒྱལ་པོ་ཚངས་པས་བྱིན་སྐྱེད་མོས་ཚལ་དུ་བྱུང་ངོ་།ཞེས་ཐོས་སོ། །ཐོས་ནས་ཀྱང་དཔུང་གི་ཚོགས་ཡན་ལག་ བཞི་གོ་བསྐོན་ནས་ཝཱ་ར་ཎཱ་སིར་ལྷགས་ཏེ་སྐྱེད་མོས་ཚལ་བསྐོར་ཏེ་འཁོད་དོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་ཅི་བྱ་གཏོལ་མེད་པར་གྱུར་ཏེ་དགར་འགྲོ་བར་བྱ་སྙམ་ནས་དེས་ཐམས་ཅད་ བོར་ཏེ་རྟ་ཅང་ཤེས་ལ་ཞོན་ནས་སྐྱེད་མོས་ཚལ་གྱིས་ནས་ཕྱིར་འབྱུང་ངོ་སྙམ་པ་ལས་བལྟས་ནས་སྐྱེད་མོས་ཚལ་ཐམས་ཅད་ཕ་རོལ་གྱི་དམག་ཚོགས་ཀྱིས་འཁོར་ཅིང་འདུག་གོ་རྟ་ ཅང་ཤེས་ཀྱིས་ནི། ཆོས་ཉིད་ཀྱིས་རྒྱལ་པོའི་སྲོག་འཛིན་པར་འགྱུར་རོ། །སྐྱེད་མོས་ཚལ་དེའང་གྲོང་ཁྱེར་གྱི་འོབས་ཀྱིས་ཆོད་དེ་གྲོང་ཁྱེར་གྱི་འོབས་དེའང་ཟབ་ལ་མེ་ཏོག་པདྨས་གང་ བར་འདུག་གོ་དེ་ནས་རྟ་ཅང་ཤེས་ཀྱིས་བསམ་པ། བདག་གིས་གུད་དུ་ནི། འབྲོས་མི་ནུས་སོ་སྙམ་ནས་དེས་པདྨའི་འདབ་མ་དེ་དག་ལ་གོམ་པ་བོར་ཏེ་གྲོང་ཁྱེར་ལོགས་སུ་ཆས་ཏེ་ [445A]༄༅། །སོང་ངོ། །དེ་ནས་ཉི་འོག་གི་རྒྱལ་པོ་རྣམས་ཀྱིས་མཐོང་ནས་མངའ་སྟེའུ་ཁ་ཉ་རྔས་རྟ་ཅང་ཤེས་དེའི་ལྟོ་དྲལ་ཏོ། །དེ་ནས་རྒྱལ་པོ་ངེས་ཀྱང་དེ་མཐོང་ནས་འཇིགས་ ཤིང་སྐྲག་སྟེ། རྟ་འདི་ཆུ་འདིའི་ནང་དུ་ཤི་ནས་བདག་འདི་ཁོ་ནར་བར་མ་དོར་མ་རུང་བར་མི་འགྱུར་གྲང་སྙམ་མོ། །དེ་ནས་རྟ་ཅང་ཤེས་ཀྱིས་རྒྱལ་པོ་འཇིགས་སྐྲག་པར་ཤེས་ནས་ རྒྱལ་པོའི་ཡིད་གསོ་བའི་ཕྱིར་ཚིགས་སུ་བཅད་དེ་སྨྲས་པ། འདི་ལྟར་གཡུལ་དུ་བདག་གི་ལུས། །མདས་བསྣུན་པ་ནི་གཟིགས་མོད་ཀྱི། །ཐར་བར་བགྱིས་ནས་གདོད་འགུམ་གྱི། ། རྒྱལ་པོ་ཁྱོད་ནི་མ་བསྙེངས་ཤིག་ཅེས་སྨྲས་ནས་རྟ་ཅང་ཤེས་དེས་རྒྱལ་པོའི་གྲོང་ཁྱེར་གྱི་ནང་དུ་བསྐྱལ་ཏེ་འཇིགས་པ་མེད་པའི་གནས་སུ་བཞག་ནས་ཤིའོ། །དགེ་སློང་དག་ཇི་ སྙམ་དུ་སེམས། དེའི་ཚེ་རྟ་ཅང་ཤེས་སུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དེ་ནི། ང་ཉིད་ཡིན་ནོ། །དེའི་ཚེ་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི། རབ་བཟང་འདི་ཁོ་ ན་ཡིན་ཏེ། དེའི་ཚེའང་ང་འཆི་ཁའི་ན་ཚས་ཐེབས་པ་ན་འདི་འཇིགས་པའི་གནས་དང་ལྡན་པ་ལས་བསྒྲལ་ཏེ་འཇིགས་པ་མེད་པའི་གནས་སུ་བཞག་གོ་ད་ལྟར་འཆི་ཁའི་ན་ཚས་ ཐེབས་པ་ན་འདི་འཇིགས་པ་དང་ལྡན་པའི་འཁོར་བ་ལས་བསྒྲལ་ཏེ་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ངན་ལས་འདས་པའི་ས་ལ་བཞག་གོ་གཞན་ཡང་ང་ [445B]ལྡན་པ་ལས་བསྒྲལ་ནས་འཇིགས་པ་མེད་པའི་གནས་སུ་བཞག་སྟེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་ གྲོང་ཁྱེར་ཀན་ནྱ་སུ་བ་ཙ་ཞེས་བྱ་བ་ན་རྒྱལ་པོ་རྣ་བ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། རྒྱལ་པོ་དེའང་རི་དྭགས་བཤོར་བ་ལ་ཤིན་ཏུ་སྲེད་ནས་དེ་ཕྱི་ཞིག་ན་དཔུང་གི་ཚོགས་ཡན་ལག་བཞི་ གོ་བསྐོན་ནས་རི་དྭགས་བཤོར་དུ་སོང་བ་ལས། ཆུ་ཀླུང་ཞིག་གི་འགྲམ་ན་རི་དྭགས་ལྔ་བརྒྱ་ཁྱུ་གཅིག་ཏུ་འཁོད་པ་རྒྱལ་པོ་ངེས་དཔུང་གི་ཚོགས་ཡན་ལག་བཞིས་བསྐོར་དུ་བཅུག་ ནས་ཀྱང་ཅི་ནས་རི་དྭགས་གཅིག་ཀྱང་མི་འཆོར་བ་དེ་ལྟ་བུ་བྱས་སོ། །དེ་ནས་རི་དྭགས་ཀྱི་ཁྱུ་མཆོག་གིས་བསམ་པ། བདག་ནི། རི་དྭགས་ཀྱི་ཁྱུ་འདིའི་གཙོ་བོ་ཡིན་པས་ན། བདག་ གིས་འདི་རྣམས་ཀྱི་གྲུབ་པ་དང། བདེ་བ་བསམ་དགོས་སོ་སྙམ་ནས་ཁོ་ར་ཁོར་ཡུག་ཏུ་བལྟས་ཏེ་རི་དྭགས་རྣམས་ཕྱོགས་གང་ལོགས་སུ་ཕྱུང་ན་ཐར་བར་འགྱུར་ཞིག་གུ་ སྙམ་པ་ལས། དེས་བལྟས་ན་ཆུ་ཀླུང་དྲག་པོ་དེའི་འགྲམ་མ་གཏོགས་པར་དཔུང་གི་ཚོགས་ཡན་ལག་བཞིས་མཚམས་མེད་པས་བསྐོར་ཏེ་ཆུ་ཀླུང་གི་འགྲམ་དེ་ན་ནི། སུའང་མི་ འདུག་པར་མཐོང་ངོ། །དེ་ནས་བྱང་ཆུབ་སེམས་དཔའ་དེས་བསམ་པ། རི་དྭགས་འདི་རྣམས་ཀྱིས་ནི། ཆུ་ཀླུང་འདི་འབོག་པའམ། མཆོང་བའམ་འབྲོས་པའང་མི་ནུས་ཀྱི། དེ་ [446A]༄༅། །ལྟ་མ་ཡིན་པ་རང་ཉིད་ཆུ་ཀླུང་འདིའི་དབུས་སུ་རྐང་ལག་བཙུགས་ཏེ་འདུག་པར་བྱའོ་སྙམ་ནས་རི་དྭགས་དེ་རྣམས་ལ་ཁྱེད་ཀྱིས་མཆོངས་ལ་ངའི་རྒྱབ་ཏུ་ རྐང་ལག་གིས་བརྟེན་ཏེ་ཕ་རོལ་གྱི་འགྲམ་དུ་དེངས་ཤིག་ཅེས་བྱས་ནས་བྱང་ཆུབ་སེམས་དཔའ་དེས་ཆུ་ཀླུང་གི་དབུས་སུ་རྐང་ལག་བཙུགས་ཏེ་འདུག་གོ་བྱང་ཆུབ་སེམས་ དཔའ་རྣམས་ནི། སྟོབས་ཀྱི་ཤུགས་དང་ལྡན་པ་ཡིན་པས་ན། དེ་ཆུ་ཀླུང་དེས་བསྐྱོད་པར་མི་ནུས་པར་འདུག་ནས་དེ་དེ་ན་འདུག་པའི་རྒྱབ་ཏུ་རི་དྭགས་རྣམས་ཀྱིས་མཆོང་ཞིང་ རྐང་ལག་བཙུགས་ཏེ་ཕ་རོལ་གྱི་འགྲམ་དུ་དོང་ངོ། །དེ་དག་དོང་བའི་རྨིག་པས་བྱང་ཆུབ་སེམས་དཔའ་དེའི་རྒྱབ་ཆོད་པར་གྱུར་ཏོ་།དེ་ནས་རི་དྭགས་ཐ་མར་ལུས་པ་དེ་ མཐོང་ནས་དེ་དོགས་པ་སྐྱེས་ཏེ་བདག་ནི། བསྒྲལ་མི་ནུས་གོར་མ་ཆག་སྙམ་མོ། །དེ་ནས་བྱང་ཆུབ་སེམས་དཔས་དེ་དོགས་པ་སྐྱེས་པར་མཐོང་ནས་ཡིད་གསོས་ཏེ། གྲོགས་པོ་ མ་འཇིགས་ཤིག་ཁྱོད་འཆི་བར་དོགས་པ་མེད་དོ། །ཞེས་བྱས་ནས་བྱང་ཆུབ་སེམས་དཔའ་དེས་རི་དྭགས་དེ་བསྒྲལ་ཏེ་ཕ་རོལ་ཏུ་སོན་ནས་བྱང་ཆུབ་སེམས་དཔའ་དེ་དུས་ལས་ འདས་སོ། །དགེ་སློང་དག་དེ་ཇི་སྙམ་དུ་སེམས། དེའི་ཚེ་རི་དྭགས་ཀྱི་ཁྱུ་མཆོག་ཏུ་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ནོ། །རི་ [446B] གྲོང་ཁྱེར་ཀུ་ཤི་ན་གནས་པའི་གྱད་ལྔ་བརྒྱ་པོ་འདི་དག་ཁོ་ན་ཡིན་ནོ། །དེའི་ཚེ་རི་དྭགས་ཐ་མར་ལུས་པ་གང་ཡིན་པ་དེ་ནི། རབ་བཟང་ འདི་ཁོ་ན་ཡིན་ཏེ། དེའི་ཚེའང་ང་འཆི་ཁའི་ན་ཚ་དང་ལྡན་པར་གྱུར་པ་ན་འདི་འཇིགས་པ་དང་ལྡན་པའི་གནས་ནས་བསྒྲལ་ཏེ་འཇིགས་པ་མེད་པའི་གནས་སུ་བཞག་གོ་ད་ལྟར་ཡང་ང་འཆི་ ཁའི་ན་ཚས་ཐེབས་པ་ན་རབ་བཟང་ལ་སོགས་པ་གྱད་ལྔ་བརྒྱ་པོ་འདི་དག་འཇིགས་པ་དང་བཅས་པའི་འཁོར་བ་ལས་བསྒྲལ་ནས་གཡུང་དྲུང་གི་མཐར་ཐུག་པ། གྲུབ་པ་དང་བདེ་བའི་མྱ་ ངན་ལས་འདས་པ་ལ་བཀོད་དོ། །དེ་ནས་དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་ཅུང་ཟད་ཅི་མཐོང། གསོལ་པ། བཙུན་པ་ མཐོང་ལགས་སོ། །བཀའ་སྩལ་པ། ཁྱོད་ཀྱིས་ཅི་མཐོང། གསོལ་པ་བཙུན་པ། བཅོམ་ལྡན་འདས་ཀྱིས་གདུལ་བའི་དབང་གིས་སྤྲུལ་པ་གཅིག་བཞག་སྟེ་ག་ཞིག་ཏུ་གཤེགས་པ་མཐོང་ ལགས་སོ། །བཀའ་སྩལ་པ། ཀུན་དགའ་བོ། དེ་ནི། དེ་བཞིན་ནོ། །དེ་ནི་དེ་བཞིན་ཏེ། ཀུན་དགའ་བོ། ད་ལྟར་དེ་བཞིན་གཤེགས་པའི་གདུལ་བར་བྱ་བ་གཉིས་ཤིག་ལུས་ཏེ། དྲི་བའི་རྒྱལ་ པོ་རབ་དགའ་དང། ཀུན་ཏུ་རྒྱུ་རབ་བཟང་གཉིས་སོ། །དེ་ལ་ང་འདི་སྙམ་དུ་སེམས། ཀུན་ཏུ་རྒྱུ་རབ་བཟང་ནི། ངས་གདུལ་བར་སླ་ན་དྲི་ཟའི་རྒྱལ་པོ་རབ་དགའ་ནི། རྒྱགས་ཤིང་བག་མེད་ [447A]༄༅། །པར་གནས་པ་ཡིན་པས་ངས་སྤྲུལ་པ་བཞག་སྟེ་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་སོང་ནས་དྲི་བའི་རྒྱལ་པོ་རབ་དགའ་བདེན་པ་རྣམས་ལ་གནས་པར་བྱས་ཏེ་ འདིར་འོངས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། རབ་དགས་ལས་ཅི་བགྱིས་ཤིང་བསགས་ན་ལས་དེའི་རྣམ་པར་སྨིན་པས་ལྷ་ རྣམས་ཀྱི་ནང་དུ་སྐྱེས་ཏེ་དྲི་ཟའི་རྒྱལ་པོར་གྱུར་ལ། འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ། བཙུན་པ། འདིས་སྨོན་ལམ་གང་དུ་བཏབ་ལགས། བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་ སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ལྷོ་ཕྱོགས་ནས་རོལ་མོ་མཁན་གྱི་སློབ་དཔོན་ མཆོག་ཅིག་འོངས་ཏེ་ཝཱ་ར་ཎཱ་སིར་ཕྱིན་ཏོ། །དེ་ནས་དེ་སློབ་དཔོན་ཆེན་པོ་ཡིན་པའི་ཕྱིར་རྒྱལ་པོ་ཀྲི་ཀྲིས་བཞེས་ནས་ལོངས་སྤྱོད་ཀྱི་གཞི་ཚོགས་ཆེན་པོ་བྱིན་ནོ། །འཇིག་རྟེན་དག་ནི། འབྱོར་པ་ [447B] དེས་ཁྱིམ་གྱི་འཁོར་རྒྱས་པར་བྱས་ཏེ་བཞག་གོ་དེའི་ཚེ་ཝཱ་ར་ཎཱ་སི་དེ་ཉིད་ན་དགེ་བསྙེན་དབུལ་པོ་ཞིག་གནས་ཏེ། དེས་རོལ་མོ་མཁན་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་དེ་ མཐོང་ནས་དེའི་ལས་དེ་ལ་ཆགས་པ་སྐྱེས་ཏེ་ལས་དེའི་མཐུས་འདི་བདེ་བ་དེ་ལྟ་བུ་ཉམས་སུ་མྱོང་བར་གྱུར་པ་ལས་ན། ལས་འདི་ནི་བཟང་པོ་ཞིག་ཡིན་ནོ་སྙམ་ནས་དེས་ཚེ་གཅིག་གི་བར་ དུ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བསྲུངས་ཏེ་འཆི་ཁར་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་གྱུར་ཅིག་རོལ་མོ་མཁན་ཐམས་ཅད་ཀྱི་རྒྱལ་པོར་ཡང་གྱུར་ཅིག་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་ དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་བསྙེན་དུ་གྱུར་པ་གང་ཡིན་པ་དེ་ནི། དྲི་ཟའི་རྒྱལ་པོ་རབ་དགའ་འདི་ཁོ་ན་ཡིན་ཏེ། དེས་དེར་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་ རྣམས་བསྲུངས་ནས་འཆི་ཁར་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་འདི་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ [448A]༄༅། །ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང་མཛད་པ་མཉམ་པ་དང་ ཐབས་མཉམ་པ་བརྙེས་པར་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ། བཅོམ་ ལྡན་འདས་ཀྱིས་འཆི་ཁའི་ན་ཚ་དང་ལྡན་པ་ན་གདུལ་བའི་དབང་གིས་འདི་ལྟ་བུར་འོ་བརྒྱལ་བར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་ང་འཆི་ཁའི་ན་ཚ་དང་ལྡན་པ་ན་གདུལ་བར་བྱ་བའི་ཕྱིར་ཇི་ལྟར་སྡུག་བསྔལ་ཆེན་པོ་དང་ལྡན་པར་གྱུར་པ་དེ་ཉོན་ཅིག་དགེ་སློང་དག་ སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཐུབ་མེད་རྒྱལ་ཞེས་བྱ་བ་ན་རྒྱལ་པོ་རྒྱལ་བ་པོ་ཞེས་བྱ་བ་རྒྱལ་པོ་བྱེད་དེ། ཕྱི་ཞིག་ན་དེའི་བཙུན་མོ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་ བཅུ་ལོན་པ་དང། བུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་སྐད་གདགས་ཞེས་མིང་འདོགས་ པར་བྱེད་དེ། ཁྱེའུ་འདི་རྒྱལ་པོའི་སྲས་ཡིན་པས་ན་ཁྱེའུ་འདིའི་མིང་རྣམ་པར་རྒྱལ་བ་ཞེས་གདགས་སོ། །ཞེས་ཟེར་རོ། །དེ་ནས་ཁྱེའུ་རྣམ་པར་རྒྱལ་བ་འོ་མ་དང་ཞོ་དང་མར་ [448B] དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཁྱེའུ་དེ་ཡི་གེ་སློབ་ཏུ་བཅུག་སྟེ། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་རྣམས་ཀྱི་བཟོའི་ གནས་དང། ལས་ཀྱི་གནས་ཐ་དད་པ་འདི་ལྟ་སྟེ། གླང་པོ་ཞོན་པ་དང། རྟ་ཞོན་པ་དང། མཚོན་ཆ་བཅང་བ་དང། འཕོང་དང་མདུན་དུ་བསྣུར་བ་དང། ཕྱིར་བསྣུར་བ་དང། གཡུལ་ ལས་ཐར་པར་བྱ་བ་དང། ལྕགས་ཀྱུས་གཟུང་བ་དང། ཞགས་པས་གཟུང་བ་དང། མདའ་བོ་ཆེ་འཕང་བ་དང། རྡོ་རྗེ་རྩེ་གཅིག་པ་འཕང་བ་དང། མཚོན་རྩེ་གཅིག་པ་གདབ་པ་དང་ འཁོར་ལོ་འཕང་བ་དང། གཅད་པ་དང། གཤེག་པ་དང། ལག་པས་གཟུང་བ་དང། རྐང་པའི་སྟངས་དང། མགོ་བོ་བསྐྱབ་པ་དང་རྒྱང་མར་འཕང་བ་དང། སྒྲ་གྲག་པར་འཕང་བ་ དང། གནད་དུ་འཕང་བ་དང། གདོན་མི་ཟ་བར་ཕོག་པར་བྱ་བ་དང། ཚབས་ཆེར་གཏང་བ་རྣམས་ཀྱང་བསླབ་ནས་གནས་ལྔ་ལ་བྱང་བར་གྱུར་ཏོ། །དེ་ནས་དེ་ཕྱི་ཞིག་ན་ཕས་དེ་ལ་བསྒོ་ བ༑ ཁྱོད་ཀྱི་ཕའི་ཡུལ་འབྱོར་བ་དང། རྒྱས་པར་འདུག་གི་ཡུལ་ཕྱོགས་དེ་དག་བལྟར་སོང་ཞིག་ཅེས་བྱས་ནས་ཇི་ལྟར་ཡབ་ཀྱིས་བཀའ་སྩལ་པ་དེ་བཞིན་དུ་འཚལ་ལོ། །ཞེས་བྱས་ ནས་དེ་སྐྱེ་བོ་ཕལ་པོ་ཆེས་ཞབས་འབྲིང་བྱས་ཏེ་ཡུལ་ཕྱོགས་དག་བལྟར་སོང་ངོ། །དེ་སོང་བའི་འོག་ཏུ་རྒྱལ་པོ་རྒྱལ་བ་པོ་དུས་ལས་འདས་ནས་བློན་པོ་རྣམས་ཀྱིས་རྒྱལ་པོའི་བུ་དེ་ [449A]༄༅། །ལ་ཕོ་ཉ་བཏང་ནས་ཁྱོད་ཀྱི་ཡབ་ནོངས་ཀྱི། སླར་གཤེགས་ཏེ་ཡབ་ཀྱི་རྒྱལ་སྲིད་བསྐྱང་དུ་གསོལ་ཅེས་སྤྲིང་ངོ་།རྒྱལ་པོའི་བུ་དེའང་བྱམས་པའི་རང་བཞིན་ ཅན༑ སྙིང་རྗེ་དང་ལྡན་པ། སེམས་ཅན་ལ་བྱམས་པ་ཞིག་སྟེ། དེ་ཐོས་མ་ཐག་ཏུ་དེས་ཀྱང་བློན་པོ་རྣམས་ལ་ཕོ་ཉ་བཏང་ནས་སྣ་གཅིག་ཅིག་རུང་སྟེ། གལ་ཏེ་ངའི་ཡབ་ཀྱི་ཡུལ་ ཁམས་ན་སེམས་ཅན་ཇི་སྙེད་གནས་པ་དེ་དག་ཁྱོད་ཀྱིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་ན་ནི། ངས་ཡབ་ཀྱི་རྒྱལ་སྲིད་བསྐྱང་བར་བྱའོ། །ཞེས་སྤྲིང་ངོ། །དེ་ནས་བློན་པོ་རྣམས་ ཀྱིས་ཡང་ཕོ་ཉས་བཟླུགས་ཏེ། ཇོ་བོ། །ཇི་ལྟར་བཞེད་པ་བཞིན་དུ་བདག་ཅག་གིས་བགྱི་བར་འཚལ་ལོ། །ཞེས་སྤྲིངས་ནས་དེ་དག་གིས་སྤྱན་དྲངས་ཏེ་རྒྱལ་སར་བཅུག་ནས་དེ་སྦྱིན་པ་ དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་ཏེ། ཟས་འདོད་པ་ལ་ནི། ཟས་སྦྱིན་པར་བྱེད། སྐོམ་འདོད་པ་ལ་ནི། སྐོམ་སྦྱིན་པར་བྱེད་གོས་འདོད་པ་ལ་ནི། གོས་སྦྱིན་པར་ བྱེད༑ རྒྱན་འདོད་པ་ལ་ནི། རྒྱན་སྦྱིན་པར་བྱེད། བཞོན་པ་འདོད་པ་ལ་ནི། བཞོན་པ་སྦྱིན་པར་བྱེད། ཡོ་བྱད་གཞན་འདོད་པ་ལ་ནི། ཡོ་བྱད་གཞན་སྦྱིན་པར་བྱེད་ཅིང་ནད་པ་གསོ་ བའི་ནད་བྲང་བཅས་ཏེ་ཡོ་བྱད་ཐམས་ཅད་སྦྱར་ནས་སྨན་པ་རྣམས་དང། ནད་གཡོག་རྣམས་བསྐོས་ཏེ། ནད་པ་རྣམས་དང། མགོན་མེད་པ་རྣམས་ཀྱི་རིམ་གྲོ་བྱེད་དོ༑ །བཟའ་ [449B]ལ་གནས་པ་དང། ཆུ་ན་གནས་པ་དང། ཐང་ལ་གནས་པའི་སྲོག་ཆགས་རྣམས་ལ་སྦྱིན་པར་བྱེད་དོ། །འཇིག་རྟེན་དག་ཀྱང་ དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པར་བྱེད་དེ། དེར་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པའི་རྒྱུས་སེམས་ཅན་ཕལ་ཆེར་ལྷའི་ནང་དུ་སྐྱེས་སོ། །དེ་དག་དེར་སྐྱེས་ པས་ལྷའི་གནས་རྣམས་གང་བར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམ་པ། རྒྱུ་གཉིས་ཀྱིས་ན་ལྷའི་གནས་རྣམས་གང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་འབྱུང་ བ་དང། འཁོར་ལོས་བསྒྱུར་བ་འབྱུང་བ་འདི་གཉིས་ཡིན་ན། ཅི་ད་ལྟར་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ངམ། འོན་ཏེ་འཁོར་ལོས་བསྒྱུར་བ་འཇིག་རྟེན་དུ་བྱུང་ཞིག་གུ་སྙམ་ མོ༑ ༑དེ་ནས་དེས་བལྟས་ན། དེ་བཞིན་གཤེགས་པའང་འཇིག་རྟེན་དུ་མ་བྱུང། འཁོར་ལོས་བསྒྱུར་བའི་རྒྱལ་པོའང་འཇིག་རྟེན་དུ་མ་བྱུང་ངོ། །འོ་ན་སུའི་མཐུས་ལྷའི་གནས་གང་བར་ གྱུར་སྙམ་སྟེ་དེས་བལྟས་ན། རྒྱལ་པོ་རྣམ་པར་རྒྱལ་བའི་མཐུས་དེ་ལྟར་གྱུར་པར་མཐོང་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམ་པ། འདི་ཅི་ཞིག་སྒྲུབ་ཅིང་འདུག་སྙམ་སྟེ་དེས་ བལྟས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པར་མཐོང་ངོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསམ་པ་རེ་ཞིག་འདི་སེམས་ཅན་བརྟན་པོ་ཡིན་ནམ་ [450A]༄༅། །འོན་ཏེ་སེམས་ཅན་མི་བརྟན་པ་ཡིན་པ་དེ་བརྟགས་ལ་གལ་ཏེ་སེམས་ཅན་བརྟན་པོ་ཞིག་ཡིན་ན་ནི། མཆོད་པ་བྱའོ། །དེ་སྟེ་སེམས་ཅན་མི་བརྟན་པ་ཞིག་ཡིན་ ན་ནི༑ འདི་བརྟན་པོར་འགྱུར་བར་བྱའོ་སྙམ་དུ་བསམ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡུལ་དེར་སེམས་ཅན་མང་པོ་སྤྲུལ་ནས་སྤྲུལ་པ་དེ་དག་གིས་བློན་པོ་དེ་དག་ལ་སྨྲས་པ། གལ་ཏེ་ རྒྱལ་པོ་འདིས་བདག་ཅག་ཟས་དང་སྐོམ་གྱིས་ཚིམ་པར་བྱེད་ན་ནི་དེའི་འོག་ཏུ་བདག་ཅག་གིས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པར་བྱའོ། །དེ་ནས་ བློན་པོ་རྣམས་ཀྱིས་རྒྱལ་པོ་རྣམ་པར་རྒྱལ་བ་ལ་གསོལ་ཏོ། །དེ་ནས་རྒྱལ་པོ་རྣམ་པར་རྒྱལ་བས་སྤྲུལ་པ་དེ་དག་བཀུག་སྟེ་བསྒོ་བ་ངས་ཁྱེད་ཟས་དང་སྐོམ་གྱིས་ཚིམ་པར་བྱའོ། །སྤྲུལ་ བ་རྣམས་ཀྱིས་སྨྲས་པ། ལྷ། ཁྱོད་ཀྱིས་བདག་ཅག་ཟས་དང་སྐོམ་གྱིས་ཚིམ་པར་བྱེད་མི་ནུས་ཏེ། བདག་ཅག་ནི། གསར་དུ་བསད་པའི་མི་ཤ་ནི། ཟ། མི་ཁྲག་ནི། འཐུང་ངོ། །དེ་ནས་ རྒྱལ་པོས་བསམ་པ། འདི་དག་ནི། མི་མ་ཡིན་ཏེ། འདི་དག་ནི། མི་མ་ཡིན་པ་ཡིན་ལ། ཤ་དང་ཁྲག་འདི་ལྟ་བུ་ནི། མ་བསད་ཀྱི་བར་དུ་མི་རྙེད་དོ། །འོན་ཀྱང་གལ་ཏེ་འདི་རྣམས་དགེ་བ་ བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པར་འགྱུར་ན། བདག་གི་ཤ་དང་ཁྲག་གིས་ཚིམ་པར་བྱའོ་སྙམ་དུ་བསམ་ནས་བྱང་ཆུབ་སེམས་དཔའ་དེས་སྤྲུལ་པ་རྣམས་ལ་ [450B] གལ་ཏེ་ཁྱེད་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་པར་བྱེད་ན། ངས་ང་རང་གི་ཤ་དང་ཁྲག་གིས་ཚིམ་པར་བྱའོ། སྤྲུལ་པ་རྣམས་ཀྱིས་སྨྲས་པ། ཁྱེད་ཇི་ལྟར་ བཞེད་པ་བཞིན་དུ་བགྱིའོ། །དེ་ནས་དེ་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔས་ལུས་ཐོག་ཐག་ནས་ཤ་རྣམས་བཅད་དེ་དག་ལ་བྱིན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་འཇིག་རྟེན་ལོང་བ། འདྲེན་པ་མེད་པ། སྟོན་པ་མེད་པར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་ འདས་སུ་གྱུར་ཅིག་ཅེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས་སྤྲུལ་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་དོ། །དེ་ནས་ལྷའི་ དབང་པོ་བརྒྱ་བྱིན་གྱིས་བསམ་པ། བྱང་ཆུབ་སེམས་དཔའ་འདིས་ནི་མཆོག་ཏུ་དཀའ་བ་བྱས་མོད་ཀྱི། འོན་ཀྱང་བདག་གིས་འདིའི་ལུས་སྔ་མཁོ་བཞིན་དུ་འགྱུར་བར་བྱེད་མ་ནུས་སོ། ། གཞན་ཡང་འདིའི་སྤྲོ་བ་བསྐྱེད་དགོས་སོ་སྙམ་ནས་བྱང་ཆུབ་སེམས་དཔའ་དེ་ལ་སྨྲས་པ། གྲོགས་པོ། ཁྱོད་ཤ་རྣམས་གཅོད་པ་དང། ཆུ་བ་དང། རྩ་བྲང་བྲེང་རྣམས་གཅོད་པ་དང་ [451A]༄༅། །ཅུང་ཟད་ཙམ་ཡང་སེམས་མི་དཀའ་བ་ལྟ་ཡོད་དམ། བྱང་ཆུབ་སེམས་དཔས་སྨྲས་པ། ཀྱེ་ང་ནི། ཤ་རྣམས་གཅོད་པ་དང། ཆུ་བ་དང། རྩ་བྲང་བྲེང་རྣམས་ གཅོད་པ་ན་ཅུང་ཟད་ཀྱང་སེམས་མི་དགའ་བ་མེད་དེ། བདག་ཉིད་ཕོངས་པ་མཐོང་ན་ལྷག་པར་ཡང་སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་སུ་སྐྱེ་བའི་སེམས་ཅན་རྣམས་ ལ་སྙིང་རྗེ་སྐྱེས་སོ། །བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་ཁྱོད་ཇི་ལྟར་ཡིད་ཆེས་པར་རུང། བྱང་ཆུབ་སེམས་དཔས་སྨྲས་པ་ངས་གྲོགས་པོ་ཁྱེད་བདེན་པ་བསྐུལ་བས་རངས་པར་ བྱའོ༑ ༑ཞེས་བྱས་ནས་བྱང་ཆུབ་སེམས་དཔས་བདེན་པ་བསྐུལ་བ་བྱས་ཏེ། བདེན་པ་དང་བདེན་པའི་ཚིག་གང་གིས་ཇི་ལྟར་བདག་གི་ཤ་རྣམས་གཅོད་པ་དང། ཆུ་བ་དང། རྩ་བྲང་ བྲེང་རྣམས་གཅོད་པ་ན་ཅུང་ཟད་ཀྱང་སེམས་མི་དགའ་བ་མེད་ན་བདེན་པ་དང་བདེན་པའི་ཚིག་དེས་བདག་གི་ལུས་འདི་སྔ་མཁོ་བཞིན་དུ་གྱུར་ཅིག་ཅེས་བྱས་ནས་དེ་སྐད་བརྗོད་ མ་ཐག་ཏུ་བྱང་ཆུབ་སེམས་དཔའི་ལུས་དེ་སྔ་མཁོ་བཞིན་དུ་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རང་བཞིན་གྱི་གཟུགས་སུ་བསྒྱུར་ཏེ་རྐང་པ་ལ་ཕྱག་བཙལ་ནས་བཟོད་ པར་གསོལ་ཏེ། གྲོགས་པོ། ཁྱོད་ལ་ངས་གཙེ་བའི་བསམ་པས་གནོད་པ་བྱས་པ་བཟོད་པར་མཛོད་ཅིག་དེ་ལྟ་མོད་ཀྱི་ཁྱོད་ཉིད་སྤྲོ་བ་བསྐྱེད་པའི་ཕྱིར་ཁྱོད་ལ་གནོད་པ་བྱས་པར་ [451B] ༑ཞེས་སྨྲས་ནས་ལྷའི་དབང་པོ་བརྒྱ་བྱིན་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བྱང་ཆུབ་སེམས་དཔར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ ལ་གནས་པ་གང་ཡིན་པ་དེ་ནི། ང་ཉིད་ཡིན་ཏེ། དེའི་ཚེ་ནའང་ང་འདུལ་བའི་དབང་གིས་སྡུག་བསྔལ་བར་གྱུར་ཏོ། །ད་ལྟར་ཡང་ང་འདུལ་བའི་དབང་གིས་སྡུག་བསྔལ་བར་གྱུར་ཏོ།། །། ཡོན་རབས་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ་དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །ཕྱི་ཞིག་ན་དེས་སངས་རྒྱས་ལ་དད་པ་དང། ཆོས་ལ་དད་པ་དང། དགེ་འདུན་ལ་དད་པར་གྱུར་ནས་སྐྱབས་སུ་འགྲོ་བ་དང། བསླབ་པའི་ གཞི་རྣམས་བླངས་ཏེ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་སོ། །དེའི་ཁྱིམ་དེ་ཁྲོན་པ་དང་འདྲ་བར་གྱུར་ཏེ་ཉིན་གཅིག་བཞིན་དུ་དེའི་ཁྱིམ་དུ་དགེ་འདུན་གྱི་ ཕྱིར་བསྐོས་པའི་དགེ་སློང་རྣམས་ཟན་ཟའོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ཏེ། དེས་དེ་དག་ལ་བཟའ་བ་དང་ བཅའ་བ་གཙང་མ་བཟང་པོ་མང་པོས་ཚིམ་པར་བྱས་ཏེ་ཅི་བཞེད་པ་བསྟབས་ནས་བཅོམ་ལྡན་འདས་བཤོས་གསོལ་ཟིན་ཏེ། བསང་སྡེར་ནི། གྱུ་ཕྱག་ནི། བཅབས་པར་རིག་ནས་ [452A]༄༅། །སྟན་ཆེས་དམའ་བ་ཞིག་བླངས་ཏེ་ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ ལ་ཉལ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་ཁྱིམ་བདག་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཇིག་ ཚོགས་ལ་ལྟ་པའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་ཀྱི་གཏམ་ གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །དེ་ ནས་ཕྱི་ཞིག་ན་དགེ་སློང་གསར་བུ་དགྲ་བཅོམ་པ་ཞིག་ཁྱིམ་དེར་དགེ་འདུན་གྱི་ཕྱིར་བསྐོས་པའི་མཆོད་སྟོན་གྱི་རེས་ལ་བབ་སྟེ་འོངས་སོ། །དེ་ཕྱི་བཞིན་དུ་གཙུག་ལག་ཁང་གི་ སྣ་ལ་གཏོགས་པའི་ཕྱིར་མི་འོང་བ་ཞིག་ཀྱང་འོངས་སོ། །དེ་ནས་ཁྱིམ་བདག་དེས་དེ་གཉིས་ལ་ཟན་སྦྱིན་པར་བྱས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བསམ་པ། དགེ་སློང་དེས་ནི་ ཁྱིམ་བདག་དེ་ལ་ཡོན་གྱི་རབས་གདོན་པར་མི་ནུས་སོ་སྙམ་ནས་ཁྱིམ་དེའི་ནང་དུ་སོང་སྟེ་[?]བསྟན་བཤམས་པ་ལ་འདུག་ནས་དགེ་སློང་དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ [452B] གནས་བརྟན། ཡོན་གྱི་རབས་གདོན་པར་གསོལ་ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱིམ་དེར་ཡོན་གནས་ཚོགས་པ་མཐོང་ནས་དེ་ཁོ་ན་དང་མཐུན་ པའི་ཡོན་གྱི་རབས་བཏོན་ནས་བདག་གིས་ནི། སྦྱིན་པའི་འབྲས་བུའི་ཚད་རྒྱས་པར་བརྗོད་པར་མི་ནུས་སོ། །བཅོམ་ལྡན་འདས་ནི། ཐམས་ཅད་གཟིགས་པ་ཡིན་པས་འབྲས་བུ་དང་ རྣམ་པར་སྨིན་པ་མཁྱེན་ཏོ། །ཞེས་སྨྲས་ཏེ། དེས་ཡོན་གྱི་རབས་བཏོན་ནས་ཁྱིམ་བདག་དེའི་ཆུང་མ་ལའང་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེས་ན་ཁྱིམ་བདག་དེ་དང། ཆུང་མས་ ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ནས་ཏེ་དང་ལྡན་པ་ཤཱ་རིའི་བུས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད་ ཡང་དག་པར་དགའ་བར་བྱས་ནས་སྟན་ལས་ལངས་ཏེ་སོང་ངོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་དེའི་བློ་སྐྱེས་པ། བདག་ཁྱིམ་ན་གནས་པས་ཆོག་གི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ རབ་ཏུ་འབྱུང་ངོ་སྙམ་ནས་གཟའ་བྲན་གཉིས་ཀས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ། །རབ་ཏུ་བྱུང་ནས་ཉོན་མོངས་པ་ ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ཏེ་གསེར་དང་བོང་བར་མཉམ་པ། ནམ་མཁའ་ [453A]༄༅། །དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་ པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། འདི་གཟའ་བྲན་གཉིས་ཀྱིས་སྔོན་ལས་ཅི་ བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། འདི་གཉིས་ཀྱིས་བཅོམ་ལྡན་འདས་ཀྱང་མཉེས་པར་བགྱིས་ཏེ་མི་མཉེས་ པར་མ་བགྱིས་ལ་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ་བཙུན་པ། འདི་གཉིས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས། བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་ འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་ [453B] སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་གསུང་ རབ་ལ་འདི་གཉིས་རབ་ཏུ་བྱུང་ནས་དེར་འདི་གཉིས་ཀྱིས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ཏེ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། ཀྱེ་ མ་དགེ་བའི་རྩ་བ་འདིས་བདག་ཅག་གཉིས་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གཉིས་ཀྱིས་མཉེས་པར་བྱེད་པར་གྱུར་ཅིག་མི་ མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། ། དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གསུང་རབ་ལ་རབ་ཏུ་བྱུང་བའི་གཟའ་བྲན་དེ་གཉིས་ཁོ་ན་ཡིན་ཏེ། དེ་གཉིས་ཀྱིས་དེར་རབ་ ཏུ་བྱུང་ནས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ཏེ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་བསྲུངས་ནས་འཆི་ཁར་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་ [454A]༄༅། །དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། འདི་གཉིས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། ང་ཉིད་ཀྱི་ བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་དྲུག་པ། རྒན་ཞུགས་གཉིས་ཞེས་བྱ་ བ་དེ་ལ། རྒན་ཞུགས་དང་པོ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེ་ན་གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཙུག་ལག་ཁང་རྣམ་ པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དུ་བཅུག་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕུལ་ཏེ། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་པ་དེའི་ ཚེ་མཉན་དུ་ཡོད་པ་དེ་ཉིད་ན་ཁྱིམ་བདག་གཞན་ཞིག་གནས་པ་དེས་བསམ་པ། བདག་གིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་སྦྱིན་པ་གཏོང་བས་ཟིལ་གྱིས་ནོན་ པར་འགྱུར་བའི་ཐབས་ལྟ་ཅི་ཡོང་སྙམ་མོ། །དེ་ནས་དེས་བསམ་པ་མ་ལ་བདག་གིས་རྒྱ་མཚོའི་ནང་དུ་འགྲོ་བའི་དོན་བསྒྲུབས་ལ། གལ་ཏེ་ བདག་གིས་དེར་རྒྱ་མཚོའི་གྲུ་བོ་ཆེའི་དོན་གྲུབ་པར་གྱུར་ཏེ་ཕྱིར་འོངས་ན་ནི་དེ་ལྟ་ན་བདག་གིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་སྦྱིན་པ་གཏོང་བས་ཟིལ་གྱིས་གནོན་ [454B] །དེ་ནས་དེ་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་ནས་རིན་པོ་ཆེའི་གླིང་དུ་འགྲོ་བ་བསྒྲུབས་ཏེ་རྒྱ་མཚོའི་གྲུ་པོ་ཆེའི་དོན་གྲུབ་ནས་མཉན་དུ་ཡོད་པར་ཕྱིན་ཏོ། །དེ་དེར་ འོངས་ནས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་ན། འོན་ཀྱང་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཟིལ་གྱིས་ནོན་པར་མ་ནུས་སོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་ དེས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་དྲིས་པ། བཙུན་པ་ཤཱ་རིའི་བུ། ཐབས་ཅི་ཞིག་གིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དགེ་བ་བགྱིས་པས་ཟིལ་གྱིས་གནོན་པར་ནུས། ཚེ་དང་ལྡན་པ་ ཤཱ་རིའི་བུས་སྨྲས་པ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི་བསོད་ནམས་ཅན་ཆེ་བར་གྲགས་པ་ཡིན་ཏེ། དེས་ནི་གཏེར་བདག་པོ་ཡོད་པ་དང། བདག་པོ་མེད་པ་དང། ཆུ་ན་ ཡོད་པ་དང། སྐམ་ལ་ཡོད་པ་དང། རིང་བ་དང་ཉེ་བ་རྣམས་ཀྱང་མཐོང་བས་ན། དེ་ནི་ཁྱོད་ཀྱིས་སྦྱིན་པ་བཏང་བས་ཟིལ་གྱིས་གནོན་པར་མི་ནུས་ཏེ། བཅོམ་ལྡན་འདས་ཀྱི་བསྟན་ པ་ལ་རབ་ཏུ་བྱུང་ན་དེ་འབའ་ཞིག་གིས་ཁྱོད་ཀྱིས་ཟིལ་གྱིས་མནན་པར་ནུས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་དེས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ནས་ བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ། །དེ་རབ་ཏུ་བྱུང་སྟེ། བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་ [455A]༄༅། །སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་ མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་ པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་ བའི་གནས་སུ་གྱུར་ཏོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཁྱིམ་བདག་ཆེ་གེ་མོ་ཞིག་གིས་ཁྱོད་ཟིལ་གྱིས་མནན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་ རབ་ཏུ་བྱུང་ངོ། །དེ་ལྟར་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །ཞེས་ཐོས་སོ། །དེ་ཐོས་མ་ཐག་ཏུ་ཁྱིམ་བདག་མགོན་མེད་ ཟས་སྦྱིན་དགའ་བར་གྱུར་ཏེ་དགེ་སློང་ག་ལ་འདུག་པ་དེར་སོང་སྟེ་ཕྱིན་ནས་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། ཁྱོད་རབ་ཏུ་བྱུང་བས་བདག་ཟིལ་གྱིས་ནོན་པར་གྱུར་ཏོ། །ད་ བདག་གིས་ཁྱོད་ཇི་སྲིད་འཚོའི་བར་དུ་གོས་དང་ཟས་དང་མལ་ཆ་དང་སྟན་དང་ནད་གསོས་དང་སྨན་ཟོང་རྣམས་ཅི་བཞེད་པ་བསྟབ་པར་བགྱིའོ། །ཞེས་བྱས་སོ། །དེ་ནས་ [455B]བཙུན་པ། ཁྱིམ་བདག་འདིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་སྦྱིན་པ་གཏོང་བས་ཟིལ་གྱིས་མནན་པར་འཚལ་ བ་ལས་ཟིལ་གྱིས་གནོན་པར་མ་ནུས་ཏེ་རབ་ཏུ་བྱུང་བས་ཟིལ་གྱིས་ནོན་པར་གྱུར་པ་དང། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་པ་ལ་གཟིགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་ཁྱིམ་བདག་འདིས་ཁྱིམ་བདག་ཆུ་སྟོད་ཟིལ་གྱིས་གནོན་པར་བྱའོ་སྙམ་པ་ལས་ཟིལ་གྱིས་མནན་པར་མ་ནུས་ཏེ། རབ་ཏུ་བྱུང་བས་ ཟིལ་གྱིས་མནན་ནས་དེ་དེར་རབ་ཏུ་བྱུང་སྟེ་ཚེ་གཅིག་ཏུ་ཚངས་པར་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། ཀྱེ་འདི་ལྟར་བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་པའི་དགེ་བའི་རྩ་བ་འདིས་ན་བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་།ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ [456A]༄༅། །ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི། དགེ་ སློང་འདི་ཁོ་ན་ཡིན་ཏེ། དེའི་ཚེའང་འདིས་ཁྱིམ་བདག་ཆུ་སྟོད་སྦྱིན་པ་གཏོང་བས་ཟིལ་གྱིས་མནན་པར་བྱའོ་སྙམ་པ་ལས་ཟིལ་གྱིས་གནོན་པར་མ་ནུས་ནས་རབ་ཏུ་བྱུང་བས་ཟིལ་ གྱིས་ནོན་པར་གྱུར་ལ། ད་ལྟར་ཡང་འདིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་སྦྱིན་པ་གཏོང་བས་ཟིལ་གྱིས་མནན་པར་བྱའོ་སྙམ་པ་ལས་ཟིལ་གྱིས་གནོན་པར་མ་ནུས་ནས་རབ་ཏུ་ བྱུང་བས་ཟིལ་གྱིས་ནོན་པར་གྱུར་ཏོ། །དེས་དེར་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། འདི་ལྟར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ གི་བསྟན་པ་ལ་ཚེ་གཅིག་ཏུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅིའང་མ་ཐོབ་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་ བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་གིས་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་བྱེད་པར་མ་གྱུར་ཅིག་།དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་ [456B]ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ གསོལ་པ། བཙུན་པ། དགེ་སློང་འདི་ནི། རྒྱ་ཆེན་པོ་ལ་མོས་ཏེ་གཞན་རྣམས་ཟིལ་གྱིས་གནོན་པར་འཚལ་ལ་བདག་ནི། གཞན་གྱིས་ཟིལ་གྱིས་གནོན་པར་མི་འཚལ་བ་ལ་ གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ནའང་འདི་ཇི་ལྟར་རྒྱ་ཆེན་པོ་ལ་མོས་ཏེ་གཞན་རྣམས་ཟིལ་གྱིས་གནོན་པར་ འདོད་ལ། བདག་ནི། གཞན་གྱིས་ཟིལ་གྱིས་མནན་པར་མི་འདོད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་སུམ་ཁྲི་ ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་ མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གསེར་ཐུབ་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་སངས་རྒྱས་ནས་རྒྱལ་པོའི་ཕོ་བྲང་བདེ་ལྡན་དུ་བྱོན་ཏེ་དེའི་ཕྱིར་རྒྱལ་པོ་བདེ་བས་རང་གི་སྐྱེད་མོས་ཚལ་དུ་གཙུག་ལག་ཁང་རྩིག་པར་བརྩམས་ཏེ། དེས་དེར་གཞོན་ནུ་རྣམས་དང་ [457A]༄༅། །བློན་པོ་རྣམས་དང། དཔའ་བོའི་སྡེ་ཚན་རྣམས་དང་གྲོང་རྡལ་གྱི་མི་རྣམས་དང། ཡུལ་གྱི་མི་རྣམས་དང། སྐྱེ་བོ་མང་པོ་ཐམས་ཅད་བསགས་ནས་ བསྒོ་བ། ཁྱེད་ལས་སུ་འདིར་ནོར་ཤིན་ཏུ་མང་པོར་བསྐྱེད་ནུས་པ་དེས་གཙུག་ལག་ཁང་འདི་རྩིགས་ཤིག་ཅེས་བྱས་སོ། །དེའི་ཚེ་ཁྱིམ་བདག་ཅིག་གིས་རྒྱལ་པོ་དེ་དག་དང་ གོང་ནས་གོང་དུ་ནོར་བསྐྱེད་པ་ལ་ཞུགས་ཏེ། གསེར་བྱེ་བ་ཕྲག་དགུ་ལ་ཐུག་པར་བསྐྱེད་དོ། །དེ་ནས་དེས་དེ་ཡན་ཆད་དུ་བསྐྱེད་པའི་ཐུགས་མ་ཐུབ་སྟེ། འདི་ནི། རྒྱལ་རིགས་སྤྱི་ བོ་ནས་དབང་བསྐུར་བ་ཡིན་ཏེ། འདི་འདིས་སྐྱེངས་པར་འགྱུར་དུ་འོང་ངོ་སྙམ་ནས་སྐྱེད་པ་དེ་བཏང་ངོ། །དེ་ནས་རྒྱལ་པོ་བདེ་བས་གཙུག་ལག་ཁང་དེ་རྣམ་པ་ཐམས་ཅད་དུ་ཡོངས་ སུ་རྫོགས་པར་བྱས་ནས་སངས་རྒྱས་གསེར་ཐུབ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ཏེ་སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་གང་དང་གང་དུ་སྐྱེ་ བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་ཅིག་སྟོན་པ་འདི་ཁོ་ན་དང་འདྲ་བ་མཉེས་པར་བྱེད་པར་གྱུར་ཅིག་མི་མཉེས་པར་ བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དགེ་ [457B]ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི། ཁྱིམ་བདག་འདི་ཁོ་ན་ཡིན་ཏེ། དེའི་ཚེའང་འདི་རྒྱ་ཆེན་པོ་ལ་མོས་ཏེ་གཞན་རྣམས་ཟིལ་གྱིས་གནོན་ པར་འདོད་ལ། བདག་ནི། གཞན་གྱིས་ཟིལ་གྱིས་གནོན་པར་མི་འདོད་པར་གྱུར་ཏོ། །ད་ལྟར་ཡང་འདི་ནི། རྒྱ་ཆེན་པོ་ལ་མོས་ཏེ་གཞན་རྣམས་ནི། ཟིལ་གྱིས་གནོན་པར་འདོད་ལ་ བདག་ནི། གཞན་གྱིས་ཟིལ་གྱིས་གནོན་པར་མི་འདོད་པར་གྱུར་ཏོ། །རྒན་ཞུགས་གཉིས་པ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེར་གང་གི་ཚེ་མི་བླུན་པོ་འཕགས་སྐྱེས་ པོས་ཤཱཀྱ་རྣམས་ཁ་བཏག་པ་དེའི་ཚེ་ཡུལ་སེར་སྐྱའི་གནས་ན་ཚེ་དང་ལྡན་པ་ཀུན་དགའ་བོའི་སྲིང་མོའི་བུ་ཕ་མ་གཉིས་དང་བྲལ་ཏེ་སེར་སྐྱའི་གནས་ན་མགོན་མེད་པར་འཁྱམས་ ཤིང་འདུག་གོ་དེའི་ཚེ་མཉན་དུ་ཡོད་པ་ན་གནས་པའི་ཁྱིམ་བདག་ཅིག་དེ་གཉིས་ཀྱི་ཕའི་གྲོགས་པོར་གྱུར་པ་དེ་བྱ་བ་ཞིག་ལ་ཡུལ་སེར་སྐྱའི་གནས་སུ་ཕྱིན་ཏེ་དེས་ཁྱེའུ་དེ་ གཉིས་མཐོང་མ་ཐག་ཏུ་ངོ་ཤེས་ནས་དྲིས་ཏེ། བུ་ཁྱེད་གཉིས་ཀྱི་ཕ་མ་ག་ལ་འཁོད་ཅེས་བྱས་སོ། །ཁྱེའུ་དེ་གཉིས་ཀྱིས་སྨྲས་པ་འཕགས་སྐྱེས་པོས་བསད་དེ། དེ་གཉིས་དང་བྲལ་ བས་བདག་ཅག་གཉིས་མགོན་མེད་དེ་ཕན་ཚུན་འཁྱམས་ཤིང་འདུག་གོ་།ཁྱིམ་བདག་དེས་སྨྲས་པ། གལ་ཏེ་ཁྱེད་གཉེན་འདུན་རྣམས་ཀྱིས་བསྐྱང་བ་མེད་ན་མཉན་དུ་ཡོད་པར་དེངས་ [458A]༄༅། །ཤིག་དང། བཙུན་པ་ཀུན་དགའ་བོ་དེ་ཁྱེད་གཉིས་ཀྱི་ཞང་པོ་ཡིན་ཏེ། དེའང་གཉེན་ལ་མཉེས་གཤིན་པས་དེས་ཁྱེད་གཉིས་བསྐྱང་བར་འགྱུར་རོ། །ཁྱེའུ་ གཉིས་ཀྱིས་སྨྲས་པ། བདག་ཅག་གཉིས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་འགྲོ་བའི་ལམ་མི་ཤེས་ན། དེར་འགྲོ་བའི་ལམ་གང་ཡིན་ཁྱིམ་བདག་དེས་སྨྲས་པ། བུ་གཉིས་ཚུར་ ཤོག་དང། རེ་ཞིག་ང་ཡུལ་སེར་སྐྱའི་གནས་སུ་དོན་ཞིག་བསྒྲུབ་ལ་དེ་ནས་ངས་ཁྱེད་གཉིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་བཀྲིའོ་།ཞེས་བྱས་ནས་ཁྱིམ་བདག་དེར་སོང་ངོ། ། དེས་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་དག་ཐམས་ཅད་བསྒྲུབས་ནས་ཁྱེའུ་དེ་གཉིས་ཁྲིད་དེ་མཉན་དུ་ཡོད་པར་ཁྲིད་དེ་འོངས་ནས་དེ་གཉིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོར་ བཞག་སྟེ་བསྒོ་བ། ཁྱེད་གཉིས་ཀྱི་ཞང་པོ་དཀའ་ཐུབ་ཀྱི་གནས་འདི་ན་འདུག་སྟེ་དེས་ཁྱེད་གཉིས་བསྐྱང་བར་འགྱུར་རོ། །ཞེས་བྱས་ནས་ཁྱིམ་བདག་དེ་སོང་ངོ། །དེ་སོང་ནས་ ཁྱེའུ་དེ་གཉིས་ཀྱིས་སྒོ་གང་གི་ནང་དུ་ཞུགས་ཏེ་འཁོད་པ་ལས་ཀུན་དགའ་བོས་ངོ་མ་ཤེས་ཏེ་དྲིས་པ། བུ་ཁྱེད་གཉིས་སུ་ཡིན། ག་ལས་འོངས། དེ་གཉིས་ཀྱིས་སྨྲས་པ། ཡུལ་ སེར་སྐྱའི་གནས་ཀྱི་ཤཱཀྱ་ཆེ་གེ་མོ་ཞིག་གི་བུ་ལགས་སོ། །ཀུན་དགའ་བོས་སྨྲས་པ། ཁྱེད་གཉིས་ཀྱི་ཕ་མ་གར་སོང། ཁྱེའུ་གཉིས་ཀྱིས་སྨྲས་པ། འཕགས་སྐྱེས་པོས་བསད་དེ་ [458B]སླད་དུ་བདག་ཅག་གཉིས་ཕན་ཚུན་འཁྱམས་ཤིང་མཆིས་སོ། །བདག་ཅག་གཉིས་ཀྱིས་ཐོས་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ ཚལ་འདི་ན་བདག་ཅག་གཉིས་ཀྱི་ཞང་པོ་འདུག་གོ་ཞེས་གྲགས་ནས་བདག་ཅག་གཉིས་དེའི་ཐད་དུ་མཆིས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཚ་དང་ལྡན་པ་ཀུན་དགའ་བོ་ཡི་མུག་ནས་ད་ཇི་ ལྟར་བྱ་སྙམ་མོ། །དེ་ནས་དགེ་སློང་རྣམས་ཀྱིས་དེ་མཐོང་ནས་དྲིས་པ། བཙུན་པ་ཀུན་དགའ་བོ། ཁྱོད་ཅིའི་ཕྱིར་ཡི་མུག་པར་གྱུར་ཀུན་དགའ་བོས་སྨྲས་པ། ཁྱེའུ་འདི་གཉིས་བདག་གི་སྲིང་ མོའི་བུ་ཡིན་ཏེ། འདི་གཉིས་ཕ་མ་མེད་པར་གྱུར་པས་འདིར་འོངས་ཏེ་བདག་གིས་འདི་གཉིས་མཐོང་ནས་ཡི་མུག་པར་གྱུར་ཏེ་བདག་གིས་འདི་གཉིས་ཇི་ལྟར་བསྐྱང་བར་བྱ། བཅོམ་ལྡན་ འདས་ཀྱིས་ཀྱང་དད་པས་བྱིན་པ་ཆུད་གསན་པར་མི་བྱའོ། །ཞེས་གསུངས་སོ་སྙམ་མོ། །དགེ་སློང་རྣམས་ཀྱིས་སྨྲས་པ། ཕན་འདོགས་པ་ལ་སྦྱིན་པར་བྱའོ། །ཞེས་བཅོམ་ལྡན་འདས་ཀྱིས་ མ་གསུངས་སམ། འདི་གཉིས་ཀྱིས་ཀྱང་བདག་ཅག་ལ་ལྷུང་བཟེད་ཀྱི་བྱ་བཏའ་དང། མེ་ཏོག་དང། འབྲས་བུ་རྣམས་ཀྱིས་ཕན་ཐོགས་པར་འགྱུར་རོ། །ཞེས་བྱས་སོ། །དེ་ནས་ཚེ་དང་ལྡན་ པ་ཀུན་དགའ་བོས་དེ་གཉིས་བླངས་ཏེ་བསྐྱང་བར་བྱས་སོ། །དགེ་སློང་རྣམས་ཀྱིས་ཀྱང་ཁ་ཟས་ཅུང་ཟད་ཙམ་དག་ཁྱེར་ཏེ་འོང་ཞིང་དེ་གཉིས་ལ་སྦྱིན་པར་བྱེད་དོ། །ཚེ་དང་ལྡན་པ་ཀུན་ [459A]༄༅། །དགའ་བོས་ནི་བསོད་སྙོམས་གང་བླངས་ཤིང་དེ་གཉིས་ལ་ཕྱེད་སྦྱིན་པར་བྱེད་དོ། །ཕྱེད་ནི་བདག་ཉིད་ཟ་བར་བྱེད་དེ། དེའི་རྒྱུས་ཀུན་དགའ་བོ་ཉམ་ཆུང་ཞིང་ རིང་ལ་སྦེག་ཅིང་ལུས་ཀྱི་མཐུ་མེད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཀུན་དགའ་བོ་ཉམ་ཆུང་ཞིང་རིད་ལ་སྦེག་ཅིང་ལུས་ཀྱི་མཐུ་མེད་པར་གྱུར་པ་གཟིགས་སོ། ། གཟིགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཅིའི་ཕྱིར་དགེ་སློང་ཀུན་དགའ་བོ་ཉམ་ཆུང་ཞིང་རིད་ལ་སྦེག་ཅིང་ལུས་ཀྱི་མཐུ་མེད་པར་གྱུར། དགེ་སློང་རྣམས་ ཀྱིས་གསོལ་པ། བཙུན་པ། ཚེ་དང་ལྡན་པ་ཀུན་དགའ་བོས་སྲིང་མོའི་བུ་གཉིས་བླངས་ནས་དེས་བསོད་སྙོམས་གང་བ་བླངས་ཤིང་ཕྱེད་ནི། བདག་ཉིད་འཚལ། ཕྱེད་ནི། དེ་གཉིས་ ལ་སྩོལ་བར་བགྱིད་དེ། བཙུན་པ། རྒྱུ་ནི། དེ་ལགས། རྐྱེན་ནི། དེ་ལགས་ཏེ། དེས་ན་སྟེས་དང་ལྡན་པ་ཀུན་དགའ་བོ་ཉམ་ཆུང་ཞིང་རིད་ལ་སྦེག་ཅིང་ལུས་ཀྱི་མཐུ་མ་མཆིས་པར་ གྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱེའུ་འདི་གཉིས་རབ་ཏུ་འབྱུང་ངམ། གསོལ་པ། རབ་ཏུ་ འབྱུང་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེའི་ཕྱིར་དགེ་འདུན་གྱི་ཟས་ནི། རབ་ཏུ་འབྱུང་བ་ལ་ལྟོས་པར་ངས་ [459B] །ཅི་རིགས་པའི་ལས་ལྷུང་བཟེད་ཀྱི་བྱ་བའི་དང་མེ་ཏོག་དང། འབྲས་བུ་དང། སོ་ཤིང་རྣམས་ཀྱང་འབུལ་དུ་ཆུག་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་གང་གི་ཚེ་བཅོམ་ལྡན་ འདས་ཀྱིས་དགེ་འདུན་གྱི་ཟས་ཟར་གནང་སྟེ། དེ་གཉིས་དེ་ཟ་ཞིང་འདུག་པ་དང་རྩེད་མོ་ལ་ཞུགས་ཤིང་འཁོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་ སྩལ་པ། ཀུན་དགའ་བོ། ཁྱོད་ན་རེ། ཁྱེའུ་འདི་གཉིས་རབ་ཏུ་འབྱུང་ངོ་ཞེ་ན། ཅིའི་ཕྱིར་རབ་ཏུ་མི་འབྱུང། གསོལ་པ། བཅོམ་ལྡན་འདས། རབ་ཏུ་འབྱུང་ལགས་སོ། །བཀའ་སྩལ་པ། འོ་ ན་རབ་ཏུ་འབྱུང་ན། ཅི་ཉེས། གསོལ་པ། བཅོམ་ལྡན་འདས་ཀྱིས་གང་ཟག་ལོ་བཅོ་ལྔ་མ་ལོན་པ་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱའོ། །ཞེས་བཀའ་སྩལ་ཏེ། འདི་ གཉིས་ལོ་བདུན་ལས་མ་ལགས་ན། བདག་གིས་འདི་གཉིས་ཇི་ལྟར་རབ་ཏུ་དབྱུང་ལགས། བཀའ་སྩལ་པ། ཀུན་དགའ་བོ། ཁྱེའུ་འདི་གཉིས་དགེ་འདུན་གྱི་ཁ་ཟས་བཤམས་པ་ ལས་བྱ་རོག་སྐྲོད་ནུས་སམ། བཅོམ་ལྡན་འདས། རྔོ་ཐོགས་ལགས་སོ་།བཀའ་སྩལ་པ། དེ་བས་ན་ལོ་བདུན་ལོན་པ། བྱ་རོག་སྐྲོད་ནུས་པ་རབ་ཏུ་འབྱུང་བར་ངས་གནང་གི་རབ་ཏུ་ ཕྱུང་ཞིག་དེ་ནས་དེ་ལྟར་བཅོམ་ལྡན་འདས་ཀྱིས་ལོ་བདུན་ལོན་པ་བྱ་རོག་སྐྲོད་ནུས་པ་རབ་ཏུ་འབྱུང་བར་གནང་གི་རབ་ཏུ་ཕྱུང་ཞིག་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ [460A]༄༅། །ཀུན་དགའ་བོས་ཁྱེའུ་དེ་གཉིས་རབ་ཏུ་ཕྱུང་སྟེ་ཁ་ཏོན་སློབ་ཏུ་བཅུག་གོ་དེ་ནས་བདག་གི་མཉན་ཡིན་སྙམ་སྟེ་བྱམས་པ་སྙེམས་པས་སློབ་ཏུ་མི་བཏུབ་ནས་ ཉིན་པར་ནི་བྲེ་མོ་གཏམ་གྱིས་དུས་འབའ་བར་བྱེད་དོ། །མཚན་མོ་ནི་རྨུགས་པ་དང་གཉིད་ཀྱིས་དུས་འདའ་བར་བྱེད་དོ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་དེ་ གཉིས་མཐོང་ནས་དེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྨྲས་པ། ཀུན་དགའ་བོ། ཁྱེའུ་འདི་གཉིས་ཅིའི་ཕྱིར་མི་སློབ། ཀུན་དགའ་བོས་སྨྲས་པ། བཙུན་པ་མཽངྒལ་གྱི་བུ་ཆེན་པོ་ འདི་གཉིས་བདག་ལ་ཉམ་བུ་ཤེད་བགྱིད་དེ། བདག་ཀྱང་བྱམས་པའི་དབང་དུ་གྱུར་ནས་ཚར་གཅད་མི་ཕོད་དོ། །མཽངྒལ་གྱི་བུས་སྨྲས་པ། ཀུན་དགའ་བོ། ཁྱོད་བྱམས་པའི་དབང་ དུ་གྱུར་ཏེ་སློབ་མི་ཕོད་ན། དགེ་སློང་གཞན་དག་ལ་གཏོད་ཅིག་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། བཙུན་པ་མཽངྒལ་གྱི་བུ་ཆེན་པོ། །སུ་ཞིག་རང་གི་དགེ་བའི་ཕྱོགས་པོར་ཏེ་ འདི་གཉིས་སློབ་ཏུ་བཏུབ། དེས་སྨྲས་པ། ཁྱོད་ཀྱི་བཤེས་གང་ཡིན་པ་དེ་ལ་ཚོལ་ཅིག་ཀུན་དགའ་བོས་སྨྲས་པ། བཙུན་པ། ཁྱོད་ཉིད་བདག་གི་བཤེས་ལགས་སོ། །ཞེས་བྱས་ ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཁྱེའུ་དེ་གཉིས་ལག་པས་བཟུང་སྟེ་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ་ཕུལ་ནས་སྨྲས་པ། བུ་ཁྱེད་གཉིས་ང་ལ་སློབ་ཏུ་མི་བཏུབ་ན་ [460B] །དེ་ནས་ཁྱེའུ་དེ་གཉིས་ཀྱིས་བསམ་པ། དགེ་སློང་འདི་ནི། མི་སྲུན་པ་ཞིག་ཡིན་གོར་མ་ཆག་དེ་བས་དེང་བདག་ཅག་གཉིས་འདི་ལ་གཏད་ དོ་སྙམ་ནས་བརྩོན་འགྲུས་སུ་སློབ་པར་གྱུར་ཏོ། །ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ཡང་དེས་ཤིང་འགྲོགས་ན་བདེ་བར་ཁྱེའུ་དེ་གཉིས་ཀྱིས་ཤེས་ནས་ཉམ་བུ་ཤེད་བྱེད་དེ་དེའི་ཐད་དུ་སློབ་ ཏུ་མི་བཏུབ་བོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ་བཙུན་པ་མཽངྒལ་གྱི་བུ་ཆེན་པོ། ཁྱེའུ་འདི་གཉིས་ཅིའི་སླད་དུ་མི་སློབ། དེས་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ། ། བདག་ལའང་འདི་གཉིས་ཀྱིས་ཉམ་བུ་ཤེད་བྱེད་དེ་བདག་ལ་སློབ་ཏུ་མི་བཏུབ་བོ། །ཀུན་དགའ་བོས་སྨྲས་པ། འདི་གཉིས་སྐྱོ་བ་བསྐྱེད་འཚལ་ལོ། །དེ་ལྟར་མ་བགྱིས་ན། འདི་གཉིས་ སློབ་ཏུ་མི་བཏུབ་བོ། །དེས་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་ཇི་ལྟར་འདོད་པ་དེ་བཞིན་དུ་བྱའོ། །ཞེས་བྱས་ནས་མཽངྒལ་གྱི་བུ་ཆེན་པོས་ཁྱེའུ་དེ་གཉིས་ཁྲིད་དེ་འཆག་ཏུ་སོང་ནས་དེས་ དེ་གཉིས་སྐྱོ་བ་བསྐྱེད་པའི་ཕྱིར་སེམས་ཅན་དམྱལ་བ་ཞིག་སྤྲུལ་ཏེ། དེ་ནས་ཁྱེའུ་དེ་གཉིས་འཆག་པའི་ས་ནས་ཐག་མི་རིང་བ་ཞིག་ནས་འཇིགས་པ་ཆེན་པོའི་སྒྲ་གྲག་སྟེ། དེ་ཐོས་ ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོའི་ཐད་དུ་སོང་ངོ་།དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་དེ་གཉིས་ལ་དྲིས་པ། བུ་གཉིས། སྒྲ་འདི་ཅི་ཞིག་གི་སྒྲ། དེ་གཉིས་ཀྱིས་སྨྲས་ [461A]༄༅། །པ༑ སློབ་དཔོན། སྒྲ་ཆེན་པོ་འདི་ཅི་ཞིག་གི་སྒྲ་ལགས་པ་བདག་ཅག་གཉིས་ཀྱིས་ཀྱང་གློ་བར་མ་ཆུད་དོ། །མཽངྒལ་གྱི་བཅུ་ཆེན་པོས་དེ་གཉིས་ལ་སྨྲས་པ། ཁྱོད་ གཉིས་དེངས་ལ་སྒྲ་ཆེན་པོ་འདི་ག་ལས་བྱུང་ལྟོས་ཤིག་དེ་ནས་དེ་གཉིས་ཀྱིས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་བསྒོ་བ་བཞིན་དུ་ཉན་ཏེ་ཕྱོགས་དེར་སོང་ངོ། །དེ་གཉིས་ཀྱིས་ དེར་སོང་སྟེ་བལྟས་ན། སེམས་ཅན་དམྱལ་བ་མང་པོ་དག་གཅད་པ་དང། གཏུབ་པ་དང། བརྡེག་པ་དང། འཚེད་པ་ལ་སོགས་པའི་སྡུག་བསྔལ་རྣམས་ཉམས་སུ་མྱོང་བ་མཐོང་ནས་ དྲིས་པ༑ ཁྱེད་སུ་དག་ཅིག་སྤྲུལ་པ་རྣམས་ཀྱིས་སྨྲས་པ། སེམས་ཅན་དམྱལ་བ་ཡིན་ནོ། །དེ་གཉིས་ཀྱིས་དེ་ཉིད་ན་ལྕགས་ཀྱི་རྫ་བུམ་ཆེན་པོ་ཞིག་ཁོལ་ཞིང་འདུག་པ་མཐོང་ལ། དེའི་ ནང་དུ་འཚེད་པ་ནི། འགའ་ཙམ་ཡང་མི་སྣང་ངོ། །དེ་ལྟར་མཐོང་ནས་དྲིས་པ། ཅིའི་ཕྱིར་ལྕགས་ཀྱི་རྫ་བུམ་འདི་དོན་མེད་པར་ཁོལ་ཞིང་འདུག་སྤྲུལ་པ་རྣམས་ཀྱིས་སྨྲས་པ། འདི་ནི། དོན་ མེད་པ་མ་ཡིན་གྱི། ཀུན་དགའ་བོའི་སྲིང་མོའི་བུ་གཉིས་རབ་ཏུ་བྱུང་ནས་དད་པས་སྦྱིན་པ་སྤྱོད་ལ་ལེ་ལོ་བྱེད་ཅིང་འདུག་པ་དེ་གཉིས་ཤི་བའི་འོག་ཏུ་འདིར་སྐྱེ་བར་འགྱུར་ཏེ། དེ་གཉིས་ ཀྱི་ཕྱིར་ལྕགས་ཀྱི་རྫ་བུམ་འདི་ཁོལ་ཞིང་འདུག་གོ་དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་གཉིས་འཇིགས་པ་ཆེན་པོ་སྐྱེས་ཏེ། དེ་གཉིས་འཇིགས་ཤིང་སྐྲག་ནས་ཚེ་དང་ལྡན་པ་མཽངྒལ་གྱི་ [461B] །དེ་ནས་མཽངྒལ་གྱི་བུ་ཆེན་པོས་དེ་གཉིས་མཐོང་ནས་དྲིས་པ། བུ་གཉིས། སྒྲ་ཆེན་པོ་འདི་ག་ལས་བྱུང། དེ་ནས་ཁྱེའུ་དེ་གཉིས་ཀྱིས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ ཆེན་པོ་ལ་ཐམས་ཅད་རྒྱས་པར་བསྙད་དོ། །དེ་ནས་མཽངྒལ་གྱི་བུ་ཆེན་པོས་དེ་གཉིས་ལ་སྨྲས་པ། བུ་གཉིས། དེ་ནི། ངས་ཁྱེད་གཉིས་ལ་བྱས་ན། ཁྱེད་གཉིས་ང་ལ་ཡིད་མི་ཆེས་ཏེ། ད་ནི། དོན་ དེ་ཁྱེད་ཅག་གཉིས་ཀྱིས་མངོན་སུམ་དུ་མཐོང་བ་ཡིན་གྱི། དེའི་ཕྱིར་ཁྱེད་གཉིས་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་བ་དེ་ལྟར་གྱིས་ཤིག་དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་གཉིས་བརྩོན་ འགྲུས་སུ་སློབ་པ་ལ་ཞུགས་སོ། །དེ་ནས་དེ་གཉིས་ཀྱིས་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་གལ་ཏེ་དེ་སྔ་དྲོ་དྲན་པར་གྱུར་ན་ནི་དེ་གཉིས་ཟན་སྟོར་བར་འགྱུར་རོ། །དེ་སྟེ་ཕྱེམ་རེད་དྲན་པར་ གྱུར་ན་ནི། ཅི་ཟོས་པའང་སྐྱུག་པར་འགྱུར་རོ། །རྒྱུ་དེས་ན་དེ་གཉིས་ཉམ་ཆུང་ཞིང་རིད་ལ་སྦེག་ཅིང་ལུས་ཀྱི་མཐུ་མེད་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དེ་གཉིས་མཐོང་ནས་ ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ་དྲིས་པ། བཙུན་པ་མཽངྒལ་གྱི་བུ་ཆེན་པོ། ཅིའི་སླད་དུ་ཁྱེའུ་འདི་གཉིས་ཉམ་ཆུང་ཞིང་རིད་ལ་སྦེག་ཅིང་ལུས་ཀྱི་མཐུ་མེད་པར་གྱུར། དེ་ནས་ཚེ་དང་ལྡན་ པ་མཽངྒལ་གྱི་བུ་ཆེན་པོས་དེ་ལ་ཐམས་ཅད་རྒྱས་པར་བསྙད་དོ་།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དེ་ལ་སྨྲས་པ། འདི་གཉིས་ཧ་ཅང་མི་དགའ་ཆེས་ཏེ་ཕྲུ་བས་གཟིར་བར་གྱུར་ན་ན་ [462A]༄༅། །པར་འགྱུར་དུ་འོང་གི་སྤྲོ་བ་བསྐྱེད་དགོས་སོ། །མཽངྒལ་གྱི་བུས་སྨྲས་པ། ཁྱོད་ཇི་ལྟར་འདོད་པ་དེ་བཞིན་དུ་བྱའོ། །ཞེས་བྱས་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་ པོས་ཁྱེའུ་དེ་གཉིས་ལ་སྨྲས་པ། སྟན་ཁྱེར་ལ་འཆག་ཏུ་འདོང་ངོ། །དེ་གཉིས་ཀྱིས་སྨྲས་པ། འཕགས་པ། བདག་ཅག་གཉི་ག་འཆག་པས་ཆོག་ལགས་སོ། །བདག་ཅག་གཉིས་ནི་ འདི་ཉིད་ན་མཆིས་ཤིང་སློབ་པར་འཚལ་ལོ། །མཽངྒལ་གྱི་བུ་ཆེན་པོས་སྨྲས་པ། བུ་གཉིས། བདག་ཅག་འཆག་ས་དེ་ལོགས་སུ་མི་འདོང་བར་འཆག་ས་གཞན་དུ་འདོང་ངོ། །ཞེས་བྱས་ ནས་ཁྱེའུ་དེ་གཉིས་ཁྲིད་དེ་འཆག་ས་གཞན་དུ་དོང་ན། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་དེ་གཉིས་སྤྲོ་བ་བསྐྱེད་པའི་ཕྱིར་ཐག་མི་རིང་བ་ཞིག་ཏུ་མཐོ་རིས་ཤིག་སྤྲུལ་ཏེ། དེ་ན་ལྷའི་བུ་ རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བར་ཐོགས་པ། ལུས་དོ་ཤལ་དང་སེ་མོ་དོས་བརྒྱན་པ། ལྷའི་བུ་མོ་དག་གིས་བསྐོར་བ་དག་ཕེག་རྡོབ་པར་བྱེད་དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ དོ༑ ༑དེ་ནས་ཁྱེའུ་དེ་གཉིས་འཆག་པའི་ས་ནས་ཐག་མི་རིང་བ་ཞིག་ནས་ཕེག་རྡོབ་པའི་སྒྲ་གྲག་སྟེ། དེ་ཐོས་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོའི་ཐད་དུ་སོང་ངོ། །དེ་ནས་ཚེ་དང་ལྡན་ པ་མཽངྒལ་གྱི་བུ་ཆེན་པོས་དེ་གཉིས་མཐོང་ནས་དྲིས་པ། བུ་གཉིས། སྒྲ་འདི་ཅི་ཞིག་གི་སྒྲ། དེ་གཉིས་ཀྱིས་སྨྲས་པ། སློབ་དཔོན། སྒྲ་འདི་ཅི་ཞིག་གི་སྒྲ་ལགས་པ་བདག་ཅག་གཉིས་ [462B] །མཽངྒལ་གྱི་བུ་ཆེན་པོས་དེ་གཉིས་ལ་སྨྲས་པ། ཁྱེད་གཉིས་དེངས་ལ་སྒྲ་འདི་ག་ལས་བྱུང་བ་ལྟོས་ཤིག་དེ་ནས་དེ་གཉིས་ཀྱིས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་ པོས་བསྒོ་བ་བཞིན་དུ་ཉན་ཏེ་ཕྱོགས་དེར་སོང་ངོ། །དེ་གཉིས་དེར་སོང་སྟེ་བལྟས་ན། ལྷའི་བུ་རྣ་ཆ་གདུབ་ཀོར་དག་ཅིང་འགུལ་བར་ཐོགས་པ། ལུས་ངོ་ཤལ་དང་སེ་མོ་དོས་བརྒྱན་པ་ ལྷའི་བུ་མོ་དག་གིས་བསྐོར་བ་དག་ཕེག་རྡོབ་པར་བྱེད་དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་མཐོང་ནས་དྲིས་པ། ཁྱེད་སུ་དག་ཅིག་།སྤྲུལ་པ་རྣམས་ཀྱིས་སྨྲས་པ། ལྷའི་བུ་ཡིན་ནོ། ། དེ་གཉིས་ཀྱིས་དེ་ཉིད་ན་སེངྒེའི་ཁྲི་གཉིས་ལྷའི་བུ་མོ་མང་པོ་དག་གིས་བསྐོར་ཅིང་འདུག་པ་མཐོང་ལ། དེའི་སྟེང་ན་ལྷའི་བུ་སུའང་མི་འདུག་གོ་དེ་ལྟར་མཐོང་ནས་དེ་གཉིས་ངོ་མཚར་ དུ་གྱུར་ཏོ། །ངོ་མཚར་དུ་གྱུར་ནས་དྲིས་པ། ཅིའི་ཕྱིར་སེངྒེའི་ཁྲི་འདི་གཉིས་སྟོང་པར་འདུག་སྟེ་འདི་གཉིས་ལ་ལྷའི་བུ་སུའང་མི་འདུག་སྤྲུལ་པ་རྣམས་ཀྱིས་སྨྲས་པ། ཀུན་དགའ་བོའི་སྲིང་ མོའི་བུ་གཉིས་རབ་ཏུ་བྱུང་ནས་བརྩོན་འགྲུས་བརྩམས་ཤིང་འདུག་སྟེ། དེ་གཉིས་ནམ་ཤི་འཕོས་ཏེ་དུས་ལས་འདས་པ་དེའི་ཚེ་འདིར་སྐྱེ་བར་འགྱུར་ཏེ། དེ་གཉིས་དང་བདག་ཅག་ལྷན་ ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པར་འགྱུར་བའི་སེངྒེའི་ཁྲི་ཡིན་ནོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་གཉིས་དགའ་བར་གྱུར་ནས་བདག་ཅག་གཉིས་ཀྱི་བརྩོན་འགྲུས་ཀྱིས་ནི་ [463A]༄༅། །འབྲས་བུ་ཆེན་པོ་ཐོབ་པར་གྱུར་ཏེ། སེམས་ཅན་དམྱལ་བར་སྐྱེ་བ་ལས་ཀྱང་ཐར་ལ་ལྷར་སྐྱེ་བའང་ཐོབ་པར་གྱུར་ཏོ་སྙམ་དུ་རིག་ནས་སེམས་དགའ་བཞིན་དུ་མཽངྒལ་ གྱི་བུ་ཆེན་པོའི་ཐད་དུ་སོང་ངོ། །དེ་ནས་མཽངྒལ་གྱི་བུ་ཆེན་པོས་དེ་གཉིས་མཐོང་ནས་དྲིས་པ། བུ་གཉིས། སྒྲ་འདི་ག་ལས་བྱུང་དེ་ནས་ཁྱེའུ་དེ་གཉིས་ཀྱིས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ ཆེན་པོ་ལ་ཐམས་ཅད་རྒྱས་པར་བསྙད་དོ། །དེ་ནས་མཽངྒལ་གྱི་བུ་ཆེན་པོས་དེ་གཉིས་ལ་སྨྲས་པ། བུ་གཉིས། དེ་ནི། ངས་ཁྱེད་གཉིས་ལ་བྱས་ན། ཁྱེད་གཉིས་ང་ལ་ཡིད་མི་ཆེས་ཏེ། ད་ ནི༑ དོན་དེ་ཁྱེད་ཅག་གཉིས་ཀྱིས་མངོན་སུམ་དུ་མཐོང་བ་ཡིན་གྱི་དེའི་ཕྱིར་ལྷག་པར་ཡང་བརྩོན་འགྲུས་བརྩམ་པར་གྱིས་ཤིག་དེ་ནས་དེ་ཐོས་མ་ཐག་ཏུ་ཁྱེའུ་དེ་གཉིས་ལྷག་པར་ ཡང་བརྩོན་འགྲུས་སུ་སློབ་པ་ལ་ཞུགས་སོ། །དེ་ནས་ཕྱི་ཞིག་ན་དེ་གཉིས་ཀྱིས་འཁོར་ལོ་ལྟར་བསྡུས་པའི་མདོ་བརྩམས་ཏེ་དེ་གཉིས་ཀྱིས་དེ་ཐོས་ནས་འདི་སྙམ་དུ་སེམས་ཏེ་ འཁོར་བ་ན་འཁོར་ཕན་ཆད་ཟོ་ཆུན་རྒྱུད་མོའི་འཁྲུལ་འཁོར་བཞིན་དུ་ཡང་དང་ཡང་དུ་སེམས་ཅན་དམྱལ་བ་དང། དུད་འགྲོ་དང། ཡི་དྭགས་དང། ལྷ་དང་མིར་འཁོར་དགོས་པས་ན་ བདག་ཅག་གཉིས་ལ་ལྷར་སྐྱེ་བའང་མི་དགོས། མིར་སྐྱེ་བའང་མི་དགོས་ཀྱི། བདག་ཅག་གཉིས་ཀྱིས་དངོས་པོ་མེད་པ་ཉིད་དུ་བརྩོན་འགྲུས་བརྩམ་པར་བྱའོ་སྙམ་མོ། །དེ་ནས་ཚེ་དང་ [463B]པར་རིག་ནས་ཡིད་ལ་བྱ་བའི་ལུང་ཕོག་སྟེ། དེ་གཉིས་ཀྱིས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་ སེམས་དང་ལྡན་པ། ཙནྡན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ་རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་ པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་གཉིས་ཀྱིས་དགྲ་བཅོམ་པ་ཉིད་ཐོབ་ནས་རྫུ་འཕྲུལ་ གྱིས་གནས་ཐ་དད་པ་གཞན་དང་གཞན་དུ་འགྲོ་ཞིང་དུས་མ་ཡིན་པའི་མེ་ཏོག་རྣམས་དང་འབྲས་བུ་རྣམས་བླངས་ཏེ་དགེ་འདུན་ལ་འབུལ་བར་བྱེད་དོ། །དེ་ནས་ཚངས་པ་མཚུངས་པར་སྤྱོད་པ་གཞན་ དག་གིས་ཚོར་ཏེ་འདི་གཉིས་ནི། མཐུ་ཆེ་བ་ཡིན་ནོ་སྙམ་མོ། །དེ་ལྟར་མཐོང་ནས་དེ་རྣམས་བདག་ཅིག་གཉིས་ལ་སྐྱོ་བ་སྐྱེས་ཏེ། ལོ་བདུན་ལོན་པ་འདི་གཉིས་ཀྱིས་ཀྱང་ཡོན་ཏན་འདི་ལྟ་བུ་ཐོབ་ན་ བདག་ཅག་སྐྲའི་མདོག་ལན་གསུམ་གྱུར་གྱི་བར་དུ་བདག་ཅག་གིས་ཅིའང་མ་ཐོབ་བོ་སྙམ་སྟེ་སྐྱོ་བར་གྱུར་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་ [464A]༄༅། །དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། དགེ་ཚུལ་འདི་གཉིས་ཀྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ལོ་བདུན་ལོན་ པ་ན་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་ པ༑ བཙུན་པ། འདི་གཉིས་ཀྱིས་སྨོན་ལམ་གང་དུ་བཏབ་ལགས། བཀའ་སྩལ་པ། སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་ པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཕྱི་ཞིག་ན་དགེ་སློང་གི་དགེ་འདུན་མང་པོས་ཞབས་འབྲིང་བྱས་ཏེ་ཡུལ་ཀ་ཤིའི་ཕྱོགས་སུ་ལྗོངས་རྒྱུ་ཞིང་གཤེགས་པ་ལས་ཝཱ་ར་ཎཱ་ སིར་བྱོན་ཏེ། དེའི་ཚེ་མཛའ་སྡེ་ལྔ་བརྒྱ་ཙམ་སྐྱེད་མོས་ཚལ་གྱི་སར་བྱུང་ནས་ཕེག་རྡོབ་པར་བྱེད་དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། མཛའ་སྡེ་དེ་རྣམས་ཀྱིས་ཐག་རིང་པོ་ཞིག་ ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་མཐོང་ངོ་།མཐོང་ནས་ཀྱང་དེ་དག་གི་བློ་སྐྱེས་པ། ད་ལྟར་སངས་རྒྱས་བྱུང་བས་འཇིག་རྟེན་བརྒྱན་ཏེ་ཛམྦུའི་གླིང་དགྲ་བཅོམ་པས་གང་ཞིང་ [464B] བདག་ཅག་ཁྱིམ་ན་འདུག་པས་ཆོག་གི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་ངོ་སྙམ་མོ། །དེར་ཁ་ཅིག་ན་རེ་ཇི་སྲིད་དུ་བདག་ཅག་གི་འབྱུང་བ་ཆེན་པོ་གཞོན་པས་དེ་སྲིད་ དུ་འདོད་པ་རྣམས་ལོངས་སྤྱད་ལ། ཕྱིས་རྒས་པའི་ཚེ་རབ་ཏུ་བྱུང་བས་སླེབས་སོ། །ཞེས་ཟེར་ནས་དེ་དག་རབ་ཏུ་མ་བྱུང་སྟེ། དེར་དེ་དག་ཁ་ཅིག་ལ་ནི། བུའང་བྱུང། བུ་མོའང་བྱུང་ངོ། །ཁ་ཅིག་ནི་ ཤིའོ༑ ༑དེ་ནས་ཕྱི་ཞིག་ན་ཁ་ཅིག་གི་བློ་སྐྱེས་པ། ད་ནི། བདག་ཅག་གི་ཁྱིམ་སོ་འཛིན་པ་དག་བྱུང་ཟིན་གྱི། བདག་ཅག་དོང་ལ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་ བསྟན་པ་ལ་རབ་ཏུ་འབྱུང་ངོ། །ཞེས་ཟེར་རོ། །དེར་ཁ་ཅིག་ན་རེ་ད་ནི། བདག་ཅག་གིས་བུ་རྣམས་ཀྱི་ཁྱིམ་ཡང་དབུབ་པར་བྱ། བུ་མོ་རྣམས་ཀྱང་བག་མར་གཏང་བར་བྱའོ་སྙམ་ནས་དེའི་སྐབས་ སུའང་རབ་ཏུ་མ་བྱུང་ངོ། །དེ་ནས་ཕྱི་ཞིག་ན་དེ་དག་ཐམས་ཅད་ཤི་ནས་དེ་དག་གི་ནང་ནས་གཉིས་ཤིག་ལུས་པར་གྱུར་ཏེ། དེ་གཉིས་ཕྱིས་སྐྱོ་བ་སྐྱེས་ནས་བདག་ཅག་སྔོན་ལོ་ཉི་ཤུ་རྩ་ལྔ་ལོན་ པ་ན་བདག་ཅག་གཞོན་ནུའི་གནས་སྐབས་སུ་བབ་པའི་ཚེ་རབ་ཏུ་འབྱུང་བར་དད་པ་སྐྱེས་པ་ལས། བདག་ཅག་དེའི་ཚེ་རབ་ཏུ་མ་བྱུང་ནས་ཐམས་ཅད་ཤི་སྟེ་བདག་ཅག་གཉིས་པུ་ལུས་པར་ གྱུར་ལ། བདག་ཅག་ཀྱང་ད་ནི། རྒས་ཤིང་འཁོགས་ལ་གཏུགས་པར་གྱུར་ཏེ། བདག་ཅག་གཉིས་ཀྱང་རིང་པོ་མི་ཐོགས་པར་འཆི་བར་འགྱུར་བས་ན། བདག་ཅག་གཉིས་ཁྱིམ་ན་གནས་ [465A]༄༅། །པས་ཆོག་གི། འདོང་ལ་བདག་ཅག་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་འབྱུང་ངོ་སྙམ་ནས་སྦྱིན་པ་དག་བྱིན་ཞིང་བསོད་ ནམས་དག་བྱས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ངོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གསར་བུས་དགེ་འདུན་གྱི་བསྙེན་བཀུར་གྱིས་ཤིག་ ཅེས་བཀའ་སྩལ་པས། དེ་གཉིས་དགེ་འདུན་གྱི་གཡོག་བྱེད་ཅིང་འདུག་ལ། གཞན་དག་གིས་ཀྱང་རྒན་ཞུགས་ཞེས་བྱ་བའི་ཚིག་རྗོད་པར་བྱེད་དོ། །དེ་ནས་དེ་གཉིས་ལས་གཅིག་ཤིན་ཏུ་ མི་དགའ་བར་གྱུར་ཏོ། །གཅིག་ཤོས་ནི། བཟོད་པ་དང་ལྡན་ཏེ། དེས་དེ་ལ་བཤད་དེ། བཙུན་པ། དགེ་སློང་འདི་དག་ལ་སེམས་སྡང་བར་མ་བྱེད་ཅིག་འདི་ནི། འདི་རྣམས་ཀྱིས་ཉེས་པ་མ་ ཡིན་གྱི། འདི་ནི། བདག་ཅག་གཉིས་ཀྱིས་ཉེས་པ་ཡིན་ནོ། །གལ་ཏེ་བདག་ཅག་གཉིས་གཞོན་ནུའི་ཚེ་ནས་རབ་ཏུ་བྱུང་ན་ནི། འདི་རྣམས་ཀྱིས་བདག་ཅག་གཉིས་ལ་རྒན་ཞུགས་ཞེས་བྱ་ བའི་ཚིག་རྗོད་པར་བྱེད་པར་མི་འགྱུར་བ་ཞིག་ན། ད་ནི། རྒས་པའི་ཚེ་རབ་ཏུ་བྱུང་བར་གྱུར་ཏེ་དེ་བས་ཀྱང་བདག་ཅག་གཉིས་ལ་རྒན་ཞུགས་ཞེས་བྱ་བའི་ཚིག་རྗོད་པར་ཟད་དོ། །ཞེས་དགེ་ སློང་དེས་དེ་ལ་ཤད་ཀྱིས་བྱང་བར་བྱས་ནས་ཅང་མི་ཟེར་བར་འདུག་གོ་དེ་ནས་དེ་གཉིས་ཀྱིས་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ། འདི་ [465B]འོད་སྲུང་གི་བསྟན་པ་ལ་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱི་ཚོགས་ཅིའང་མ་ཐོབ་ཀྱི། ཡང་དག་ པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་བྲམ་ཟེའི་ཁྱེའུ་བླ་མ་ལུང་བསྟན་པ་གང་ཡིན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་བདག་ཅག་གཉིས་ཀྱིས་མཉེས་པར་བྱེད་པར་གྱུར་ཅིག་མི་ མཉེས་པར་བྱེད་པར་མ་གྱུར་ཅིག་དེ་ཁོ་ནའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་གྱུར་ཅིག་གལ་ཏེ་དེས་བྱིས་པ་ ཆུང་ཆེས་པ་རབ་ཏུ་འབྱུང་བར་མི་བྱའོ། །ཞེས་བསླབ་པའི་གཞི་རྣམས་བཅས་པར་གྱུར་ནའང་དེའི་ཚེ་བདག་ཅག་གཉིས་ལ་བརྟེན་ནས་གནང་བར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་ སྙམ་དུ་སེམས། དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བའི་རྒན་ཞུགས་སུ་གྱུར་པ་གང་ཡིན་པ་དེ་གཉིས་ནི། དགེ་ཚུལ་རབ་ཏུ་བྱུང་བ་འདི་གཉིས་ ཁོ་ན་ཡིན་ཏེ། དེ་གཉིས་ཀྱིས་དེར་ཇི་སྲིད་འཚོའི་བར་དུ་ཚངས་པར་སྤྱོད་པ་སྤྱད་ནས་འཆི་ཁར་སྨོན་ལམ་བཏབ་པ་དེས་ན། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ དང་ཤིན་ཏུ་མཉམ་པ་དང། ཤུགས་མཉམ་པ་དང། མཛད་པ་མཉམ་པ་དང། ཐབས་མཉམ་པ་བརྙེས་པར་གྱུར་ནས་འདི་གཉིས་ཀྱིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། འདི་ [466A]༄༅། །གཉིས་ལོ་བདུན་ལོན་པ་ན་ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས་འདི་གཉིས་ཁོ་ན་ལ་ བརྟེན་ཏེ་ལོ་བདུན་ལོན་པ། བྱ་རོག་སྐྲོད་ནུས་པ་རབ་ཏུ་འབྱུང་བར་ངས་གནང་ངོ། །ལས་བརྒྱ་ཐམ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་དྲུག་པ་རྫོགས་སོ།། །།སྡོམ་ནི། འཕྱེ་བོ་ གྲུམ་སྟོད་ལོང་བ་དང། །གཅེར་བུ་འོད་སྲུང་གཙོ་བོ་དང། །གླང་ཆེན་གནས་དང་ས་ར་ན། །རི་དྭགས་ཀྱི་ནི་བརྟུལ་ཞུགས་ཅན། །ཟླ་བ་མི་འམ་ཅི་གཉིས་པོ། །འཕྱེ་བོ་ཞེས་བྱ་བ་ནི། གླེང་གཞི་ མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་ མགུར་སྤྱོད་པ་ལས། ཕྱིས་དེའི་ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དྒུའམ་བཅུ་ལོན་པ་དང། བུ་བཙས་ན་དེ་རོ་སྟོད་ནི། གཟུགས་བཟང་ཞིང་བལྟ་ན་སྡུག་པ་མཛེས་ལ། རོ་སྨད་ནི། ཡན་ལག་མ་ ཚང་བ་ཞིག་བྱུང་ངོ། །དེ་བཙས་པའི་ཚེ་ཁྱིམ་དེར་དོན་ཐམས་ཅད་འབྱོར་གྲུབ་པར་གྱུར་ཏེ། ཐང་ལ་འགྲོ་བའི་ཚོང་བ་དང། ཆུ་ལ་འགྲོ་བའི་ཚོང་པ་དང། རྒྱ་མཚོའི་གྲུ་བོ་ཆེའི་དོན་ཡང་གྲུབ་ནས་ ཕྱིར་འོངས། བ་ལང་དང་མ་ཧེའི་ཁྱུའང་འཕེལ་བར་གྱུར། ལས་ཀྱི་སྒོ་ཐམས་ཅད་ཀྱང་འབྱོར་གྲུབ་པར་གྱུར་ནས་ཁྱིམ་བདག་དེས་བསམ་པ། འདི་ནི། ཁྱེའུ་འདིའི་མཐུ་ཡིན་ཏེ། དེས་ན་ [466B]གི་བུ་འཕྱེ་བོ་བཙས་པ་འདི་ནི། དཔལ་ཡོན་ཅན་ཞིག་ཡིན་ནོ་སྙམ་མོ། དེ་ནས་དེའི་བཙས་སྟོན་རྒྱས་པར་བྱས་ནས་ཁྱེའུ་འདིའི་མིང་ཇི་ སྐད་གདགས་ཞེས་མིང་འདོགས་པར་བྱེད་དེ། ཁྱེའུ་འདི་འཕྱེ་བོ་ཡིན་པས་མིང་ཡང་འཕྱེ་བོ་ཁོ་ནར་གདགས་སོ། །ཞེས་ཟེར་རོ། །དེ་ནས་ཁྱེའུ་འཕྱ་བོ་འོ་མ་དང། ཞོ་དང། མར་དང། ཞུན་མར་དང་མར་གྱི་སྙིང་ ཁུས་བསྐྱེད་བསྲིངས་སོ། །དེ་ནས་དེ་ཇི་ཙམ་དུ་ཆེར་སྐྱེས་པ་དེ་ཙམ་དུ་ཁྱིམ་བདག་དེའི་ཁྱིམ་འབྱོར་ཅིང་རྒྱས་པར་གྱུར་ཏོ། །དེ་ནས་དེ་ཀུན་ཏུ་གྲགས་པར་གྱུར་ཏེ། འདིའི་མཐུས་ལས་ཅིའི་སྒོ་ཅི་བརྩམས་པ་དེ་ དག་ཐམས་ཅད་འབྱོར་གྲུབ་པ་ལས་ན། ཁྱེའུ་འདི་ནི། དཔལ་ཡོན་ཅན་ཞིག་ཡིན་ནོ། །ཞེས་གྲགས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་མཉན་དུ་ཡོད་པ་ན་གནས་པའི་སྐྱེ་བོ་མང་པོ་དག་དུས་དུས་སུ་དེ་ལ་བལྟར་ འགྲོ་ཞིང་དོན་ཅི་རྩོམ་པ་དེ་དག་ཐམས་ཅད་དེའི་མིང་གིས་རྩོམ་པར་བྱེད་དེ། དེ་དག་གི་མཐུས་འབྱོར་གྲུབ་པར་འགྱུར་རོ། །དེ་ནས་དེ་ལྷག་པར་ཡང་མཉན་དུ་ཡོད་པ་ཐོག་ཐག་ཏུ་གྲགས་པར་གྱུར་ཏོ། །དེ་ ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ་ཕས་དེའི་ཁྱོགས་རིན་པོ་ཆེ་ལ་བྱས་ཏེ་དེ་ལ་ཞོན་ཞིང་འགྲོའོ། །དེ་ནས་དེ་ཁྱིམ་དེ་ཉིད་དུ་ཡི་གེ་སློབ་ཏུ་བཅུག་སྟེ། ཡི་གེ་དང། ཁོད་རྩིས་དང། ཤོད་དགོད་པ་དང། ལག་ རྩིས་དང། དབྱུང་བ་དང། སྦ་བ་དང། དགྲམ་པ་དང། གོས་བརྟག་པ་དང། ནོར་བུ་བརྟག་པ་དང། རིན་པོ་ཆེ་བརྟག་པ་དང། སྤོས་བརྟག་པ་དང། སྨན་བརྟག་པ་དང། གླང་པོ་ཆེ་བརྟག་པ་དང་རྟ་བརྟག་ [467A]༄༅། །པ་དང། གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང། ཀློག་མཁས་པ་དང། མཛངས་པ་དང། བྱ་བ་ལ་གསལ་བ་དང། ཡིད་གཞུངས་པ་དང། བརྟག་པ་རྣམ་པ་ བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་ཁྱོགས་ལ་ཞོན་ཏེ་སྐྱེ་བོ་ཕལ་པོ་ཆེས་གཡོག་བྱས་ནས་སྐྱེད་མོས་ཚལ་གྱི་སར་སོང་བ་ལས་དེས་བལྟས་ན། སྐྱེ་བོ་ཕལ་པོ་ཆེ་སྡེ་ཚན་ནས་སྡེ་ཚན་དང་ ཕ་ཚན་ནས་ཕ་ཚན་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་འདོང་བ་མཐོང་ནས་ཡ་མཚན་དུ་གྱུར་ཏེ་དྲིས་པ། སྐྱེ་བོ་ཕལ་པོ་ཆེ་འདི་དག་གང་དུ་འདོང། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ལ་བལྟར་ འགྲོའོ། །གྲུམ་པོས་སྨྲས་པ། བཅོམ་ལྡན་འདས་ཞེས་བྱ་བ་དེ་ཅི་ལྟ་བུ་ཞིག་དེ་དག་གིས་སྨྲས་པ། གངས་ཀྱི་ངོས་དང་ཉེ་བ་དང་དྲང་སྲོང་སེར་སྐྱའི་དཀའ་ཐུབ་ཀྱི་གནས་ནས་ཐག་མི་རིང་བ་ ཞིག་ཏུ་ཤཱཀྱའི་བུ་ཞིག་སྐྱེས་ནས་དེ་བྲམ་ཟེ་མཚན་མཁན་བྱེ་བྲག་ཕྱེད་པ་དག་གིས་ལུང་བསྟན་པ། གལ་ཏེ་འདི་ཁྱིམ་ན་གནས་ན་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །གལ་ཏེ་ སྐྲ་དང་ཁ་སྦུ་བྲེགས་ནས་ཆོས་གོས་ཚོན་ཅན་གྱོན་ཏེ་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་སུ་འགྱུར་ཏེ་གྲགས་པ་ཆེན་པོ་དང་ལྡན་པར་འགྱུར་རོ་།ཞེས་བྱས་ནས་དེ་ཐོས་མ་ཐག་ཏུ་དེ་བཅོམ་ལྡན་འདས་ལ་ལྟ་འདོད་པར་གྱུར་ཏེ། དེ་སྐྱེ་བོ་ཕལ་པོ་ཆེ་དེ་དག་གིས་ [467B]།དེའི་ཚེ་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ཏེ་ཆོས་སྟོན་ཏོ། །དེ་ནས་ཁྱེའུ་འཕྱེ་བོ་དེས་ཐག་རིང་པོ་ཞིག་ནས་ སངས་རྒྱས་བཅོམ་ལྡན་འདས་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་ཅིང་སྤ་བར་བྱས་པ། མེ་ལུས་ཀྱི་དབྱིབས་སུ་འདུག་པ་ལྟ་བུ། མེ་ལྕེ་མར་གྱིས་བཏབ་ པ་ལྟ་བུ༑ མར་མེ་གསེར་གྱི་སྣོད་དུ་བཞག་པ་ལྟ་བུ། མཆོད་སྡོང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྦྲས་པ་ལྟ་བུ། བློ་གསལ་ཞིང་དྲི་མ་མེད་ལ་རྣམ་པར་དག་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་ མཐོང་ངོ། །མཐོང་ནས་ཀྱང་མཆོག་ཏུ་དགའ་བ་སྐྱེས་ཏེ། དགེ་བའི་རྩ་བ་བསགས་པའི་རྒྱུ་ལས་བྱུང་བའི་སེམས་ཅན་གྱིས་དང་པོ་སངས་རྒྱས་མཐོང་བའི་ཉམས་བདེ་བ་ཅི་འདྲ་བ་དེ་ལྟ་བུ་ནི་ ལོ་བཅུ་གཉིས་ཀྱི་བར་དུ་ཞི་གནས་ཀྱི་སེམས་ལ་གོམས་པར་བྱས་པ་ལའང་ཉམས་བདེ་བ་དེ་ལྟ་བུ་སྐྱེ་བར་མི་འགྱུར་རོ། །དེ་ལྟར་མཐོང་ནས་ཀྱང་སངས་རྒྱས་ལ་གུས་པའི་ཕྱིར་ཁྱོགས་ ལས་བབས་ཏེ་གཟུགས་བཞིས་འཕྱེ་ཞིང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་ གོ་དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང། བག་ལ་ཉལ་དང། ཁམས་དང། ཤེས་པ་དང། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་མཐུན་པའི་ཆོས་བསྟན་ཏེ། དེ་ནས་འཕྱེ་བོ་དེས་སྟན་ [468A]༄༅། །དེ་ཉིད་ལ་འདུག་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་ པ་མཐོང་ནས་བསམ་པ། གལ་ཏེ་བདག་གི་ལུས་འདི་འདྲ་བར་མ་གྱུར་དུ་ཟིན་ན། བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་སྟེ་ཆུ་བོ་རྣམས་ལས་བརྒལ་བར་བྱ་བ་དང་ སྦྱོར་བ་རྣམས་ལས་འདའ་བར་བྱ་བའི་ཕྱིར་བརྩོན་པ་དང། སྒྲུབ་པ་དང། འབད་པར་བྱ་བ་ཞིག་སྙམ་མོ། །དེ་ནས་སེམས་བསྐྱེད་མ་ཐག་ཏུ་དེའི་ལུས་ཀྱི་ཡན་ལག་རངས་པར་གྱུར་ཏོ། །དེ་ནས་དེ་ལྷག་ པར་ཡང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །དགའ་བར་གྱུར་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་ སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང། བསྙེན་པར་རྫོགས་ཤིང་དགེ་སློང་གི་ དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ ཏུ་ཕྱུང་ནས་བསྙེན་པར་རྫོགས་པར་མཛད་དེ། དེས་ཀྱང་བརྩོན་པ་དང། སྒྲུབ་པ་དང། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་ [468B]གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙནྡན་སྤངས་པ་ལྟ་བུར་བསིལ་བར་ གྱུར་པ༑ རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་ བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅི་རྗོད་[?]པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། འཕྱེ་བོས་ལས་ཅི་བགྱིས་ ན༑ ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལགས། ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་འཕྱེ་བོར་གྱུར་ལ། འདིས་བཅོམ་ལྡན་འདས་ མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་འདིའི་བཀྲ་མི་ཤིས་པ་མ་མཆིས་པར་གྱུར་ནས་བཀྲ་ཤིས་པར་གྱུར་ཏེ་བཅོམ་ལྡན་འདས་ཀྱི་བསྟན་ པ་ལ་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་བྱས་ ཤིང་བསགས་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ནས་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་རྒུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ [469A]༄༅། །ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་ བ་འཇིག་རྟེན་དུ་བྱུང་སྟེ། དེའི་ཚེ་ཝཱ་ར་ཎཱ་སི་ན་དགེ་བསྙེན་མང་དུ་ཐོས་པ། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་བ། དགེ་བསྙེན་གྱི་སྐྱེ་བོ་ཐམས་ཅད་ཀྱིས་ མོར་བྱེད། མཆོད་པར་བྱེད་པ་ཞིག་གནས་སོ། །དེ་ནས་གང་གི་ཚེ་ཡང་དག་པར་རྫོགས་པའི་འོད་སྲུང་ཝཱ་ར་ཎཱ་སི་ན་གནས་བཅས་ཏེ་བཞུགས་པ་དེའི་ཚེ་དགེ་བསྙེན་གྱི་སྐྱེ་བོ་རྣམས་ཡང་དག་པར་རྫོགས་ པའི་སངས་རྒྱས་འོད་སྲུང་གི་ཐད་དུ་དོང་སྟེ་ཆོས་ཉན་ཏོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ལྗོངས་དེ་ནས་གུང་དུ་གཤེགས་པ་དེའི་ཚེ་དགེ་བསྙེན་དེ་དག་དགེ་བསྙེན་དེ་ལ་ཆོས་ ཉན་ཏོ། །དགེ་བསྙེན་གྱི་སྐྱེ་བོ་དེ་དག་གིས་ཀྱང་དགེ་བསྙེན་དེ་ལ་ཡོན་དུ་ཀརྵ་པ་ཎ་ལྔ་བརྒྱ་སྦྱིན་པར་བྱེད་དོ། །དགེ་བསྙེན་དེས་ཀྱང་ཀརྵ་པ་ཎ་ལྔ་བརྒྱ་པོ་དེ་དག་དགེ་འདུན་ལ་འབུལ་བར་བྱེད་དོ། །དེ་ ནས་ཕྱི་ཞིག་ན་དགེ་བསྙེན་དེ་དགེ་བསྙེན་གྱི་སྡེ་ཚན་དེ་དག་དང་ལྷན་ཅིག་ཏུ་གཙུག་ལག་ཁང་དུ་དོང་ངོ། །དེའི་ཚེ་དགེ་སློང་གི་དགེ་འདུན་རྣམས་འདུལ་བའི་ཆོ་གའི་ལས་བྱ་བ་ཞིག་བྱུང་ནས་ གཙུག་ལག་ཁང་སྐྱོང་གིས་དགེ་བསྙེན་ཐམས་ཅད་གཙུག་ལག་ཁང་གི་ཕྱི་རོལ་ཏུ་བསྐྲད་དེ། འདི་ཁྱེད་ཀྱིས་མཉན་པར་མ་བྱེད་ཅིག་ཅེས་བྱས་སོ། །དེ་ནས་དགེ་བསྙེན་གྱི་སྡེ་ཚན་དེ་དག་གིས་དགེ་ [469B] དེ་ལྟར་བདག་ཅག་ནི། དགེ་སློང་རྣམས་ཀྱིས་བསྐྲད་དུ་རུང་ན། ཁྱོད་ལྟ་བུ་མང་དུ་ཐོས་པ། རིག་པ་དང་གྲོལ་བའི་སྤོབས་པ་དང་ལྡན་པའི་ཆོས་སྨྲ་པ་ཡིན་ན། ཅི་སྟེ་བསྐྲད་ཅེས་ཟེར་ནས་དེ་དག་ དེ་ལ་མཁས་པར་འཛིན་པ་གང་ཡིན་པ་དེ་མེད་པར་གྱུར་ཏོ། །དེ་ནས་དགེ་བསྙེན་དེ་གཞི་དེས་ཁྲོས་ནས་དེས་དགེ་སློང་རྣམས་ལ་སྨྲས་པ་ངས་ནི། འཕྱེ་བོ་ཁྲི་ལ་འདུག་པ་ཁྱེད་རྣམས་ལ་ཅི་རྙེད་པ་བསྒྲུབས་ཏེ་བྱིན་ ན༑ ཁྱེད་ཀྱིས་ནི། བདག་གཅིག་པུ་ལ་མི་ཟེར་བར་མང་པོའི་ནང་དུ་དམའ་ཕབ་བོ། །ཞེས་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་བསམ་པ། ཉོན་མོངས་འདི་ནི། དམས་ཤིང་ཉམས་བར་གྱུར་ཏོ་སྙམ་ནས་དགེ་བསྙེན་ དེ་ལ་སྨྲས་པ། དགེ་བསྙེན། ཁྱོད་ཀྱིས་ཚིག་རྩུབ་བོ་སྨྲས་ཀྱི་ཉེས་པ་ལ་ཉེས་སོ། །ཞེས་བཤགས་པར་གྱིས་ཤིག་ལས་དེའི་འབྲས་བུ་མི་སྡུག་པ་མྱོང་བར་གྱུར་ཏ་རེ་ཞེས་བྱས་སོ། །དེ་ནས་དགེ་བསྙེན་དེའང་འགྱོད་པ་ཆེན་པོ་ སྐྱེས་ཏེ། ཡོན་གནས་འདི་ལྟ་བུ་དག་ལ་ཚིག་རྩུབ་པོ་སྨྲས་པ་ནི་བདག་གིས་མ་ལེགས་པར་བྱས་སོ་སྙམ་སྟེ་ཉེས་པ་ལ་ཉེས་སོ། །ཞེས་བཤགས་ནས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་ཏེ་ཚེ་གཅིག་ཏུ་ སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་ཀྱང་བསྲུངས་ནས་འཆི་ཁར་སྨོན་ལམ་བཏབ་པ། ཀྱེ་མ་འདི་ལྟར་བདག་གིས་སེམས་ཅན་དག་པ་འདི་ལྟ་བུ་དག་ལ་ཚིག་རྩུབ་པོ་སྨྲས་པའི་ལས་འདི་བདག་ལ་འོང་བར་མ་ གྱུར་ཅིག་དེ་སྟེའང་ལས་འདིའི་འབྲས་བུ་གདོན་མི་ཟ་བར་བདག་ལ་སྨིན་པར་གྱུར་ནའང་རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་བདག་གི་བཀྲ་མི་ཤིས་པ་མེད་པར་གྱུར་ཏེ་བཀྲ་ཤིས་པར་གྱུར་ཅིག་།བདག་ [470A]༄༅། །གིས་སངས་རྒྱས་དང། ཆོས་དང། དགེ་འདུན་ལ་བཀུར་སྟི་བྱས་པ་དང། སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱས་པ་དང་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་ རྣམས་བསྲུངས་པའི་དགེ་བའི་རྩ་བ་འདིས་ན། བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེན་པོའི་རིགས་སུ་སྐྱེ་བར་ཤོག་ཅིག་འཇིག་རྟེན་ན་བདག་གི་མིང་འཇིག་ རྟེན་ཐམས་ཅད་ཀྱི་བཀྲ་ཤིས་སུ་གྱུར་ཅིག་བདག་གིས་ཅི་བསམ་པ་དང། ཅི་འདོད་པ་དེ་དག་ཐམས་ཅད་འབྱོར་གྲུབ་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དགེ་བསྙེན་དུ་གྱུར་ པ་གང་ཡིན་པ་དེ་ནི། འཕྱེ་བོ་འདི་ཁོ་ན་ཡིན་ཏེ། དེས་དགེ་སློང་དེ་དག་ལ་ཚིག་རྩུབ་པོ་སྨྲས་པའི་ལས་དེའི་རྣམ་པར་སྨིན་པས་ནི་ཚེ་རབས་ལྔ་བརྒྱར་འཕྱེ་བོར་གྱུར་ཏོ། །དེས་སྦྱིན་པ་དག་བྱིན་ཞིང་བསོད་ནམས་ དག་བྱས་ཏེ་ཚེ་གཅིག་ཏུ་སྐྱབས་སུ་འགྲོ་བ་དང། བསླབ་པའི་གཞི་རྣམས་བསྲུངས་ནས་འཆི་ཁར་སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཕྱུག་ཅིང་ནོར་མང་ ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ་འཇིག་རྟེན་ཐམས་ཅད་ཀྱི་བཀྲ་ཤིས་སུ་གྱུར་ནས་འདིས་ང་མཉེས་པར་བྱས་ཏེ་མི་མཉེས་པར་མ་བྱས་ལ། རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་བཀྲ་མི་ཤིས་པ་ མེད་པར་གྱུར་ཏེ་བཀྲ་ཤིས་བ་བྱུང་བར་གྱུར་ནས་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། །།